མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲག་གི་ལྡེབས་རིས་ཅན་གྱི་བཙོན་ཁང་ཞིག

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp


ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་བཙོན་འཇུག་ཁྲིམས་ཐག་བཅད་དེ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་ཅིང་། དེ་དག་ལས་ཁག་ཅིག་བཙོན་གྲོལ་ཙམ་ཐོབ་ཡོད་ཀྱང་། དུས་རྟག་ཏུ་གཞུང་གི་ལྟ་རྟོག་འོག་ལས་ཁུངས་ཁག་གི་གཡོག་པོར་བཀོལ་བ་སོགས་བཟང་བཙོན་ལྟ་བུའི་འོག་བཞག་ཡོད་འདུག

དཀར་མཛེས་ལྷོ་པ་ཞང་རྫོང་ནང་གྲོང་ཚོའི་ཟླ་བ་ཚེ་རིང་ལགས་ཀྱང་གནས་སྟངས་དེའི་འོག་ད་ལྟའི་བར་སྡུག་སྦྱོང་རབ་དང་རིམ་པ་མྱོང་མཁན་ཞིག་ཡིན་ཞིང་། ཁོང་ཟླ་འགའི་རིང་ཕ་ཡུལ་ལ་ཁ་བྲལ་ཏེ་རི་བྱོལ་བྱས་མཐར་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཏེ་ད་ཆར་དབུས་སྣེ་ལེན་ཁང་དུ་འབྱོར་འདུག

ཉེ་ཆར་འདི་གའི་གསར་འགོད་པ་དབུས་སྣེ་ལེན་ཁང་ལ་ཆེད་དུ་བཅར་ཏེ། རྒྱའི་བཙོན་འོག་ནས་སྐྱུ་གཡའ་བའི་གནས་ཚུལ་མང་པོ་མ་མཐོང་ཐོས་ཡོད་པའི་ཟླ་བ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད། ཁོང་གིས་ཐོག་མར་སྐབས་དེའི་སྐད་འབོད་ཀྱི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ་བརྗོད་དོན། ང་རང་ལ་མཚོན་ན་སྔོན་མ་ནས་རྒྱ་ནག་གཞུང་གིས་བོད་མི་ཚོར་མཐོང་ཆུང་དང་དམའ་འབེབས། བརྙས་བཅོས་རབ་དང་རིམ་པར་བྱས་ཏེ་ཆོས་ལུགས་དད་མོས་དང་སྨྲ་བརྗོད་རང་དབང་སྤྲོད་ཀྱི་མེད་པར་མ་ཟད། ལྷག་པར་དུ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་འཇུག་བྱས་ཏེ་ལོ་མང་རིང་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་བོད་མི་ཚོས་ཤེས་རྟོགས་ཐུབ་ཀྱི་མེད་པའི་གནས་སྟངས་ལ་གཞིགས་ཏེ། ང་ཚོ་བོད་པའི་མི་རབས་གསར་བའི་མངོན་འདོད་གང་ཡིན་རྒྱ་ནག་གཞུང་ལ་རང་ངོས་ནས་བརྡ་ལན་སྤྲོད་རྒྱུའི་གྲ་སྒྲིག་བྱས་ཏེ། ༢༠༠༩ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་ངས་དུས་ཡུན་རིང་བོར་སེམས་ལ་ཉར་བའི་ན་ཟུག་ཕྱིར་སྒྲོག་ཕྱིར་རྫོང་དང་སྤྱི་ལེ་ ༡༢  ཡོད་པའི་དཀར་མཛེས་རྫོང་གི་བཞི་མདོར་སོང་སྟེ་རླུང་རྟ་གཏོར་བཞིན། “ བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། ༸པཎ་ཆེན་ཆུང་སྲིད་མཆོག་ཀློད་གྲོལ་གཏོང་དགོས། ” ཞེས་སྐད་འབོད་བརྒྱབ་པ་ཡིན།

 

སྐབས་དེར་སྐར་མ་ཁ་ཤས་ལས་མ་འགར་བར་དམག་མི་མང་པོ་ཡོང་སྟེ་ང་ལ་གཅར་རྡུང་གཏོང་བཞིན་རླངས་འཁོར་ཞིག་ཏུ་བཅུག་སྟེ། དཀར་མཛེས་རྫོང་ཐོག་ཏུ་ཡོད་པའི་བཙོན་ཁང་གསར་བའི་ཁང་མིག་ཆུང་ཆུང་ཞིག་ཏུ་བཅུག་སོང་། ཁང་པ་དེའི་ནང་སྐྱ་སེར་གཉིས་ཀྱི་གྱོན་ཆས་འདྲ་མིན་གང་སར་གཡུགས་འདུག་ལ། ཉེ་འགྲམ་གྱི་ཅོག་ཙེ་ཞིག་གི་སྟེང་ཉེས་རྡུང་གཏོང་བྱེད་ཀྱི་ལག་ཆ་འགའ་བཞག་འདུག ཁང་པའི་ཐང་དང་གྱང་ངོས་གང་སར་ཁྲག་འགོས་ཏེ་འཇིགས་སྣང་ཆེན་པོ་ཞིག་འདུག ང་ཁང་པ་དེའི་ནང་ཁྲིད་རྗེས། ཐོག་མར་ང་ལ་ངན་སྐུལ་བྱེད་མཁན་ཡོད་མེད་དང་། སྐད་འབོད་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་ཚ་འདྲི་བྱས་སོང་། ང་ལ་རྒྱབ་ཏུ་སྐུལ་སློང་བྱེད་མཁན་སུ་གང་ཡང་མེད། ང་རང་ངོས་ནས་ལས་འགུལ་སྤེལ་བ་ཡིན་ཞེས་བཤད་སྐབས། དམག་མི་ལྔས་ངའི་མགོ་དང་རྐང་ལག་ལ་དབྱུག་པས་རྒྱག་བཞིན་ཁྱོད་ཀྱི་རྒྱབ་ཏུ་ངན་སྐུལ་བ་སུ་ཡིན་ང་ཚོས་འཚོལ་ཆོག་ཟེར། གློག་རྒྱུགས་དང་སྐེ་ཐག་པས་བསྡམས་པ་སོགས་ལག་ཆ་འདྲ་མིན་བེད་སྤྱོད་བཏང་སྟེ། ཉིན་དེར་ང་ཐེངས་གསུམ་ལ་དྲན་པ་ཐོར་སོང་། ཁོང་ཚོས་ང་ཤི་མིན་རོ་མིན་ཞིག་ཏུ་བཏང་རྗེས་ཁྲིམས་ཁང་དེའི་ཁང་མིག་ ༨ པའི་ནང་གཡུགས་བྱུང་། ཞེས་བརྗོད་བྱུང་།

 

ཁོང་གིས་མུ་མཐུད་དུ་བརྗོད་དོན། སྐབས་དེར་ཁང་མིག་དེའི་ནང་རང་ལོ་ ༡༦ ཡིན་པའི་རྗེ་ཟུང་ནང་གི་རིན་ཆེན་ཕུན་ཚོགས་དང་། རང་ལོ་ ༡༧ ཡིན་པའི་ན་གཞོན་གཅིག རང་ལོ་ ༡༩ ཡིན་པའི་ཉག་རོང་གི་ཆོས་ཉིད་རྒྱ་མཚོ་བཅས་སློབ་མ་གསུམ་དང་། གཞན་བེ་རི་དགོན་པའི་གྲྭ་ཉི་ཟླ་དང་རྗེ་ཟུང་ནང་གི་ཡེ་ཤེས་དར་རྒྱས།  དར་རྒྱས་དགོན་པའི་གྲྭ་ཐུབ་བསྟན། རྗེ་ཟུང་ནང་གི་ཡེ་ཤེས་དཔལ་ལྡན། བཀྲ་ཤིས་རྡོ་རྗེ། ཙ་ལེ་ཐུབ་བསྟན་ཕུན་ཚོགས། བེ་རི་དགོན་པའི་གྲྭ་བསོད་ནམས་རྒྱ་མཚོ་བཅས་ང་ཚོ་མི་ ༡༢ ཡོད། ཁོང་ཚོས་བཤད་པ་ལྟར་ན་ང་ཁང་མིག་དེར་མ་བཅུག་པའི་སྔོན་ཏུ་བོད་མི་ཞིག་འདས་གྲོངས་སུ་ཕྱིན་སོང་ཟེར། ཁང་མིག་དེར་བཅུག་སྟེ་ཉིན་གཅིག་གི་རྗེས་སུ་ཆོས་ཉིད་རྒྱ་མཚོར་གཅར་རྡུང་སྐབས་མགོ་ལ་ལྕགས་དབྱུག་གིས་བརྒྱབ་སྟེ་རྨ་ཁ་ཆེན་པོ་བཟོས་སྟབས་བཙོན་ཁང་ནས་གྲོངས་སོང་། གོ་ཐོས་སུ་ཁོང་གི་ཕུང་པོ་ཡང་ནང་མིར་རྩིས་སྤྲོད་བྱས་མི་འདུག

 

གང་ལྟར། སྐབས་དེར་ང་ཚོའི་བཙོན་ཁང་ནང་ཁྱོན་བསྡོམས་མི་ ༣༠༠ བཙོན་འཇུག་བྱས་པའི་ཁྲོད་གཅར་རྡུང་མནར་གཅོད་བཏང་སྟེ་རྨ་ཁ་བཟོས་མེད་མཁན་ཕལ་ཆེར་གཅིག་ཀྱང་མི་འདུག་ལ། ང་རང་ཡང་ཟླ་ ༧ ལྷག་རིང་གཅར་རྡུང་མནར་གཅོད་ཡང་ཡང་བཏང་སྟེ་མཐར་ཟ་མ་ཡང་བཟའ་མི་ཐུབ་པའི་གནས་སྟངས་ཆགས་སོང་། ལོ་དེར་དཀར་མཛེས་རྫོང་ཐོག་ཏུ་སྔ་ཕྱིར་སྐྱ་སེར་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་སྟབས། བར་མཚམས་ཤིག་ལ་བཙོན་ཁང་དེར་བཙོན་པ་ཁེངས་ཏེ། ང་ཚོ་སྐོར་ཞིག་དཀར་མཛེས་རྫོང་མི་མང་སྨན་ཁང་གི་ཉེ་འཁྲིས་སུ་ཡོད་པའི་བཙོན་ཁང་གསར་པའི་ནང་གནས་སྤོ་བྱས་བྱུང་། བཙོན་ཁང་དེའི་ནང་ཟླ་ ༨ བསྡད་རིང་གཅར་རྡུང་དེ་ཙམ་བཏང་མ་སོང་ཡང་། ཁོང་ཚོས་ཆབ་སྲིད་དང་འབྲེལ་བའི་བཙོན་པ་དང་རྐུ་འཕྲོག་བྱེད་པའི་བཙོན་པའི་བར་དབྱེ་འབྱེད་ཀྱིས་ཉིན་ ༡༥ ཙམ་ལ་ཟ་མ་བཀག་སྟེ་སྲོག་ཉེན་མེད་པ་ཙམ་དུ་བཞག་སྟབས། ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་ལྟོགས་མནར་གྱིས་ས་ལ་འགྱེལ་འགྲོ་བཞིན་འདུག ཉལ་ཁང་དང་ཟ་ཁང་སོགས་སུ་གློག་མིག་བཙུགས་ཏེ་ཕན་ཚུན་བར་སྐད་ཆ་ཚིག་གཅིག་བཤད་རྒྱུར་ཡང་ཞེད་སྣང་བྱ་དགོས་པ་ཞིག་རེད། ཅེས་བརྗོད་བྱུང་།

 

ཡང་ཁོང་གིས་བཙོན་ཁང་གཉིས་པའི་གནས་སྟངས་སྐོར་བརྗོད་དོན། རྗེས་སུ་ང་དཀར་མཛེས་དགོན་པའི་ཉེ་འགྲམ་དུ་ཡོད་པའི་བཙོན་ཁང་གཉིས་པའི་ནང་བཙོན་འཇུག་བྱས་པ་རེད། སྐབས་དེར་བཙོན་ཁང་དེའི་ནང་གྲྭ་བཙུན་དང་མི་སྐྱ་ ༢༠༠ མ་ཟིན་ཙམ་འདུག དེའི་ནང་མང་ཆེ་བ་ཁྲིམས་ཐག་བཅད་ཟིན་པའི་རིགས་ཡིན་སྟབས་ཅུང་ཙམ་གུ་ཡངས་ཀྱི་རྣམ་པ་འདུག  བཙོན་ཁང་དེའི་ནང་ཟླ་ ༤ དང་ཉིན་ ༥ ལྷག་བསྡད་པ་ཡིན། ཕྱིས་སུ་ ༢༠༡༠ ལོའི་ཟླ་ ༢ པའི་ཚེས་ ༦ ཉིན་གྱི་དགོང་མོར་ཁོང་ཚོས་ང་རླངས་འཁོར་ཞིག་གི་ནང་བཅུག་སྟེ། དཀར་མཛེས་རྫོང་གི་གྲོང་ཁྱེར་གྱི་མཐའ་ཞིག་ཏུ་ཁྲིད་སོང་། ས་དེ་ནས་ང་ལ་སྒྲིག་ཁྲིམས་མང་པོ་ཞིག་འགྲེལ་བཤད་བརྒྱབ་སོང་། བདུན་ཕྲག་རེར་ཞང་སྤྱི་བདེ་ལས་ཁུངས་སུ་གནས་ཚུལ་ཡར་ཞུ་བྱ་དགོས་ཚུལ་དང་། ཐག་རིང་དུ་འགྲོ་དགོས་ཚེ་རྫོང་ཉེན་རྟོག་ཁང་གི་ཡི་གེ་ལེན་དགོས་ཚུལ་སོགས་བཤད་རྗེས་བཙོན་གྲོལ་བཏང་སོང་། དུས་དེ་ནས་བཟུང་ང་ཁོང་ཚོས་བཤད་པ་ལྟར་བདུན་རེ་རེ་བཞིན་ཉེན་རྟོག་ལས་ཁུངས་སུ་སོང་བ་ཡིན་ལ། འགྲོ་ཐེངས་རེ་རེར་ལས་ཁུངས་ཀྱི་གཙང་སྦྲ་དང་བུད་ཤིང་གཏུབ་ཏུ་འཇུག་པ་སོགས་ལས་ཀར་བཀོལ་བ་མ་ཟད། ཟླ་རེའི་ཚེས་ ༧ ཉིན་རྫོང་དྲག་ཆས་དམག་མིའི་ལས་ཁུངས་སུ་ཕྱིན་ཏེ། ཟླ་རེའི་འགྲོ་འོང་གི་གནས་ཚུལ་དང་ལས་ཀ་ཅི་བྱས་སོགས་སྙན་སེང་ཞུ་དགོས་ཀྱི་འདུག དེ་ལྟར་ཟླ་བ་མང་པོ་ཕྱིན་ཡང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་སྟབས། ངས་རང་གི་མ་འོངས་པའི་མི་ཚེ་ལ་བདེ་སྐྱིད་དང་རང་དབང་གི་འཚོ་བ་རོལ་བའི་ལམ་ཁ་མེད་པ་ཤེས་ཏེ། ནང་མི་སོགས་ལ་ཤེས་སུ་མ་བཅུག་པར་ལྐོག་ནས་རྒྱ་གར་ནང་བྲོས་བྱོལ་ཏུ་ཡོང་བ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འདེམས་སྒྲུག་འགྲན་ཚོགས་ཐོག་བོད་ཀྱི་རྒྱང་རྒྱུག་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཨང་དང་པོ་བླངས། དྲ་ལམ་གྱི་པར། ༢༠༢༦།༠༥།༢༥
Mobile App

བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་གཉིས་ཨེ་ཤ་ཡའི་རྩེད་འགྲན་ནང་ཚུད།

སྐར་མ ༡༥ སྔོན་ལ།
Front Slider

བོད་མི་དམངས་འཆིང་བྱེད་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད།

སྐར་མ ༢༥ སྔོན་ལ།
Front Slider

Long-life prayer offereing to His Holiness by two associations

སྐར་མ ༣༠ སྔོན་ལ།
ttt
Front Slider

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར།

སྐར་མ ༣༥ སྔོན་ལ།
Sikyong Penpa Tsering Extends Condolences on the Passing of Congressman Barney Frank. Photo Credit: Tibet.net
Mobile App

བོད་མི་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣

མཆན། 1

  1. གླག་སྨྱོན། says:
    ལོ་ 15 སྔོན།

    འདི་འདྲ་བཙོན་འཇུག་དང་མནར་གཅོད་དྲག་པོ་གཏོང་ཡང་དེ་རིང་བར་གནས་ཚུལ་གསར་བོ་ཞིག་གོ་མི་ཐུབ་པ་འདི་ཧ་ཅང་གི་བློ་ཕམ་རང་་བཞིན་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese