མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅང་ཙེ་མིན་གྲོངས་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་གཟའ་ལྷག་པའི་ཉིན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་སྐུ་
གྲོངས་ཡོད་མེད་སྐོར་ལ་གླེང་ཕྱོགས་གསར་པ་ཞིག་ཐོན་འདུག་ལ། སྲིད་དོན་དབྱེ་ཞིབ་པ་དག་གིས་ཅང་ཙེ་མིན་ཤི་རྗེས་རྒྱ་ནག་གི་སྐབས་རྗེས་མའི་དཔོན་རིགས་གསར་བ་འདེམས་སྒྲིག་ཐད་ཤུགས་རྐྱེན་ཐེབས་སྲིད་པ་བརྗོད་འདུག 

 

ཕྱི་ཟླ་ ༧ ཚེས་ ༦ ཉིན། གསར་ལམ་ཁག་མང་པོར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་ནད་མནར་གྱིས་སྐུ་གྲོངས་ཟིན་པའི་སྐོར་གྱི་གནས་ཚུལ་ཞིག་ཐོན་འདུག ཧོང་ཀོང་གི་ཨེ་ཤ་ཡ་བརྙན་འཕྲིན་ཁང་(ATV)གིས་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༦ དང་ཕྱེད་ཀའི་སྟེང་། ཅང་ཙེ་མེན་ནད་མནར་གྱིས་གྲོངས་ཟིན་སྐོར་གྱི་གནས་ཚུལ་ཞིག་སྤེལ་ཏེ། སྔ་རྗེས་ཐེངས་འགར་བསྐྱར་སྟོན་བྱས་ཡོད་པ་དང་། རྒྱ་ནག་ཀོང་ཏུང་གསར་འགྱུར་དྲ་བས་ཀྱང་དྲ་ངོས་མདུན་ཤོག་གི་སྒྲོམ་གཞི་ནག་པོ་དང་ཚོན་མདོག་དཀར་པོ་བཟོས་ཏེ། ༼བཀུར་འོས་བློ་མཐུན་ཅང་ཙེ་མེན་ནམ་ཡང་ཡལ་བ་མེད༽ཅེས་པའི་མྱ་ངན་ཞུ་ཚིགས་བྲིས་ཤིང་། ཚོན་ཁྲ་མེད་པའི་ཅང་ཙེ་མེན་གྱི་པར་རིས་བཀོད་དེ་ཁོང་གྲོངས་ཟིན་པའི་གནས་ཚུལ་སྤེལ་འདུག 

 

གོང་གསལ་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཁག་མང་པོ་ཞིག་གིས་བརྒྱུད་འགོད་བྱས་ཏེ། གླེང་སློང་དང་དཔྱད་གཏམ་འདྲ་མིན་སྤེལ་བཞིན་ཡོད་ཀྱང་། རྒྱ་ནག་ཕྱི་འབྲེལ་སྡེ་ཁག་གིས་ཅང་ཙེ་མེན་གྲོངས་ཡོད་མེད་ཐད་གསར་འགོད་པའི་དྲི་བ་དང་ལེན་བྱས་མེད་པ་མ་ཟད། ཉིན་དེའི་དགོང་མོའི་ཆུ་ཚོད་ ༨ ཙམ་ལ་ཀུང་ཏུང་གསར་འགྱུར་དྲ་བ་( http://www.sdnews.com.cn) བཙན་ཤུགས་ཀྱིས་སྒོ་རྒྱག་ཏུ་བཅུག་ཡོད་པ་དང་།  དེ་བཞིན། རྒྱ་ནག་གི་དྲ་ལམ་ཁག་ནང་ཅང་ཙེ་མེན་དང་འབྲེལ་བའི་གནས་ཚུལ་གཅིག་ཀྱང་འཚོལ་མི་ཐུབ་པ་བཟོས་འདུག 

 

ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་བཙུགས་ནས་ལོ་ ༩༠ ལོན་པའི་དུས་དྲན་དབུ་འཛུགས་སྟེང་། རྒྱ་ནག་དམར་ཤོག་མགོ་ཁྲིད་ཟུར་པ་ལིས་ཕིན་དང་། ཙིན་ཆིན་ཧོང་། ཀྲུའུ་རོང་ཅི། སུང་ཕེན་སོགས་མཉམ་ཞུགས་བྱས་ཡོད་ནའང་།  ཅང་ཙེ་མིན་ཞུགས་ཐུབ་མེད་པར་བརྟེན། རྒྱལ་སྤྱིའི་གསར་ལམ་ཁག་གིས་ཅང་ཙེ་མེན་གྱི་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་འཆི་ལ་ཡོད་སྐོར་གྱི་གླེང་སློང་སྣ་ཚོགས་བྱས་ཡོད།  ཕྱི་ཚེས་ ༥ ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་གིས་ཅང་ཙེ་མེན་གྱི་ནད་གཞིའི་སྐོར་ལ་དྲི་བ་བཏོན་སྐབས། རྒྱ་ནག་ཕྱི་འབྲེལ་གསར་ཁང་གི་དཔོན་རིགས་ཧུང་ཧྲི་ཡིས་གནས་ཚུལ་དེ་གོ་ཐོས་མ་བྱུང་སྐོར་བརྗོད་ཡོད་པ་དང་། ཉིན་དེའི་དགོང་མོ་ཆུ་ཚོད་  ༡༡ ཙན་ནས་རྒྱ་ནག་གནས་འཕྲིན་དྲ་རྒྱའི་སྟེང་ཅང་ཙེ་མེན་གྲོངས་ཟིན་སྐོར་གྱི་གནས་ཚུལ་ཁྱབ་མགོ་ཚུགས་ཡོད་པ་རེད།  

 

ཏའོ་ཝེ་རྒྱ་ཡིག་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ད་ལོ་ཕྱི་ཟླ་ ༤ པའི་ནང་ཅང་ཙེ་མེན་ཀཱོང་ཞིར་ཡུལ་སྐོར་དུ་སྐྱོད་སྐབས།  དུག་སྦྲང་གིས་སོ་བརྒྱབ་པར་རྐྱེན་བྱས་ཏེ་ནད་གཞི་ཇེ་སྡུག་ཏུ་གྱུར་ཅིང་། ཧྲང་ཧེ་རུ་དུས་ཐུང་རིང་སྨན་བཅོས་བྱས་ཀྱང་མ་ཕན་པར་བརྟེན། པེ་ཅིན་དམག་མིའི་སྨན་ཁང་ ༣༠༡ ནང་སྨན་བཅོས་བྱེད་དགོས་བྱུང་ཡོད་འདུག  ཚན་ཡའེ་ཞེས་པའི་རྒྱ་ཡིག་དྲ་བའི་སྟེང་། ཕྱི་ཚེས་ ༥ ཉིན་ ༣༠༡ སྨན་ཁང་སྒོ་མདུན་གྱི་ཁྲང་ཨན་སྲང་ལམ་དུ་དམག་མི་ཕོན་ཆེན་པོ་བསླེབས་ཏེ། ཆུ་ཚོད་ཕྱེད་ཀའི་རིང་རླངས་འཁོར་འགྲིལ་སྐྱོད་བཀག་སྡོམ་བྱས་རྗེས། ཨོ་ཏེ་རྟགས་ཅན་གྱི་དམག་མིའི་རླངས་འཁོར་ ༢༠ ལྷག་དམག་མིས་སྨན་ཁང་དེར་བསྐྱོད་ཡོད་འདུག ཕྱི་ཚེས་ཉིན་རྒྱ་གཞུང་ཞིན་ཧྭ་དབྱིན་ཡིག་དྲ་བའི་སྟེང་ཅང་ཙེ་མེན་གྲོངས་ཟིན་པའི་སྐོར་གྱི་གནས་ཚུལ་དེ་དག་ནི་ཁུངས་ལྡན་མིན་སྐོར་བཀོད་འདུག

 

རྒྱ་དམར་གཞུང་གི་སྐབས་བཅོ་བརྒྱད་པའི་དཔོན་རིགས་གསར་འདེམས་ཀྱི་ལས་གཞི་དེ་ལོ་རྗེས་མའི་སྟོན་ཁར་གཏན་འཁེལ་ཡོད་པ་དང་། དེ་བཞིན་རྒྱ་གཞུང་གི་ལོ་ལྔ་རེའི་མཚམས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྟེང་ལས་དོན་གལ་ཆེ་ཤོས་གཉིས་ཐག་གཅོད་བྱ་དགོས་པ་ནི། རྒྱ་གཞུང་གི་ཆབ་སྲིད་ལམ་ཕྱོགས་གཏན་འབེབས་དང་། རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་འདེམས་སྒྲིག་བྱ་དགོས་པ་གཉིས་རེད།  མ་གཞི། ཅང་ཙེ་མིན་གྱིས་ཕྱི་ལོ་ ༢༠༠༤ ལོར་ཆབ་སྲིད་ཀྱི་དབང་ཆ་ཡོད་ཚད་རྩིས་སྤྲོད་བྱས་ཟིན་ནའང་།  ཧྲང་ཧེ་ཤོག་ཁག་དང་རྒྱལ་སྲས་ཚོགས་པར་འབྲེལ་བ་ཤུགས་ཆེན་པོ་ཡོད་སྟབས།  དཀྱོག་མཚམས་འདིར་ཅང་ཙེ་མེན་གྱི་འཆི་གསོན་གྱིས་རྒྱ་ནག་གི་ཆབ་སྲིད་གནད་དོན་དང་།  ཞི་ཅིན་ཕེན་གཙོས་པའི་སྐབས་རྗེས་མའི་དཔོན་རིགས་འདེམས་སྒྲིག་ཐད་ཤུགས་རྐྱེན་ཐེབས་ཕྱོགས། དེ་བཞིན་ཧུའུ་ཅིན་ཐའོ་ཡིས་མ་འོངས་པར་དམག་དོན་དབང་ཆ་མུ་མཐུད་ཉར་ཐུབ་མིན་བཅས་ཀྱི་ཐད། རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་དག་གིས་དཔྱད་བརྗོད་སྣ་ཚོགས་སྤེལ་འདུག  ད་དུང་། ཕྱི་ཕྱོགས་ཀྱི་རྒྱ་ཡིག་གསར་ལམ་ཁག་མང་པོ་ཞིག་གིས་ཅང་ཙེ་མིན་གྱིས་ཨུ་རི་སུ་དང་ཁྲིམས་མཐུན་གྲོས་ཆོད་ཆིངས་ཡིག་བཞག་སྟེ།  རྒྱ་ནག་ཤར་བྱང་ས་ཁུལ་མང་པོ་ཞིག་ཨུ་རུ་སུར་སྤྲད་ཟིན་པའི་སྐོར་ཀྱང་གླེང་སློང་ཤུགས་ཆེན་པོ་བྱས་འདུག 

 

ཀུ་ཤུ་ཉིན་རེའི་གསར་ཤོག་གིས་སྤེལ་བའི་དཔྱད་བརྗོད་ནང་།  ཧུའུ་ཅིན་ཐའོ་ཡིས་ཐེངས་རྗེས་མའི་རྒྱ་ནག་གི་སྲིད་བློན་ལ་མཐུན་ཤོག་ཁག་གི་ལི་ཁི་ཆང་སྐོ་འཐེན་གྱི་དམིགས་ཡུལ་བཟུང་ཡོན་ནའང་། འདས་པའི་ཟླ་འགའི་སྔོན་ལ་ཅང་ཙེ་མེན་ད་ལྟའི་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དགུ་ལ་ཐུག་འཕྲད་བྱས་ཏེ། རྒྱལ་སྲས་ཤོག་ཁག་གི་ཝང་ཀྲི་ཧྲན་ཐེངས་རྗེས་མའི་རྒྱ་ནག་གི་སྲིད་བློན་དང་། པའོ་ཡེ་ལའེ་སྲིད་བློན་གཞོན་པ་དང་པོར་འདེམས་དགོས་པའི་བསམ་ཚུལ་བཏོན་ཏེ།  སྐབས་རྗེས་མར་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབང་ཤུགས་ཡོངས་རྫོགས་ཁོའི་ཕྱོགས་གཏོགས་ཀྱིས་འཛིན་ཐུབ་པའི་འཆར་གཞི་གཏོང་བཞིན་ཡོད་སྟབས། གལ་སྲིད་ཅང་ཙེ་མེན་ཤི་བ་ཡིན་ན་ཐེངས་རྗེས་མའི་དཔོན་རིགས་འདེམས་སྒྲིག་ཐད་བསྐྱར་དུ་དབང་ཆ་འཐབ་རྩོད་གསར་བ་ཞིག་ཡོང་སྲིད་པ་བཀོད་འདུག 

དེ་བཞིན། ཨ་རིའི་ཇོར་ཇི་མ་སཱན་གཙུག་ལག་སློབ་ཆེན་(George Mason University)གྱི་འབུམ་རིམ་པ་ཀྲང་ཐིན་ལཱང་གིས་དབྱེ་ཞིབ་བྱས་པ་ལྟར་ན། རྒྱ་གཞུང་གི་སྐབས་རྗེས་མའི་དཔོན་རིགས་གསར་བ་འདེམས་སྒྲིག་ཐད། རྒྱ་ནག་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་དེ་ད་དུང་ཐག་གཅོད་བྱུང་མེད་སྟབས།  ཅང་ཙེ་མེན་ཤི་བ་ཡིན་ན་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་སྔར་ལས་ཀྱང་ཛ་དྲག་ཏུ་འགྲོ་སྲིད་པ་དང་།  ཕྱོགས་གཞན་ཞིག་ནས། ད་ལྟའི་བར་ཅང་ཙེ་མིན་གྱི་ཆབ་སྲིད་གནས་བབ་ལ་གཅིག་མཐུན་གྱི་གདེང་འཇོག་ཅིག་བྱུང་མེད་པས།  ལེགས་ཕྱོགས་ནས་གདེང་འཇོག་བྱས་ཚེ་དྲུག་བཞི་དང་ཆོས་འཁོར་རྩ་རླུང་གི་དམར་གསོད་དོན་རྐྱེན་གྱི་ནག་ཉེས་དང་འབྲེལ་ཡོད་བ་དང་། ལྡོག་ཕྱོགས་ནས་གདེང་འཇོག་བྱས་ཚེ་རྒྱ་ནག་གི་ཆབ་སྲིད་ཤོག་ཁག་བར་གཡོ་འགུལ་ཤུགས་ཆེན་པོ་འབྱུང་སྲིད་པའི་ཛ་དྲག་གི་གནས་སྟངས་འབྱུང་སྲིད། ཅེས་བརྗོད་འདུག 

ཅང་ཙེ་མེན་ད་ལྟ་ལོ་ ༨༤ ཡིན་ལ།  ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དམར་གསོད་དོན་རྐྱེན་སྐབས་ཀྲའོ་ཙི་ཡང་ལས་གནས་ནས་ཕབས་རྗེས།  ཁོས་རྒྱ་ནག་སྲིད་འཛིན་གྱི་གོ་གནས་བཟུང་ཡོད་པ་དང་།  ཕྱི་ལོ་ ༢༠༠༤ ལོར་གོ་གནས་ཡོངས་རྫོགས་ཧུའུ་ཅིན་ཐའོ་ལ་རྩིས་སྤྲོད་བྱས་ཟིན་ནའང་། སྐབས་རྗེས་མའི་དཔོན་རིགས་སྐོ་འཐེན་ཐད་ཁོས་དབང་ཤུགས་ཆེན་པོ་བཟུང་ཡོད་པ་རེད། 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༡༩ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

མཆན། 21

  1. རྩ་ཐང་། says:
    ལོ་ 15 སྔོན།

    ཨོཾ་མ་ཎི་པདྨེ་ཧུྃཿ ཁོང་མི་ཡུལ་དུ་བསྡད་དུས་རྒྱ་ནག་གི་རྩ་རླུང་སྒོམ་སྒྲུབ་ཀྱི་ཚོགས་པ་དེ་རྩ་མེད་བཏང་བ་དེ་མི་ཡུལ་དུ་བཞུགས་དུས་ཀྱི་བྱས་རྗེས་དང་། ད་ཁོང་དམྱལ་ཁམས་བཅོ་བརྒྱད་རྩ་མེད་གཏོང་བར་ཕེབས་ཡིན་པ་འདྲ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་་ཧ ཨོཾ་མ་ཎྀ་པདྨེ་ཧུཾཿ

    Reply
  2. མངའ་རིས་བུ། says:
    ལོ་ 15 སྔོན།

    ཨོ་དྲ་གྲོགས་ཚོ་ཅང་ཙེ་མིན་ཤི་སྒུགས་མ་བྱེད་ཕན་ཐོགས་གང་ཡང་མེད།
    སྔར་མི་ཚོས་ཏེང་ཞའུ་ཕིན་ཤི་རྒྱུར་སྒུགས་པ་དང་དེ་ལ་འགྱུར་ལྡོག་གང་ཡང་མ་བྱུང་བ་རེད། དེ་ནས་མི་ཚོས་ཧོང་ཀོང་ལེན་དུས་རྒྱ་ནག་འཐོར་ཞིག་ཏུ་འགྲོ་རྒྱུ་རེད་ཟེར་དེ་ལའང་གང་ཡང་མ་བྱུང་བ་རེད། དེ་ནས་མི་ཚོས་ཧུ་ཅིན་ཏའོ་སྲིད་དབང་དུ་སླེབས་དུས་མི་རབས་གསར་པའི་མགོ་ཁྲིད་ཅིག་སླེབས་ན་རྒྱ་ནག་ལ་འགྱུར་ལྡོག་གནམ་ས་བླ་འོག་བརྗེ་བའི་བསམ་ཚུལ་བཏོན་པ་དེ་ལའང་གང་ཡང་བྱུང་མ་སོང། ད་བོད་རེ་བས་འཕོངས་ཟེར་བ་དེ་རེད། དེ་ལས་བོད་ཆིག་སྒྲིལ་ཡོང་ཐབས་དང་མ་འོང་བོད་ཀྱི་གནད་དོན་ཐོག་གང་དང་གང་བྱེད་ན་ལེགས་ཚུལ་གྱི་བསམ་ཚུལ་བཤད་ན་དེ་ཡིས་ཕན་ཐོགས་ཆེན་པོ་འབྱུང། རྒྱ་ནག་གིས་ཏ་ལི་བླ་མ་གྲོངས་རྗེས་བོད་འཐོར་བཤིག་ཏུ་འགྲོ་ངེས་རེད་ཅེས་བཤད་ཀྱི་རེད་དེ་ཡང་ཇབ་ཆུང་གི་བསམ་བློ་རེད། ༧གོང་ས༧་མཆོག་གིས་ད་ལྟ་ནས་མི་རབས་པའི་དབུ་ཁྲིད་དང་དེ་ལ་མཐུ་དཔུང་སྡོང་གྲོགས་བྱེད་མི་སྤྱི་འཐུས་དང་བཀའ་བློན་སོགས་ཕ་ཡིས་བུ་ཡི་མི་ཚེ་ཇི་ལྟར་བསྐྱེལ་མིན་གྱི་ལམ་སྟོན་ཆ་ཚང་ལམ་དུ་བཞག་ཚར་བ་རེད། སྔར་སྟོན་པ་ཤཀ་ཐུབ་འདས་རྗེས་མི་རྣམས་ཀྱི་འཇིག་རྟེན་མུན་ནག་ཆགས་སོང་བ་རེད་ཅེས་བཤད་པ་རེད། ད་ལྟ་འཇིག་རྟེན་མུན་ནག་ཆགས་ཡོད་པ་མ་རེད། འཇིག་རྟེན་མུན་པ་སེལ་བའི་༧གོང་ས༧་མཆོག་སྐུ་དངོས་སུ་བཞུགས་པ་དེ་རེད། དེ་བཞིན་༧གོང་ས༧་མཆོག་ཉིན་ཅིག་ཞིང་ཁམས་གཞན་དུ་གཤེགས་པ་ཡིན་ནའང་ཁོང་གི་ཐུགས་བསྐྱེད་བླ་ན་མེད་པ་ཡིས་བོད་མི་ཚོ་ནམ་ཐུགས་བརྩེ་བས་འདོར་གྱི་མ་རེད། དེ་ཡི་ཚེ་དེ་ཡི་དུས་ན་ཞེས་གཅིག་ཕེབས་ཡོང་གི་རེད།

    Reply
  3. མི་རབས་གསར་པ་ says:
    ལོ་ 15 སྔོན།

    ཅང་ཙེ་མིན་གྲོངས་ན་གསང་བ་བྱ་དགོས་དོན་ཅི་ཡོད། གཞུང་འབྲེལ་གྱི་མྱ་ངན་ལོས་ཞུ།
    དམར་དཔོན་གང་ཞིག་གྲོངས་པ་ལས་དམར་དཔོན་གང་ཞིག་བཀྲོངས་པའི་གནས་ཚུལ་བྱུང་ན་དེ་ནི་དམར་པོའི་དར་ཆའི་འཇིག་ཉེན་དང་འབྲེལ་བའི་བརྡ་ཞིག་ཡིན། ཏང་ལོ་༩༠བར་ཧུའུ་ཅིན་ཐོས་ཏང་དག་ཐེར་ཐད་ཀྱི་གནད་དོན་མི་ཉུང་བ་ཞིག་ཁ་གསལ་བོར་བཤད་པ་དངོས་ཐོག་བདེན་འཚོལ་གྱི་ཆ་ཤས་ཤིག་རེད། འོན་ཀྱང་དོན་དངོས་སུ་ཏང་ཡོན་བྱེ་བ་བདུན་གྱི་ནང་ལ་མི་དམངས་ཀྱི་ཏང་ཡོན་ངོ་མ་ཧ་ཅང་ཉུང་བས་ཏང་གི་སྐྱེས་སྐར་ལ་དགའ་བསུའི་རྣམ་པ་ཇི་ལྟར་སྟོན་ཐབས་བྱས་ཀྱང་ཏང་གི་ཚེ་སྲོག་གི་འཇིག་ཉེན་འདི་སྐྱོབ་ཐབས་བྲལ་བ་ཞིག་ཆགས་ཡོད།
    ད་ལྟའི་ཆར་ཀྲུང་གོ་འདི་ཏང་གི་འགོ་ཁྲིད་ལ་རག་ལས་མེད། གཅིག་ནས་དམག་དཔུང་དང། གཉིས་ནས་རྒྱ་རིགས་ཆེན་པོའི་རིང་ལུགས་གཉིས་ལ་བརྟེན་ནས་ཡོད། དེས་ན་ང་ཚོའི་དམག་འཐབ་ཀྱི་གནད་དོན་གཙོ་བོ་གང་ལ་ཐུག་པ་ཤ

    Reply
  4. ཇ་མ་ says:
    ལོ་ 15 སྔོན།

    ཅང་ཤི་བ་བདེན་པ་ཡིན་ན་རྒྱ་ནག་གི་མ་འོངས་པའི་སྲིད་འཛིན་ཞིས་ཅིན་ཕེན་ཚར་བ་རེད། དེ་བཞིན་ཅང་གི་བུ་ཅང་ཅིན་ཧའེ་ལ་སྲོག་ཁྲིམས་ཡོང་བའི་ཉེན་ཁ་ཡོད་རྒྱུ་རེད་སྙམ།

    Reply
  5. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    རྣམ་པ་ལྷན་རྒྱས་ཀྱིས་གཤམ་གསལ་དྲི་བ་ཁག་གཉིས་གཙོར་བཟུང་གིས་རང་གི་བསམ་ཚུལ་རེ་སྤེལ་རོགས།
    གཅིག ད་ལྟའི་དུས་ཚོད་འདིར་ཅང་ཙེ་མེན་ཤི་བ་ཡིན་ན་མ་འོངས་པའི་རྒྱ་ནག་གི་སྐབས་བརྒྱད་པའི་དཔོན་རིགས་གསར་བའི་འོས་འདེམས་དང་གཞུང་གི་སྲིད་ཇུས་ལས་འཆར་ཐད་ཤུགས་རྐྱེན་ཐེབས་སྲིད་མིན།
    གཉིས། ད་ལྟའི་རྒྱ་གཞུང་དཔོན་རིགས་ནང་ཁུལ་ཤོག་ཁག་བར་གྱི་ཆབ་སྲིད་འགལ་བ་གཙོ་བོ་གང་དག་ཡིན་མིན་དང་། རྒྱ་གཞུང་འཐོར་བཤིག་གི་རྒྱུ་རུ་འགྱུར་སྲིད་པའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་གང་ཆགས་སྲིད་མིན།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་མི་ཁྱི་ཤ་ཟ་མཁན་དཔོན་རིགས་ཚོར། མའོ་ལག་དམར་ཁོ་ཡང་མ་ཤི་བར་བརྩིས་ན། ཙང་ཙང་མིན་ཤི་འདུག་ལབ་ན། རྒྱ་ནག་དམར་གཞུང་ཡང་སྡུག་ཤི་ཐེབས་རྒྱུ་ཉག་ཅིག་རེད་དོ། དེ་ལས་ཁ་བཙུམ་ནས་བསྡད་ན་ཡག་ག

    Reply
  7. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    དྲ་གྲོགས་ལྷན་རྒྱས་ལགས། ཞིབ་ཏུ་བསམ་བློ་ཐོངས་དང་། ལོ་ཚད་དང་ནད་གཞི་གང་ཕྱོགས་ནས་ཅང་ཙེ་མིན་ད་ཐེངས་འདས་གྲོངས་ཡོད་ངེས་རེད། འོན་ཀྱང་རྒྱ་གཞུང་གིས་འཕྲལ་དུ་སྦེད་ཐབས་བྱེད་བཞིན་པ་འདི་བསམ་བློ་གཏང་དགོས་ས་ཞིག་ཆགས་ཡོད་པ་རེད། དེ་ནི་ད་ལྟའི་སྲིད་འཛིན་ཧོ་ཅིན་ཐོ་ཕྱོགས་གཏོགས་ཀྱིས་ཁོ་ལྐོག་གསོད་བྱས་ཡོད་པ་མིན་ནམ་སྙམ་པ་འདི་རེད། ཅང་གིས་ཉེ་སྔོན་གྱིས་ཐེངས་རྗེས་མའི་རྒྱ་གཞུང་གི་དཔོན་རིགས་ཡོང་ཕྱོགས་ལ་ཤུགས་རྒྱག་བཞིན་པར་བལྟས་ན་ད་ཐེངས་ཧོས་ཕྱོགས་གཏོགས་ཚོས་དམར་གསོད་མ་བྱས་ཐབས་མེད་ཀྱི་གནས་སྟངས་མ་ཆགས་ཞེས་ང་ཚོ་སུས་ཀྱང་བཤད་མི་ཐུབ།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨོ་ཧཧཧཧཧཧ་་་་ལྷ་མོ་སྐྱབས་ལགས་་་་་བརླབས་ཆེན་གཙོ་མཛད་མའོ་ཀྲུང་ཞིའི་ཤི་སོང་ཡང་དམར་ཕྱོགས་པ་འཐོར་མེད་པས་ཅང་ཙི་མིན་ཤི་བ་ཙམ་དམར་ཕྱོགས་པ་འཐོར་བའི་བརྡ་ཞིག་ཅང་ཡིན་རྒྱུ་མ་རེད། ཨ་ལ་རྩེད་མོ་ཡིན།

    ཅང་ཙི་མིན་ཤ་སྟངས་འདི་ལ་དོགས་གཞི་ཡོད་པའི་ཆ་མང་པོ་ཞིག་འདུག་སྙམ། དུག་སྦྲང་གིས་སོ་བརྒྱབས་ནས་ཤི་བ་རེད་ཟེར་བ་དང་་་་ཧཧཧཧཧཧ དེ་འདྲའི་དུག་སྦྲང་དེ་ངར་བ་ལ།

    ༼ཧུའུ་ཅིན་ཐའོ་ཡིས་ཐེངས་རྗེས་མའི་རྒྱ་ནག་གི་སྲིད་བློན་ལ་མཐུན་ཤོག་ཁག་གི་ལི་ཁི་ཆང་སྐོ་འཐེན་གྱི་དམིགས་ཡུལ་བཟུང་ཡོན་ནའང་། འདས་པའི་ཟླ་འགའི་སྔོན་ལ་ཅང་ཙེ་མེན་ད་ལྟའི་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དགུ་ལ་ཐུག་འཕྲད་བྱས་ཏེ། རྒྱལ་སྲས་ཤོག་ཁག་གི་ཝང་ཀྲི་ཧྲན་ཐེངས་རྗེས་མའི་རྒྱ་ནག་གི་སྲིད་བློན་དང་། པའོ་ཡེ་ལའེ་སྲིད་བློན་གཞོན་པ་དང་པོར་འདེམས་དགོས་པའི་བསམ་ཚུལ་བཏོན་ཏེ། སྐབས་རྗེས་མར་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབང་ཤུགས་ཡོངས་རྫོགས་ཁོའི་ཕྱོགས་གཏོགས་ཀྱིས་འཛིན་ཐུབ་པའི་འཆར་གཞི་གཏོང་བཞིན་ཡོད་སྟབས། གལ་སྲིད་ཅང་ཙེ་མེན་ཤི་བ་ཡིན་ན་ཐེངས་རྗེས་མའི་དཔོན་རིགས་འདེམས་སྒྲིག་ཐད་བསྐྱར་དུ་དབང་ཆ་འཐབ་རྩོད་གསར་བ་ཞིག་ཡོང་སྲིད་པ་རེད་༽ཞེས་པའི་སྐད་ཆ་ལ་དཔྱད་ན་གོང་ཁྲན་ཏང་མི་ནང་ཁུལ་དུ་ཕྱོགས་ཁ་གཉིས་ཀྱིས་གོ་གནས་འཐབ་རྩོད་ཤིག་ཡོང་བའི་རེ་བ་འདྲ་མེད་འགྲོ

    མ་ཟད་ཅང་ཙི་མེན་ཤི་སྟངས་དེ་ཡང་ཁྱད་མཚར་ཞིག་རེད། དུག་སྦྲང་ཞིག་གིས་སོ་བརྒྱབས་ནས་ཤི་པ་རེད་ཟེར་དང་་་་་རྒྱ་ནག་ཕྱི་འབྲེལ་གསར་ཁང་གི་དཔོན་རིགས་ཧུང་ཧྲི་ཡིས་གནས་ཚུལ་དེ་གོ་ཐོས་མ་བྱུང་སྐོར་བརྗོད་ཡོད་པ་སོགས་སུ་བལྟས་ན་དུག་སྦྲང་གི་བསད་པ་ཡིན་དང་ནང་ཁུལ་གྱིས་བསད་པ་ཡིན་སུ་ཡིས་བཤད་ནུས་སམ།

    ནད་པ་ལགས་་་་་་་གོང་ཁྲང་ཏང་མི་ཁྲི་ཚོ་བརྒྱད་ཀྱིས་ཕ་རྒྱུད་བུ་མཐུད་བྱས་ནས་གོ་གནས་ཟིན་བསྡད་ཀྱི་ཡོད་རེད། མ་གཏོགས་ཤེས་ཡོན་ཡོད་མེད་དང་འཇོན་སྟངས་ཡོད་མེད་བལྟ་གི་མ་རེད། གནས་ཚུལ་དེ་ལ་བརྟེན་ནས་མི་སེར་དུང་ཕྱུར་༡༣་ཡིས་སེམས་སུ་སྨྲ་ཁ་བཟོས་པ་རེད།

    ཀྲུང་གོ་རྒྱལ་ཁབ་འདི་ཏང་མི་ཁྲི་ཚོ་བརྒྱད་ཀྱི་རྒྱལ་ཁབ་ཡིན་པ་ལས་མི་དམངས་དུང་ཕྱུར་༡༣་གྱི་རྒྱལ་ཁབ་མིན་པ་ཡང་གསལ་པོ་དག་པོ་རེད། དེར་བརྟེན་ཏང་མི་ཁྲི་ཚོ་བརྒྱད་ཀྱི་ཁ་གཏད་ཏུ་མི་སེར་དུང་ཕྱུར་༡༣་ཡོད་པས་གོང་ཁྲན་ཏང་རྒྱུན་རིང་པོ་གནས་ཀྱི་ཁག་པོ་རེད་སྙམ།

    Reply
  9. ནད་པ says:
    ལོ་ 15 སྔོན།

    ཆབ་བྲག་ལྷ་མོ་ལགས་ཀྱིས་ད་ལྟའི་ཀྲུང་གོ་འདི་ཏང་གི་འགོ་ཁྲིད་ལ་རག་ལས་མེད་ཅེས་བཤད་པ་དེ་རྒྱ་ནག་གི་ཆབ་སྲིད་ཤེས་ཀྱི་མེད་པའི་སྐད་ཆ་ཞིག་ཡིན།

    སྤྱི་ལོ་ ༡༩༨༠ ཟླ་༠༡ ཚེས་ ༡༦ ཏིང་ཞའོ་ཕིན་གྱིས་མིག་སྔའི་གནས་བབ་དང་ལས་འགན་ཞེས་པའི་ཐོག་གསལ་བཤད་གཅིག་བྱས་པའི་ནང་དུ་འདི་ལྟ་སྟེ། རྒྱུན་འཁྱོངས་བཞི་ཞེས་པ་དེ་སྤྱི་ཚོགས་རིང་ལུགས་དང་། མལ་ལེ་རིང་ལུགས། འབྱོར་མེད་གྲལ་རིམ། ཏང་གི་འགོ་འཁྲིད་རྒྱུན་འཁྱོངས་བཅས་ཡིན་ལ་དེའི་ནང་དུ་ཏང་གི་འགོ་ཁྲིད་རྒྱུན་བྱེད་རྒྱུ་ནི་ལྟེ་བའི་སྲོག་ཤིང་ཡིན་ཞེས་བཤད་ནན་བཤད་བྱས་ཡོད།

    སྐབས་དེའི་ཚང་འཛོམས་གྲོས་ཐོག་ཁྲེན་ཡུན་གྱིས་བཤད་པའི་གཏམ་བཤད་ལས་ཀྱང་གུང་ཁྲན་ཏང་མེད་ན་ཀྲུང་གོའི་སྤྱི་ཚོགས་རུང་ལུགས་དང་། ཆབ་སྲིད་བརྟན་ལྷིང་། དཔལ་འབྱོར་འཛོགས་སྐྲུན། དངོས་པའི་དཔལ་ཡོན། བསམ་པའི་དཔལ་ཡོན། བཅོས་བསྒྱུར་སྒོ་འབྱེད་སོགས་ཡོང་ཐབས་ཐབས་མེད་ཅེས་བཤད་ཡོད།

    ད་དུང་ཏིང་ཞའོ་ཕིན་གྱིས་མའོ་ཙེ་ཏུང་གིས་མི་ལ་སྙིང་སྟོབས་ཏོག་ཙམ་དགོས་ཀྱི་རེད། ཅེས་གསུངས་གནང་བ་མ་ཟད་ལོ་ངོ་ ༥༠ རིང་ཁྲག་དྲི་བྲོ་བའི་དམག་ཐབས་དང་། འཐབ་རྩོད། ལེ་བར་ཉི་ཁྲི་བརྒྱད་སྟོང་གི་རྒྱང་བསྐྱོད་དང་། གུན་མིན་ཏང་གི་དམག་དཔུང་ཁྲི་ཚོ་མང་པོ་ལས་རྣམ་པར་བརྒྱལ་ཏེ་གུང་ཁྲན་ཏང་རྩ་འཛུགས་བྱེད་ཐུབ་མཁན་ནི་ང་ཚོའི་ཏང་མ་གཏོགས་མེད་ཅེས་གསལ་བཤད་བྱས་ཡོད།

    ཉེ་བའི་ཆར་ལོ་ ༩༠ འཁོར་བའི་སྐབས་སུ་ཝུ་ཅིན་ཐོའི་ཡིས་ཀྱང་ཏིང་ཞའོ་ཕིན་གྱིས་བཏོན་པའི་བཅོས་བསྒྱུར་སྒོ་འབྱེད་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སོགས་ཀྱི་གནད་འགག་མང་པོ་གསལ་བཤད་བྱས་ཡོད།

    ཐེངས་འདིར་ཅང་ཙེ་མིན་ན་ནས་ཤི་བའི་གནས་ཚུལ་ཐོན་ནའང་གུང་ཁྲན་ཏང་ལ་དཀའ་ངལ་འཕྲད་དེ་ཏང་འཐོར་ཞིག་ཏུ་འགྲོ་རྒྱུ་སོགས་གང་ཡང་མེད། གང་ཡིན་ཟེར་ན་ལོ་ ༩༠ འཁོར་བའི་སྐབས་འདིར་ང་ཚོའི་ཏང་འདི་ཏང་ཡོན་ཁྲི་ཚོ་ ༨༠ ལྷག་ཡོད་པ་མ་ཟད་ཏང་གི་རྩ་འཛུགས་དང་འཛམ་གླིང་ནང་མི་འབོར་ དུང་ཕྱུར་ ༡༣ ལྷག་ཡོད་པའི་ཏང་གི་རྩ་འཛུགས་ཆེ་ཤོས་གྲས་ཤིག་ཡིན་ཞེས་གལས་བཤད་ཐིལ་ཕྱིན་བྱས་ཡོད།

    རྒྱ་ནག་གིས་བོད་ཀྱི་༸ གོང་ཏྰ་ལའི་བླ་མ་མཆོག་སྐུ་གཤེགས་རྒྱུའི་རེ་བ་དང་། བོད་པས་ཅང་ཙེ་མིན་སོགས་ཏང་གི་འགོ་ཁྲིད་འགའ་ཤས་སྐུ་གཤེགས་རྒྱུའི་རེ་བ་བཅངས་པ་དེར་དོན་དངོས་ཐོག་ཕན་ཚུན་གཉིས་ཀས་ཅོལ་ཆུང་གི་བསམ་བློ་གཏོང་བཞིན་ཡོད་པ་རེད།

    ཡིན་ནའང་ཁ་གསལ་པོར་བཤད་ན་བོད་ཀྱི་བླ་ན་མེད་པའི་༸ གོང་ས་མཆོག་སྐུ་གཤེགས་པའི་གནས་ཚུལ་བྱུང་ན་བོད་མི་རིགས་འདིའི་ད་ལྟའི་གནས་བབ་ལ་ནམ་ཡང་ཁ་གསོབ་བྱེད་ཐབས་མེད་པའི་གྱོང་གུན་ཚངས་ཆེན་ཞིག་དང་། བོད་མིའི་སེམས་ཤུགས་དང་། ཆིག་བསྒྲིལ། ནུས་ཤུགས་སོགས་ཕྱོགས་གང་ས་ནས་ཉམས་ཉེས་སུ་འགྲོ་རྒྱུ་དངོས་ཡོད་གནས་ཚུལ་ཞིག་ཡིན་ཡང་རྒྱ་ནག་གི་ཅང་ཙེ་མིན་སྐུ་གཤེགས་ན་རྒྱ་ནག་སྟོབས་ཆེན་འདིའི་ཆབ་སྲིད་དང་དཔལ་འབྱོར་སྤྱི་ཚོགས་སོགས་ལ་དེ་ཙམ་གྱིས་ཕམ་ཉེས་འགྲོ་རྒྱུའི་གནད་དོན་མེད།

    Reply
  10. རྒྱ་རྙི། says:
    ལོ་ 15 སྔོན།

    བོད་ཀྱི་ཤ་ཁྲག་མཐུང་མཁན་གྱི་སྤྱང་རྒན་ཞིག་གི་ཅེ་ཉུང་དུ་སོང་ན། ངོ་མ་སྤྲོ་བ་ཞིག་རེད།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཅང་ཙེ་མིན་གྲོངས་ན་གསང་བ་བྱ་དགོས་དོན་ཅི་ཡོད། གཞུང་འབྲེལ་གྱི་མྱ་ངན་ལོས་ཞུ།
    དམར་དཔོན་གང་ཞིག་གྲོངས་པ་ལས་དམར་དཔོན་གང་ཞིག་བཀྲོངས་པའི་གནས་ཚུལ་བྱུང་ན་དེ་ནི་དམར་པོའི་དར་ཆའི་འཇིག་ཉེན་དང་འབྲེལ་བའི་བརྡ་ཞིག་ཡིན། ཏང་ལོ་༩༠བར་ཧུའུ་ཅིན་ཐོས་ཏང་དག་ཐེར་ཐད་ཀྱི་གནད་དོན་མི་ཉུང་བ་ཞིག་ཁ་གསལ་བོར་བཤད་པ་དངོས་ཐོག་བདེན་འཚོལ་གྱི་ཆ་ཤས་ཤིག་རེད། འོན་ཀྱང་དོན་དངོས་སུ་ཏང་ཡོན་བྱེ་བ་བདུན་གྱི་ནང་ལ་མི་དམངས་ཀྱི་ཏང་ཡོན་ངོ་མ་ཧ་ཅང་ཉུང་བས་ཏང་གི་སྐྱེས་སྐར་ལ་དགའ་བསུའི་རྣམ་པ་ཇི་ལྟར་སྟོན་ཐབས་བྱས་ཀྱང་ཏང་གི་ཚེ་སྲོག་གི་འཇིག་ཉེན་འདི་སྐྱོབ་ཐབས་བྲལ་བ་ཞིག་ཆགས་ཡོད།
    ད་ལྟའི་ཆར་ཀྲུང་གོ་འདི་ཏང་གི་འགོ་ཁྲིད་ལ་རག་ལས་མེད། གཅིག་ནས་དམག་དཔུང་དང། གཉིས་ནས་རྒྱ་རིགས་ཆེན་པོའི་རིང་ལུགས་གཉིས་ལ་བརྟེན་ནས་ཡོད། དེས་ན་ང་ཚོའི་དམག་འཐབ་ཀྱི་གནད་དོན་གཙོ་བོ་གང་ལ་ཐུག་པ་ཤེས་སམ།

    Reply
  12. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅུང་ཙམ་མིན་སྐུ་གཤེགས་དུས་ཐུགས་དམ་ཏིང་ངེ་འཛིན་ལ་བཞུགས་འདུག་ཟེར། ད་དུང་ཏིང་ངེ་འཛིན་ནས་གྲོལ་མི་འདུག་པས་རྒྱ་གཞུང་གིས་རེ་ཞིག་ཁོང་ཤི་མེད་ཚུལ་བརྗོད་དེ་གསང་བ་བྱས་བ་རེད།

    Reply
  13. འཇམ་བཟང་། says:
    ལོ་ 15 སྔོན།

    སྙིང་རྗེ་་་་་་་་་་་་་་་་་་་་་་
    ནམ་འཆི་དུས་ལ་ངེས་པ་མེད། །
    སྐྱེ་བའི་མཐའ་མ་འཆི་བ་ཉིད། །
    མི་རྟག་སྒྱུ་མའི་མི་ཡུལ་འདི། །
    མ་འཆི་སུ་ཡང་འདུག་ས་མེད། །
    ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ
    འཕགས་མཆོག་ཕྱག་ན་པད་མོའི་ཐུགས་རྗེ་ཡིས། །
    བྱང་ཆུབ་སེམས་ཀྱི་སེམས་མཆོག་རབ་བསྒོམས་ནས། །
    རྒྱ་དམར་གཞུང་གི་མགོ་འཛིན་མིང་ཅན་པ། །
    དག་པའི་ཞིང་དུ་འདེྲན་པའི་གསོལ་བ་འདེབས། །
    བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །
    མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག། །
    སྐྱེས་པ་ཉམས་པ་མེད་པ་ཡང་། །
    གོང་ནས་གོང་དུ་འཕེལ་བར་ཤོག་་་་་་་་་་་་་་་་་་་་་་་

    Reply
  14. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ངོ་མ་སྐྱེ་བའི་མཐའ་མ་འཆི་བ་ཟེར་པ་འདི་འདྲ་ཞིག་རེད་ད་ལྟ་བར་དུ་ལས་རྒྱུ་འབྲས་རྣོག་ནས་ད་བར་མི་ཚེ་སྐྱེལ་བ་རེད་དེ་རིང་ནས་འཇུག་རྫོགས་པ་རེད་ཧ་ཀྱང་ཐབ་སྐྱོ་བོ་རེད་སྙིང་རྗེ་རེད།

    Reply
  15. ཨ་རེ་སྒུག says:
    ལོ་ 15 སྔོན།

    ཅང་ཙེ་མིན་འདས་གྲོངས་སུ་ཕྱིན་པ་ནི་མི་རྟག་པའི་ཆོས་ཉིད་རེད། ཡིན་ན་ཡང་དེ་ལ་ནངཔ་ཞིག་ཡིན་པའི་ཆ་ནས་སྨོན་ལམ་ངན་པ་འདེབས་པ་དེ་ནོར་འཁྲུལ་རེད

    Reply
  16. མངའ་རིས་བུ། says:
    ལོ་ 15 སྔོན།

    སྐྱེས་ནས་འཆི་བའི་རང་བཞིན་ཏེ།
    མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།
    རྒྱ་མི་ཞིག་ཤི་རྒྱུར་སྒུགས་ནས་ཕན་ཐོགས་མེད།
    དེ་ལས་རང་གིས་འཇོན་ཚོད་ཀྱིས་བདེན་མཐའ་ལ་འབོད།

    Reply
  17. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    སྙིང་རྗེ་བདེ་བ་ཅན་དུ་སྐྱེ་བར་ཤོག

    Reply
  18. ཇ་མ་ says:
    ལོ་ 15 སྔོན།

    ཧོང་ཀོང་གི་ATVཡིས་བསྒྲགས་པའི་གསར་འགྱུར་དེ་ནི་ཕལ་ཆེར་བདེན་པ་མི་པ་འདྲ།

    Reply
  19. ཅང་མེད། says:
    ལོ་ 15 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུྃཿ ཐར་ལམ་ཐོབ་པར་ཤོག ང་ཚོའི་བདེ་སྡུག་ཁྱེད་ཀྱིས་ཕྱི་མའི་ཡུལ་ནས་མྱོང་བར་ཤོག ཧ་་་ཧ་་་ཧ་་ཅང་ཚི་མེན་་་་ལག་གཉིས་ཐལ་མོ་སྦྱར་ནས་དགའ་བསུ་ཞུ།

    Reply
  20. ཤིང་ལོ། says:
    ལོ་ 15 སྔོན།

    སྐྱེས་པའི་ཐ་མ་འཆི་བ། དེ་ཧོ་ཅིན་ཐོ་ཡིན་ན་འགྲིགས་ཡོད། ཅང་ཡིན་ནའང་མ་འགྲིགས་པ་མེད། ད་བར་མི་དགེ་བ་རྐྱང་རྐྱང་བྱས་བསྡད་པ་རེད། སྐྱེ་བ་རྗེས་མར་ང་ཚོར་ངེས་པར་དུ་ཁྲག་དང་། རོ་སྐྱིན་སྟེར་དགོས།

    Reply
  21. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    འོ་ད་ཡིན་ན། ཁོང་དམྱལ་ཁམས་བཅོ་བརྒྱད་ནས་སྐྱེ་བར་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese