མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་བའི་ས་ཆར་འདུ་འཛོམས་བྱེད་མི་ཆོག

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙུ་བྱས་ཡོད་པ་ལྟར། ཁ་སང་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་རྒྱུན་ལས་ཁང་དང་རྒྱལ་འཕགས་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་གཉིས་ཀྱིས་བལ་ཡུལ་རྒྱལ་སའི་ཉེ་འཁྲིས་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་རྩེད་ཐང་དུ་འཁྲུངས་སྐར་མཛད་སྒོ་ཚོགས་ཡོད་ཀྱང༌། བལ་ཡུལ་ཉེན་རྟོག་དམག་མིས་སྔ་ས་ནས་མཛད་སྒོ་ཚོགས་ཡུལ་གྱི་སློབ་གྲྭའི་ཉེ་འཁོར་གཙོས་ས་གནས་གང་སར་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱས་ཤིང༌། ཐབས་ལམ་འདྲ་མིན་བརྒྱུད་མཛད་སྒོ་ཚོགས་ཡུལ་དུ་འབྱོར་བའི་བོད་མི་ཚོ་བཙན་གྱིས་ཕྱིར་ཕུད་བྱས་འདུག སྐབས་དེར་མིང་ལ་བློ་བཟང་དང་དོན་འགྲུབ་ཏུ་འབོད་པ་གཉིས་དང༌། གཞན་བོད་མི་གཅིག་བཅས་འཛིན་བཟུང་དང་བོད་མི་གཞན་ཁག་ཅིག་ལ་གཅར་རྡུང་བྱས་འདུག
 

ཉིན་དེར་བོད་མི་ ༢༠༠ ལྷག་ཞོགས་པ་སྔ་མོ་ནས་སློབ་གྲྭའི་རྭ་བསྐོར་ལས་མཆོངས་བ་སོགས་བྱས་ཏེ། ནམ་རྒྱུན་གྱི་མཛད་རིམ་ལྟར་དུས་དྲན་སྲུང་གཙུ་བྱས་ཐུབ་ཡོད་ཅིང༌། སྐབས་དེར་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་བླ་མ་ལགས་དང་བོད་མི་མང་སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ་ལགས་རྣམ་གཉིས་ནས་བཀའ་ཤག་དང་སྤྱི་འཐུས་གཏམ་བཤད་དང༌། སྐུ་མགྲོན་གཙོ་བོ་བལ་ཡུལ་རྒྱལ་ཡོངས་ནང་པའི་ཚོགས་ཆེན་གྱི་དྲུང་ཆེ་འཇིགས་བྲལ་ལགས་ཀྱིས་གཏམ་བཤད་གནང་འདུག

གཞན། བལ་ཡུལ་བོད་མིའི་སློབ་གྲྭ་ཁག་གིས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་སོགས་བྱས་ཏེ་མཛད་སྒོ་མཇུག་སྒྲིལ་ཐུབ་ཙམ་བྱུང་ཡོད་ཀྱང༌། ཁ་སང་བལ་ཡུལ་ཀ་ཐ་མན་ཌའུ་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་པ་ངྷིར་ཇཱ་པ་ཏིར་གྱིས། བོད་མི་ཚོས་ཁོང་ཚོའི་དབུ་ཁྲིད་ཀྱི་འཁྲུངས་སྐར་ལ་སྒེར་ངོས་ནས་རྟེན་འབྲེལ་ཞུས་པར་བསམ་འཆར་གང་ཡང་མེད། ཡིན་ནའང༌། སྤྱི་པའི་ས་ཆར་འདུ་འཛོམས་བྱས་ཏེ་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་མཆོག་གི་མེད། ཅེས་གསར་ལམ་དུ་བརྗོད་འདུག  

གསར་འགོད་པ། དོན་གོ

 

 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༦ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༢ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

མཆན། 3

  1. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    མི་མང་གི་མགོ་ལ་ཡོད་མཁན་ཚོས་ཐབས་ཤེས་ཅན་གྱི་རླབས་ཆེན་གྱི་ལམ་སྟོན་ལ་མ་ཉན་པར་བརྟེན་མཐར་མང་ཚོགས་ལ་གཅར་རྡུང་འདི་ལྟར་རེག་པ་རེད།

    ཕྱི་ལོ་༢༠༡༡ཟླ་༦ཚེས་༡༩རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་བ་ནས་བལ་ཡུལ་བོད་མིའི་སྐུ་ཚབ་འབྲེལ་མཐུད་ཁང་དུ་བལ་ཡུལ་བོད་མིའི་སྐུ་ཚབ་དང་བླང་འབྲེལ་མཐུད་པ་གསར་བ་སྐུ་ངོ་འཕྲིན་ལས་བླ་མ་མཆོག་གིས་གཙོ་སྐྱོང་གིས་འདི་ལོའི་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཕྱོགས་སུ་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད། སྐབས་དེར་ཁོང་གིས་འདི་ལོ་སྔོན་དང་མ་འདྲ་བ་ཞིག་དགོས་ངེས་ཡིན། དེ་སྔོན་བོད་པ་ཚོས་བྱེད་སྟངས་ནི་བོད་མིས་གཙོ་བོ་བརྩི་སྲུང་བྱས་པ་རེད། འདི་ལོ་དེ་ལྟར་མིན་པར་ཡུལ་མིས་གཙོ་བོ་དུས་ཆེན་སྲུང་བརྩི་ཞུ་འདོད་ཡོད་པ་ལྟར་དེ་ལྟར་ཞུ་དགོས་ངེས་རེད་ལ་གཙོ་ཕལ་ཙམ་ལས་རྩ་བའི་ཆ་ནས་བོད་མིས་ཀྱང་ཞུ་དགོས་ངེས་ཡིན། དེ་ནི་འོས་འཚམ་ཞིག་རེད་ལ་བལ་གཞུང་གི་ཁྲིམས་དང་ཡང་མཐུན། ནང་པའི་སྟོན་པ་དང་པོ་ཤཱཀྱ་ཐུབ་པ་རེད། སྟོན་པ་གཉིས་པ་དེ་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་རེད། དེ་ལྟར་ཡིན་པ་དེ་ཡུལ་མིས་ད་ཆ་ཤེས་ཀྱི་ཡོད་རེད་ལ། ཤེས་ཀྱང་དགོས་ངེས་རེད། ཡུལ་མིས་དེ་ལྟར་ཤེས་ཐུབ་པ་ཞིག་བཟོ་དགོས་པ་ང་ཚོའི་ལས་འགན་རེད། དེར་བརྟེན་ཡུལ་མི་ཚོས་སོ་སོའི་ཆོས་ལུགས་ཀྱི་སྟོན་པའི་དུས་ཆེན་སྲུང་བརྩི་བྱེད་དབང་མེད་ཟེར་བ་ཞིག་ཡོང་མི་ཤེས་པ་རེད། གལ་ཏེ་ད་དུང་བལ་གཞུང་གིས་བཀག་ན་སྐབས་དེར་ང་ཡང་མདུན་ལ་ཐོན་ངེས་ཡིན། ཞེས་སོགས་གསུངས་ཡོད་པ་རེད།
    འོན་ཀྱང་སྐབས་དེར་ཚོགས་ཞུགས་པ་བོད་མི་རེ་ཟུང་གིས་ཧི་མ་ལའི་མང་ཚོགས་གཙོས་ཡུལ་མིས་འཁྲུངས་སྐར་སྲུང་བརྩི་གཙོ་བོ་བྱེད་རྒྱུ་དེ་མ་འགྲིག་པ་རེད། འཁྲུངས་སྐར་སྲུང་བརྩི་ནི་གཙོ་བོ་བོད་མི་ཚོས་དགོས་ངེས་རེད། དོན་གཅོད་གསར་བས་གསུངས་པ་དེ་ལྟར་བྱས་ན་འགྲིག་གི་མི་འདུག སྔོན་ནས་ང་ཚོས་འཁྲུངས་སྐར་སྲུང་བརྩིའི་ཆེད་བལ་གཞུང་ནང་སྲིད་ལས་ཁུངས་ལ་སྙན་ཞུ་ཕུལ། དེ་ནས་བོད་མིས་གཙོ་བོ་བྱེད་སྲོལ་ཡོད་པ་ལྟར་དགོས་ངེས་ཡིན་ཞེས་བཤད་པར། དོན་གཅོད་གསར་བས་ཁྱེད་ཚོས་དེ་སྔོན་ལྟར་བལ་གཞུང་ནང་སྲིད་ལས་ཁུངས་སུ་སྙན་ཞུ་ཕུལ་ནས་སྲུང་བརྩི་ཞུས་ཀྱང། དེ་སྔོན་ལྟར་བལ་གཞུང་གིས་བཀག་ངེས་རེད། འོན་ཀྱང་ཅི་དགོས་ཁྱེད་ཚོས་ལྟོས། ངའི་ཁ་ཞེ་གཉིས་མེད་ཀྱི་བསམ་ཚུལ་དེ་ག་རང་ཡིན། དེ་བཞིན་ངས་ནི་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་སྙིང་ཐག་པ་ནས་སོ་སོའི་རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེར་ཕུལ་ཟིན་པ་ཡིན། ཞེས་སོགས་བཤད་པར། ཁོང་ཚོས་འདི་ལོ་སྔ་སྲོལ་ལྟར་དགོས་ངེས་ཡིན། གལ་ཏེ་འདི་ལོ་དུས་ཆེན་སྲུང་བརྩི་ལམ་ལྷོང་ཡག་པོ་མ་བྱུང་ན་ལོ་རྗེས་མ་ནས་ཁྱེད་ཀྱི་དགོངས་འཆར་ལྟར་བྱས་ཀྱང་འགྲིགས་ཞེས་བཤད་དེ། ཉིན་དེའི་མཛད་སྒོ་དེ་ཙམ་གྱིས་ངང་དུ་གྲོལ་ཡོད་པ་རེད།
    མ་གཞི་ནི་ཟླ་༦ཚེས་༡༧ཉིན་དོན་གཅོད་གསར་བ་འཕྲིན་ལས་བླ་མ་མཆོག་དོན་གཅོད་གསར་བར་བསྐོ་བཞག་གི་མཛད་སྒོ་ཞིག་དོན་ཁང་དུ་གོ་སྒྲིག་ཞུས་པ་ལྟར། ཞོགས་པའི་ཆུ་ཚོད་༩དང་སྐར་མ་༣༠ཙམ་ལ་དོན་གཅོད་གསར་བ་འཕྲིན་ལས་བླ་མ་ལགས་ཕྱི་ལོགས་ནས་གདན་འདྲེན་ཞུ་སྐབས་དོན་ཁང་གི་རླངས་འཁོར་ནག་པོ་དེའིནང་ཁ་ལོ་བ་གཅིག་པུས་གདན་འདྲེན་ཞུས་པ་ཙམ་ལས་གདན་འདྲེན་ཞུ་བར་ལས་བྱེད་རྐང་གཅིག་བཅར་མེད་པར་མ་ཟད། དོན་ཁང་ར་སྐོར་ནང་འབྱོར་སྐབས་སྣེ་ལེན་བྱེད་མཁན་ལས་བྱེད་རྐང་གཅིག་མེད་པར་དོན་གཅོད་གསར་བ་སྐུ་རྐྱང་དུ་ས་ལ་བབ་རྗེས་ཡར་མར་ལྟ་ཙམ་བྱས་རྗེས་ཡར་དོན་གཅོད་ཁང་དུ་ཕེབས་ཡོད་ཅིང། མཛད་སྒོའི་སར་སྐུ་མགྲོན་ཚང་འཛོམས་སར་དོན་གཅོད་གསར་བ་ངོ་སྤྲོད་སྐབས་དེ་གའི་དྲུང་ཆེ་འཕྲིན་ལས་རྒྱ་མཚོས་དོན་གཅོད་གསར་བར་ཟླ་རེར་ཕོག་འབབ་འདི་འདྲ་ཞིག་ཡོད་རེད། ཅེས་ཕལ་ཆེར་ཁོ་བ་ཟླ་ཕོགས་ཙམ་གྱི་ཆེད་ཡོང་བའི་རྣམ་འགྱུར་གྱི་སྐད་ཆ་བཤད་ཡོད་རེད།
    འོན་ཀྱང་ཁ་སང་འཁྲུངས་སྐར་དུ་བཀའ་ཤག་གིས་བསྩལ་གནང་བའི་གསུང་འཕྲིན་ནང་བལ་ཡུལ་དུ་བལ་བོའི་ཡུལ་མི་ཞིག་བསྐོ་བཞག་བྱས་ཡོད་པ་ལྟར་བོད་མི་ཚོས་ཁོང་ལ་མཐུན་འགྱུར་རྒྱབ་སྐྱོར་དགོས་སྐོར་འཁོད་འདུག་པ་དེར་ཉན་མཁན་རེ་ཟུང་བྱུང་ན་ལགས་པ།

    Reply
  2. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ཁོང་ཚོ་ལ་ཁག་ཡོད་པ་མ་རེད་བལ་ཡུལ་གྱི་སྲིད་བློན་དང་དམག་སྤྱི་ཚང་མའི་བགྲོད་ཁོག་རྒྱ་ནག་ལ་ཟེད་ཡོད་པ་རེད་ཁོང་ཚོའི་རྒྱུག་ཁྱི་ནི་དམག་མི་ཡིན་པ་རེད་དེ་འདྲ་ཡིན་དུས་ཁོང་ཚོས་གནོད་ཤུགས་བྱེད་ཀྱི་རེད་དེ་ལ་བཟོད་སྒོམ་གནང་རོགས་ཞུ་བོད་མི་ཚོ་ང་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་སེམས་ཀྱི་ཐོག་ནས་གནང་ཐུབ་ཡག་པོ་རེད་དེ་གང་འདྲ་ཞིག་ཟེར་ན་༧གོང་ས་མཆོག་གི་བཀའ་གསུང་དེ་ཅི་བཞིན་སྒྲུབ་དང་དེ་ནི་འཁྲུངས་སྐར་ཡང་སྙིང་དེ་རེད།   ཁྱེད་ཚོས་དཀའ་སྤྱད་དང་བཟོད་སྲན་ནི་ངོ་མ་རིན་ཐང་མེད་པ་ཞིག་རེད་ཐུགས་རྗེ་གནང་།

    Reply
  3. གྲགས་བསོད་ says:
    ལོ་ 15 སྔོན།

    བལ་ཡུལ་དམར་མིས་བོད་པ་ལ་ལྟ་རྟོགས་ཡག་པོ་བྱེད་ཀྱིན་འདུག་རྡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese