མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུ་འཕར་མའི་གྲུབ་འབྲས།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབུས་གཙང་སྤྱི་འཐུས་ཀྱི་འོས་བསྡུ་འཕར་མའི་སྔོན་འགྲོའི་གྲུབ་འབྲས་གསལ་བསྒྲགས་བྱས་པར། ཨང་དང་པོ་ཟླ་བ་ཕུན་སྐྱིད་ལགས་སུ་འོས་གྲངས་ ༣༦༩༡ དང་། ཨང་གཉིས་པ་འཇིགས་མེད་འབྱུང་གནས་ལགས་སུ་ ༣༡༥༦ ། ཨང་གསུམ་པ་ཨོ་རྒྱན་བསྟན་འཛིན་ལགས་སུ་ ༢༤༨༦ བཅས་རེད།

དེ་རིང་ཞོགས་པ་ཆུ་ཚོད་ ༡༠ བའི་ཐོག་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལྷན་ཁང་གིས་སྐབས་བཅོ་ལྔ་པའི་དབུས་གཙང་སྤྱི་འཐུས་འོས་བསྡུ་འཕར་མའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན། ཟླ་སྔོན་མའི་ཚེས་ ༡༩ ཉིན་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ཏུ་ཉིན་བརྒྱ་དུས་གཅིག་ལ་འོས་བསྡུ་འཕར་མའི་སྔོན་འགྲོ་བླུགས་ཡོད་ཅིང་། ཐེངས་འདིའི་སྔོན་འགྲོའི་འོས་གཞིའི་ནང་ས་གནས་ཁག་ ༥༦ ཙམ་ནས་དེབ་སྐྱེལ་བྱེད་མཁན་ ༤༥༨༧༤ བྱུང་ཡོད་པའི་ཁྲོད། དངོས་སུ་ཆ་ཤས་ལེན་མཁན་ ༡༥༤༥༥ བྱུང་སྟེ། མཐར་འོས་མི་ ༡༠ སྐབས་བཅོ་ལྔ་པའི་དབུས་གཙང་སྤྱི་འཐུས་སུ་བདམས་ཐོན་བྱུང་འདུག་ལ། དེ་དག་ལས་ཟླ་བ་ཕུན་སྐྱིད་ལགས་སུ་ ༣༦༩༡ དང་།  འཇིགས་མེད་འབྱུང་གནས་ ༣༡༥༦།  ཨོ་རྒྱན་བསྟན་འཛིན་ ༢༤༨༦།  པདྨ་རྡོ་རྗེ་ ༡༦༩༣།  ཆེ་བརྟན་ནོར་བུ་ ༡༤༡༥།  རིན་ཆེན་ཚེ་རིང་ ༡༣༦༣།  ཚེ་རིང་དབང་ཕྱུག་ ༡༣༣༥།  བསོད་ནམས་བཟང་པོ་ ༡༡༧༩།  སྒོ་དྲུག་སྐལ་བཟང་ཕུན་ཚོགས་ ༡༠༡༥།  བྱ་ཉང་ཚེ་རིང་ལྷ་སྐྱབས་ ༩༨༧ བཅས་ཡིན་འདུག  

གསར་འགོད་ལྷན་ཚོགས་ཐོག་དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་བརྗོད་པ་ལྟར་ན། གོང་གསལ་འོས་མི་བཅུ་ལས་ ༤ དངོས་གཞིའི་འོས་མིར་བདམས་འཆར་ཡོད་འདུག ཐེངས་འདིར་འོས་བསྡུའི་ནང་དེབ་སྐྱེལ་བྱེད་མཁན་མང་པོ་བྱུང་ཡོད་ནའང་། འོས་བསྡུའི་ཆ་ཤས་དངོས་སུ་ལེན་མཁན་དེ་ཙམ་བྱུང་མེད་སྟབས། མ་འོངས་པའི་དངོས་གཞི་འོས་བསྡུ་སྐབས་མང་ཚོགས་ནས་སྔར་ནས་དོ་སྣང་བྱ་དགོས་སྐོར་བརྗོད་ཡོད། དངོས་གཞི་འོས་བསྡུའི་ཉིན་མོ་དེ་དང་ཐོག་ཕྱི་ཟླ་ ༩ པའི་ཚེས་ ༡༡ ཉིན་གཏན་འཁེལ་བྱས་ཡོད་ཀྱང་། འདེམས་ཐོན་སྤྱི་འཐུས་གཉིས་ཕྱི་ཟླ་དགུ་པའི་གྲོས་ཚོགས་སུ་བཅར་རྒྱུར་དམིགས་ཏེ། ཕྱི་ཟླ་ ༩ ཚེས་ ༤ ཉིན་སྔ་བསྣུར་བྱས་ཡོད་ཟེར།  

གསར་འགོད་པ། དཔལ་ལྡན།          

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༦ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༧ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༧ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༨ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 6

  1. ཨ་ལ་ལ says:
    ལོ་ 15 སྔོན།

    ཟླ་བ་ཕུན་སྐྱིད་ལ་བཟོ་ལྟ་གལ་ཡོད་པ་མ་རེད། ཁོས་གོ་སྐབས་འདྲ་མིན་དམ་འཛིན་བྱས་ནས་སྔོན་འགྲོའི་འོས་ཤོག་ཆེད་བདེ་ལེགས་སྨན་ཁང་གི་ལས་འཆར་ལ་འགྱུར་བ་བཏང་ནས་སྔ་བསྣུར་གྱིས་ལ་དྭགས་སོགས་ཡུལ་གྲུ་འགའ་ཞིག་ལ་གཞུང་གི་འགྲོ་གྲོན་དང་གོ་སྐབས་བེད་སྤྱད་ནས་རང་དོན་བསྒྲུབས་པ་གསལ་པོ་རེད་འདུག རྒྱ་ཆེའི་སྤུན་ཟླ་ཚོ་ཡིད་མ་ཆེས་ན་བདེ་ལེགས་སྨན་ཁང་གི་ལས་འཆར་ལ་ཞིབ་འཇུག་བྱོས་དང་ཁ་གསལ་ཆགས་ཡོང་། ད་བར་དུ་ཁ་ཕྱོགས་གསལ་པོ་མེད་པརཨ་ཁུ་་ཁྲོ་ཐུང་ངོ་མ་བྱས་ནས་བསྡད་པ་ལས་ངོ་གདོང་དམར་བརྗེན་དེ་ད་དུང་ཡང་གསལ་པོར་རྟོགས་ཐུབ་མེད་པ་རེད། འོས་བསྡུ་ཆེན་མོའི་སྐབས་ཁོང་ལ་བརྒྱ་ཆ་མ་ལོངས་པ་དེ་ཡང་མི་དམངས་ཀྱིས་གནས་ཚུལ་རོབ་ཙམ་ཤེས་པས་ཡིན། ད་ཐེངས་འདི་འདྲ་ཆགས་པ་ནི་གོང་ཞུས་ཀྱི་ས་གནས་འགའ་ཞིག་ལ་ཆེད་བསྐྱོད་ཀྱིས་ཟློས་གར་འཁྲབ་ནས་བྱུང་བ་ཞིག་རེད། དངོས་གནས་སྤྱི་དོན་ལ་བསམས་ནས་འོས་བླུག་འདོད་ཡོད་ན་ཨོ་རྒྱན་བསྟན་འཛིན་དང་འཇིགས་མེད་འབྱུང་གནས་གཉིས་ལ་བླུག་ན་བྱས་རྗེས་ཡོད་མཁན་གཉིས་རེད་འདུག

    Reply
  2. ནགས་མཚོ says:
    ལོ་ 15 སྔོན།

    མི་གྲངས་མང་བའི་དབུས་གཙང་ཆོལ་ཁའི་མི་༣༠༤༡༩ག་བ་ཕྱིན་པ་ཡིན་ན་ཡང་བོད་དོན་ལ་སེམས་ཤུག་མེད་པ་ཡིན་ནམ་ཡང་ན་དབུས་གཙང་ཆོལ་ཁ་ལ་སྤྱི་མཐུན་བརྒྱད་ལས་མི་དགོས་པ་ཡིན་ཡང་སྲིད་གང་རྟལ་བོད་གཞུང་གི་སྒོར་མོ་ཆ་ཚང་ཚར་སོང་

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ཨ་ཁྱེད་མཚར། དེབ་སྐྱེལ་བྱེད་ངེས་ལས་དངོས་དུ་འོས་བླུགས་ངེས་བརྒྱ་ཆ་སུམ་ཅུ་སོ་གསུམ་ལྷག་ཙམ་ལས་མི་འདུག
    འདིའི་འོས་དངོས་གཞིའི་སྐབས་འོས་ཐོབ་པ་ཚོར་སྤྱི་འཐུས་ཀྱི་སྤྱིའི་བརྒྱ་ཆ་མ་ལོང་པའི་ཉེན་ཁ་མེད་པ་རེད་མི་འདུག་པས། སྐབས་དེ་དུས་ག་རེ་བྱ་རྩིས་ཡོད་ན།

    Reply
  4. གཟི་མིག་༣པ says:
    ལོ་ 15 སྔོན།

    ད་རེས་དབུས་གཙང་འོས་འཕར་མའི​་འོས་གྲངས་གཉིས་ནས་གཅིག་སྨན​་སྩིས་སློབ་དཔོན་སྨན་རམས་པ་​པདྨ་རྡོ་རྗེ་ལགས་སུ་དབུས་གཙ​ང་བོད་མི་ཡོད་དོ་ཅོག་ནས་འོས​་ཐོབ་པ་གནང་ཐུབ་ན་བཙན་བྱོལ་​སྤྱི་ཚོགས་ཀྱི་འཕྲོད་བསྟེན་​དང་ཡངས་དགོས་བོད་ཀྱི་སྨན་རྩིས​་གཉིས་་ཀྱི་གཞུང་འདི་འཛམ་​གླིང་སྡེང་ཆར་ཟེངས་སུ་སྟེགས​་ཐུབ་པའི་རེ་བ་ཆེན་པོ་ཡོད་བོད་མི་ཚངས་མས་སྐྱོན་དང་ཡོན​་ཏན་གཉིས་ཀ་ལྟས་ཏེ་འདམས་ཆ་བྱ་དགོས་པ་ལས་སྐྱོན་ཁོ་ན་གཟི​གས་ན་ནོར་བ་རེད་་་་་་་སྐྱོན​་མེད་ཀྱི་གང་ཟག་ནི་ཡོང་མི་སྲིད་དོ་

    Reply
  5. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    ཟླ་བ་ཕུན་སྐྱིད་དང་། ཨོ་རྒྱན་བསྟན་འཛིན་རྣམ་གཉིས་དྲག་ཤོས་རེད་འདུག་བསམ་བྱུང་།

    Reply
  6. འབྲོག་པ་དཀར་ཆེན། says:
    ལོ་ 15 སྔོན།

    བོད་ཆས་ཙམ་ཡང་མི་གྱོན་མཁན་འདི་བོད་བསྟན་པ་ཆབ་སྲིད་ཀྱི་ལས་ཀ་ཞིག་འགྲུབ་རྒྱུུ་ཕལ་ཞོག་ངོ་མ་ཞབས་འདྲེན་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese