རྔ་པ་ཀིརྟི་དགོན་པའི་གྲྭ་དོན་ཡོད་རྡོ་རྗེ་ལགས་སུ་རྒྱ་གཞུང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟ་སི་ཁྲིན་མེན་ཡཱང་ཞེས་པའི་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག
གྲྭ་དོན་ཡོད་རྡོ་རྗེ་ལགས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༨ ཉིན་དགོན་པའི་ནང་འཛིན་བཟུང་བྱས་ཡོད་ཅིང་། སྐབས་དེ་ནས་ཡུན་རིང་ཞིག་ལ་ཁོང་གི་ནང་མི་གཉེན་ཉེ་ཚོས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་དང་། ཁོང་རྔ་པ་རྫོང་གཅའ་ཞང་རྭ་བའི་དཔལ་ཁོ་ཚང་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༣༤ དང་ཕ་མིང་ལ་དཔལ་ཁོ་ཟེར། ཐེངས་འདིར་ཁོང་ལ་ཁྲིམས་ཐག་གཅད་པའི་ས་གནས་དང་དུས་ཚོད། ཉེས་འཛུགས་ཅི་ཞིག་བྱས་ཡོད་པ་སོགས་ཤེས་རྟོགས་ཐུབ་མེད་པ་དང་། གཞན་ཡང་ཕོ་གསར་གསུམ་ལ་ཁྲིམས་ཐག་བཅད་དེ་མེན་ཡཱང་སུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་འདུག་ཀྱང་ཁོང་རྣམས་ཀྱི་མིང་དང་ལོ་སོགས་ཀྱང་ཤེས་རྟོགས་ཐུབ་མི་འདུག
དེང་སྐབས་རྔ་པ་རང་སྐྱོང་ཁུལ་གྱི་རྫོང་ཁག་གཞན་གྱི་ལས་བྱེད་ ༣༠༠ ཙམ་དང་། རྔ་པ་རྫོང་ཁོངས་ཀྱི་ལས་བྱེད་ ༣༠༠ ལྷག་བཅས་ཉིན་མཚན་གཉིས་ཀར་ཀིརྟི་དགོན་པའི་ནང་བསྡད་དེ་ཉིན་ལྟར་གྲྭ་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་སློབ་གསོ་ཟེར་བ་མུ་མཐུད་སྤེལ་བཞིན་ཡོད་ཅིང་། དགོན་པའི་ཕྱི་ཡོངས་སུ་དམག་མི་དང་ཉེན་རྟོག་པས་ལྟ་རྟོག་ནན་མོ་བྱས་ཏེ། དགེ་འདུན་པ་རྣམས་ཀྱི་འགྲོ་འདུག་ཙམ་ལས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡོངས་བཀག་སྡོམ་བྱས་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།
མཆན་འདེབ་མཁན་ཚོས་ཀི་བཏབ། དཀོན་མཆོག་ལ་གསོལ་བ་རེ་བཏབ་འདི་ཚོ་ཅི་རེད། འཁོར་ཡུག་འདིའི་སྤྱོད་སྒོ་མ་རྟོགས་པ་འདྲ། འོན་ཀྱང་ང་ལ་འགྲེལ་རྒྱག་ཁོམ་མེད། གཙོ་བོ་ལས་འགུལ་སྤེར་བའི་ཐབས་དང་། དེ་ཡང་ད་སྐབས་དམར་པོའི་སྲིད་གཞུང་རང་གིས་ལག་སྟར་ལ་འབེབ་བཞིན་པའི་ཁྲིམས་ལུགས་ནང་ན་ང་ཚོའི་རྩ་དོན་སྒྲུབ་པའི་ཆ་རྐྱེན་ཡོད་ངེས་པའི་དེ་ཚོ་ཚུར་བཏོན་ཏེ་ངོ་སྤྲོད་རེ་ཐུབ་ན་དགེ་ཕན་ཤུན་ཏུ་ཆེ་བར་སེམས་སོ།།
བླ་མ་མཁྱེན་གནས་ཚུལ་དེ་མ་འོངས་པར་ཅེ་ལེགས་འགྲོ་བའི་སྨོན་འདུན་ཡོད།
བོད་ནང་གི་བོད་མི་ཚོར་རྒྱ་དམར་སྲིད་གཞུང་ནས་ཐུབ་ཚོད་ཇི་འདྲ་གཏོང་བཞིན་འདུག ཀེ་ཧུད། བཙན་བྱོལ་ནང་ཡོད་པའི་བོད་མི་ཡོངས་ནས་སྔར་ལྷག་སྤྱི་དོན་ཐོག་ལྷག་བསམ་དང་རྡོག་རྩ་ཆིག་བསྒྲིལ་གནང་སྟེ་གྲ་ཕྱོགས་ལ་ཁ་གཏད་བཅོག་དགོས་པའི་གནས་ཚུལ་ཛ་དྲག་ཆགས་ཡོད་པས། ཚང་མས་སོ་སོའི་བལྟོ་གོས་ཙམ་ལ་མགོ་མ་འཐོམ་ནས་མ་བཞུགས་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། བོད་རྒྱལ་ལོ།
དྲ་རྒྱའི་མཐུད་ས་ནི་http://xizang.cn/news/index/xzyw/201107/t20110718_1107140.htm ཡིན། དེ་སྔོན་བཀོད་རྒྱུ་བརྗེད་འདུག་པས་དགོངས་དག་ཞུ།