མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉག་རོང་དུ་དགེ་འདུན་པས་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp


བོད་གཞུང་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༤ ཚེས་ ༨ ཉིན་ཁམས་ཉག་རོང་གུ་རུ་དགོན་པའི་རང་ལོ་ ༢༢
ཡིན་པའི་གྲྭ་ཨ་ཕོ་བཀྲ་ཤིས་ལགས་དང་། རང་ལོ་ ༡༩ ཡིན་པའི་གྲྭ་ཚེ་རིང་རྒྱལ་མཚན། ལོ་ ༢༢ ཡིན་པའི་གྲྭ་ཚེ་རིང་དབང་ཕྱུག དེ་བཞིན། བྱམས་འབྱོར་དགོན་པའི་གྲྭ་རིག་འཛིན་རྡོ་རྗེ་བཅས་ཀྱིས། ཉིན་གཅིག་དུས་གཅིག་ལ་རང་ཉིད་ཀྱི་ལག་ཏུ་བོད་ཀྱི་རྒྱལ་དར་བསྒྲེང་བཞིན་ཉག་རོང་རྫོང་ཐོག་ཏུ་བསྐྱོད་དེ། ཁྲོམ་གཞུང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་སྦྱར་ཡིག་བཀྲམས་པ་དང་། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པའི་འབོད་ཚིག་བསྒྲགས་སྐབས། རྫོང་དེའི་སྤྱི་བདེ་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་བྱ་རྩིས་བྱས་ཡོད་པ་དང་། སྐབས་དེར་ས་གནས་བོད་རིགས་མང་ཚོགས་ཀྱིས་སྲུང་སྐྱོབ་བྱས་པའི་འོག་དགེ་འདུན་པ་ ༣ སྦག་སྦག་ཞོན་ཏེ་བྲོས་ཐར་བྱུང་ཡོད་ཀྱང་། སྐབས་དེའི་པར་ལེན་དགེ་འདུན་པའི་སྦག་སྦག་འཁོར་ལོར་ཆག་སྐྱོན་ཤོར་ཡོད་སྟབས། ས་གནས་ཉེན་རྟོག་པས་ཁོང་འཕྲལ་དུ་འཛིན་བཟུང་བྱས་ཡོད་འདུག ད་ཆར་འཛིན་བཟུང་བྱས་པའི་དགེ་འདུན་པ་དང་ཉེན་གཡོལ་དུ་ཕྱིན་པའི་དགེ་འདུན་པ་གསུམ་བཅས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཡོད་མི་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༡ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༤ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 13

  1. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ཉག་རོང་བའི་ཕོ་རྒོད་དེ་ཚོ་ཉིན་ཉི་མའི་གོང་ལ་དམར་ཕྱོགས་ཚོགས་པའི་ལས་ཁང་གི་མདུན་དུ་ཁྲོམས་བསྐོར་བྱེད་པ་ལས་མཚན་ལ་ལྐོག་ནས་ཡི་གེ་རེ་གཉིས་རེ་གཏོར་ནས་རྒྱ་གར་ན་དགུ་བཅུ་གསུམ་ཚོགས་པའི་ནང་ཞུགས་ནས་ཕྱི་རྒྱལ་ཁག་ལ་འགྲོ་བའི་དམིགས་ཡུལ་བཅང་མཁན་དེ་འདྲ་རེད་མི་འདུག་ དངོས་གནས་དཔའ་རྒོད་རེད་

    Reply
  2. གཙང་ཞོལ་བདེ་གསལ། says:
    ལོ་ 15 སྔོན།

    ཉག་རོང་གུ་རུ་དགོན་པའི་དགེ་འདུན་པ་དེ་དག་ལ་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཡོད།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཕ་གི་ནས་ལུས་གཅེར་བུའི་ཐོག་སེམས་ནང་གི་སྡུག་བསྔལ་བརྗོད་བཞིན་མི་རིགས་ཞིག་གི་ཆེད་དཔའ་རྩལ་ངོམ་བཞིན་འདུག
    འདི་ག་ནས་ལུས་གཅེར་བུར་བུད་དེ་རང་ཉིད་ངོམ་བཞིན་འདུག

    ད་ཡིན་ན་འགོ་སྟེང་ལོག་འདུག

    Reply
  4. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    མངའ་རིས་ཕོ་ཉ་སེམས་ཁྲལ་དགོས་དོགས་མེད།།
    རྒྱལ་ཡོངས་ཚོགས་ཆེན་ཚོགས་ནས་སྤྱི་མོས་ཐོག།
    ༸གོང་ས་མཆོག་གི་ཅི་གསུངས་བཀའ་སྒྲུབ་རྒྱུའི།།
    དམ་བཅའ་བྱས་པས་འགལ་བ་ངས་མཐོང་།།

    Reply
  5. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    སེམས་སྟེང་ནས་དཔའ་རྒོད་ཚོ་གདུང་སེམས་མཉམ་བསྐྱེད་ཡོད།
    ང་ཚོའི་ལུས་གཞན་ཡུལ་ན་ཡོད་ཀྱང་སེམས་རང་ཡུལ་ལ་སྐད་ཅིག་གཅིག་ལ་བྲལ་མི་སྲིད།
    བོད་རྒྱལ་ལོ།

    Reply
  6. ལུང་ཚན་ཆོ་གའི་ཕྱོགས་ལྷུང་མ་གནང་རོ says:
    ལོ་ 15 སྔོན།

    གཅེས་པའི་ལུས་སྲོག་དང་བསྡོས་ཏེ་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་རྒྱ་ནག་གཞུང་གི་ནོར་འཁྲུག་ཅན་གྱི་སྲིད་ཇུས་ལ་དཔའ་ངར་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཞི་བའི་ངོ་རྒོལ་ཁ་ཞེ་གཉིས་མེད་གནང་བར་བསྔགས་བརྗོད་དང་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད་ལ་ གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་།།
    མཆན་བྲིས་མཁན་ཡོངས་ལ་ཞུ་རྒྱུར་། རྒྱ་གཅེས་དཔའ་བོ་དག་གིས་རླབས་ཆེན་གྱི་མཛད་རྗེས་ཐད་ལ་གདུང་སེམས་མཉམ་བསྐྱེད་དང་མཆན་བྲིས་མཁན་ཧ་ཅང་ཉུང་ཉུང་རེད་བཞག་ ག་རི་ཡིན་ནམ་ གསུངས་བརྡ་ སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱི་གནད་དོན་ལ་རྩ་དོན་ལས་གལ་ཆེ་བ་མཐོང་གིན་ཡོད་པ་འདྲ་། ༧ གོང་ས་མཆོག་དང་ བོད་གཞུང་བཀའ་ཤག་གཉིས་ཀྱིས་ཐོུང་ནས་ཐག་བཅད་གནང་སྟངས་ཐད་ཞེད་སྣང་དང་འཚེ་སྣང་མེད་པ་སྐྱོན་བརྗོད་བྱེད་ཀྱི་འདུག་ འཛེམས་སོན་མེད་པ་ ཡ་མཚན་པར་ རྩ་དོན་ལས་གལ་ཆེ་བ་བརྩི་གནང་གིན་ཡོད་པ་འ དྲ་ དེ་འདྲ་ཨུ་ཡོད་ན་ མཆན་བྲིས་མཁན་ཡོངས་ནས་རྨོངས་མུན་སེལ་བའི་ལམ་སྟོན་བཀའ་སློབ་གནང་སྐྱོང་ཡང་བ་ཞུ་།།

    Reply
  7. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    དཔའ་བོ་ནི་དེ་ལྟར་བསད་སོང་དཔའ་མོ་དེ་ལྟར་གྲོངས་སོང་།
    ཡ་ང་བས་ལོ་རྒྱུས་ཀྱི་དཀྱོགས་མཚམས་དེ་ནས། ་
    བཙན་བྱོལ་དུ་ཡོད་པ་གཞིས་ལུས་གཉིས་ཀྱི་མགོན་སྐྱབས་ཡང་།
    ཆབ་སྲིད་ཀྱི་འགན་དབང་ཚང་མ་མི་དམངས་ཀྱིས་འོས་འདེམས་བྱས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་བྱས།
    ཆོས་ཕྱོགས་ཀྱི་དབུ་ཁྲིད་མ་གཏོགས་ཐུགས་འགན་མ་བཞེས།
    བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས།
    དམངས་ཀྱི་མགྲིན་ཚབ་བྱས་ནས་ཚོགས་མི་བཞི་བརྒྱ་བཅོ་བརྒྱད་སླེབས།
    ཧིན་སྒོར་འབུམ་དྲུག་བཅུ་ཐམས་པ་འགྲོ་གྲོན་ཕྱིར་གཏོང་བྱས།
    ཚོགས་ཆུང་ལ་ཆ་བགོས་བྱས་ནས་ཉིན་གཉིས་རིང་བགྲོ་གླེང་ལྷུག་པོ་བྱས།
    སྤྱིས་མོས་སམ་མང་མོས་ཀྱིས་ཐོག་བོད་གཞུང་མཚན་ནས་རང་འཇགས་དགོས་ཀྱིན་འདུག་ཟེར་ནས་རྒྱབ་སྐྱོར་ཐོབ།
    གློག་བུར་དུ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་འཕར་མ་ཉིན་གཉིས་རིང་ཚོགས།
    བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་བཅའ་ཁྲིམས་བསྐྱར་བཅོས་ཐོག་ལ་བརྗོད་པ་དང་པོ་ནས་རིམ་ཞིང་བཅའ་ཁྲིམས་གཏན་འབེབས་བྱས།
    མཐར་མི་དམངས་ཀྱིས་མངོན་འདོད་དང་མིང་དོན་མཚུངས་པའི་བོད་གཞུང་མཚན་བྱང་ཡང་ཕྱིར་བསྡུ་བྱས།
    ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་འབེབས་ལྟར་བོད་གཞུང་མཚན་བྱང་ཚབ་དུ་བོད་མིའི་སྒྲིག་འཛུགས་བཏགས།
    ད་ང་ཚོས་སྒྲིག་འཛུགས་ཀྱི་ངོས་ནས་ཁྱེད་གཞིས་ལུས་མི་མང་སྤྱིར་ལྟར་སྐྱོབ་ཐུབ་ལ་སྤྱིར་ལྟར་ཁྱེད་ཚོའི་ལུས་སྲོག་ལ་འགན་ལན་དང་གདོང་ལེན་གང་འདྲ་ཞིག་ཐུབ།
    ཡང་ན་རྒྱ་གུང་བྲན་ཏང་ལ་དགོངས་དག་ཞུས་ནས་ཁྱེད་ཚོ་བསུ་བར་ཨེ་སླེབས་ཐུབ་བམ།
    ཡང་ན་ཁྱེད་ཚོའི་ཚེ་སྲོག་ལ་འགན་ལེན་ནི་བཙན་བྱོལ་དེ་ནས་མཚོན་དཔག་མི་ཐུབ།
    ཁྱེད་ཚོས་རང་རྒྱལ་དང་མི་རིགས་ཆེད་དུ་རང་ལུས་འབེན་ལ་བཙུགས་ནས་སྙིང་སྟོབས་དང་ལྷག་བསམ་ལ་ཞུམ་པ་མེད།
    གངས་ཅན་གྱི་དཔའ་རྒོད། གངས་ཅན་གྱི་ཚེ་སྲོག
    ང་ཚོ་ནི་A B C Dལ་མགོ་འཁོར་ནས་ལུས་འདུག

    Reply
  8. ཅང་མེད། says:
    ལོ་ 15 སྔོན།

    གྲི་ཁ་དང་མེ་མདའ་ཁའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་ཐུགས་རྗེ་ཆེ་ཞུ།
    དངོས་གནས་ཁྱེད་ཀྱི་སྙིང་སྟོབས་་་ཁྱེད་ཀྱི་ཤ་ཞེན་་་་་ཁྱེད་ཀྱི་སྤོབས་པ་་་་ཁྱེད་ཆོད་སེམས་ལ་་་རྗེས་སུ་ཡི་རངས་ཞུ། གཤེར་བུར་བུད་ལ་དོན་དགོས་ཆོད་འདུག ང་ཚོའི་བསམ་དོན་ལྟར་ལེགས་འགྲུབ་ཡོངས་བའི་སྨོན་ལམ་གྲངས་མེད་ཞུ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
    བོད་རྒྱལ་ལོ།

    Reply
  9. ཁ་ལྡོམ། says:
    ལོ་ 15 སྔོན།

    བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་འབེན་དུ་བཙུགས་ནུས་པའི་དཔའ་བོ་དག་ལ་ངེད་ཅག་གཞིས་བྱེས་གཉིས་སུ་ཡོད་པའི་བོད་རིགས་སྤྱི་བོ་གནམ་གཏད་ཚང་མས་ཁྱེད་ཅག་གི་སྙིང་སྟོབས་དང་། ལ་རྒྱ། དཔའ་ངར་ལ་རྗེས་སུ་ཡི་རངས་ཞུ།

    Reply
  10. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ་ཡར་ལང་ཤོག།
    འུ་ཅག་ལ་བདེ་སྐྱིད་འཆར་ཉེ།
    ཕྱི་ནང་གཉིས་ལག་ལྡིང་འབྲེལ་ནས།
    རང་དབང་གི་རྩོད་ལེན་བྱེད་དོ།

    Reply
  11. ལི་ཐང་གི་ལུག་རྫི། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་དེ་ཚོའི་སྐུ་ཚེ་ལ་བར་ཆད་མེད་པར་སྨོན། ཁོང་རྣམ་པའི་རེ་འདོད་ལྟར་བོད་རང་དབང་གི་བདེན་མཐའ་སེལ་ཏེ། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་མྱུར་དུ་ཕེབས་ཐུབ་པར་ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་བྱ།

    Reply
  12. གཟི་མིག་༣པ says:
    ལོ་ 15 སྔོན།

    བོད་རྒྱལ་ཁབ་དང་མི་རིགས་དོན་དུ་དེང་དུས་བོད་ནང་ནུས་ཤུགས་ཇི་ཆེར་འགྲོ་བཞིན་པ་ནི་དངོས་ནས་བཟང་རྟགས་ཡིན་པ་ངས་ཡིད་ཆེད་བྱ་བཞིན་ཡོད་ དཀོན་མཆོག་མཁྱེན་བོད་ཀྱི་དཔའ་བོ་ཁོང་ཚོ་ལ་བར་ཆད་མ་འོངས་བར་ཤོག་དངོས་ནས་ཁྱེད་ཚོ་དཔའ་བོ་རེད་

    Reply
  13. ཨ་གཙང་གནས་རྒྱམ། says:
    ལོ་ 15 སྔོན།

    .འདི་ལྟར་མཚོན་ཆ་དང་གཤེད་མའི་གང་བའི་ཁོར་ཡུག་དེ་ནས་ལུས་སྲོག་འབེན་དུ་བཞག་པའི་དཔའ་རྒོད་འདི་ཚོས་ངོ་མ་སྙིང་སྟོབས་ཀྱི་གོ་ཆ་གྱོན་ནས་དམར་པོའི་སྲིད་གཞུང་ཞིག་ལ་ཞི་བདེ་དང་བདེན་དོན་གྱི་གད་རྒྱངས་སྒྲོག་པ་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese