མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནེའུ་ཡོག་ནས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཆཊ་པ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཐ་ཧྭར་སྐལ་བཟང་།

 

སྔོན་གླེང་།

 གཟའ་འཁོར་སྔོན་མའི་གཟའ་པ་སངས་སྤྱི་ཟླ་དྲུག་པའི་ཚེས་ ༢༤ ཉིན་ནེའུ་ཡོག་ཞིང་ཆེན་གྱི་གྲོས་ཚོགས་ནས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཡིན་མིན་གྱི་འོས་ཤོག་བླུགས་ཤིང་། མཚན་མཐུན་གཉེན་སྒྲིག་ལ་འོས་ཤོག་ ༣༣ དང་ངོ་རྒོད་བྱེད་མཁན་ལ་འོས་ཤོག་ ༢༩ བྱུང་བས་འོས་ཤོག་གི་རྒྱལ་ཁ་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཐོབ་པ་རེད། རྒྱལ་ཁ་ཐོབ་པ་དང་ལྷན་དུ། མཚན་མཐུན་ཆགས་སྤྱོད་རིགས་ཀྱི་སྐྱེས་བུ་ཕོ་མོ་ཚོས་ནེའུ་ཡོག་གྲོང་ཁྱེར་དང་གྲོང་ཁྱེར་གཞན། ས་གནས་མང་པོ་ནས་ཁྲོམ་སྲང་དང་ལམ་གྱི་གཞི་མདོ་སོགས་ལ་འཛོམས་སྟེ་འོས་ཐོབ་ཀྱི་རྒྱལ་ཁའི་ཁྲོམ་སྐོར་བྱས་པ་དང་མཚན་མཐུན་ཆགས་སྤྱོད་ཀྱི་ངོ་བོ་མཚོན་བྱེད་ཀྱི་འཇའ་མཚོན་དར་ཆ་གང་སར་འཕྱར། མཚན་མཐུན་ཆགས་སྤྱོད་རིགས་ལ་མཚོན་ན་ད་ཐེངས་ནེའུ་ཡོག་གྲོང་ཁྱེར་ནས་རྒྱལ་ཁ་ཐོབ་པ་ནི་ཧ་ཅང་གལ་ཆེན་ཡིན་ཞིང་ལོ་རྒྱུས་རང་བཞིན་ཅན་ཞིག་ཀྱང་ཡིན། བཟང་གི་སྒང་ལ་རྒྱན་བཞག་ནས་བཤད་ན། འཛམ་གླིང་གང་སར་གནས་པའི་མཚན་མཐུན་ཆགས་སྤྱོད་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པར་ཚོད་དཔག་བྱེད་ཀྱི་ཡོད། ནེའུ་ཡོག་ཞིང་ཆེན་ནི་ཨ་རིའི་ཞིང་ཆེན་ལྔ་བཅུའི་ནང་གི་མཚན་མཐུན་གཉེན་སྒྲིག་ཁྲིམས་ཐོག་ནས་ངོས་ལེན་བྱེད་མཁན་ཨང་ ༧ པ་དེ་ཡིན།

ཨ་རི་ལ་ཞིང་ཆེན་ ༥༠ ཡོད་ཅིང་། ཞིང་ཆེན་ ༤༣ གྱིས་ད་རུང་མཚན་མཐུན་གཉེན་སྒྲིག་ཁྲིམས་ཐོག་ནས་ངོས་ལེན་བྱས་མེད་པས་མཚན་མཐུན་ཆགས་སྤྱོད་རིགས་དང་ཁོ་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་མཚོན་ན་ལས་ཀ་ཧ་ཅང་མང་པོ་རྗེས་ན་ལྷག་ཡོད། ཡིན་ན་ཡང་ནེའུ་ཡོག་ནས་རྒྱལ་ཁ་ཐོབ་པ་ནི་ཁང་བ་ཞིག་ལ་མཚོན་ན་ཁང་བའི་ཀ་བ་དང་འདྲ་བས་མ་འོངས་པའི་མཚན་མཐུན་གཉེན་སྒྲིག་བྱེད་མཁན་ཚོར་སྟབས་ཇེ་བདེར་སོང་བ་དང་མི་ཚེའི་དོན་སྙིང་ཆེ་རུ་སོང་བ་བཤད་ག་ལ་དགོས། མཚན་མཐུན་གཉེན་སྒྲིག་ཁྲིམས་ཐོག་ནས་ངོས་ལེན་བྱེད་མཁན་གྱི་ཞིང་ཆེན་ལྔ་ཨ་རིའི་ཤར་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཞིང་ཆེན་ཁ་ཤས་ཡིན་ཞིང་དེའི་ནང་ལ་ནེའུ་ཡོག་ཡང་འདུས། དེ་མིན་ཞིང་ཆེན་གཞན་པ་གཉིས་ནི་ཨ་རིའི་རྒྱལ་ཁབ་ཀྱི་ནུབ་དཀྱིལ་དུ་འབོད་པའི་ཉོས་མེག་སུཁོ་(Newmexico)ཞིང་ཆེན་དང་ཨའེ་བ་( Iowa )ཞིང་ཆེན་གཉིས་ཡིན། ཨ་རིའི་ནུབ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོད་པའི་ཞིང་ཆེན་ཁ་ལི་ཕྷོར་ཉི་ཡ་( California )དང་ཕོར་ལན་སྒྲི(Portland )། སེས་ཡཱ་སྒྲལ་(Seattle )སོགས་ལྟ་བ་གུ་ཡངས་ཅན་གྱི་ཞིང་ཆེན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་མོད། མཚན་མཐུན་གཉེན་སྒྲིག་ད་རུང་ཁྲིམས་ཐོག་ནས་ངོས་ལེན་བྱ་ཐུབ་མེད།

ལྷག་པར་དུ་ཁཱ་ལི་ཕྷོར་ཉི་ཡ་(California)ཞིང་ཆེན་གྱི་གྲོང་ཁྱེར་ཆེན་པོར་འབོད་པའི་སན་ཕྷན་སེ་སུ་ཁོ་(San Francisco)དང་ལོ་སུ་ཨན་ཇུ་ལི་སུ་(Los angeles)ལྟུ་བུ་ཡིན་ན་མཚན་མཐུན་ཆགས་སྤྱོད་རིགས་ཀྱི་གྲངས་འབོར་ཧ་ཅང་མཐོ་ཞིང་། མཚན་མཐུན་ཆགས་སྤྱོད་འདུས་སྡོད་བྱེད་སའི་སྤྱི་ཚོགས་སམ་ཁོར་ཡུག་ཡོད་པ་དང་ཞིང་ཆེན་གཞན་པ་ཚོ་དང་བསྡུར་ན་གྲོང་ཁྱེར་མི་མང་གིས་ཡང་མཚན་མཐུན་ཆགས་སྤྱོད་དྭངས་ལེན་བྱེད་ཀྱི་ཡོད། ཁྲིམས་ཐོག་ལ་ཐེངས་ཁ་ཤས་སོང་མྱོང་ཡོད་མོད་མཚན་མཐུན་ཆགས་སྤྱོད་རིགས་ཀྱི་འདོད་པ་ཁེངས་པའི་གཏམ་དེ་ད་རུང་ཁྲིམས་ཁང་གི་སྒོ་ཆེན་གྱི་ཕྱི་ལོགས་སུ་བསླེབས་ཐུབ་མེད། དེའི་རྒྱུ་མཚན་ནི་གྲོང་ཁྱེར་ལས་རིང་དུ་ཡོད་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེ་བའི་མང་ཚོགས་སམ་ལྟ་བ་གུ་དོག་པའི་ཁོར་ཡུག་སོགས་ཀྱིས་མཚན་མཐུན་ཆགས་སྤྱོད་ངོས་ལེན་བྱེད་ཀྱི་མེད་པས་ཡིན།

སྤྱིར་བཏང་ཨ་རིའི་ས་ཆ་གང་ལ་སོང་ན་ཡང་མཚན་མཐུན་ཆགས་སྤྱོད་རིགས་ཡོད་པ་དང་གྲོང་ཁྱེར་ཅུང་ཙམ་ཆེ་ཁག་ཏུ་མཚན་མཐུན་ཆགས་སྤྱོད་རིགས་ལ་བལྟ་སྟངས་ངན་པ་མི་འདུག་བསམ་སོང་། ཡིན་ན་ཡང་བརྒྱ་ཆ་བརྒྱ་བཤད་ཐུབ་ཀྱི་མེད། གྲོང་ཁྱེར་ཁུག་ཀྱོག་དང་སྤྱི་ཚོགས་ཆུང་ཆུང་། ཡེ་ཤུ་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེ་ས་སོགས་ན་མཚན་མཐུན་ཆགས་སྤྱོད་རིགས་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་ཀྱི་ཡོད། དཔེར་ན་སློབ་ཆུང་ནས་སློབ་འབྲིང་བར། སློབ་ཆེན་ནས་སྤྱི་ཚོགས་བར། སྤྱི་ཚོགས་ཐོག་ནང་མུ་མཐུད་ནས་གནོན་ཤུགས་དང་དཀའ་ངལ་མྱོང་གི་ཡོད། ཡིན་ན་ཡང་འཛམ་གླིང་གི་གྲུ་སྣེ་གཞན་ཨ་ཕྷི་རི་ཁའི་(Africa)རྒྱལ་ཁབ་ཁ་ཤས་ནང་མཚན་མཐུན་ཆགས་སྤྱོད་རིགས་ལ་སྲོག་ཁྲིམས་གཅོད་པ་དང་དཀྱིལ་ཤར་ཁ་ཆེའི་རྒྱལ་ཁབ་ཁ་ཤས་ཀྱིས་ཡང་མཚན་མཐུན་ཆགས་སྤྱོད་རིགས་ལ་ངོ་རྒོད་བསམ་ཡུལ་ལས་འདས་པ་བྱེད་ཀྱི་ཡོད། ཨ་རིའི་མཚན་མཐུན་ཆགས་སྤྱོད་རིགས་ཀྱི་གནས་སྟངས་དེ་ཁོང་ཚོ་དང་བསྡུར་ཐབས་མེད་ལ་ཚེ་སྲོག་ཤོར་འགྲོ་བའི་སྣང་དོགས་ཀྱང་བྱེད་དགོས་ཀྱི་མེད།

གཙོ་གནད།

 ཨ་རིའི་རྒྱལ་ཁབ་ན་མཚན་མཐུན་ཆགས་སྤྱོད་ཀྱི་རིགས་ལ་དཀའ་ངལ་ཆེན་པོ་གཉིས་འཕྲད་ཀྱི་ཡོད། དང་པོ། མཚན་མཐུན་གཉེན་སྒྲིག་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་ངོས་ལེན་མེད་པའི་དཀའ་ངལ་ཡིན། ཁྲིམས་ཐོག་ནས་ངོས་ལེན་བྱེད་ཀྱི་མེད་པ་ལ་རྒྱུ་མཚན་གྲངས་ལས་འདས་པ་ཞིག་ཡོད་མོད། རྒྱུ་མཚན་གཙོ་བོ་གཅིག་ཟུར་དུ་བཏོན་ནས་བརྗོད་ན། ཡེ་ཤུ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཧ་ཅང་ཆེ་བས་ཡིན། ཡེ་ཤུ་ཆོས་ལུགས་ལྟར་ན་ཕོ་མོ་བཟའ་ཚང་བྱེད་པ་དང་ཕྲུ་གུ་གསོ་སྐྱོང་བྱེད་པ་སོགས་ནི་ཆོས་ལུགས་ཀྱི་ཆ་ཤས་གལ་ཆེན་ཞིག་ལ་བརྩི་བ་དང་། ལྷག་པར་དུ་ཕོ་མོ་བཟའ་ཚང་བྱེད་པ་ནི་འགྲོ་བ་མིའི་རང་བྱུང་གི་ཆོས་ཉིད་ཞིག་ཡིན་པར་འདོད། དེའི་རྒྱུ་མཚན་གྱིས་མཚན་མཐུན་གཉེན་སྒྲིག་ནི་ཆོས་ལུགས་སམ་དཀོན་མཆོག་གི་བཀའ་དང་འགལ་ཞིང་། འགྲོ་བ་མིའི་རང་བྱུང་གི་ཆོས་ཉིད་དང་མི་མཐུན་ཟེར། དེའི་སྒང་ལ་མཚན་མཐུན་ཆགས་སྤྱོད་བྱེད་པ་ནི་ཁོ་རང་ཚོའི་འདོད་མོས་ཡིན་པ་ལས་འགྲོ་བ་མིའི་རང་བྱུང་གི་ཆོས་ཉིད་དམ་ལྷན་སྐྱེས་ཀྱི་ཚོར་བ་ཡིན་པར་ཁས་ལེན་བྱེད་ཀྱི་མེད། ད་དུང་ནག་ཉེས་ཐོག་ལ་ནག་ཉེས་བཞག་ན། མཚན་མཐུན་གཉེན་སྒྲིག་བྱས་ན་རང་གི་ཤ་ལས་ཆད་པའི་ཕྲུ་གུ་གསོ་སྐྱོང་བྱེད་ཐབས་མེད་པ་སོགས་ཡེ་ཤུ་ཆོས་ལུགས་སམ་དཀོན་མཆོག་གི་བཀའ་དང་ཡོངས་སུ་མི་མཐུན་པར་འདོད། དཀོན་མཆོག་གི་བཀའ་འམ་ཡེ་ཤུ་ཆོས་ལུགས་ཀྱི་གསུང་རབས་བྷ་བྷེལ་( Bible )ཟེར་བའི་ནང་ན་མཚན་མཐུན་ཆགས་སྤྱོད་ལ་ཉེས་ཆད་བཏང་བ་ཡང་བྲིས་ཡོད་འདུག ཆོས་ལུགས་ལ་དད་མཁན་ཚོས་ཡེ་ཤུའི་གསུང་རབས་ནང་གི་མཚན་མཐུན་ཆགས་སྤྱོད་ལ་ཉེས་ཆད་བཅད་པའི་སྐོར་ཡང་དང་བསྐྱར་དུ་རྗོད་ཀྱི་ཡོད་ལ། གལ་སྲིད་མཚན་མཐུན་ཆགས་སྤྱོད་འགོག་མ་ཐུབ་པ་ཡིན་ན་ཨ་རིའི་རྒྱལ་ཁབ་༼འཛམ་གླིང་ཡོངས་ལ་བཤད་ཀྱི་ཡོད་མེད་གསལ་བོ་མེད་༽ཉམས་དམས་སུ་འགྲོ་བའི་གཉེན་བརྡ་ཡང་གཏོང་གི་ཡོད།

གནད་དོན་འདིའི་རྒྱུ་མ་ཕུ་ལ་དེད་ན་འཇིག་རྟེན་བཀོད་པ་པོའམ་དཀོན་མཆོག་གིས་དང་པོ་འགྲོ་བ་མི་བཟོ་སྐབས། ཕོ་དང་མོ་བཟོས་ཤིང་། ཕོ་དང་མོ་ཡིས་འཇིག་རྟེན་ཁ་ལོ་བསྒྱུར་བ་མ་གཏོགས་མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་འཇིག་རྟེན་ཁ་ལོ་བསྒྱུར་བ་ནི་ཆོས་ལུགས་སམ་དཀོན་མཆོག་གི་བཀའ་དང་ཡོངས་སུ་འགལ་བར་འདོད། ད་དུང་བྷ་བྷེལ་(Bible)ནང་ན་བུ་དང་བུ་མོ་གཉེན་སྒྲིག་མ་བྱས་པའི་སྔོན་ལ་ཆགས་པ་སྤྱོད་པ་ནི་དཀོན་མཆོག་གི་བཀའ་དང་འགལ་བར་བྲིས་ཡོད། འདི་ཞོར་འཕྲོས་ཙམ་ཡིན། གང་ལྟར་ཡེ་ཤུ་ཆོས་ལུགས་ཀྱིས་མགོ་བོ་འཚོས་བསྡད་ཡོད་པ་ཞིག་ལ་མཚོན་ན་མཚན་མཐུན་ཆགས་སྤྱོད་ཀྱི་རིགས་འདི་ངོས་ལེན་རྩ་བ་ནས་བྱ་ཐབས་མེད་ལ། མི་རིགས་རང་གི་རིག་གཞུང་དང་ཁྱིམ་ཚང་གི་རིན་ཐང་སོགས་གང་ལ་ཡང་མཐུན་ཐབས་མེད་པ་ཡིན།

ཕྱོགས་ངོས་གཞན་པ་མཚན་མཐུན་ཆགས་སྤྱོད་ཀྱི་རིགས་ལ་མཚོན་ན་རང་དང་འདྲ་བའི་མཚན་མཐུན་གྱི་རིགས་ལ་ཚོར་བ་བསླེབས་པ་ནི་རང་བྱུང་ཡིན་ཟེར་བ་དང་། དེ་ནི་འགོག་ཐབས་མེད་པར་ཕྲུ་གུའི་དུས་ནས་བཟུང་ལྷན་སྐྱེས་སུ་ཡོད་པར་བཤད། འདིིའི་སྐོར་ལ་ཉེ་ཆར་ཨ་རིའི་གཞས་མ་གྲགས་ཅན་ལེ་སྒྲས་དགའ་དགའ་(Lady gaga)ཟེར་བས “གཅེས་ཕྲུག ང་འདི་ལྟར་སྐྱེས་པ་ཡིན” (Baby I was born this way) ༼བསྒྱུར་ལོག་བྱས་ཡོད་ན་དགོངས་དག༽ཟེར་བའི་གཞས་ཤིག་བཏང་ཞིང་། མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་གཞས་དེ་ལ་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། གཞས་དེའི་ནང་དོན་ལ་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་བྱས་ན་ཆོག་ཀྱང་མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་གཞས་དེའི་ནང་དོན་ཁོ་རང་ཚོའི་ཚོར་བ་རང་བྱུང་དང་ལྷན་སྐྱེས་སུ་ཡོད་པ་གསལ་སྟོན་བྱས་པར་འདོད།  

མ་ཟད་མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་འགྲོ་བ་མིའི་རང་བྱུང་ལྷན་སྐྱེས་སུ་ཡོད་པའི་ཚོར་བ་ལ་ཆོས་ལུགས་སམ་དཀོན་མཆོག་གིས་དགེ་སྡུག་གི་དབྱེ་འབྱེད་དམ་ཡག་སྡུག་ཐག་གཅོད་བྱེད་པར་ངོ་རྒོད་བྱེད་ཀྱི་ཡོད། ལྷག་པར་དུ་ཆོས་ལུགས་ཀྱི་བལྟ་སྟངས་སམ་ཤུགས་རྐྱེན་འོག་ནས་མཚན་མཐུན་ཆགས་སྤྱོད་རིགས་ཀྱི་ཆབ་སྲིད་ཀྱི་ཁེ་དབང་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཤོར་བ་ནི་ཧ་ཅང་བློ་ཕམ་གྱི་གནས་ཡིན། མཚན་མཐུན་ཆགས་སྤྱོད་རིགས་ཀྱི་སེམས་ཀྱི་རྨ་ཁ་ཆེས་ཆེ་ཤོས་ནི་ཆོས་ལུགས་སམ་དཀོན་མཆོག ད་དུང་རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་ཀྱིས་འགྲོ་བ་མིའི་རང་བྱུང་ལྷན་སྐྱེས་སུ་ཡོད་པའི་བརྩེ་དུང་ལ་རྡོག་རོལ་བཏང་བ་དེ་ཡིན།

གཉིས་པ། མཚན་མཐུན་གཉེན་སྒྲིག་རྒྱལ་ཁབ་གཞུང་གིས་ཁྲིམས་ཐོག་ནས་ངོས་ལེན་མ་བྱས་པས་མཚན་མཐུན་ཆགས་སྤྱོད་རིགས་ཀྱི་སྐྱེས་བུ་སྒེར་གྱི་མི་ཚེའི་ནང་ལ་འཕྲད་པའི་དཀའ་ངལ་ཡིན། འདི་ཡང་དཀའ་ངལ་སྣ་འཛོམས་ཤིག་ཡིན་མོད། གཙོ་ཆེ་ཤོས་བརྩེ་དུང་དང་ཐོབ་ཐང་གི་གནད་དོན་ཡིན། ཨ་རི་ལྟ་བུ་ཡིན་ན་མཚན་མཐུན་གཉེན་སྒྲིག་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་ངོས་ལེན་མེད་པ་དེས་མཚན་མཐུན་ཆགས་སྤྱོད་རིགས་ཀྱི་སྒེར་གྱི་མི་ཚེ་ལ་བརྡབ་གསིག་ཆེན་པོ་ཐེབས་ཀྱི་ཡོད། མངོན་གསལ་དོད་པོའི་ངང་ནས་མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་ཨ་རིའི་སྤྱི་མི་བཞིན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལ་འཁོད་ཡོད་པའི་ཁེ་དབང་མང་པོ་ཞིག་ལོངས་སུ་སྤྱོད་ཐུབ་ཀྱི་མེད། དཔེ་ཁ་ཤས་ཤིག་བཀོད་ན། ཨ་རིའི་མི་མང་སྤྱི་ཡོངས་ཀྱི་ཐོབ་ཐང་ལྟར་རྒྱལ་ཁབ་གཞན་གྱི་མི་དང་གཉེན་སྒྲིག་བྱེད་ཐབས་བྲལ་བ། རྒྱལ་ཁབ་གཞན་གྱི་མི་དང་མཉམ་དུ་གཉེན་སྒྲིག་བྱས་ན་མི་ཆོག་པའི་རྩ་ཁྲིམས་དམིགས་བསལ་མེད་ཀྱང་། གཙོ་བོ་གཉེན་སྒྲིག་བྱས་ན་ཡང་རང་གི་སྙིང་ཉེ་དེ་ཚུར་རང་ཉིད་གནས་སའི་ཨ་རིའི་རྒྱལ་ཁབ་ལ་མཚན་མཐུན་གཉེན་སྒྲིག་གི་མིང་ཐོག་ནས་ལེན་ཐུབ་ཀྱི་མེད་པ་དེ་ཡིན། རྒྱུ་མཚན་དེའི་དབང་གིས་མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་ཨ་རིའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལ་འཁོད་ཡོད་པའི་ཐོབ་ཐང་ཧ་ཅང་གལ་ཆེན་ཞིག་འཆོར་བཞིན་ཡོད། དཀའ་ངལ་འདི་འཛམ་གླིང་གི་མཚན་མཐུན་ཆགས་སྤྱོད་རིགས་ཀྱི་བརྒྱ་ཆ་མང་ཆེ་ཤོས་ལ་འཕྲད་ཀྱི་ཡོད།

དཀའ་ངལ་ཆེན་པོ་གཞན་ཞིག་ནི་ཨ་རིའི་རྒྱལ་ཁབ་ཀྱི་དཔྱ་ཁྲལ་གྱི་སྒང་ནས་ཡིན། དཔྱ་ཁྲལ་ཕུལ་སྐབས་མི་སྒེར་གྱི་དཔྱ་ཁྲལ་དང་ཁྱིམ་ཚང་གི་དཔྱ་ཁྲལ་བར་ཁྱད་པར་ཆེན་པོ་ཡོད། སྤྱིར་བཏང་མི་སྒེར་བ་གཉིས་༼མཚན་མཐུན་ཆགས་སྤྱོད་རིགས་ཡིན་ན་ཆོག་ལ་མིན་ན་ཡང་ཆོག ༽ཀྱིས་དཔྱ་ཁྲལ་སྤྲོད་སྐབས་དཔྱ་ཁྲད་ལ་ཁྱད་པར་མེད་མོད། མི་སྒེར་བ་དེ་གཉིས་ཁྱིམ་ཚང་གཅིག་ཆགས་པ་ཡིན་ན་དཔྱ་ཁྲལ་གྱི་ཐོག་ནས་ཆག་ཡངས་གང་འཚམ་འགྲོ་ངེས་ཡིན། མཚན་མཐུན་གཉེན་སྒྲིག་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་ངོས་ལེན་མེད་པས་མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་ཁྱིམ་ཚང་བསྐྲུན་ཐུབ་ཀྱི་མེད་༼ཁང་པ་གཅིག་གི་ནང་ནས་མཚན་མཐུན་ཆགས་སྤྱོད་རིགས་མཉམ་དུ་བསྡད་མི་ཆོག་ཟེར་བའི་དོན་མིན༽། ཁྱིམ་ཚང་བསྐྲུན་མ་ཐུབ་པ་དེའི་རྒྱུ་མཚན་གྱིས་དཔྱ་ཁྲལ་ཡང་ཁྱིམ་ཚང་གཞན་ལྟར། མཉམ་དུ་ཕུལ་ཐུབ་ཀྱི་མེད་པ་རེད། དཔྱ་ཁྲལ་མཉམ་དུ་ཕུལ་མ་ཐུབ་པ་དེས་མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་ཨ་རིའི་སྤྱི་མི་གཞན་ལྟར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལ་འཁོད་ཡོད་པའི་ཁྱིམ་ཚང་གི་ཁེ་དབང་ཆེ་ཞིག་ཤོར་གྱི་ཡོད་པ་རེད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དོན་གཙོ་བོ་ཞིག་ནི་རང་གི་རྒྱལ་ཁབ་ཀྱི་མི་སེར་དང་མི་སྒེར། ཁྱིམ་ཚང་སོགས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་འཁོད་ཡོད་མོད། འོན་ཀྱང་མཚན་མཐུན་ཆགས་སྤྱོད་རིགས་ནི་ཨ་རིའི་རྒྱལ་ཁབ་ཀྱི་མི་སེར་ཡིན་ན་ཡང་རྩ་ཁྲིམས་ཀྱིས་ཁོ་ཚོའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་ཕར་ཞོག དེ་ལ་ཚད་ལས་བརྒལ་བའི་གཏོར་བཤིག་གཏོང་གི་ཡོད། ༼གསལ་བཤད་བྱེད་དགོས་པ་ཞིག་ལ་ཨ་རིའི་ཞིང་ཆེན་ཁ་ཤས་ཀྱིས་མཚན་མཐུན་གཉེན་སྒྲིག་ངོས་ལེན་མེད་ན་ཡང་དཔྱ་ཁྲལ་གྱི་ཐོག་ནས་གུ་ཡངས་ཀྱི་ཚུལ་དུ་མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་རང་གི་སྙིང་ཉེ་དང་མཉམ་དུ་དཔྱ་ཁྲལ་ཕུལ་ཆོག་པ་བཟོས་ཡོད།༽སྤྱིར་བཏང་ཨ་རའི་ཁྲིམས་ཐོག་ན་མི་སྒེར་བ་ལས་ཁྱིམ་ཚང་ལ་ཁེ་དབང་ལྷག་མ་ ༣༠༠ ལྷག་ཡོད་པར་བཤད། གལ་སྲིད་དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་ན་མཚན་མཐུན་ཆགས་སྤྱོད་རིགས་ཀྱི་ཁེ་དབང་དེ་ཚོ་ཤོར་དང་ཤོར་བཞིན་ཡོད་པ་རེད། ད་དུང་ལོ་ག་ཚོད་ལ་ཁྲིམས་ཐོག་གི་ཁེ་དབང་དེ་ཚོ་ཤོར་དགོས་མིན་སུ་ཞིག་གིས་ཀྱང་བཤད་མི་ཐུབ།

དེ་ནས་ཐ་མའི་གནད་དོན་གཙོ་བོ་ནི། གོང་གསལ་དཀའ་ངལ་ཚང་མ་མཉམ་དུ་བསྡུས་པའི་སྙིང་ཁུ་འདྲ་བོ་ཡིན། དེ་ནི་འཇིག་རྟེན་འདིའི་ཐོག་གི་མི་ཚང་མས་ཉམས་སུ་མྱོང་ཞིང་མི་ཚང་མས་ཁས་ལེན་བྱེད་པའི་མིང་ཚིག་བརྩེ་དུང་ཟེར་བ་དེ་ཡིན། འགྲོ་བ་མི་ཚང་མ་༼དུད་འགྲོའི་རིགས་ལ་ཡང་བརྩེ་དུང་ཤུགས་ཆེན་འདུག༽རང་གི་བརྩེ་དུང་ཡོད་ཅིང་། དེའི་ཆེད་དུ་བློས་གཏོང་ཡང་མང་བོ་བྱེད་ཀྱི་ཡོད། དཔེར་ན་ཁ་ཤས་ཀྱིས་རྒྱུ་འབྱོར་སོགས་གཏོང་བ་དང་། ཁ་ཤས་ཀྱིས་དེ་ལས་བརྒལ་དེ་ཕ་མ་སོགས་རང་དང་ཆེས་བློ་ཐག་ཉེ་བའི་མི་དང་འགལ་བ། ཡང་ཁ་ཤས་དེ་ལས་བརྒལ་དེ་རང་གི་ཚེ་སྲོག་ཡན་ཆད་ཀྱང་བརྩེ་དུང་གི་ཆེད་དུ་གཏོང་གི་ཡོད། མིའི་མི་ཚེ་ནང་ལ་བརྩེ་དུང་མེད་ན་ལྷ་སའི་དཀྲུག་ཇའི་ཁ་ན་མར་མེད་པ་དང་། ཨ་མདོའི་ཞོ་ཡི་ཁ་ན་འོ་སྤྲིས་མེད་པ་དང་འདྲ་བར་འདོད་མོད། མི་རིགས་གཞན་དང་རིག་གཞུང་གཞན་དུ་འདི་ལ་དཔེ་མཚོན་གཞན་འདྲ་ཡང་ཡོད་སྲིད། གང་ལྟར་ངས་འབྲི་བཞིན་པའི་རྩོམ་འདིའི་ནང་དོན་གཙོ་བོ་མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་བརྩེ་དུང་ཟེར་བའི་མིང་ཚིག་གི་བྲོ་བ་ཅན་དེ་དངོས་སུ་མྱོང་ཐུབ་ཀྱི་མེད་པ་དེ་ཡིན། ཅིའི་ཕྱིར་ཞེ་ན། ཆོས་ལུགས་དང་རྩ་ཁྲིམས་ཀྱིས་མཚན་མཐུན་ཆགས་སྤྱོད་རིགས་ཀྱི་བརྩེ་དུང་ལ་ཚོད་འཛིན་བྱེད་ཀྱི་ཡོད། བརྩེ་དུང་ནི་འཁྲིག་སྤྱོད་གཅིག་པོ་མིན་པར་རང་གི་སྙིང་ཉེ་དང་ལྷན་དུ་འཚོ་ཞིང་རང་གི་སྙིང་ཉེ་དང་ལྷན་དུ་མི་ཚེ་བསྐྱལ་བ། ད་དུང་རང་གི་སྙིང་ཉེ་དེ་འཛམ་གླིང་གི་ས་ཁུག་ཁུག་ཀྱོག་གང་ན་ཡོད་ན་ཡང་ལྷན་དུ་གནས་ཐུབ་པ། རང་ཉིད་ཀྱི་སྙིང་ཉེ་དེ་རང་དང་ལྷན་དུ་སྐྱིད་ཀྱི་རྟ་བོར་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་གྱི་མི་ཚེ་རོལ་གྱིན་ཡོད་ན། དེ་ལ་ཆོས་ལུགས་དང་རྩ་ཁྲིམས་ཀྱིས་འགག་བྱའམ་གཏོར་སྐྱོན་མེད་པ་སོགས་རེད། གང་ལྟར་བརྩེ་དུང་ལ་ས་མཚམས་མེད་པ་བདེན་མོད། ཨ་རིའི་ཡུལ་ན་ཆོས་ལུགས་དང་རྩ་ཁྲིམས་ཀྱིས་མཚན་མཐུན་ཆགས་སྤྱོད་རིགས་ཀྱི་བརྩེ་དུང་དང་ཐོབ་ཐང་རྡོག་རོལ་གཏོང་བ་ནི་བསམ་ཡུལ་ལས་འདས་པ་ཡིན། མཚན་མཐུན་ཆགས་སྤྱོད་རིགས་ཀྱིས་ཁོ་རང་ཚོས་སྐྱེས་བོ་གཞན་ལྟར་རང་གི་ཆེས་དྭངས་པའི་བརྩེ་དུང་དེ་ཡོངས་སུ་ཕྱིར་ངོམས་བྱེད་ཐུབ་ཀྱི་མེད་པ་དེ་གནད་དོན་འདི་ཚང་མའི་ནང་ནས་གཙོ་བོ་དེ་ངོས་འཛིན་བྱེད་ཀྱི་ཡོད།

                                                                         སྤྱི་ལོ་༢༠༡༡ཟླ་བ་དྲུག་པའི་ཚེས་༢༨། 

 

མཆན།

མཚན་མཐུན་ཆགས་སྤྱོད་རིགས་ཀྱི་ཕོ་ལ་༼Gay༽ཟེར།

མོ་ལ་༼Lesbian༽ཟེར།

ཕོ་མོ་དབྱེར་མེད་སྤྱོད་པ་ལ་༼Bisexual༽ཟེར།

མཚན་མཐུན་ཆགས་སྤྱོད་ལ༼Homosexuality༽ཟེར།

༼ རྩོམ་པ་པོའི་ཟིན་བྲིས་ལས་འདྲེན་བཀོད་བྱས།༽

 

འབྲེལ་ཡོད་གསར་འགྱུར།

སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༣ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༤ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

༢༠༢༥/༠༧/༠༢
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡

མཆན། 11

  1. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    དེ་དངོས་གནས་འགྲིག་འདུག་་་་་་་་ད་གྲྭ་བ་སལ་ལེས་རྒྱ་དེ་ཚོ་ལྐོག་ལྐོག་སུད་སུད་བྱེད་དགོས་འདོག་ཁ་པོ་མི་འདུག

    Reply
  2. དུག་ཚེར་དམར་པོ། says:
    ལོ་ 14 སྔོན།

    དམར་ཁ་ཚ་་་་་་་ཁྱོད་ཁ་རོག་སྡོད་མ་སྟོག་ངས་ཁྱོད་ཀྱིས་བྱས་ཚད་ཐམས་ཅད་དང་ཁྱེད་ཀྱི་མིང་ངོ་མ་དང་ས་གནས་དེ་མ་ཚད་ཕ་མིང་དང་མ་མིང་སྐྱེས་ཡུལ་བཅས་མདོར་ན་ཁྱེད་ཀྱིས་རི་བོ་བརྒྱ་ཡིས་འོག་ལ་མནན་ན་ཡང་འགེབ་མི་ཐོབ་པའི་བྱེད་ལས་དེ་ཚོ་ངས་ཚང་མ་ལ་བཤད་ངེས་ཡིན་ད་་་་་་་་
    དཔེར་ན་ཡེ་ཤེས་མིང་ཅན་གིས་ཕོ་མཚན་འཇིབ་པ་ལ་སོགས་པ་བྲིན་སོས་གི་འདུག་བས་་་་་་

    Reply
  3. གངས་ཕྲུག says:
    ལོ་ 14 སྔོན།

    གལ་སྲིད་མི་ཞིག་ལ་འདོད་པ་ཡོད་ཕྱིན་ཆད་ཁྲིམས་མཐུན་དགོས་ན་ཁྲིམས་ཟེར་བ་དེ་མི་དགོས་པ་ཞིག་རེད།

    Reply
  4. གངས་ཕྲུག says:
    ལོ་ 14 སྔོན།

    མཚན་མཐུན་གཉེན་སྒྲིགས་ཟེར་བ་དེ་ང་ཚོ་བོད་ལ་མི་དགོས་པ་ཞིག་རེད། ཁྲིམས་ཐཽག་ནས་རྒྱལ་ཁྲིམས་ཆོས་གཉིས་ཀའི་ཐཽག་ནས་མི་དགོས་པ་བཤད་ཡོད་ལ། ང་ཚོའི་མེས་པོའི་སྐབས་ནས་མི་ཆོས་གཙང་མ་བཅུ་གསུམ་དང་། འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་གསུང་ཡོད། སྤྱི་སྟངས་སོ་སོའི་གང་བརྗོད་པ་དེ་སྤྱི་ཚོགས་ལ་དགེ་གང་ཡོད་བཏག་ནས་བྲིས་ན་དགེ་མཚན་ཆེ་བ་མཐོང་།

    Reply
  5. གངས་ཕྲུག says:
    ལོ་ 14 སྔོན།

    དམར་ཁ་ཚ་ཁྱོད་ཀྱི་འདུལ་བ་པ་དང་འདུལ་ཁྲིམས་ཉམས་སྟེ་འདུལ་རྫུན་པ་ཁྱོད་འབྱེད་རོགས། སྤྱི་སྟངས་ནས་མཚན་མཐུན་ཆགས་སྤྱོད་བྱེད་པ་དེ་དགེ་སྐྱོན་གང་ཡིན་ཆ་མ་འཚལ་ཡང་། ང་ཚོ་གྲངས་ཉུང་མི་རིགས་ཞིག་ལ་ཆ་ཚད་ན་སྐྱོན་ཆེན་པོ་ཞིག་རེད། དེའི་ཕྱིར་ཁྱོད་ཀྱི་རྒན་གསོ་ཁང་གི་རྨོ་ཞིག་དང་ཆང་གསར་རྒྱག་ན་ལེགས།

    Reply
  6. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    རྒྱུས་ལོན་ཡག་པོ་གནང་འདུག་ལ། བསམ་ཚུལ་ཡང་་རྒྱུས་ལོན་གནང་བའི་ཁ་ཕྱོགས་དང་ཧ་ཅང་མཐུན་འདུག དེས་ན་ངའི་མདུན་ལ་ལྷག་པའི་དྭོགས་པ་ནི། རྩོམ་པོ་ཁོང་ཡང་ལམ་ཁ་དེར་ཡིད་སྨོན་ཤོར་མཁན་ཞིག་དང་། ཡང་ན་ལམ་ཕྱོགས་དེར་ཕེབས་མཁན་ཞིག་ཡིན་ནམ་སྙམ་དུ་བཅུག། །།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཇི་སྐད་དུ།
    ངན་སྐྱུག་ཁྲོམ་པ་སུ་ཞིག་་་་་་་

    Reply
  8. དམར་ཁ་ཚ། says:
    ལོ་ 14 སྔོན།

    ཨ་རིའི་བྱེད་སྟངས་འདི་ཉེན་ཚབས་ཆེན་པོ་གང་ཡང་མི་འདུག་་མི་སྐྱའི་སྤྱི་ཚོགས་ཤིག་ལ་འདོད་གཡེམ་གྱི་རང་དབང་ཆེ་རུ་སོང་བ་ཙམ་རེད།
    འུ་ཚང་གི་བཅོམ་ལྡན་འདས་ཀྱི་འདུད་བ་སྲུང་མཁན་དང་བཤད་མཁན་ཚོས་ལྐོག་ལྐོག་སུལ་སུལ་བྱས་ཏེ་ལམ་ཁ་འདི་བརྒྱུད་ནས་ལོ་ངོ་བརྒྱ་ཕྲག་མང་པོ་འགྲོ་ཚར་བ་རེད།
    སྔོན་ཆད་དོབ་དོབ་ཟེར་བ་ཚོ་གཞན་པ་གང་ཡང་མ་རེད།
    རིགས་མཐུན་ཆགས་སྤྱོད་དོན་གཉེར་གྱི་སྡེ་ཁག་ཅིག་རེད།
    ༡༩༩༨་ལོར་ང་རང་འབྲས་སྤུངས་སུ་སོང་བ་ཡིན།ངའི་སྤུན་ཉེ་ཨ་ཁུ་ཞིག་དང་ངེད་ཚོ་ལམ་ཁ་བརྒྱུད་ནས་འཆམ་དུ་སོང་བ་ཡིན།ངེད་ཚོ་ཡར་ཡོང་སྐབས་ལམ་འགྲན་དུ་གྲ་མང་ཞིག་གིས་མི་ཞིག་བཀྱག་ནས་འགྲོ་གིན་འདུག་་་བྱིས་པ་ཞིག་གིས་ངུ་སྐད་བརྒྱབ་སྟེ་རོགས་པ་བྱོས་དང་ཟེར།
    ངས་ཨ་ཁུ་ལ་རྒྱག་རེས་ཤོར་སོང་བར་གཤོལ་དུ་འགྲོ་ལབ་པ་ཡིན།ཨ་ཁུས་ཁྱོད་རང་སྡོད་མགོ་ལ་རྡོ་ཕོག་གི་རེད་ཟེར།མུན་ནག་ནང་ནས་ཞིང་ཁར་ནག་རུབ་རུབ་ཁུར་ནས་འགྲོ་སོང་།ཕྱི་ཉིན་དོན་རྐྱེན་ཆེན་པོ་ཞིག་ལངས་ཡོད་ཚོད་ཡིན་བསམ་ནས་ཉན་བསྡད་པ་ཡིན།གང་ཡང་གོ་རྒྱུ་མི་འདུག
    ཨ་ཁུ་ཁ་ཤས་ལ་དེའི་སྐོར་བཤད་པ་ཡིན།ཁོ་ཚོ་ཚང་མ་ངོ་དམར་པོ་ཆགས་ཀྱིན་འདུག
    བོད་པའི་ཡ་རབས་གོམས་གཤིས་བཟང་པོའི་མིག་དཔེ་ལྟ་ས་དགེ་འདུན་པས་རིགས་མཐུན་ཆགས་སྤྱོད་བྱེད་ཆོག་ན་ང་ཚོ་མི་སྐྱ་ཚོས་མི་ཆོགས་པ་ག་རེ་ཡོད་རེད།ངས་ཀྱང་རྒན་གསོ་ཁང་ནས་སྤོ་ལ་ཞིག་དང་ཆང་ས་རྒྱབ་རྩིས་ཡོད།

    Reply
  9. ཨ་ལ་ལ says:
    ལོ་ 14 སྔོན།

    ད་ཡིན་ན་ཨ་མ་དང་སྲིང་མོ། དེ་བཞིན་དུད་འགྲོ་དང་གཤིན་པོ་སོགས་ལའང་བརྩེ་དུང་དང་རང་དབང་ཟེར་ནས་ཆང་ས་རྒྱག་པའི་ཁྲིམས་ལུགས་གཏན་འབེབས་དགོས་ཚུལ་སོགས་གང་བྱུང་མང་བྱུང་ཟེར་ས་རེད་ད། འགྲོ་བ་མི་ཟེར་བ་ནི་དུད་འགྲོ་ལས་ལྷག་ཅིག་དང་ནུས་པ་ཡོད་མཁན་དང་རྣམ་དཔྱོད་ཡོད་མཁན་ཞིག་ཡིན་དགོས་པ་ལས། བྱོལ་སོང་ལས་ཀྱང་ཁ་ཐབས་སྐྱོ་བ་ཞིག་ཆགས་ན་ཇི་འདྲ་ཡོང་ས་རེད། གཞན་བྱོལ་སོང་གིས་ཀྱང་མཚན་མཐུན་ཆགས་སྤྱོད་བྱེད་ཀྱི་མེད། ད་དུང་རང་འདོད་ལྟར་གང་དྲན་དང་གང་བྱེད་ཆོག་པའི་ཁྲིམས་ལུགས་ཤིག་དགོས་ཚུལ་བྱེད་ན་མི་གསོད་དང་རྐུ་བྱེད་སོགས་ཀྱང་དགོས་ལ། དེ་ཡང་བྱེད་པ་པོ་ཁོ་ལ་བྱ་བ་དེ་ལ་དགའ་མོས་དང་དུང་བ་ཡོད་ཚུལ་བཤད་ན། ད་གཟོད་སྤྱི་ཚོགས་འདི་ཇི་ལྟར་ཆགས་པ་དང་འདི་བདེ་སྐྱིད་ཇི་ལྟར་བསྐྲུན་དགོས། མདོར་ན་བྱ་བ་གང་ཡིན་ནའང་འཇིག་རྟེན་འགྲོ་ལུགས་དང་དངོས་པོའི་ཆོས་ཉིད་དང་གྲུབ་ཆ་ལ་བརྩི་འཇོག་བྱེད་དགོས་པ་ལས་། རྩོམ་པ་པོ་ནང་བཞིན་ཆོས་ལུགས་དང་ཁྲིམས་ལུགས་ཀྱི་གནོན་ཤུགས་དང་བཀག་རྒྱ་ལ་ཁ་གཡར་ན་ག་ནས་འགྲིག འདི་འདྲ་བའི་གནད་དོན་ཚབས་ཆེན་ལ་ཕྱི་རབས་བསམ་ཡོད་རྣམས་ཀྱིས་འགན་འཁུར་ཆེ་ཙམ་གནང་རྒྱུ་དང་། ལྷག་པར་དུ་བོད་གངས་ཅན་ལྗོངས་དང་བོད་ཀྱི་སྤྱི་ཚོགས་དང་གོམས་གཤིས་ནང་ལྟ་ངན་དང་མ་རུང་བའི་བྱ་སྤྱོད་འདི་འདྲ་མི་ཡོང་བའར་འགོག་སྲུང་བྱེད་རྒྱུ་ནི་རང་ཅག་གཞོན་པ་རྣམས་ཀྱི་ཕྲག་ཏུ་བབ་པའི་འོས་འགན་གལ་ཆེན་དང་གཙོ་བོ་ཞིག་རེད།

    Reply
  10. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    བོད་མི་སྐྱ་བོའི་སྤྱི་ཚོགས་ལ་མཚོན་ད་དུང་འདིའི་བརྗོད་བྱ་གསར་བའི་གྲས་སུ་ཚུད་ཀྱི་ཡོད་རེད། གྲྭ་བའི་སྤྱི་ཚོགས་ལ་མཚོན་ན་ག་འདྲ་ཞིག་ཆགས་ཡོད་མེད་མི་ཤེས། མ་གཞི་འདིའི་སྐོར་ལ་རང་ཉིད་ལའང་སེམས་ཚོར་ཐོལ་བྱུང་དུ་སྨྲ་བ་ལྟ་བུའི་བསམ་ཚུལ་ཙམ་མ་ཡིན་པར། རང་ཚོད་ཀྱིས་བསམ་གཞིགས་རྒྱུན་རིང་པོ་བཏང་བའི་ལངས་ཕྱོགས་ཙམ་ཡོད། ཡིན་ནའང་། ངའི་ལངས་ཕྱོགས་ནི་ཁྱོད་ཀྱི་རྩོམ་ཡིག་གི་ཁ་ཕྱོགས་སྟངས་དང་རྒྱབ་འགལ་རེད། མཆན་ཐུང་ངུ་ཞིག་གི་ནང་རྒྱུ་མཚན་རེ་རེ་བཞིན་གསལ་བཤད་བྱ་ཐབས་བྲལ་ནའང་། དཔེ་ཙམ་བཀོད་དེ་བརྗོད་ན། མི་གསོད་པར་མོས་པའི་འདུ་ཤེས་དེ་དུས་ནམ་ཡང་ཐོབ་ཐང་དུ་ངོས་ལེན་དང་གོང་བཀུར་བྱ་མི་ཐུབ་པ་ལྟར་རེད། ང་ཚོས་ལྷན་སྐྱེས་དང་རྟེན་འབྱུང་གཉིས་ལ་ཕྲ་ཞིབ་དཔྱད་སྡུར་ཅིག་གནད་དགོས་ཀྱི་འདུག་སེམས། ད་དུང་མིའི་རིག་པའི་ཐག་བཅད་ཡོད་ཚད་ནི་འཇིག་རྟེན་གྱི་བདེན་ལུགས་ལ་བརྩི་རྐྱང་བྱེད་པའི་ངོ་ལེབ་རྐང་གཉིས་པ་འུ་ཚོའི་ང་རྒྱལ་འུད་སྒྲོགས་ལའང་རང་ཚོད་ཙམ་བཟུང་སྟེ། ཆུང་བ་བྱ་བྱེའུ་འབའ་འབུའི་འཚོ་སྟངས་ནས། ཆེ་བ་རི་ཆུ་ནགས་གསུམ་གྱི་གནས་སྟངས་མཐའ་དག་གིས་ཀྱང་མི་བུ་ངོ་ལེབ་རྐང་གཉིས་པ་ཚོས་མ་མཐོང་པའི་གནས་ལུགས་མང་པོ་ཞིག ཧ་ཅང་བབ་ཆགས་མངོན་ཆུང་གི་ཚུལ་གྱིས་སྟོན་སྲིད་པར་ཐོབ་ཐང་དང་གུས་བཀུར་གནང་དགོས་པར་འདོད། དུས་ཁོམ་བྱུང་ན་འདིའི་སྐོར་ནས་རང་གི་བསམ་ཚུལ་ཅིག་འབྲི་འདུན་ཡོད།

    Reply
  11. གནས་ཚང་། says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ།

    ང་ཚོའི་བོད་པའི་མཚན་མཐུན་ཆགས་སྤྱོད་པ་ཚོའང་ལྐོག་ལྐོག་སུད་སུད་ཀྱི་ལམ་ནས་དུས་རབས་མང་པོ་བརྒྱུད་ནས་ཡོང་ཡོད་པས། ད་ཁྲིམས་ཐོག་ནས་ངོས་ལེན་བྱེད་པའི་དུས་སུ་བབས་ཡོད་པ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese