མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་བྷི་ནད་པའི་གྲངས་འབོར་ཧ་ཅང་མཐོ་བོར་སླེབས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp


དེང་སྐབས་བོད་ནང་ཊི་བྷི་ན་ཚ་འགོས་ཁྱབ་ཀྱི་ཚད་
གཞི་ཧ་ཅང་མཐོན་པོར་སླེབས་ཡོད་སྐོར་ལབ་བྱུང་། བོད་པའི་གྲོང་གསེབ་ཁ་ཤས་ནང་མི་འབོར་གྱི་བརྒྱ་ཆ་ ༥༠ ནས་ ༦༠ ཙམ་ལ་ཊི་བྷི་ན་ཚ་བྱུང་འདུག་ཟེར།

ཕྱི་ཚེས་་༢༧ ཉིན་གྱི་སྔ་དྲོར། ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་། དབུས་བོད་མིའི་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ཀྱིས་གོ་སྒྲིག་འོག  བཙན་བྱོལ་བོད་མིའི་ས་གནས་གཞིས་ཆགས་ཁག་གི་སྨན་ཞབས་པ་རྣམས་གཙོས་པའི་གྲྭ་ས་དང་སློབ་གྲྭ་ཁག་གི་འཐུས་ཚབ་མི་སྣ་བཅས་མི་གྲངས་ ༥༠ ཙམ་ལ་ཉིན་གསུམ་རིང་ཊི་བྷི་ན་ཚ་སྔོན་འགོག་གི་ཟབ་སྦྱོང་ཞིག་སྤྲོད་མགོ་བརྩམས་ཡོད་པ་དང་། ཟབ་སྦྱོང་དེའི་མཛད་སྒོའི་སྟེང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད། ཨི་ཊ་ལིའི་AISPO ་རོགས་ཚོགས་ཀྱི་སྨན་པ་ཧྥེལ་བེའོ (Fulvio Snlvo) ། དེ་བཞིན་ཊི་བྷི་ན་ཚའི་ཐད་ཉམས་ཞིབ་གནང་མཁན་བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་བཅས་ཆེད་ཕེབས་ཀྱིས་ཐེངས་འདིའི་ཊི་བྷི་ན་ཚ་སྔོན་འགོག་ཟབ་སྦྱོང་གི་དམིགས་ཡུལ་དང་བཙན་བྱོལ་ནང་ཊི་བྷི་ན་ཚ་འགོས་ཁྱབ་ཀྱི་ཉེན་ཁའི་སྐོར་ནས་གཏམ་བཤད་གནང་སོང་།

གསུང་བཤད་གནང་མཁན་ཚོས་བརྗོད་པ་ལྟར་ན། ཉེ་ཆར་འཛམ་གླིང་གི་སྙན་གྲགས་ཅན་གྱི་ཚགས་ཤོག་མང་པོའི་ནང་། བོད་མིའི་སྤྱི་ཚོགས་ནང་ཊི་བྷི་ན་ཚའི་དཀའ་ངལ་ཤུགས་ཆེན་པོ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་སྨན་ཁང་ནང་བོད་པའི་ཆེད་དུ་དམིགས་བསལ་ཊི་བྷི་ན་ཚའི་སྡེ་ཚན་ཞིག་ཀྱང་བཙུགས་ཡོད་འདུག  སྤྱིར་རྒྱལ་སྤྱིའི་ནང་ཊི་བྷི་ནད་པ་མང་ཤོས་དེ་རྒྱ་གར་ཆགས་ཡོད་པ་དང་།  རྒྱ་གར་དུ་མི་འབུམ་གཅིག་གི་ཁྲོད་ཊི་བྷི་ནད་པ་  ༡༦༠ ཙམ་ཡོད་འདུག ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་འབུམ་གཅིག་གི་ཁྲོད་ཊི་བྷི་ནད་པ་  ༤༠༠ ལས་བརྒལ་ཏེ་འཛམ་གླིང་གི་ཊི་བྷི་ནད་པ་ཆེས་མང་བའི་སྤྱི་ཚོགས་ཤིག་ཆགས་ཡོད་པར་མ་ཟད།  གཞོན་སྐྱེས་ཚོའི་ནང་ཉེན་ཚབས་ཅན་གྱི་ཊི་བྷི་ནད་རིགས་ MDR དང་ XDR  TDR བཅས་འགོས་ཁྱབ་འགྲོ་བཞིན་ཡོད་པ་དང་།  ཤུགས་ཆེ་ཤོས་དེ་སློབ་གྲྭ་དང་གྲྭ་ས་ཁག་ཆགས་ཡོད་འདུག  དེ་བཞིན་བོད་ནང་དུའང་ཊི་བྷི་ན་ཚ་འགོས་ཁྱབ་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་། ས་ཁུལ་རེ་འགའི་ནང་མི་གྲངས་ཀྱི་བརྒྱ་ཆ་ ༦༠ ཙམ་ཊི་བྷི་ནད་པ་ཆགས་ཡོད་འདུག 

ཉེ་སྔོན་བཙན་བྱོལ་བོད་མིའི་ས་གནས་གཞིས་ཆགས་ཁག་ནང་ཊི་བྷི་ན་ཚའི་གནས་སྟངས་ཐད་ཉམས་ཞིབ་གནང་མཁན། བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་ལགས་ཀྱིས་བརྗོད་དོན།  སྔོན་ཆད་བོད་ས་ཤོར་ཏེ་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས། འཚོ་བའི་གནས་སྟངས་སྐྱོ་བའི་དབང་གིས་བཙན་བྱོལ་སྤྱི་ཚོགས་ནང་ཊི་བྷི་ན་ཚ་ཤུགས་ཆེན་པོ་བྱུང་ཡོད་པ་རེད།  ༡༩༦༠ ནས་ ༧༠ སྐབས་དེ་ལ་འཕྲོད་བསྟེན་ལུས་ཁུངས་ཀྱི་འབྲེལ་ཡོད་ཡིག་ཆ་དག་ལ་བལྟས་ཡོང་དུས།  སྐབས་དེར་ཧ་ལམ་བཙན་བྱོལ་བོད་མིའི་བརྒྱ་ཆ་ ༣༠ ཙམ་ལ་ཊི་བྷི་ན་ཚ་བྱུང་འདུག  ཕྱིས་སུ་འཚོ་བའི་མཐུན་རྐྱེན་དང་སྨན་བཅོས་ལག་རྩལ་ཇེ་ལེགས་སུ་གྱུར་སྟབས། ཊི་བྷི་ན་ཚ་རིམ་པ་དང་པོ་དང་རིམ་པ་གཉིས་པའི་རིགས་ཕོག་མཁན་ཇེ་ཉུང་དུ་ཕྱིན་འདུག  ཡིན་ནའང་། ད་སྐབས་ཉེན་ཁ་ཆེ་བའི་ཊི་བྷི་ནད་རིགས་  MDR དང་ XDR།  TDR བཅས་ཕོག་མཁན་མང་དུ་འགྲོ་བཞིན་པའི་དཀའ་ངལ་གསར་བ་ཞིག་འཕྲད་ཀྱིན་འདུག  ཊི་བྷི་ནད་རིགས་ MDR ལ་ནམ་རྒྱུན་གྱི་ཊི་བྷི་ན་ཚ་རིམ་པ་དང་པོ་དང་གཉིས་པའི་སྨན་གྱིས་ནུས་པ་འཐོན་མི་ཐུབ་པར།  སྨན་སྣ་མང་པོ་དང་སྨན་ཤུགས་ཆེན་པོ་བསྟེན་དགོས་པར་མ་ཟད། དུས་ཡུན་ལོ་གཉིས་ལྷག་ལ་མུ་མཐུད་དེ་སྨན་བཅོས་གནང་དགོས་ཀྱི་ཡོད་པ་ཞིག་རེད། ཊི་བྷི་ནད་རིགས་ XDR དང་  TDR ནི་དེ་བས་ཀྱང་ཉེན་ཁ་ཆེན་པོ་རེད།  སྔོན་ཆད་ཊི་བྷི་ན་ཚ་རིམ་པ་དང་པོ་དང་གཉིས་པར་དུས་ལྟར་སྨན་བཅོས་གནང་མ་ཐུབ་པར་བརྟེན་ནས།  ཊི་བྷི་ནད་རིགས་ MDR གྱི་ངོ་བོར་འཕེལ་བཞིན་ཡོད་པ་རེད། ད་སྐབས་ཊི་བྷི་ནད་རིགས་ MDR དེ་ཊི་བྷི་ན་ཚ་མེད་པའི་མི་རྣམས་ལ་ཐད་ཀར་འགོས་ཁྱབ་འགྲོ་བཞིན་པའི་གནས་སྟངས་ཛ་དྲག་ཅིག་ལ་སླེབས་འདུག  ང་ཚོས་ཐོ་གཞུང་མང་པོ་ཞིག་ལ་ཞིབ་འཇུག་བྱས་ཡོང་དུས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཊི་བྷི་ནད་པའི་གྲངས་འབོར་ཧ་ཅང་ཚད་མཐོ་བོར་སླེབས་འདུག  ལྷག་པར་དུ་བདེ་སྐྱིད་གླིང་ས་ཁུལ་དུ་མང་ཆེ་ཤོས་སློབ་ཕྲུག་དང་། དྷ་རམ་ས་ལ་ཁུལ་དུ་མང་ཆེ་ཤོས་ལས་མེད་དང་སློབ་ཕྲུག་བཅས་ཆགས་འདུག དེར་བརྟེན།  མི་ཚོགས་འདུས་སྡོད་ཀྱི་སློབ་གྲྭ་ཁག་དང་གྲྭ་ས་ཁག་ཏུ་ཊི་བྷི་ན་ཚ་འགོས་ཁྱབ་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག  ཅེས་བརྗོད་སོང་། 

དེ་རྗེས་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས།  ཊི་བྷི་ན་ཚ་སྔོན་འགོག་ཐད་ཚང་མས་མཉམ་རུབ་ཀྱི་ཕྱག་ལས་གནང་དགོས་པའི་སྐོར་ནས་བརྗོད་དོན། ང་ཚོའི་སྤྱི་ཚོགས་ནང་ཊི་བྷི་ན་ཚ་སྔོན་འགོག་དང་རྩ་མེད་བཟོ་བའི་ཆེད་ལས་འགུལ་རབས་དང་རིམ་པ་སྤེལ་བ་རེད། བདེ་ལེགས་སྨན་ཁང་ལ་མཚོན་ནའང་ཕྱི་ལོ་ ༡༩༨༠ ནས་ད་ལྟའི་བར་དུ་ཊི་བྷི་ན་ཚ་སྔོན་འགོག་ཐད་ཤུགས་རྒྱག་མཁན་ཞིག་ཆགས་ཡོད་པ་རེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་ཊི་བྷི་ན་ཚའི་དཀའ་ངལ་ད་དུང་མུ་མཐུད་གནས་ཡོད་པ་དང་།  ཊི་བྷི་ནད་པའི་གྲངས་འབོར་ཉུང་དུ་ཕྱིན་པ་ཙམ་མ་གཏོགས། ཊི་བྷི་ན་ཚའི་ཉེན་ཁ་ཇེ་ཆེར་འགྱུར་བཞིན་འདུག  སྤྱིར་བཙན་བྱོལ་ནང་བྱིས་པ་རྣམས་ལ་ཆུང་དུས་ནས་ཊི་བྷི་ན་ཚ་སྔོན་འགོག་གི་སྨན་ཁབ་རྒྱག་གི་ཡོད་སྟབས། ལོ་ ༡༨ ཚུན་གྱི་བྱིས་པར་ཊི་བྷི་ན་ཚ་འགོས་ཁྱབ་མི་འགྲོ་བའི་ཁུལ་རེད།  ཡིིན་ནའང་། ད་ལྟ་བཙན་བྱོལ་ནང་ཊི་བྷི་ན་ཚ་ཅན་མང་ཤོས་དེ་སློབ་ཕྲུག་ཆགས་བསྡད་ཡོད་སྟབས།  བོད་ནང་ནས་སླེབས་བཞིན་པའི་སློབ་ཕྲུག་ཚོ་བརྒྱུད་ནས་འགོས་ཁྱབ་འགྲོ་བཞིན་ཡོད་མེད་ཐད་ཉམས་ཞིབ་བྱ་དགོས་པ་ཞིག་ཏན་ཏན་ཆགས་འདུག  དེ་བཞིན། ཌེ་བྷེ་ན་ཚའི་ཐད་ཨི་ཊ་ལིའི་སྨན་པའི་རོགས་ཚོགས་(AISPO) ཡིས་སྔོན་མ་ནས་རོགས་སྐྱོར་གནང་བཞིན་ཡོད་པ་དང་།  ད་ལོ་ནས་བཟུང་འཛམ་གླིང་རྒྱལ་སྤྱིའི་འཕྲོད་བསྟེན་ཚོགས་པའི་ངོས་ནས། ཨ་རིའི་མཐོ་སློབ་ཅིག་གི་སྨན་པའི་སྡེ་ཚན་བརྒྱུད་ནས་རོགས་དངུལ་འབོར་ཆེན་པོ་ཞིག་གནང་གི་ཡོད་པ་རེད། དེའི་ཐད་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་རྒྱབ་གཉེར་མཐུན་འགྱུར་དང་བདེ་ལེགས་སྨན་ཁང་གིས་འགན་ཁུར་བླངས་པའི་ཐོག་ནས། བཙན་བྱོལ་སྤྱི་ཚོགས་ནང་ཊི་བྷི་ན་ཚ་སྔོན་འགོག་ཐད་ལས་འཆར་ཤུགས་ཆེན་པོ་སྤེལ་འཆར་ཡོད་པ་རེད། ཅེས་བརྗོད་སོང་། 

མཇུག་མཐར་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་བོད་ནང་གི་ཊི་བྷི་ན་ཚའི་གནས་སྟངས་སྐོར་ནས་བརྗོད་དོན།  དེ་སྔོན་བོད་ནང་དུ་ལོ་གཉིས་ལྷག་གི་རིང་ཊི་བྷི་ན་ཚའི་གནས་སྟངས་ཐད་ཉམས་ཞིབ་གནང་མཁན་ཕྱི་རྒྱལ་སྨན་པ་ཞིག་གིས།  དེང་སྐབས་བོད་ནང་ཊི་བྷི་ན་ཚ་འགོས་ཁྱབ་ཀྱི་ཚད་ཧ་ཅང་མཐོན་པོར་སླེབས་འདུག་པའི་སྐོར་ང་ལ་ལབ་བྱུང་།  ཁོ་མོས་བརྗོད་ན་བོད་པའི་གྲོང་གསེབ་ཁ་ཤས་ནང་མི་འབོར་གྱི་བརྒྱ་ཆ་ ༥༠ ནས་ ༦༠ ཙམ་ལ་ཊི་བྷི་ན་ཚ་བྱུང་འདུག  དེའི་རྒྱུ་མཚན་གཙོ་བོ་ནི། གཅིག  སྔོན་ཆད་ཤ་མར་འོ་ཞོ་སོགས་ཟས་བཅུད་འཛོམས་པོ་ཡོད་པའི་བོད་མི་ཚོའི་འཚོ་བའི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཏེ།  ད་ལྟ་གོར་སྐྱ་དང་འབྲས་སྐྱ་སོགས་ལ་འགྱུར་ཡོད་སྟབས་ཟས་བཅུད་ཀྱིས་འདང་གི་མེད་པའི་རྐྱེན་དང་། གཉིས།  བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་ནང་ལོགས་ཀྱི་ཊི་བྷི་ན་ཚ་ཅན་མང་པོ་གནས་སྤོར་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ། གསུམ། བོད་མིའི་སྤྱི་ཚོགས་ནང་ཊི་བྷི་ན་ཚའི་ཉེན་ཁའི་སྐོར་ཧ་མ་གོ་བ་དང་།  རྒྱ་གཞུང་གིས་རང་ཉིད་ལ་མིང་ཆད་ཕོག་རྒྱུར་དོགས་ཏེ་ཊི་བྷི་ན་ཚའི་གནས་སྟངས་ཛ་དྲག་ཆགས་ཡོད་པ་ངོས་ལེན་མ་གནང་བར་སྦས་གསང་བྱ་བཞིན་པ་བཅས་ཀྱིས་ཡིན་འདུག  སྤྱིར་རྒྱ་གཞུང་གིས་བོད་ནང་ཕུན་སུམ་ཚོགས་པའི་གཏེར་ཁ་ཡོངས་རྫོགས་གང་འདོད་དུ་བསྔོགས་ཏེ་དཔལ་འབྱོར་གྱི་ཁེ་ཕན་ལེན་རྐྱང་བྱེད་བཞིན་ཡོད་པ་རེད།  ཡིན་ནའང་། ས་གནས་བོད་མི་ཚོའི་འཕྲོད་བསྟེན་གནས་སྟངས་ཚུན་ཆད་ལ་ལྟ་སྐྱོང་བྱེད་ཀྱིན་མེད་པའི་ཉེར་ལེན་ལ་བརྟེན་ནས་ཛ་དྲག་གི་ཀའ་ངལ་དེ་དག་འབྱུང་བཞིན་པ་རེད། ད་ལྟའི་ཆར་ང་ཚོའི་ངོས་ནས་བོད་ནང་གི་དཀའ་ངལ་དེར་གདོང་ལེན་གྱིས་ན་ཚ་སྔོན་འགོག་བྱ་ཐབས་བྲལ་ནའང་། བཙན་བྱོལ་ནང་སྡོད་མཁན་ཚོ་ཚགས་ཚུད་པོ་ཞིག་དང་། ཊི་བྷི་ན་ཚ་མེད་པ་བཟོ་རྒྱུའི་ལས་འགན་ཐོག་ཚང་མས་ཐུགས་འགན་བཞེས་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་། 

འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་སོགས་འཕྲོད་བསྟེན་ལ་འབྲེལ་ཡོད་དག་གིས་འདས་པའི་དུས་ཚོད་རིང་ཊི་བྷི་སྔོན་འགོག་གི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་འབུམ་གཅིག་ནང་ཊི་བྷི་ནད་པ་  ༤༠༠ ་བརྒལ་ཡོད་པ་དང་། བོད་ནང་ས་ཁུལ་རེ་འགར་མི་གྲངས་ཀྱི་བརྒྱ་ཆ་ ༦༠ ཙམ་ཊི་བྷི་ནད་པ་ཆགས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྨན་པའི་ཞབས་འདེགས་ནི། ཨིན་སྐད་དུ། “biyond the boder” ཞེས་པ་ལྟར་རང་གི་འཁོར་ཡུག་ལས་བརྒལ་ནས་རོགས་རམ་བྱེད་དགོས་པ་དེ་མ་བརྗེད་པ་གྱིས་ཤིག འབྲེལ་ཡོད་ལས་བྱེད་ཚོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese