ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གར་བྱང་ཕྱོགས་ཧ་ར་དུན་མངའ་ཁུལ་དུ་རྟེན་གཞི་བྱས་པའི་ར་པུར་ས་སྐྱ་ཆོས་སྒར་དུ་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་བཀའ་དགོངས་འོག དགེ་འདུན་པ་ ༢༠༠ ལྷག་གིས་བོད་མདོ་སྨད་རྔ་པ་ཁུལ་དུ་ཛ་དྲག་གི་གནས་ཚུལ་བྱུང་བཞིན་པའི་ཐད། རྔ་པའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱིད་དང་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྨོན་ལམ་དང་མཆོད་འབུལ་རྒྱས་པ་ཞིག་གནང་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།