མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་ནས་སྙན་ངག་གྱེར་འདོན་པ་ ༢༦ བདམས་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་མི་རིགས་འདིའི་བླ་སྲོག་ཡུན་རིང་དུ་འཚོ་དགོས་ན། རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་གྱི་གཏིང་ལ་ཐིམ་ཡོད་པའི་ཚོར་བ་རྡོག་རྡོག་འདི་སེམས་ལ་བཟུང་སྟེ།  སྙན་ངག་གྱེར་འདོན་བྱ་རྒྱུ་དེ་གལ་ཆེན་པོ་རེད། བཙན་བྱོལ་གཞུང་ན་དུས་དེབ་ཚད་ལྡན་ཞིག་དང་། སྙན་ངག་པ་གསོ་སྐྱོང་བྱ་ས་ཞིག་མེད་པ་དེར་བློ་ཕམ་ཡོད་ཟེར།

ཁ་སང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་བོད་གཞུང་སྤྱི་ཐབ་ཚོགས་ཁང་དུ། འོད་དཀར་དྲ་ཚིགས་ཀྱི་སྐབས་དང་པོའི་བོད་ཀྱི་སྙན་ངག་སྒྲོག་སྦྱང་འགྲན་ཚོགས་ཀྱི་དྷ་ས་ཁུལ་གྱི་ཐོག་མའི་སྔོན་འགྲོའི་འགྲན་བསྡུར་གནང་ཡོད་པ་དང་། ཐེངས་འདིའི་སྙན་ངག་སྒྲོག་སྦྱང་འགྲན་བསྡུར་སྟེང་འགྲན་ཞུགས་པ་དང་ཟུར་ཉན་པ་བཅས་སྐྱ་སེར་མི་གྲངས་ ༢༠༠ ལྷག་མཉམ་ཞུགས་གནང་འདུག  འགྲན་བསྡུར་དབུ་འཛུགས་ཀྱི་ཐོག་མར་ལས་འགུལ་གོ་སྒྲིག་གནང་མཁན་ཤིང་བཟའ་རིན་པོ་ཆེ་མཆོག་གིས་སྙན་ངག་སྒྲོག་སྦྱང་འགྲན་བསྡུར་གྱི་དམིགས་ཡུལ་དང་། དེ་བཞིན་ས་ཁུལ་སོ་སོ་ནས་འགྲན་ཞུགས་པ་བསྡུ་སྟངས་དང་དཔྱད་འདེམས་པ་གོ་སྒྲིག་གནང་ཕྱོགས་བཅས་ངོ་སྤྲོད་གནང་རྗེས། སྙན་ངག་སྒྲོག་སྦྱང་འགྲན་བསྡུར་དངོས་སུ་དབུ་འཛུགས་གནང་སོང་།

དྷ་ས་ཁུལ་གྱི་སྙན་ངག་སྒྲོག་སྦྱང་གི་སྔོན་འགྲོའི་འགྲན་བསྡུར་སྟེང་། དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་དྷ་ཤོད་བོད་ཁྱིམ་སློབ་གྲྭ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ཤེས་རབ་དགའ་ཚལ་སློབ་གླིང་། ནོར་གླིང་མཐོ་སློབ། སྤྲིན་ཆེན་སློབ་གྲྭ་བཅས་ནས་སློབ་ཕྲུག་  ༥༡  དང་། དྷ་སའི་ཉེ་འདབས་ཁུལ་ནས་སྐྱ་སེར་གཞོན་སྐྱེས་ ༢༡ བཅས་བསྡོམས་པའི་མི་ ༧༢ འགྲན་ཞུགས་བྱས་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་དཔེ་སྟོན་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་དང་བསྟན་འཛིན་ཀུན་གྲོལ་གཉིས་ལ་བརྒྱ་ཆ་ ༨༨ ། ༢ དང་། ཨང་གཉིས་པ་ཐོབ་མཁན་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཤེས་རབ་ལ་བརྒྱ་ཆ་ ༨༧ ། ༣ །  ཨང་གསུམ་པ་ཐོབ་མཁན་ནོར་གླིང་སློབ་མཐོ་སློབ་ཀྱི་སློབ་མ་ཀླུ་མོ་འཚོ་ལ་བརྒྱ་ཆ་ ༨༣ ། ༧ བཅས་ཐོབ་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམས་པ་ནི་ས་རཱ་མཐོ་སློབ་ཀྱི་དགེ་རྒན་གཙང་ཕྲུག་སྟོབས་དང་། སྙན་ངག་པ་བསྟན་འཛིན་བརྩོན་འགྲུས། སྙན་ངག་པ་ལྷ་ཆབ་སྦྱིན་པ་བཅས་རེད། དེ་བཞིན་འགྲན་ཞུགས་པ་རྣམས་ལ་བརྒྱ་ཆ་སྤྲོད་སྟངས་ནི་དཔྱད་འདེམས་པ་མི་རེར་བརྒྱ་ཆ་ ༢༥ རེ་ཕུལ་ཡོད་པ་དང་། མང་ཚོགས་ཁྲོད་ཀྱི་དཔྱད་འདེམས་པ་མི་ལྔ་ལ་བརྒྱ་ཆ་  ༥ རེ་བཅས་སྤྱིའི་ཐོབ་གྲངས་བརྒྱ་ཆ་ ༡༠༠ ཕུལ་འདུག  འགྲན་ཞུགས་པ་རེ་རེ་ནས་སྙན་ངག་གྱེར་འདོན་ཚར་མ་ཐག་དཔྱད་འདེམས་པ་རྣམས་ཀྱིས་སྤྲད་པའི་སྐར་གྲངས་དུས་ཐོག་ཏུ་གསལ་བསྒྲགས་བྱས་ཤིང་། མཇུག་མཐར་འགྲན་ཞུགས་པ་ཡོངས་ཀྱིས་སྙན་ངག་གྱེར་འདོན་གནང་ཚར་བ་དང་གྱེར་འདོན་པ་སོ་སོར་ཐོབ་པའི་སྤྱིའི་བརྒྱ་ཆའི་ཐོབ་གྲངས་ཀྱི་མཐོ་དམའ་ལྟར། ཐེངས་རྗེས་མའི་དངོས་གཞིའི་འགྲན་བསྡུར་ཁྲོད་ཚུད་པའི་རྩེ་བཏོགས་ ༢༦ གྱི་འགྲན་ཞུགས་ཨང་རྟགས་དང་ཐོབ་སྐར་བཅས་སྤྱི་བསྒྲགས་གནང་སོང་།    

དེ་བཞིན་དཔྱད་འདེམས་པ་གསུམ་གྱིས་འགྲན་བསྡུར་སྐབས་འགྲན་ཞུགས་པ་རྣམས་ལ་སོ་སོས་བརྒྱ་ཆ་སྤྲོད་ཕྱོགས་སྐོར་གསལ་བཤད་ཀྱང་གནང་སོང་། དཔྱད་འདེམས་པ་ལྷ་ཆབ་སྦྱིན་པ་ལགས་ཀྱིས། ད་ཐེངས་གྱེར་འདོན་པ་དག་གིས་བརྩམས་ཆོས་དེ་རང་ཉིད་ཀྱི་ཡིན་མིན་དང་། བརྩམས་ཆོས་ཀྱི་བརྗོད་བྱའི་ནང་དོན་ལ་ལྟ་ཡི་མེད། གྱེར་འདོན་འགྲན་བསྡུར་ཡིན་སྟབས་སྙན་ངག་གྱེར་འདོན་གྱི་རྣམ་པ་གཙོ་བོར་བཟུང་སྟེ་བརྒྱ་ཆ་སྤྲོད་ཀྱིན་ཡོད་ཟེར། དཔྱད་འདེམས་པ་གཙང་ཕྲུག་སྟོབས་ཀྱིས། གོ་སྒྲིག་ཚོགས་ཆུང་གི་ཆ་རྐྱེན་གཞིར་བཟུང་ཉམས་དང་འགྱུར་བ་མངོན་ཐུབ་ཀྱིན་ཡོད་མེད་དང་། དབྱངས་དང་འགྲོས་ཀྱི་གདངས་ཏག་ཏག་བསྡད་ཡོད་མེད་དེ་གལ་ཆེན་དུ་བཟུང་སྟེ་བརྒྱ་ཆ་སྤྲོད་བཞིན་ཡོད་ཟེར། དེ་བཞིན་དཔྱད་འདེམས་པ་བསྟན་འཛིན་བརྩོན་འགྲུས་ཀྱིས། གཙོ་བོ་གྱེར་འདོན་པ་སོ་སོའི་བྱེད་སྟངས་ལ་ལྟ་བཞིན་ཡོད། སྙན་ངག་ག་འདྲ་ཞིག་སྐྱོར་བ་ཡིན་ནའང་། སྙན་ངག་དེའི་ནང་དོན་དང་མཐུན་པའི་ཐོག་ནས་གདངས་དང་རྣམ་འགྱུར། ཚོར་བ་སྟོན་སྟངས་བཅས་གཙོ་བོར་བཟུང་སྟེ་བརྒྱ་ཆ་སྤྲོད་ཀྱིན་ཡོད།  ཅེས་བརྗོད་སོང་།

གཞན་ཡང་། འགྲན་བསྡུར་མདོ་འཛིན་པས་སྙན་ངག་གྱེར་འདོན་སྟེང་མཉམ་ཞུགས་གནང་མཁན། སྤྱི་སྒེར་ཚོགས་པ་ཁག་གི་གནད་ཡོད་མི་སྣ་འགར་སོ་སོའི་མྱོང་ཚོར་དྲིས་སྐབས།  བོད་ཀྱི་གཞོན་ལྷན་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་བརྗོད་དོན།  སྙན་ངག་གྱེར་འདོན་མཁན་དག་གི་ཉམས་འགྱུར་དང་། ལྷག་པར་དུ་རྩོམ་གྱི་བརྗོད་བྱར་བལྟས་ཡོང་དུས། དཔལ་དོན་གྲུབ་རྒྱལ་ལགས་ཀྱིས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་གཞོན་སྐྱེས་མི་རབས་གསར་བ་ལ་བཅོལ་བའི་རེ་བ་དེ། མངོན་འགྱུར་གྱི་ལམ་ཁར་མདུན་བསྐྱོད་བྱེད་བཞིན་པའི་ཚོར་སྣང་ཤུགས་ཆེན་པོ་བྱུང་སོང་ཟེར། ཡང་། དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་ལས་འཕར་གཡང་མཁོ་རྒྱལ་གྱིས་བརྗོད་དོན། དེ་རིང་གི་སྙན་ངག་འགྲན་བསྡུར་འདིར་བལྟས་འོང་དུས་སྙན་ངག་གྱེར་འདོན་པ་མང་ཆེ་བ་གསར་འབྱོར་ཡིན་པ་དང་།  ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་མཁན་མང་པོ་མེད་པའི་ཚོར་སྣང་ཞིག་བྱུང་སོང་། ཡིན་ནའང་། སློབ་གྲྭ་ཁག་ནས་སློབ་ཕྲུག་མང་པོ་ཞིག་མཉམ་ཞུགས་བྱས་འདུག་པ་འདིར་རྗེས་སུ་ཡི་རངས་ཡོད། ང་ཚོ་མི་རིགས་འདིའི་བླ་སྲོག་ཡུན་རིང་དུ་འཚོ་དགོས་ན། རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་གྱི་གཏིང་ལ་ཐིམ་ཡོད་པའི་ཚོར་བ་རྡོག་རྡོག་འདི་སེམས་ལ་བཟུང་སྟེ།  སྙན་ངག་གྱེར་འདོན་བྱ་རྒྱུ་དེ་གལ་ཆེན་པོ་རེད་བསམ། ང་ཚོ་བཙན་བྱོལ་གཞུང་ན་དུས་དེབ་ཚད་ལྡན་ཞིག་དང་། སྙན་ངག་པ་གསོ་སྐྱོང་བྱ་སའི་ས་གཞི་ཞིག་མེད་པ་དེར་བློ་ཕམ་ཡོད། མ་འོང་པར་མུ་མཐུད་ནས་སྙན་ངག་གྱེར་འདོན་དང་སྙན་ངག་རྩོམ་འབྲི་གང་ཅིའི་ཕྱོགས་ལ་ཤུགས་རྒྱག་རྒྱུར་རེ་སྐུལ་ཞུ་རྒྱུ་ཡིན། ཅེས་བརྗོད་སོང་ལ། དེ་བཞིན་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཀྱིས། སྙན་ངག་གྱེར་འདོན་འགྲན་བསྡུར་སྐབས་གར་སྟེགས་ཇུས་འགོད་བྱེད་སྟངས་དང་། དེ་བཞིན་ཁ་ཤགས་སྒྱུ་རྩལ་པ་མགོ་ལོག་རྡ་བྷེ་ཡིས་དཔྱད་འདེམས་པའི་བརྒྱ་ཆ་སྤྲོད་སྟངས་ཐད་ནས་རང་ཉིད་ཀྱི་བསམ་ཚུལ་བཅས་བརྗོད་སོང་།

མཇུག་མཐར། སྙན་ངག་སྒྲོག་སྦྱང་འགྲན་བསྡུར་གོ་སྒྲིག་གནང་མཁན་ཤིང་བཟའ་རིན་པོ་ཆེ་མཆོག་གིས།  ཐེངས་རྗེས་དངོས་གཞིའི་འགྲན་བསྡུར་དང་མཐའ་མའི་རྟིང་རྩོད་འགྲན་བསྡུར་གོ་སྒྲིག་གནང་སྟངས་སྐོར་ལ། ཉེ་སྔོན་ལྷོ་ཕྱོགས་མོན་གྷོ་དང་སྦེལ་ཀོབ་ས་གནས་གཉིས་སུ་སྔོན་འགྲོའི་འགྲན་བསྡུར་གནང་ཟིན་ཏེ། ཐེངས་རྗེས་མའི་འགྲན་བསྡུར་ཁྲོད་མི་ ༡༨ བདམས་ཐོན་བྱུང་ཡོད། དེ་རིང་ངྷ་ས་ཁུལ་ནས་མི་ ༢༦ བདམས་ཐོན་བྱུང་ཡོད་པ་རེད། ད་ལྟ་སྔོན་འགྲོའི་འགྲན་བསྡུར་མ་སོང་བར་ལྷག་བསྡད་ཡོད་པ་དེ་ས་རཱ་མཐོ་སློབ་དང་། སུ་ཇ་བོད་ཁྱིམ། ཝ་ར་ན་སི་མཐོ་སློབ། མ་སི་རུ་བུ་ཁྱིམ་སློབ་གྲྭ་བཅས་ཡོད་པ་རེད། དེ་དག་ཚང་མར་སྔོན་འགྲོའི་འགྲན་བསྡུར་བྱས་ཚར་རྗེས། ཡང་བསྐྱར་ལྷོ་ཕྱོགས་ནས་མགོ་བཙུགས་ཏེ་ས་གནས་སོ་སོར་དངོས་གཞིའི་འགྲན་བསྡུར་གནང་སྟེ། རྟིང་རྩོད་འགྲན་བསྡུར་ཁྲོད་བདམས་ཐོན་བྱུང་མཁན་རྣམས་དྷ་རམ་སར་སླེབས་ཡོང་གི་རེད། ཐེངས་རྗེས་མའི་བརྒྱ་ཆ་སྤྲོད་སྟངས་ཀྱི་ཐད་ནས་ཀྱང་དེ་རིང་དང་ཏོག་ཙམ་འདྲ་བ་མ་རེད།  དཔྱད་འདེམ་པ་གཙོ་བོ་གསུམ་གྱིས་ཉམས་འགྱུར་གྱི་སྒང་ལ་བརྒྱ་ཆ་ ༡༠  དང་། སྐད་ངག་གི་སྒང་ལ་བརྒྱ་ཆ་ ༡༠ དང་། སྙན་ངག་སོ་སོའི་བརྩམས་པ་ཡིན་ན་བརྒྱ་ཆ་ ༥ ནས་སྙན་ངག་གི་བརྗོད་བྱར་གཞིགས་ཏེ་བརྒྱ་ཆ་སྤྲོད་ཀྱི་ཡོད་པ་རེད། དེ་མིན།  སྙན་ངག་གྱེར་འདོན་པའི་ངོས་ནས་ཀྱང་སྙན་ངག་དེ་སོ་སོའི་བློ་ལ་སྐྱོར་དགོས་ཀྱི་ཡོད་པ་རེད། ཐེངས་རྗེས་མའི་འགྲན་བསྡུར་ག་དུས་འཚོགས་མིན་དེ་གློག་འཕྲིན་དང་ཁ་པར་བརྒྱུད་བདམས་ཐོན་འགྲན་ཞུགས་པ་ཡོངས་ལ་འབྲེལ་བ་གནང་གི་རེད། དེ་བཞིན་དུས་ཐོག་ཏུ་སྤྱི་ཚོགས་ནང་གསལ་བསྒྲགས་ཀྱང་གནང་གི་རེད། མཐའ་མའི་རྟིང་རྩོད་འགྲན་བསྡུར་ནང་འགྲན་ཞུགས་མཁན་ ༢༠ ནས་ ༣༠ བར་ལ་རྩིས་རྒྱག་གི་ཡོད།  དེ་བཞིན་སྔོན་འགྲོ་དང་དངོས་གཞི། མཐའ་མའི་རྟིང་རྩོད་བཅས་ཀྱི་དཔྱད་འདེམ་པ་གཅིག་ཁོ་ན་མ་ཡིན་པར་དུས་ཐོག་ལ་བརྗེ་བོ་རྒྱག་གི་ཡོད།  མཐའ་མའི་རྟིང་རྩོད་འགྲན་བསྡུར་དེ་འཆར་གཞི་རྒྱ་ཆེན་པོ་ཞིག་བང་རིམ་བྱས་ཏེ་འགྲོ་རྒྱུ་ཡིན། དེ་འདྲའི་དཀའ་ལས་མང་པོ་ཞིག་རྒྱག་དགོས་དོན་ནི་སྤུས་དག་པོ་ཞིག་ཡོང་ཐུབ་ཆེད་ཡིན། ཁྱེད་འགྲན་ཞུགས་པ་རྣམ་པ་ཚོའི་ངོས་ནས་ཀྱང་ཆུ་ཚོད་གཏོང་བ་དང་དཀའ་ལས་རྒྱག་རྒྱུར་མ་འཛེམས་པར་ཕེབས་གནོངས་ཞུ་རྒྱུ་ཡིན།  དེ་རིང་འདིར་ཐེངས་རྗེས་མའི་འགྲན་བསྡུར་ཁྲོད་ཡར་ཚུད་མ་ཐུབ་པ་རྣམས་ལ་བསམ་འཆར་མེད་པ་ཞུ།  དཔྱད་འདེམས་པ་རྣམ་པས་ལྷག་བསམ་རྣམ་དག་གིས་བརྒྱ་ཆ་སྤྲད་ཡོད་པ་རེད། ནམ་རྒྱུན་སོ་སོའི་སྙན་ངག་ཡག་པོ་སྐྱོར་གྱི་ཡོད་ནའང་། མཚམས་རེར་གར་སྟེགས་སྟེང་སླེབས་དུས་འཚུབ་ཆ་ལངས་ཏེ་ཡག་པོ་མ་བྱུང་བ་དེ་འདྲ་ཡོང་སྲིད་པ་རེད། ཡིན་ནའང་། ཁྱེད་རང་ཚོ་འདིར་བསླེབས་པ་ཙམ་གྱིས་ང་ཚོ་གོ་སྒྲིག་པ་ཚོའི་ངོས་ནང་ཧ་ཅང་དགའ་བོ་བྱུང་། ཁྱེད་ཅག་གིས་རྒྱབ་སྐྱོར་ཆེན་པོ་གནང་བ་འདིས་ང་ཚོར་སྔར་མེད་ཀྱི་སྤོབས་པ་ཞིག་སྐྱེད་འོང་གི་འདུག  ཁྱེད་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

འོད་དཀར་དྲ་ཚིགས་ཀྱི་སྐབས་དང་པོའི་བོད་ཀྱི་སྙན་ངག་སྒྲོག་སྦྱང་འགྲན་ཚོགས་དེ་ནི།  བཙན་བྱོལ་སྤྱི་ཚོགས་ནང་ཁྱབ་ཆེ་བའི་སྙན་ངག་སྒྲོག་སྦྱང་འགྲན་བསྡུར་ཐོག་མ་དེ་ཆགས་ཡོད་པ་དང་། འགྲན་བསྡུར་སྐབས་སྔོན་འགྲོ་དང་དངོས་གཞི། མཐའ་མའི་རྟིང་རྩོད་བཅས་འགྲན་བསྡུར་རིམ་པ་གསུམ་བརྒྱུད་བཞིན་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༦ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 7

  1. རིག་འཛིན། says:
    ལོ་ 15 སྔོན།

    ཧ་ཅང་བསྔགས་འོས་པའི་ལས་གཞི་འདིར་རྒྱབ་སྐོྱར་ཚད་མེད་ཡོད།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རླུང་རྟ་རྒྱལ་ཁྱོད། ཁ་སྡིག་མང་པོ་བསགས་ཚར་སོང་། ད་དུང་ཁ་སྡིག་མང་པོ་མ་བསགས་ན་ལེགས་པ་མི་འདུག་གམ། ལགས།

    Reply
  3. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    ཚང་མའི་ཤེས་གསལ་ལྟར།རྒྱ་གུང་ཁྲན་དམར་དམག་དང་གདོང་ཐུག་དུས་སེ་འབྲས་དགེ་གསུམ་སོགས་མགོ་བོ་སྐྱ་ཐེར་དུ་གྱུར་ཡོད་པ་བཙུན་པ་དག་གིས་དབང་རྩོད་འཕྲོག་རེས་དང་ནང་དམེའི་ལས་ཁོ་ན་བྱས་པས།བོད་ལ་རང་སྐྱོང་ལྡན་ཞིང་དགྲ་ནག་པོ་གདོང་བསུ་བའི་དམག་ཤུགས་ཉམས་དམས་སུ་གྱུར་པ་མ་ཡིན་ནམ།
    དེས་མ་ཟད།བོད་བཙན་པོའི་དུས་སྐབས་ནས་བཟུང་བོད་རྒྱལ་རབས་རྩ་འཐོར་དུ་གཏོང་པའི་རྐྱེན་གཙོ་བོི་ཡང་དགེ་འདུན་པ་རྣམས་ཆོས་ལ་མི་ཕྱོགས་པར་གདོན་གྱིས་བརླན་ནས་མིག་ལ་དབང་ཐང་དང་།རྒྱུ་ནོར།ཆགས་སྲེད་མ་གཏོགས་མཐོང་བ་མེད་དོ།

    Reply
  4. ཁང་མུན་གྲོལ། says:
    ལོ་ 15 སྔོན།

    འགྲན་བསྡུར་མེད་ན་ཡར་ཐོན་མེད་ཅེས་པའི་དཔེ་ལྟར་འདི་ལྟ་བུའི་ལྡིང་ཆ་ཞིག་བསྐྲུན་པར་སྙིང་ནས་དགའ་བསུ་དང་། མ་འོངས་པར་ཡང་འདི་དང་འདི་ལྟ་བུའི་ལྡིང་ཆ་གང་མང་ཞིག་བསྐྲུན་གནང་ཡོང་བའི་རེ་བ་ཡོད།

    Reply
  5. རྒྱང་རིང་། says:
    ལོ་ 15 སྔོན།

    རླུང་རྟ་རྒྱལ་ལགས། ངུར་སྨིག་འཛིན་པོ་རྣམས་ད་ལྟའི་བར་རང་གི་རྐང་པའི་ཐོག་ལོངས་སྡོད་འདུག འདུན་སྡེ་གང་ཞིག་ཡིན་་རུང་ད་ལྟའི་བར་རང་འགན་ལེན་ཏེ་ནང་དོན་རིགས་གནས་འཛིན་སྐྱོ་སྤེལ་གསུམ་གྱི་སྙན་གྲགས་བོད་ལ་ཁྱབ་ཡོད་པ་རེད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཐེངས་འདིར་སློབ་ཆུང་གི་སློབ་མ་ནས་སྤྱི་ཚོགས་ཐོག་གི་དར་མའི་བར་གྱི་སྐྱ་སེར་ཕོ་མོ་དུ་མ་ཞིག་འགྲན་སྡུར་ལ་ཞུགས་པ་འདི་ཡག་རྟགས་ཤིག་རེད། གོ་སྒྲིག་ཞུ་མཁན་རྣམ་པས་ཀྱང་ཉམས་མྱོང་གསོག་ཞོར་གོ་སྒྲིག་དང་སྟངས་འཛིན་གང་ལེགས་ཡོང་ཐུབ་ན་རྗེས་ཕྱོགས་མུ་མཐུད་ཕྱག་ལས་རྒྱུན་འཁྱོངས་ཡོང་བར་ཕན་ཐོགས་ཆེ།
    བདག་གི་བསམ་ཚུལ་ལ། སྤྱིར་ཡིན་ན་སྙན་ངག་གྱེར་འདོན་དང་ལྷག་པར་གྱེར་འགྲན་འདི་སྙན་ངག་པའི་རིག་རྩལ་འཁྲབ་སྟོན་ཞིག་ཡིན་པར་འདོད། དེ་བཞིན་སྙན་ངག་གི་སྒྱུ་རྩལ་རང་བཞིན་དང་བསམ་བློའི་རང་བཞིན་ཡང་གལ་ཆེར་འཛིན་འོས། དཔེར་ན་མཛེས་མ་འགྲན་སྡུར་ལ་མཚོན་ན་ཡང་ཕྱི་སྐྱེ་ལུས་གཅིག་པུ་མིན་པ་བཞིན་སྙན་ངག་གྱེར་འདོན་ལ་མཚོན་ན་ཡང་ལུས་ངག་གི་ཉམས་འགྱུར་ཁོ་ན་གཙོ་བོར་བཟུང་ན་མི་འོས། ལྷག་པར་སྙན་ངག་དང་སྙན་ངག་པའི་རིན་ཐང་གི་ངོས་ནས་བལྟས་ན་མི་འོས། དེ་བས་རྟིང་རྩོད་འགྲན་སྡུར་སྐབས་སུ། གཅིག་ནས་སྙན་ངག་གི་བསམ་བློ་དང་སྒྱུ་རྩལ་རང་བཞིན་དང། གཉིས་ནས་ལུས་ངག་གི་སྒྱུ་རྩལ་གཉིས་གལ་གནད་ལ་བཟུང་ནས་དཔྱད་འདེམས་གནང་ན་ལེགས་ཤིང། དཔྱད་འདེམས་པའང་ཉུང་མཐར་མི་ལྔ་ཡོད་ན་བཟང།

    ཞོར་དུ། གསལ་བཤད་གཞན་ཞིག་ཞུ་རྒྱུར། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག འཁྲུངས་སྐར་ཉིན་མོར། ཡིད་བཞིན་ནོར་བུ་དང་འཛམ་གླིང་མི་དམངས་ཟེར་བའི་སྙན་དངགས་གྱེར་འདོན་གྱི་དགོང་ཚོགས་ཤིག་གཙུག་ལག་ཁང་དུ་འཛོམས་རྒྱུའི་གསལ་བརྡ་བྱས་ཀྱང་དེ་ནུབ་བོད་ཀྱི་ཟློས་གར་ཁང་དུ་ཡང་གླུ་གར་གྱི་དགོང་ཚོགས་ཤིག་འདུག་པས་ང་ཚོའི་དུས་ཚོད་གཅིག་ལ་མི་འཁེལ་བའི་ཆེད་དུ། དེ་ཉིན་ཕྱི་དྲོའི་ཆུ་ཚོད་བཞི་བ་ནས་དྲུག་པ་བར་ལ་མེག་ལོ་གན་ཇིའི་ཉིན་མོའི་སློབ་གྲྭ་རུ་འཛོམས་རྒྱུའི་འགྱུར་བ་བཏང་ཡོད་ན་དེ་དོན་དགོངས་འཇགས་འཚལ།
    ཐེངས་འདིར་རང་རྩོམ་དང་གཞན་རྩོམ་ལ་ཁྱད་པར་མེད་ཅིང། སྐད་ཡིག་གང་ཡིན་ལ་ཡང་ཁྱད་པར་མེད། འདི་ནི་དང་བླང་རང་དབང་གི་སྙན་དངགས་གྱེར་འདོན་འདུ་འཛོམས་ཤིག་ཡིན་པས་གདན་ཞུའི་སྐུ་མགྲོན་སུ་ཡང་མེད་ལ། དམིགས་བསལ་མཛད་རིམ་ཡང་མེད། དེ་བས་གླུ་གར་སྒྱུ་རྩལ་པ་དང། ལྷག་པར་སྙན་ངག་པ་དང་སྙན་ངག་ལ་དོ་སྣང་དང་དགའ་བོ་ཡོད་པའི་སྤུན་ཟླ་གང་མང་མཉམ་ཞུགས་ཡོང་པའི་རེ་བ་ཞུ།

    Reply
  7. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་བོད་ནང་ཁུལ་ལྟར་གསར་རྩོམ་དང་སྙན་ངག་གི་དྲི་ངད་ཙམ་ཡང་དབེན་པ་དང་།དུས་ད་ལྟའི་བར་དུ་གསར་རྩོམ་ལ་ཕྱོགས་པའི་ན་གཞོན་དང་མི་རབས་གསར་པ་བསྐྱེད་སྲིང་བྱས་ནས་བཙན་བྱོལ་ཁྲོད་རྩོམ་རིག་གསར་པའི་སྟོང་ཆ་སྐོང་མ་ཐུབ་པ་དེ་ནི་དངོས་གནས་ངོ་ཚ་ཞིག་རེད་ལགས།ནང་པའི་བསྟན་པ་ལ་འཇུག་མཁན་ངུར་སྨྲིག་འཛིན་པ་མོད་པོ་ཡོད་ཀྱང་།ཐམས་ཅད་སྒེར་གྱི་ཁེ་དབང་དང་རྒྱུ་ནོར་སོགས་ཀྱིས་བསླུས་ནས་བོད་མིའི་རྐང་ཡང་པོ་འཛུགས་ཐུབ་རྒྱུ་ཕར་ཞོགཐ་ན་ཁོ་ཚོའི་ཁ་རྒྱབ་གཉིས་ཀྱང་གྲོང་མིའི་མཆོད་འབུལ་དང་གཞན་པའི་ཞལ་འདེབས་སོགས་ལ་བརྟེན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese