ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ཆུ་ཚོད་ ༢ པོ་ཙམ་ལ་ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། དཀར་མཛེས་ལམ་གྲགས་དགོན་པའི་རང་ལོ་ ༢༥ ཡིན་པའི་བཙུན་མ་བྱམས་པ་ལྷ་མཚོ་དང་། རང་ལོ་ ༢༠ ཡིན་པའི་བཙུན་མ་རིན་དགའ་གཉིས་ཀྱིས། “རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ནང་ཆོས་དད་རང་དབང་མི་འདུག” སོགས་ཀྱི་འབོད་ཚིག་བསྒྲགས་ཤིང་། བོད་རང་བཙན་སྐོར་གྱི་ཡིག་ཆ་གཏོར་འགྲེམ་བྱེད་བཞིན་སྐད་འབོད་ཁྲོམ་སྐོར་བྱས་ཡོད་འདུག འོན་ཀྱང་དུས་ཡུན་ཐུང་ངུ་ལས་མ་འགོར་བར་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གཉིས་ལ་ཉེས་རྡུང་ལྟ་མི་བཟོད་པ་གཏོང་བཞིན་རླངས་འཁོར་ནང་བཅུག་སྟེ་བཙན་ཁྲིད་བྱས་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ང་ཚོས་ཁྱེད་རྣམས་ལ་ག་རེ་ཞུ་ན་འཚམ་པ་ཡོད་དམ།
ཐོག་མར་བོད་ཀྱི་རྩ་དོན་ཐད་རང་སྲོག་གློད་གཏོང་གནང་མཁན་བོད་ནང་གི་གྲྭ་བཙུན་སེར་སྐྱ་ཡོངས་ལ་གདུང་སེམས་མཉམ་སྐྱེས་ཞུ། མ་གཞི་བྱས་ན་བོད་ཀྱི་རྩ་དོན་ཐོག་རང་
སྲོག་གློད་གཏོང་གནང་མཁན་ཚོར། བོད་འབངས་ཡོངས་ནས་ཡིད་སྨོན་དང་བསྟོད་
བསྔགས་ཀྱི་མེ་ཏོག་མ་གཏོར་ག་ལ་སྲིད། རྒྱུ་མཚན་ནི་བོད་ཀྱི་རྩ་དོན་དེ་འཛམ་གླིང་སྟེང་
མུ་འཐུད་གནས་ཐུབ་པ་དང། རྒྱ་དམར་གྱིས་ད་བར་བོད་མི་རིགས་ལ་བཙན་གནོན་
དང་ཧམ་འཕྲོག ད་དུང་ལོ་རྒྱུས་རྫུན་བཟོ། བོད་མི་རིགས་དང་རིག་གཞུང་བཅས་པ་རྩ་མེད་
བཟོ་ཐབས་ཀྱི་ནག་ཉེས་འཐེར་འདོན། བོད་འདི་ཡང་རང་དབང་གི་རྒྱལ་ཁབ་ཅིག་ཡིན་པ།
བོད་ལ་གློ་སྙིང་བྲང་གསུམ་གཏོད་ས་རྩ་བའི་བླ་མ་ཞིག་ཡོད་པ། བོད་མི་རིགས་རྣམས་
རྒྱ་ནག་དམར་པོའི་སྲིད་གཞུང་འོག་སྡོད་འདོད་མེད་པའི་རྣམ་འགྱུར་གསལ་པོ་ཕྱིར་སྟོན་པ་སོགས། བྱ་འགུལ་འདི་དང་འདི་དག་ནི་ང་ཚོ་བོད་མི་ས་ཡ་དྲུག་གི་འཚབ་མཚོན་ཐུབ་པའི་
བྱ་འགུལ་ཞིག་རེད་ལ་རླབས་ཆེན་གྱི་བྱ་འགུལ་ཞིག་ཀྱང་རེད།
འོན་ཀྱང་ད་ལྟའི་འཆར་སྐྱེ་བོ་མང་པོས། མི་གཞན་གྱིས་ལེགས་སྐྱེས་ཕུལ་ན་དགའ་བ་ལས། རང་ཉིད་ནི་ཐ་ན་བོད་གཞུང་གི་འགོ་འཁྲིད་ས་གནས་སུ་སླེབས་ནའང་། ཚོགས་འདུ་སོགས་
སུ་མཉམ་བཞུགས་བྱེད་ཀྱི་མེད་ལ། བྱ་འགུལ་གང་འདྲ་ཞིག་སྤེལ་ཡང་དེར་དོ་སྣང་ཙམ་
ཡང་བྱེད་ཀྱི་མེད། འོན་ཀྱང་བྱ་རྡོ་ལམ་འཕྲད་ལྟ་བུའི་བོད་དོན་གྱི་གསར་འགྱུར་འདི་ལྟ་
བུ་ཐོས་དུས། འོ་ད་འགྲིག་འདུག བོད་མི་མ་ཤི་ན་རང་དབང་ག་ལ་ཐོབ་ཐུབ།
མི་མང་ཙམ་ཤི་ན་གཞི་ནས་འགྱུར་བ་འགྲོ་ཐུབ་ཅེས་ཟེར། ཐ་ན་མི་ཤི་མཁན་དང་ཤི་སྟངས།
ད་དུང་ནང་མི་གཉེན་འཁོར་སོགས་ལ་སྡུག་བསྔལ་ཇི་ཙམ་ཡོད་མེད་ནི། བློའི་ཟུར་ལའང་
འཁོར་གྱི་མེད།
མ་གཞི་རེད། ཁྲག་གི་འགྲོ་སོང་གཏོང་ཐུབ་ན་རང་དབང་ཐོབ་སྲིད་མོད།
ཐ་ན་དབུ་མའི་ལམ་ཞིག་ཡིན་ཀྱང་གོ་མེད་འཚོར་མེད་དང། གྲགས་འགུལ་གང་ཡང་མེད་
པར་ངང་སྒུག་བྱས་ནས་བསྡད་ན། དབུ་མའི་ལམ་དེ་ཡང་གནམ་ནས་ཟགས་མདོག་ཁ་པོ་
མ་རེད། གྲགས་འགུལ་ཞིག་སྤེལ་ཡང་བོད་མི་གང་མང་མཉམ་བཞུགས་མ་བྱས་ཚེ།
ལས་དོན་ལ་གྲུབ་འབྲས་ཐོབ་རྒྱུར་ཡང་ཆ་རྐྱེན་མ་འདང་བ་ལྟ་བུ་ཞིག་རེད།
ཡང་སྒོས། ད་ལྟའི་འཆར་བོད་ནང་དུ་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་གང་ལྟར།
དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་རེད། ང་ཚོར་ཁབ་ཅིག་
ཟུག་ཀྱང་ན་ཟུག་བཟོད་ཐབས་མེད་པ་མཁྱེན་གསལ་རེད། བོད་ནང་དུ་རྒྱལ་གཅེས་
པ་ཚོས་སྡུག་སྦྱོང་མྱོང་སྟངས་དེ་ང་རང་གིས་བྲིས་ཀྱང་ན་ཟུག་དང་། ཚ་ཟུག་ཅིག་རང་
དབང་མེད་པར་ཡོང་གི་འདུག་ན་དངོས་སུ་མྱོང་མཁན་ལ་ནི་སྨོས་ཅི་དགོས།
བོད་ནང་གི་བོད་མི་ཚོའི་འབོད་སྒྲ་ནི། ང་ཚོ་བོད་མི་ས་ཡ་དྲུག་གི་འབོད་སྒྲ་རེད་ལ། ང་ཚོའི་བདེན་པའི་འབོད་སྒྲ། ང་ཚོའི་སེམས་གཏིང་གི་འབོད་སྒྲ་ཞིག་རེད། འོན་ཀྱང་ང་ཚོ་བཙན་བྱོལ་ནང་དུ། མ་གཞི་ཆབ་སྲིད་ཀྱི་ཡོ་ལང་ཞིག་ལ་བརྟེན་ནས་བཙན་
བྱོལ་བར་འགྱུར་བ་ཞིག་ཡིན་ཀྱང། ཆབ་སྲིད་དམ། བོད་ཀྱི་རྩ་དོན་ཐད་ལས་འགུལ་ནང་
མཉམ་བཞུགས་གནང་མ་ཆོག་པའི་སྤྱི་ཚོགས་སམ། སྡེ་ཁག་ཧ་ཅང་མང། དེ་ཚོ་དངོས་འབྲེལ་དགོད་བྲོ་བ་དང། ཡ་ང་བ་ཞིག་ཀྱང་མིན་ནམ་སྙམ།
ད་ཆ་ང་ཚོས། པ་ལགས་ཁྱེད་རང་ཤི་ཞིག ང་ཚོས་བདུན་ཚེས་ལ་རྫེག་རྡོ་གློད་ཀོ། ༼ཕ་ཤི་བའི་རྗེས་བདུན་ཚེས་སྐབས་མ་ཇང་བརྒྱབ་ཀྱི་ཡིན།ཞེས་པའི་དོན།༽ ཞེས་པའི་སྐད་ཆ་དེ་དག་དང་ཆོས་མཚུངས་པ་ཞིག་ཤོད་དགོས་ཁེལ་ལམ།
མདོར་བསྡུས་ན་ང་ཚོས་བོད་ནང་གི་རྒྱལ་གཅེས་པ་ཚོར།
ཁྱེད་ཚོས་མུ་འཐུད་རང་སྲོག་གློད་གཏོང་རོགས་གནང། ང་ཚོར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་
ནས་མཐོང་ཆེ་རུ་འགྲོ་གི་འདུག དམའ་མཐའ་སར་ཡང་ང་ཚོར་སྐྱབས་བཅོལ་ལེན་མཁན་
གྱི་རྒྱལ་ཁབ་ག་གེ་མོ་ཞིག་མང་དུ་འགྲོ་གི་འདུག ཞུ་དགོས་སམ། ཡང་ན། བདེན་པ་རང་ལ་ཡོད་ཀྱང། བཟོད་པའི་བསྟུལ་བཞུགས་བཟུང་ན་ཁེ་བཟང་ཆེ་གི་རེད་
ཞུ་དགོས་སམ།
བྱེས་བཞུགས་སྤུན་ཟླས་རང་མི་རིགས་ཀྱི་ལས་དབང་ལ་བཅངས་པའི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཡོད།
ཡིན་ནའང་ཡ་ང་ཞིང་ཡིད་སྐྱོ་དགོས་པ་ཞིག་ལ་འདིར་ང་ཚོ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དྲ་བ་ལས་ཐར་ཐུབ་མེད། འདིར་ལས་བྱེད་ཚོ་རང་མི་རིགས་ལ་བཅངས་པའི་དང་གཙང་ལྷད་མེད་ཀྱི་སེམས་པ་ཡང་མེད།
༄༅། ། ཏྲེ་ཧོརཁམས་དཀར་མཛེས་ལམ་གྲགས་དགོན་གྱི་བཙུན་མ་གཉིས་ཀྱིས་ སྤྱི་ལོ་༢༠༡༡ ཟླ་བ་༠༦ ཚེས་༡༠ཉིན་ཆུ་ཚེད་༢ པའི་ཐོག་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད།
བཙུན་མ་ བྱམས་པ་ལྷ་མཚོ་རང་ལོ་༢༥ བཙུན་མ་རིན་དགའ་རང་ལོ་་་་༢༠
ཕ་མིང་། བསྟན་པ་དང་ མ་མིང་ ཨ་རྟ ། ཕ་མིང་ ། སྦྱིན་པ་རྒྱ་མཚོ་དང་ མ་མིང་དབང་ལུ།
ཁྱིམ་ཚང་མིང་ ཧོར་མས་ཚང་ གྲོང་སྡེ་ ཧོར་མི་ ། རྒྱས་བཟང་འདའ ་གྲོང་ ཝ་རུངརྟག་ཚང་།
༄༅ ། ། ཏྲེ་ཧོར་དཀར་མཛེས་ལམ་གྲགས་དགོན་པའི་བཙུན་མ་བྱམས་པ་ལྷ་མཚོ་དང་བཙུན་མ་རིན་དགའ་གཉིས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ལུས་སྲོག་ལ་ཉེས་ཁ་འཕྲོད་ངེས་ཡིན་པ་ཤིས་བཞིན་དུ་ཞི་བའི་ངོ་རྒོལ་ སྤྱི་ལོ་༢༠༡༡ ཟླ་བ་༠༦ ཚེས་༡༠ཉིན་གོང་ཆུ་ཚེད་༢པའི་ཐོག ། ༸ རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ཚེ་བརྟན་པ་དང་ བོད་ལ་གདན་འདྲེན་ཞུ་དགོས་པ་དང ་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ ་ཆོས་ལུགས་དད་པ་རང་དབང་མིན་འདུག་ཟེར་བ་དང་ཆབས་ཅིག་ལག་ནས ་བོད་རང་བཙན་གྱི་ཡིག་ཆ་སོགས་གཏོར་བ་དུས་མཉམ་དུ་སྐད་འབོད་ཤུགས་ཆེ་རྒྱག་པ་དང་དེའི་མཚམས་སུ་རྒྱ་མིས་ཉེས་རྡུང་ཚད་མེད་བཏང་ནས་ཤི་གསོན་གང་ཡིན་མི་ཤིས་པ་བྱས་ནས་མོ་ཀྲ་ནང་དུ་བླུག་ནས་དར་ལྟར་དཀར་མཛེས་རྫོང་གི་བཙན་ཁང་དུ་བཅུག་ཡོད་པ་རེད།
YANGKYI DOLMA- 33-Years JOMPA LHATSO 25 SONAM YOUNGCHE-28-Years བཙུན་མ་ཁོང་གསུམ་ནི་སྤུན་མཆེད་འགྲོ་གི་ཡོད་རེད། ཕྱི་ལོ་༢༠༠༩ / ༠༣ / ༢༤ བཙུན་མ་དབྱངས་སྐྱིད་སྒྲོལ་མས་ ཞི་བའི་ངོ་རྒོལ་བྱས་ཏེ་རྒྱ་ནག་གིས་བཙན་ཁང་ནང་སྡུག་སྦྱོར་མནར་བཅད་འོག་འདུས་གྲོངས་སུ་མཆིས་པ་རེད་།
བཙུན་མ་དབྱངས་སྐྱིད་སྒྲོལ་མ་རང་ལོ་༣༣ ། བཙུན་མ་བསོད་ནམས་དབྱངས་ཅན་རང་ལོ་༢༨ །
ཕ་མིང་། དགེ་འདུན་དར་རྒྱས་ ། ཕ་མིང་ ། བྱམས་པ་རྒྱལ་མཚོ་དང་མ་མིང་གཡུ་སྒྲོན་ལྷ་མོ་ །
མ་མིང་ ། པདྨ་མཁའ་འགྲོ་ ། གྲོང་ ། རྒྱ་མཁའ་།
ཁྱིམ་ཚང་མིང་ཧོར་མས་ཚང་གྲོང་ཧོར་མི་ །
དགོན་པ་དེ་ནོར་འཁྲུག་བྲིས་བཞག་འདུག་ དཀར་མཛེས་དགོན་པ་རེད་
ལམ་གྲགས་ཨ་ནེ་དགོན་པ་རེད་ ཐུགས་སྣང་ཡོང་བ་ཞུ་
དངོས་གནས་ག་དུས་ཡིན་ན་གནད་འགོག་ལ་ཐུགས་དུས། བོད་སྤྱི་བའི་དོན་དུ་རང་སྲོག་བློས་གཏོང་གི་ལས་འགུལ་སྤེལ་མཁན་ནི་ཕར་ཆེ་བ་གྲ་བ་དང་ཨ་ནེ་ཡིན་པ་ནི་ག་རེ་ཡིན་ནམ། དངོས་གནས་སེམ་འགུལ་ཐེབས་དགོས་བ་ཞིག་སྟེ། ཁོང་ཚོས་གཅར་བརྡུང་དང་། ལྟོག་སྐོམ་གྱི་སྡུག་བསྔལ་བཟོད་གླགས་མེད་པ་སུས་ཆེད་དུ་མྱོང་དགོས་བ་ཡིན་ནམ། ཚང་མའི་ཐུགས་སེམས་རེ་བཞེས་རོགས་གནོང་།