ཚོགས་ཆེན་འདིའི་དམིགས་བསལ་འགན་འཁྲི་ནི་བཅའ་ཁྲིམས་བསྐྱར་བཅོས་ཐད་ལ་བསམ་ཞིབ་གནང་རྒྱུ་དེ་ལགས་པས། གུས་པས་འདིར་གནད་དོན་འགའ་ཞིག་ཐོག་བསམ་འཆར་འགའ་འདོན་དགོས་བྱུང།
སྔོན་འགྲོའི་ཆ་རྐྱེན་གཅིག༽ ཐེངས་འདིའི་འགྱུར་བ་འདི་༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་ལགས་ཤིང། འདིའི་ཐད་ལ་མི་དམངས་ཀྱིས་ད་དུང་ཡང་ངོས་འཛིན་ཡང་དག་ཐུབ་ཀྱིན་མེད་པས། ཚོགས་ཆེན་གྱི་ཉིན་དང་པོར་ངེས་པར་༸གོང་ས་མཆོག་སྤྱན་འདྲེན་གནང་ནས་བཀའ་སློབ་ཟབ་རྒྱས་ཤིག་གནང་ན་ཚོགས་འདུ་ལམ་ལྷོང་ཡོང་བར་ཕན་རླབས་ཆེ་ངེས།
ད་ལྟ་བར་བོད་གཞུང་ ཟེར་བ་དེ་བོད་མིའམ་བོད་མི་རིགས་ཀྱི་གཞུང་ལ་གོ་ཞིང་དེ་ཡང་དགའ་ལྡན་ཕོ་བྲང་བའི་གཞུང་ལ་གོ་དགོས། མདོར་ན་བོད་རྒྱལ་ཁབ་ཅེས་པའི་གོ་དོན་ཡོད། གཞུང་དེ་ཉིད་བཙན་བྱོལ་དུ་འབྱོར་བས་ན་བཙན་བྱོལ་བོད་གཞུང་ངོ།
བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པར་ཡང་ཕྱོགས་གཅིག་ནས་གོ་དོན་དེ་རང་འཇགས་ཡོད་པའི་བཟོ་ཞིག་དང། ཕྱོགས་གཅིག་ནས་བཙན་བྱོལ་ན་ཡོད་པའི་བོད་མི་ཚོའི་སྒྲིག་འཛུགས་ཙམ་ཞིག་ལའང་གོ་བས། ཆབ་སྲིད་ཀྱི་ཐ་སྙད་འདི་རིགས་ལ་ངེས་པར་གོ་དོན་ཐག་གཅོད་གཅིག་གྱུར་ཅིག་དགོས་ན་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ནས་མཆན་འགོད་གནང་རོགས་ཞུ།
བདག་གི་བསམ་ཚུལ་ལ། རི་བོ་དགེ་ལུགས་པའམ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབང་འཛིན་ལམ་ལུགས་འདི་ཉིད་མཚམས་འཇོག་གིས་དེང་རབས་དམངས་གཙོའི་བོད་གཞུང་གསར་བ་ཞིག་གི་ལམ་ལུགས་ལ་ལེགས་སྒྱུར་གནང་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ལ་ངོས་འཛིན་གྱིན་ཡོད་པས། བོད་གཞུང་ཟེར་བའི་ཡིག་འབྲུ་འདི་གཉིས་རང་སོར་བཞག་ན་འོས་པར་མཐོང།
དེ་མཚུངས་གཞུང་ཐམ་ངོས་ལ། བདེན་པ་ཉིད་རྒྱལ་གྱུར་ཅིག ཅེས་པར་གོ་དོན་ཟབ་མོ་ཡོད་ཚོད་ཀྱང།་དེ་ལས། འཚེ་མེད་བདེན་སྐྱོང་བོད། ཡང་ན། བཙན་བྱོལ་མང་གཙོའི་བོད་གཞུང་། ཞེས་བཏགས་ན་མིང་དོན་མཚུངས་པར་འདོད།
གཉིས།༽ བཅའ་ཁྲིམས་དོན་ཚན་བཅུ་དགུ་པའི་ནང། གཞུང་གི་འགན་འཛིན་དབང་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡོད་་་ཅེས་པའི་ཚབ་ཏུ། བཀའ་བློན་ཁྲི་པ་ལ་ཡོད་ཅེས་པ་དང། ཡང།
དོན་ཚན་སུམ་ཅུ་པའི་ནང་ལ། གཞུང་གི་འགན་འཛིན་ལས་དོན་ཐམས་ཅད་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་ཐོག་ནས་གནང་རྒྱུ་་་ཞེས་པར། སྒྲིག་འཛུགས་ཀྱི་ལས་དོན་ཐམས་ཅད་བཀའ་བློན་ཁྲི་པའི་མིང་ཐོག་ནས་བྱ་རྒྱུ་དང་། ཞེས་པ་འདི་ལྟར་ན། བཀའ་ཁྲིའི་དབང་ཚད་༸གོང་ས་མཆོག་གི་དབང་ཚད་དང་དོ་མཉམ་པར་སླེབས་ཡོད་ལ། ཡང་།
་་་༸གོང་ས༸སྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་ ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དང་གསང་བའི་དམ་བཅའ་འམ་ཁས་ལེན་ཞུ་དགོས། ཞེས་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ། ཞེས་པར་མཚོན་ན། ཡང་ཁྲིམས་ཞིབ་པ་ཆེ་བ་གང་ཆེས་མཐོ་སར་འཕགས་ཡོད་ལ། དེ་བཞིན།
དོན་ཚན་སོ་དྲུག་པར། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོག་མཆན་ཞུ་དགོས། ཞེས་པར། སྤྱི་འཐུས་ཚོགས་གཙོས་སྤྱི་ལྷན་ནས་གཏན་འབེབས་བྱས་པའི་ཚད་འཛིན་དང་མིང་རྟགས་བཀོད་དགོས། ཞེས་པའི་སྐབས་སུ་ཡང་སྤྱི་འཐུས་ཚོགས་གཙོ་ཆེས་མཐོ་སར་སླེབས་ཡོད།
དེ་ལྟར་མང་གཙོའི་ཀ་ཆེན་གསུམ་པོ་སྐབས་སྐབས་སུ་གཅིག་ལས་གཅིག་མཐོ་བའི་རྣམ་པ་འདིའི་ཆ་ནས་བལྟས་ན། གཞུང་གི་འགན་འཛིན་དབང་ཆ་བཀའ་ཁྲི་ལ་ཡོད་་ཅེས་པ་མིང་དོན་མི་མཚུངས་པར་མ་ཟད་འགལ་བ་ལྟ་བུ་ཞིག་ཆགས་ཡོད།
འོ་ན་འདི་ནི་༸གོངས་མཆོག་བཀྲེས་ཡོལ་དུ་ཕེབས་པའམ་སྐུ་དབང་ཕྱིར་བསྡུས་པ་དང་ལྷན་དུ་ཁོང་གི་སྐུ་ཚབ་ལྟ་བུའི་དབང་འཛིན་པ་ཞིག་མེད་པའི་རྣམ་པའང་གསལ་བོ་ཆགས་པར་བརྟེན། བཙན་བྱོལ་མང་གཙོའི་བོད་གཞུང་གི་འགན་འཛིན་དབང་ཆ་མང་གཙོའི་ཀ་ཆེན་རྣམ་གསུམ་ལ་ཡོད་་་ཅེས་བཀོད་ན་མིང་དོན་ཡོངས་སུ་མཚུངས་ལ་མི་འོས་པ་ཡང་མེད་པར་འདོད།
དེ་སྔའི་བཀའ་བློན་འོས་གཞི་རྣམས་གྲོས་ཚོགས་ནང་མང་མོས་ཐག་གཅོད་གནང་དགོས་པ་དེ་བཀའ་ཁྲིས་ཐད་ཀར་བསྐོ་འཇོག་གནང་རྒྱུ་འདིར་ཡང་བསམ་ཞིབ་གནང་འོས། འདི་ནི་སྐབས་རེར་བཀའ་ཁྲིས་ཐད་བསྐོས་བཟང་ལ་སྐབས་རེར་གྲོས་ཚོགས་ནང་བརྒྱུད་ན་ཡང་བཟང། གཉིས་ཀ་ལ་དགེ་སྐྱོན་ཡོད་པ་ཞིག་རེད། བཀའ་ཁྲིས་འོས་གཞི་བཏོན་པར་གྲོས་ཚོགས་ནང་སྤྱི་མོས་དང་མང་མོས་ཐོན་ཚེ་གཟི་བརྗིད་ཆེ་བ་ཡོད།
བཞི།༽དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།
སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུའི་ལམ་ནས་མང་མོས་ཐོབ་པས། འདི་ན་དེ་སྔ་བཞིན་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མང་མོས་ངེས་པར་དགོས། རྒྱུ་མཚན་བཀའ་བཀའ་སྤྱི་གཉིས་ཀས་དམ་བཅའ་འམ་ཁས་ལེན་ཞུ་ཡུལ་ཡིན་པས་སོ།
བདག་གི་བསམ་ཚུལ་ལ། མང་གཙོའི་ཀ་ཆེན་གསུམ་པོས་གཙོས་དམ་འབུལ་བ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་ཕྱག་འཚལ་དང་བཅས་བཅའ་ཁྲིམས་རིན་པོ་ཆེ་སྙིང་གར་སྦྱར་ནས་དམ་འབུལ་ཞུ་ལུགས་ཤིག་གཏན་འབེབས་གནང་ན་ལེགས་པར་འདོད། རྒྱུ་མཚན་གཙོ་བོ་དམ་བཅའ་འབུལ་ཡུལ་གང་ཟག་དེ་ལ་ཡིད་ཆེས་ཐུབ་མིན་ཅི་རིགས་འབྱུང་བ་དང། ༸གོང་ས་མཆོག་གི་སྐུ་དྲིན་རྗེས་དྲན་དང་བླ་མེད་མཚན་མཐོང་མཚོན་པ་སོགས་ཀྱི་དགོས་པ་ཆེ་སྙམ་མོ།།
༢༠༡༡ ། ༥ ། ༡༢ ཉིན་ཕུལ།
བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱི་བརྟན་བརླིང་དང་འབྲེལ་བ་ཡོད་པས། བཅའ་ཁྲིམས་ཀྱི་དངོས་ཤུགས་བརྒྱུད་གསུམ་གྱི་གོ་བ་གཅིག་གྱུར་གྱི་ལམ་ལ་འཇོག་ཐུབ་ལ་བརྩོན་དགོས། སྤྱི་འཐུས་ཀྱི་ནང་ན་ལོ་མང་རིང་སྤྱི་འཐུས་བྱས་ནས་བསྡད་ཡོད་པ་ཙམ་ལས་བཅའ་ཁྲིམས་ཀྱི་དགོངས་དོན་ལ་ལ་དཔག་ན་བར་ཐག་ཧ་ཅང་རིང་བའི་མི་མང་བ་ཁོ་ཐག་ཡིན་ནི་རེད། ཡིན་ནའང་དེའང་མི་སྐྱོན་གི། གཙོ་བོ་བཤད་ཤེས་ནི་ཞིག་གིས་བཤད་དང་དུས་ཉན་ཤེས་ནི་ཞིག་ཉན་ནས་སྒྲུབ་ཐུབ་ནི་ཞིག་གིས་སྒྲུབ་ན་ཧྲ་གི་མ་གཏོགས། བོད་མི་མང་གིས་མགྲིན་གཅིག་ཏུ་ལགས་སོ་ཟེར་བ་ཞིག་སུ་གང་གིས་བཤད་མི་ཐུབ་པ་འདྲ་ལ། བཤད་ཐུབ་རུང་མི་ཉན་པའི་ཉེན་ཁའང་ཧ་ཅང་ཆེ། གང་ཟག་གིས་དབང་བསྒྱུར་ལ་མི་མང་གིས་དགའ་བསུ་མི་ཐོབ་ལམི་དམངས་ལ་བདེ་སྐྱིད་ཀྱང་མེད།་མི་བརྟན་ལ་དུས་ཡུན་ཐུང། ཁྲིམས་ཀྱི་དབང་བསྒྱུར་ལ་ཀུན་གྱིས་གུས་ཤིང་ཡུན་རིང་བརྟན།གཅིག་ཆོད་ཀྱི་ཁྱད་ཆོས་ཡོད་པས་བཅའ་ཁྲིམས་བསྒྱུར་བཅོས་ཀྱི་ལས་ཀ་འདི་ལ་འབྲེལཡོད་མེད་ཀུན་གྱིས་དོ་སྣང་དང་རྒྱབ་སྐྱོར་བྱས་ན་ལེགས།
རྒན་ལྷ་མོ་ལགས་ཀྱིས་དགོངས་ཚུལ་གནང་བར་བཟང་།སྐུ་ཉིད་དངོས་སུ་ཚོགས་ཕེབས་ཡོང་བས་རེ་བ་ཡོད།
སེར་བྱེས་བྱ་བྲལ་ཁང་ཚན་གྱི་གྲྭ་རྒོད་ཀྱིས་བཏབ་པའི་མཆན་ཞིག་ཁོང་ལ་ཕྱིར་རྩིས་སྤྲད་ཡོད།
བོད་མི་མང་གི་ངོ་འཚབ་སྤྱི་འཐུས་ཟེར་བ་གལ་ཆེན་པོ་ཡིན་པས་བསམ་ཚུལ་ཞིག་བཤད་འདོད་བྱུང་།སྤྱི་འཐུས་ཟེར་བ་དེ་ལ་ཤེས་འཇོན་གཉིས་ལྡན་དང་སྤྱི་སེམས་ངང་དྲང་པོར་བྱེད་པ།ལྷག་བསམ་དང་ཕྱོགས་ཞེན་མེད་པ་འདི་དག་ངེས་པར་ཚང་དགོས།རྨོག་རུ་བསྟན་པ་ལྟ་བུ་དང་སེར་སྨད་ལོ་དགའ་གཉིས་ལ་འདི་དག་ཚང་གཏན་ནས་མེད་པའི་མི་མང་ནང་དགོངས་བཞེས་གནང་རོགས།འདི་གཉིས་ལྟ་བུ་མང་བས་རྐྱེན་གྱི་བོད་མི་རིགས་མདུན་སྤྱོད་བྱེད་མ་ཐུབ་པ་རེད་དེ་ཤེས་དགོས།མི་འདི་གཉིས་ལ་དོན་དེ་དག་གང་ཡང་ཚང་མེད་པས་འོས་གཞི་ལ་མ་འོས་པ་ཞིག་རེད།སྤྱི་དོན་ལས་རང་དོན་ཡང་བྱེད་མི་ཐུབ་པ་འདི་ལྟ་བུ་སྤྱི་འཐུས་འོས་གཞི་ནང་འགྲོ་དགོས་ན་བོད་མི་ཡོངས་རྫོགས་ཡོད་པས་མང་གྲགས་པའི་སྐྱོན་མེད་དམ
ངོ་མ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་གནད་གལ་ཆེའི་སྐོར་བཤད་འདུག འདི་འདྲ་ལ་ཉམས་རྒྱུས་ཅན་ཟེར་ཆོག དེ་བཞིན་སེར་བྱེས་བྱ་བྲལ་ཁང་ཚན་བླ་གྲྭ་ཡོངས་ཀྱི་བགྲོ་གླེང་མང་མོས་ཐག་གཅོད་དེ་ཚུལ་ཡང་འགན་ཁུར་སྟངས་ཡག་པོ་ཞིག་རེད།
སྐབས་འདིར་ཁྲིམས་ལུགས་དང་དམངས་གཙོ་ལ་ཉམས་རྒྱུས་ཅན་ཚོས་དགོངས་ཚུལ་གླེང་རྒྱུ་གལ་ཆེ། ང་དང་ང་འདྲའི་གཡག་ཞ་རས་རྩྭ་ཟ་མཁན་རིགས་ཀྱིས་འཚང་ཁ་མ་བརྒྱབ་ན་བཟང། དཔེར་ན་བཀའ་ཁྲིས་བཀའ་བློན་ལས་རོགས་བསྐོ་རྒྱུ་དང་གྲོས་ཚོགས་ཀྱི་མང་མོས་ལ་ཚོགས་གཙོས་མཚན་རྟགས་འགོད་རྒྱུ་དེ་རིགས་ཀྱང་དམངས་གཙོའི་འགྲོ་སྟངས་ཤིག་ཆགས་ཡོད།
ལྷག་པར་ཚོགས་ཆེན་ཐོག་༸གོང་ས་མཆོག་ཆིབས་སྒྱུར་བཀའ་སློབ་གནང་རྒྱུ་དེ་ངོ་མ་གལ་ཆེན་རེད། གསོལ་བ་འདེགས་རོགས་ཞུ།
སྤྱི་འཐུས་ལས་ཐོག་ལྷ་མོ་སྐྱབས་ལགས་ཁྱེད་རང་བཅའ་ཁྲིམས་ཟིན་ཚོགས་ཆུང་ནང་དུ་ཡོད་རེད་ཞེས་གསར་ལམ་ཁག་ཏུ་བསྒྲགས་སོང་། ཁྱེད་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནས་ཕུད་བྱུང་བས། ཁྱེད་ཀྱིས་བོད་གཞུང་ཞེས་པའི་མིང་ཚིག་འདི་ལ་འགྱུར་བ་གཏོང་འདོད་མེད་པ་ཡག་པོ་རེད། དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞེས་ཀྱང་འབོད་ཀྱི་ཡིན།
ཞོར་དུ་བསམ་ཚུལ་ཆུང་ཞིག་ཞུ་རྒྱུ་ཡིན།
1་སྤྱིའི་ཆ་ནས་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་རྒྱ་ཆེན་མི་དམངས་ཀྱིས་མང་མོས་བྱུང་ན་ཁྲིམས་སུ་བཅས་དགོས་པ་ནི་མང་གཙོ་ཡང་དག་པའི་རྒྱལ་ཁབ་ཀྱི་འགྲོ་ལུགས་རེད་འདོད།
2བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་དོན་ཚན་མང་པོ་ཞིག་ལ་འགྱུར་བ་བཏང་ཡོད་པ་དེ་དག་ཁྲིམས་སུ་བཅས་པ་ལ་བཙན་བྱོལ་རྒྱ་ཆེན་མི་དམངས་ཀྱིས་མང་མོས་དགོས་ཞེས་བཀོད་ན་་་་མང་གཙོ་ཚད་ལྡན་གྱི་འགྲོ་ལུགས་རེད་འདོད།
3བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུའི་དབང་ཆ་སྤྱི་འཐུས་གྲོས་ཚོགས་སུ་ཡོད་ཀྱང་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་༧གོང་ས་མཆོག་གི་ཆོག་མཆན་ཐོབ་དགོས་ཞེས་བཀོད་ཡོད་པ་དེར་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་འགྱུར་བ་བཏང་ནས་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་སྤྱི་འཐུས་ཚོགས་གཙོས་སྤྱི་ལྷན་ནས་གཏན་འབེབས་བྱས་པའི་ཚད་འཛིན་དང་མིང་རྟགས་བཀོད་དགོས་ཞེས་བསྒྱུར་འདུག་པས་༧གོང་ས་མཆོག་གི་དབང་ཚད་དེ་སྤྱི་འཐུས་གཙོ་ལ་སྤྲད་འདུག
སྤྱི་འཐུས་ཚོགས་གཙོ་སྤུན་པ་ཚེ་རིང་གིས་མིང་རྟགས་བཀོད་པ་དང་འདོད་པ་ཡོད་པ་ཙམ་གྱིས་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ཡིན་ན་སྒེར་གཅོད་བྱེད་པ་རེད་འདོད་ཀྱི་ཡོད། ༧གོང་ས་མཆོག་གི་མིང་རྟགས་བཀོད་ན་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་ཀྱི་ཡོད་རེད། དེ་ལ་འགྱུར་བཏང་ནས་སྤྱི་འཐུས་ཚོགས་གཙོ་སྤུན་པ་ཚེ་རིང་གིས་མིང་རྟགས་བཀོད་ན་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་དགོས་པ་དེར་སྒེར་གཅོད་མ་རེད་དམ། བོད་མི་མང་དམངས་སུ་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་མིན་ལ་དབང་ཆ་ག་རེ་འདུག་གམ། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པའི་རྗེས་སུ་བོད་རྒྱ་ཆེན་མི་དམངས་ཀྱིས་ཁུར་དགོས་པ་རེད། དམངས་ལ་དབང་ཆ་ག་རེ་འདུག་གམ། འདི་སྒེར་གཅོད་བྱེད་སྟངས་ཤིག་རེད།
4་བཀའ་བློན་སྐོས་བཞག་བྱེད་དུས་སུ་སྤྱི་འཐུས་གྲོས་ཚོགས་ཀྱིས་འོས་བསྡུ་བྱ་དགོས་ཀྱི་ཡོད་པ་དེར་་་་་་་འགྱུར་བ་བཏང་ནས་བཀའ་ཁྲིས་སྐོས་བཞག་བྱེད་དགོས་ཞེས་བཀོད་འདུག་པས་འདི་མང་གཙོ་ལམ་ལུགས་རེད་དམ། འགྱུར་བ་བཏང་སྟངས་འདི་ནི་སྒེར་གཅོད་བྱེད་སྟངས་ཤིག་རེད་མ་གཏོགས་མང་གཙོ་འགྲོ་ལུགས་ཤིག་མ་རེད་འདོད། བཀའ་བློན་བདུན་པོ་བཀའ་ཁྲི་ཁོ་ན་ལ་སྐོས་དབང་སྤྲོད་པ་ཡིན་ན་ཡག་པོོ་མ་རེད་འདོད། སྐབས་འདིའི་རིང་གཅིག་པོ་མ་རེད། རྗེས་མ་ལམ་ལུགས་དེར་ཆགས་པ་ཡིན་ན་བོད་མི་དམངས་སུ་སྒེར་གཅོད་བྱ་ངེས་རེད་འདོད། བཙན་བྱོལ་བོད་གཞུང་གི་དབང་ཆ་དང་གོ་གནས་མཐོ་ཤོས་བཀའ་བློན་རྣམས་རེད། འདི་ཚོ་འོས་བསྡུ་མི་དགོས་པ་མི་གཅིག་གིས་སྐོས་བཞག་བྱེད་ཆོག་ན་མང་གཙོ་ཡག་དག་པ་ག་པ་ཡོད་རེད།
5མདོ་བསྡུས་ནས་བཤད་ན་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་མིན་གྱི་དབང་ཆ་ཡོངས་རྫོགས་རྒྱ་ཆེན་མི་དམངས་ལ་དགོས་ཀྱི་ཡོད་རེད། དེ་ཡོད་ན་མང་གཙོ་རེད། དེ་མེད་ན་སྒེར་གཅོད་རེད། ཁྲིམས་ཁུར་དགོས་མཁན་རྒྱ་ཆེན་མི་དམངས་རེད།
ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་མིན་གྱི་དབང་ཆ་མེད་མཁན་བཙན་བྱོལ་མི་དམངས་རེད།
ཆབ་བྲག་ལྷ་མོ་སྐྱབས་ལགས་སྤྱི་འཐུས་ཤིག་མ་རེད་པས། གསར་འགྱུར་ནང་བཅའ་ཁྲིམས་ཟིན་བྲིས་འདེབས་མཁན་གྱི་གྲས་སུ་ཐོན་ཡོད་པ་མ་ཡིན་ནམ། ད་ག་རེ་གནང་སོང་བ་རེད་དམ། ཟམ་གདོང་རིན་པོ་ཆེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་ཡབ་སྲས་དྲན་འཕྲུལ་རྒོད་པོ་མ་རེད་དམ།
བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས། །
བདེན་པ་ཉིད་རྒྱལ་གྱུར་ཅིག
ཅེས་པའི་ནང་ལ་༼བོད་༽དང་༼གཞུང་༽ཚིག་དེ་གཉིས་མེད་པར་བཟོས་པ་ནི། གཉིས་སྨན་དབུ་མའི་ལམ་དང་ཤིན་ཏུ་མཐུན་ཤས་ཆེ་ལ་དགོས་པ་དང་བཅས་པ་རེད།
བདེན་པ་ཉིད་རྒྱ་གྱུར་ཅིག ཅེས་པ་ཡང་མི་ཐད་པ་མེད་དེ། གལ་སྲིད་བདེན་པ་དེ་རྒྱ་གཞུང་ལ་ཡོད་ན་ཡང་དེ་རྒྱལ་དགོས་པའི་ཕྱིར་རོ། །དགེའོ། དགེའོ། དགེའོ། །
བཀུར་འོས་རྩོམ་པ་པོ་རྒན་རབས་པ་རྣམས་ཀྱིས་དཔྱད་གཏམ་སྤེལ་ན་ཧ་ཅང་བཟང་གི
རང་ཉིད་ཆེན་པོར་རློམ་ནས་མི་འདུག་པར་རྒན་ལྷ་མོ་སྐྱབས་ནང་བཞིན་སྤྱི་ཚོགས་དང་གཤིབ་ནས་སྐད་ཆ་བཤད་ན་འོས་སོ། །དེ་མིན་ཁྱེད་ཚོའི་སྨྱུ་གུ་དེ་བེད་སྤྱོད་མི་འདུག
ཤེས་ཡངས་ཆབ་བྲག་ལྷ་སྐྱབས་ལགས་ཀྱིས་དགོངས་ཚུལ་མང་ཆེ་བར་འདོད་མོས་བྱུང་ཡང་། མཐའ་མ་དེ་སྤྱི་འཐུས་དང་། བཀའ་བློན་དམ་འབུལ་དེ་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་མདུན་བྱེད་དགོས་ཞེས་པར་མི་འཐད་དེ། ༧གོང་ས་མཆོག་བོད་ཀྱི་དབུ་འཁྲིད་ནས་རྩ་དགོངས་གནང་ཟིན་པར་དེའི་སྐུ་པར་མདུན་དམ་འབུལ་བྱེད་པར་མི་ལེགས་ལ་དགོས་པའང་མེད། རྒྱ་ལ་གལ་སྲིད་དགོས་ན་སྐུ་པར་ལས་ལྷག་པའི་སྐུ་ངོ་མ་བཞུགས་ཡོད་པས་དེའི་མདུན་ནས་ལེན་ན་ཅི་རུང་། དེ་ལས་བོད་ཆོས་ལྡན་གྱི་ཞིང་ཁམས་ཡིན་པས་༧བདག་ཅག་གི་སྟོན་པའམ། སྟོན་པ་གཤེན་རབ་གང་ཡང་རུང་བའི་སྐུའི་མདུན་དམ་འབུལ་མཛད་ན་ཅིས་ཀྱང་རིགས་ལ་འཛམ་གླིང་མི་དམངས་སུའི་ལྟས་ཀྱང་ཚུལ་བཞིན་དུ་མཐོང་།
ཕྱི་ལོ ༢༠༡༡ ལོའི་ཕྱི་ཟླ ༣ པའི་ནང་༸གོང་ས ༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པར་སྩལ་བའི་གསུང་འཕྲིན་རིན་པོ་ཆེ་ཕེབས་དགོངས་བཟློག་མ་ནུས་པར། བཀའ་སྤྱི་གཉིས་ལས་གྲུབ་པའི་ཆེད་བཙུགས་ལས་འཆར་ཚོགས་ཆུང་བསྐོ་བཞག་གནང་དོན་ལྟར། ཚོགས་ཆུང་གི་ཚོགས་མིར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་། སྤྱི་འཐུས་པདྨ་འབྱུང་གནས་མཆོག་བཅས་ལ་ཚོགས་གཙོ་སྦྲེལ་པོས་བསྐོ་བཞག་གནང་དོན་ལྟར། ཕྱི་ལོ་༢༠༡༡ ལོའི་ཟླ ༣ ཚེས་ ༢༩ ནས་ཟླ༤ ཚེས༩ བར་ཚོགས་ཆུང་ལས་དོན་ལེགས་གྲུབ་བྱུང་སྟེ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་གཏན་འབེབས་བྱུང་བའི་ཡིག་ཆ་ཁག་ས་གནས་སོ་སོར་བསམ་ཚུལ་བསྡུ་བཞེས་དགོས་རྒྱུའི་རང་གཞུང་གི་བཀའ་དགོངས་བཞིན། ཕྱི་ལོ ༢༠༡༡ ལོའི་ཟླ ༥ ཚེས ༡༡ ཉིན་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་མཆོག་ནས་སྲོད་ཆོས་མཚམས་བཞག་གིས། གལ་ཆེ་དོན་ཆེའི་བཀའ་སློབ་ཕེབས་གསལ་ལྟར། ཁམས་ཚན་སོ་སོའི་མི་རེ་ངོ་རེས་ཡིག་ཆ་ཁག་གི་དགོངས་དོན་གོ་རྟོགས་རྒྱུས་ལོན་དང་འབྲེལ། ཟིན་བྲིས་སྙན་ཐོ་དང་། བཅའ་ཁྲིམས་བསྐྱར་བཅོས་ཁག་གཉིས་ལ་སེར་བྱེས་བྱ་བྲལ་ཁམས་ཚན་ནས་ཀྱང་བླ་གྲྭ་དགེ་བཤེས་དགེ་འདུན་འདུས་མང་ཡོངས་ནས་ཐུགས་སྣང་དོ་ཁུར་ཆེན་པོས་བསམ་འཆར་ཞུ་ཕྱོགས་ཐད། ཁམས་ཚན་སྤྱི་རྒན་གཉིས་དང་། ཁམས་ཚན་དགེ་ཆབ་རྣམ་པ་གསུམ་བཅས་ཀྱིས་བཀོོད་སྒྲིག་འོག དང་པོ་ཡིག་ཆ་ཁག་གཉིས་ཀྱི་དགོངས་དོན་གསེད་བཀྲོལ་ཆེད་ཟབ་སྦྱོང་ཞིག་དགོས་མཁོ་ཆེ་བར་གཟིགས་ཏེ། ཟབ་སྦྱོང་གནང་མཁན། སྤྱི་ཟུར་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་རྭ་རྒྱ་བློ་བཟང་དཔལ་ལྡན་ལགས་གཉིས་གདན་ཞུས་ཀྱིས། ཚོགས་དྲུང་། ལྗང་རླུང་རྩོམ་སྒྲིག་པ། འཇམ་དབྱངས་རྣམ་གྲོལ་དང་། ལྗང་རླུང་རྩོམ་སྒྲིག་པ། གྲོལ་སྡེ་རྒྱ་མཚོ་གཉིས་བསྐོ་བཞག་ཐོག དགོང་དྲོའི་ཆུ་ཚོད ༦ ནས་མཚན་གུང་ཆུ་ཚོད ༡༢ བར་དྲི་བ་དྲིས་ལན་དང་བཅས་མཐའ་དོན་ཟིན་བྲིས་སྙན་ཐོའི་ནང་འཁོད་དོན་ཚན་དང་པོ་དོན་ཆུང་ཁག་བཞིའི་ཐོག་འོས་བསྡུ་དང་། བཅའ་ཁྲིམས་བསྐྱར་བཅོས་དང་། ཕྱིར་བསྡུ། གསར་བཟོས། ཁག་སོ་སོའི་ནང་གལ་གནད་ཆེ་གྲས་ཁག་ལ་འོས་བསྡུ་བྱས་པའི་ནང་དོན་ཁག་གཤམ་གསལ།
༸གོང་ས་མཆོག་ལ་སྔར་རྒྱུན་བཞིན་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་རོགས་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་གསུངས་མཁན་མི་གྲངས ༡༢༧ དང་། དགག་བྱ་བྱེད་མཁན་མི་གྲངས ༧༥ བྱུང་བས་སླར་ཡང་གསོལ་བ་འདེབས་དགོས་ཞེས་མང་མོས་བྱུང་།
ཟིན་བྲིས་སྙན་ཐོ་དང་། བཅའ་ཁྲིམས་བསྐྱར་བཅོས་ཡིག་ཆ་ཁག་གཉིས་ནང་༸གོང་ས་མཆོག་སྐུ་ཕྲེང་ཡོངས་ལ་ཁྱབ་པའི་ཆོས་ཕྱོགས་ཀྱི་མཚན་གནས་ས་སྟེང་རྒྱལ་བསྟན་ཡོངས་དང་། གངས་ལྗོངས་རྒྱལ་བསྟན་རིས་སུ་མ་མཆིས་པའི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་མངའ་གསོལ་གྱི་རྗོད་ཚིག་བཅའ་ཁྲིམས་ཐོག་འཁོད་དགོས་ཞེས་གསུང་མཁན་མི་གྲངས ༡༨༥ བྱུང་། དེ་ལྟར་མི་དགོས་ཟེར་མཁན་མི་གྲངས༤ ། བར་གནས་མི ༡༨ བྱུང་བས་དེ་ལ་མང་མོས་བྱུང་།
བཅའ་ཁྲིམས་བསྐྱར་བཅོས་ལ་དགག་བྱ་བྱེད་མཁན་དང་།
རྒྱབ་སྐྱོར་བྱེད་མཁན་ཅི་བྱུང་།
༡༽དོན་ཚན་དང་པོ། བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས།
༸གོང་ས ༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ནི། ཞེས་པ་ནས་ཐུགས་འགན་དང་སྐུ་དབང་རྣམས་བཞེས་དགོས་ཞེས་པའི་བར་འདོད་པ་ཡོད་མེད་འོས་བསྡུ་ཞུས་པར། དགག་བྱ་བྱེད་མཁན་མི་གྲངས་ ༡༣། རྗོད་ཚིག་བསྐྱར་བཅོས་དགོས་པར་འདོད་མཁན་མི་གྲངས ༦། བར་གནས ༡༠ ། རང་འཇགས་འདོད་མཁན་མི་གྲངས ༡༧༣ བྱུང་བས་མང་མོས་བྱུང་།
༡༽བོད་མི་རིགས་ཀྱི་བདེ་དོན་དང་སོགས་དོན་ཚན་དང་པོར་སྤྱི་མོས་བྱུང་།
༢༽བོད་མི་རིགས་དང་སོགས་དོན་ཚན་གཉིས་པར་མང་མོས།
དགག་བྱ་བྱེད་མཁན་ ༡ ། རང་འཇགས་འདོད་མཁན་མི་གྲངས༢༠༡།
༣༽ཡེ་ཤེས་དབྱིངས་དཔྱད་ཀྱིས་སོགས་དོན་ཚན་གསུམ་པར་མང་མོས།
དགག་བྱ་བྱེད་མཁན་མི་གྲངས ༥། རང་འཇགས་འདོད་མཁན་མི་གྲངས ༡༩༧།
༤༽བཙན་བྱོལ་སྒྲིག་འཛུགས་སོགས་དོན་ཚན་བཞི་པར་མང་མོས།
ཚིག་སྦྱོར་ལ་འགྱུར་བ་གཏོང་དགོས་ཟེར་མཁན་མི་གྲངས ༡། རང་འཇགས་འདོད་མཁན་མི་གྲངས ༢༠༡།
བཅའ་ཁྲིམས་བསྐྱར་བཅོས་ནང་བསམ་ཚུལ།
དོན་ཚན་ཉེར་གཉིས་པ། བཀའ་བློན་བསྐོ་བཞག
རྗོད་ཚིག་རྙིང་བ་ནང་བཞིན་བསྐོ་དགོས་ཟེར་མཁན་མི་གྲངས ༧༧། རྗོད་ཚིག་གསར་བ་ནང་བཞིན་བཀའ་ཁྲིས་ཐད་ཀར་བསྐོས་ཆོག་པར་འདོད་མཁན་མི་གྲངས ༡༡༡། བར་གནས་མི་གྲངས ༡༤བྱུང་།
དོན་ཚན་བཅུ་དགུ་བའི་ནང་ཚན་བརྒྱད་པ། ཕྱིར་བསྡུ་བྱས་པར་མོས་མཐུན་མེད་མཁན་མི་གྲངས ༡ ། ཕྱིར་བསྡུ་འདོད་མཁན་མི་གྲངས ༢༠༡ བྱུང་བས་མང་མོས།
བཀའ་ཁྲིའི་ལས་ཁུར་གྱི་དུས་ཡུན།
སྔོན་མ་ནང་བཞིན་ཐེངས་གཉིས་ལས་ལྷག་བཞེངས་མི་ཆོག་པའི་རྒྱས་བཅད་ཅིག་དགོས་ཀྱི་འདུག་ཟེར་མཁན་མི་གྲངས ༡༤༩། འདེམས་ཐོན་བྱུང་ན་མུ་མཐུད་ནས་བཞུགས་ཆོག་ཟེར་མཁན་མི་གྲངས༢༧ ། བར་གནས་མི་གྲངས༢༦ བྱུང་།
སྤྱི་འཐུས་ཀྱི་ལས་ཁུར་དུས་ཡུན།
སྤྱི་འཐུས་ཀྱི་ལས་ཁུར་དུས་ཡུན་ལ་རྒྱས་བཅད་བཟོ་དགོས་ཞེས་འདོད་མཁན་མི་གྲངས༡༦༤ ། དུས་ཡུན་ངེས་མེད་བྱེད་ཆོག་པར་འདོད་མཁན་མི་གྲངས༢༨ ། བར་གནས་མི་གྲངས༣ །
བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མིང་བྱང་གི་ཚབ་ཏུ་
བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་བཀོད་པ་ལ།
དེ་ལྟར་བཅོས་བསྒྱུར་མོས་མཐུན་ཡོད་མཁན་མི་གྲངས༩ ། བར་གནས༡༦ ། མོས་མཐུན་མེད་པ་མི་གྲངས༡༦༣ གྱིས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མིང་བྱང་གི་ཚབ་ཏུ་༸གོང་ས ༸སྐྱབས་མགོན་ཆེན་པ་མཆོག་ལ་མཚན་བྱང་ཞིག་གསོལ་སྩལ་ཞུ་དགོས་པར་མོས་མཐུན་བྱུང་།
ཕྱི་ལོ༢༠༡༡ ཟླ༥ ཚེས ༡༡ ལ།
སེར་བྱེས་བྱ་བྲལ་ཁང་ཚན་བླ་གྲྭ་ཡོངས་ནས།
རྒན་ཆབ་བྲག་ལགས་ཀྱི་སྙན་ཞུ་དེ་ཡག་པོ་ཞེ་དྲག་རེད་འདོད།
ཤེས་ཡོན་པ་ཟེར་བ་དེ་འདྲ་ཡིན་རྒྱུ་རེད་ཡ།