མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པོ་ཏ་ལའི་འཇིམ་བཟོའི་སྣང་བརྙན།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་གངས་སྐྱིད་དཔེ་མཛོད་ཁང་དུ་བོད་རིགས་བློ་གྲོས་བཟང་པོ་ལགས་ཀྱིས་བཞེངས་སྐྲུན་གནང་བའི་པོ་ཏ་ལའི་འཇིམ་བཟོའི་སྣང་བརྙན་གསུམ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་བྱེད་གནང་སོང་། 

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། བོད་རིགས་སྒྱུ་རྩལ་པ་བློ་གྲོས་བཟང་པོ་ལགས་ཀྱིས་གསར་བཞེངས་ལེགས་འགྲུབ་ཟིན་པའི་ཕོ་བྲང་པོ་ཏ་ལའི་འཇིམ་བཟོའི་སྣང་བརྙན། རྒྱུ་ཆ་སྤོས་དཀར་ལས་གྲུབ་ཅིང་ལྗིད་ཚད་ལ་སྤྱི་རྒྱ་ ༢༥ ཙམ་ཡོད་པ། པོ་ཏ་ལའི་རྒྱབ་མདུན་གཉིས་དང་མདུན་དང་ཟུར་སོགས་ཀྱི་བཀོད་པ་ཆ་ཚང་ཡོད་པའི་འཇིམ་བརྙན་གསུམ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་སོང་། འཇིམ་བརྙན་འདི་ཐོག་མ་ ༢༠༠༥ ལོར་མགོ་འཛུགས་གནང་ཡོད་ཅིང་། ལས་གཞི་འདིའི་ཇུས་འགོད་དང་འགན་འཁུར་བ་བློ་གྲོས་བཟང་པོ་ལགས་ཀྱིས་བཞེས་ཤིང་། རྒྱ་གར་འཇིམ་བཟོ་ལག་རྩལ་པ་ཁག་ཅིག་གིས་འཇིམ་བཟོའི་ལས་དོན་བསྒྲུབས་ཡོད་འདུག  

པོ་ཏ་ལའི་འཇིམ་བཟོའི་སྣང་བརྙན་ལས་དོན་འདིའི་ཐད་མཁས་དབང་ཁག་ཅིག་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། ས་སྐྱ་བདག་རིན་པོ་ཆེ། དཔལ་རྒྱལ་བ་ཀརྨ་པ་མཆོག་བཅས་ལ་དགོངས་འཆར་ལམ་སྟོན་ཞུས་ཤིང་། ༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་པ་བརྒྱུད་སྤོས་དཀར་གྱི་རྒྱུ་ཆ་ཁོ་ན་ལས་བཞེངས་སྐྲུན་གནང་པ་ཞིག་ཡིན་འདུག ཐེངས་འདིར་པོ་ཏ་ལའི་འཇིམ་བཟོའི་སྣང་བརྙན་གསུམ་བཞེངས་ཡོད་པ་ལས་གཅིག་༧གོང་ས་མཆོག་ལ་འབུལ་འཆར་ཡོད་པ་དང་། གཞན་གཉིས་རྣམ་རྒྱལ་གྲྭ་ཚང་དང་བཀའ་ཤག་ལ་འབུལ་རྒྱུ་ཡིན་འདུག

དབུ་འབྱེད་མཛད་སྒོའི་ཐོག་བཀའ་ཁྲི་མཆོག་གིས་ “ད་སྔ་པོ་ཏ་ལའི་འཇིམ་བཟོའི་སྣང་བརྙན་བཟོ་མཁན་མང་པོ་ཡོད་ཀྱང་ཆ་ཚང་པ་ཞིག་ད་ལྟའི་བར་བྱུང་མེད། ལོ་མང་རིང་དཀའ་ལས་བརྒྱབ་སྟེ་པོ་ཏ་ལའི་སྣང་བརྙན་ཇི་མ་ཇི་བཞིན་ཞིག་འཇིམ་བཟོ་གནང་ཐུབ་པ་འདི་ཐེངས་དང་པོ་རེད། འོན་ཀྱང་། པོ་ཏ་ལའི་སྣང་བརྙན་འདི་ང་བརྒྱད་ཀྱི་སྔོན་དང་རྗེས་སོགས་དུས་ཚིགས་གང་འདྲ་ཞིག་ལ་གཞི་བཅོལ་ཡོད་མེད་ཀྱི་ལོ་ཚིགས་གསལ་བོར་བཟོས་ཡོད་པ་ཡིན་ན་ཡག་པོ་ཡོང་གི་རེད། ” ཅེས་གསུངས་སོང་།



ལས་གཞི་འདི་ཐོག་མར་དབུ་འཛུགས་སྐབས། བཀའ་ཁྲི་མཆོག་གིས་པོ་ཏ་ལའི་སྣང་བརྙན་འཇིམ་བཟོ་དང་ལྷན་དུ་པོ་ཏ་ལའི་ལོ་རྒྱུས་རྒྱས་འབྲིང་བསྡུས་གསུམ་ཞིག་ཕྱོགས་བསྒྲིགས་ཐུབ་ན་ལེགས་པའི་དགོངས་འཆར་བཏོན་ཡོད་པ་ལྟར། ༢༠༠༩ ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་པོ་ཏ་ལའི་ལོ་རྒྱུས་ཕྱོགས་བསྒྲིགས་མགོ་འཛུགས་གནང་ཡོད་པ་དང་། དེ་ལ་རྒྱས་འབྲིང་བསྡུས་གསུམ་དུ་དབྱེ་སྟེ། རྒྱས་པར་ཤོག་ངོས་ ༡༠༠༠ ལྷག་དང་འབྲིང་པར་ཤོག་ངོས་ ༡༠༠ ལྷག བསྡུས་པ་དེ་གཙོ་བོ་སློབ་ཕྲུག་དང་བྱིས་པར་དམིགས་ཏེ། པར་རིས་དང་ལྷན་དུ་ངོ་སྤྲོད་ཡོད་པ་ཞིག་རྩོམ་སྒྲིག་གནང་བཞིན་ཡོད་འདུག  

ལོ་རྒྱུས་ཕྱོགས་སྒྲིག་པ་གྲྭ་ཐུབ་བསྟན་ལགས་ཀྱིས་ “པོ་ཏ་ལའི་ལོ་རྒྱུས་ཕྱོགས་བསྒྲིགས་འདིའི་ཐད་དཔྱད་གཞིའི་དཔེ་དེབ་ ༡༢༠ ཙམ་བཀླགས་པ་ཡིན། ད་སྔ་༧གོང་ས་མཆོག་གི་བཀའ་སློབ་སོགས་དཔེ་དེབ་མང་པོ་ཞིག་ཕྱོགས་བསྒྲིགས་བྱས་མྱོང་ཡང་། ད་ཐེངས་དཔྱད་གཞིའི་ཡིག་ཆ་དང་དུས་ཡུན་སོགས་གང་ཅིའི་ཐད་ནས་དཀའ་ངལ་གང་མང་ཞིག་འཕྲད་སོང་” ཞེས་བརྗོད་བྱུང་།

སྒྱུ་རྩལ་པ་བློ་གྲོས་བཟང་པོ་ལགས་ཀྱིས་མ་འོངས་པར་མུ་མཐུད་པོ་ཏ་ལའི་སྣང་བརྙན་འཇིམ་བཟོའི་ལས་དོན་སྒྲུབ་འཆར་ཡོད་པ་དང་། འཇིམ་བཟོ་དེ་དག་ཚོང་བསྒྱུར་བྱ་རྒྱུ་མ་ཡིན་པར་བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཏང་སྟེ། བོད་ཀྱི་མཚོན་དོན་དང་བོད་མིའི་བློ་གྲོས་ཉིང་བཅུད་ཀྱི་དྲན་རྟེན་ཆེད་དུ་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག   

ཞིབ་ཕྲའི་གནས་ཚུལ་ཕྱི་ཟླ་ ༨ ཚེས་ ༡༠ ཉིན་འདོན་སྤེལ་བྱ་འཆར་གྱི་བོད་ཀྱི་དུས་བབ་ཚགས་ཤོག་ལ་གཟིགས་པར་ཞུ།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 3

  1. གྲགས་བསོད་ says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་རྒྱུ་རྩལ་བ་འདི་འདྲ་བྱུང་ན་ཡང་འགྲིགས་གི དམིགས་ཡུལ་གང་མེད་པའི་སྲང་ལམ་ཁག་ཏུ་ཆོ་ཉིལ་བྱེད་པའི་གཞོན་རབས་པ་ཚོས་འདི་དག་ལ་མིག་ལྟོས་བྱེད།

    Reply
  2. འཇམ་ཚུལ། says:
    ལོ་ 15 སྔོན།

    སྒྱུ་རྩལ་བ་བློ་གྲོས་བཟང་པོ་ལགས་རྟེན་འབྲེལ་ཞུ།

    ཧ་ཅང་གི་ལས་དོན་གལ་ཆེན་ཞིག་རེད་ཐུགས་རྗེ་ཆེ་ཞུ། སྣང་བརྙན་གསུམ་ལས་གཅིག་གྲོས་ཚོགས་ལ་ཕུལ་ཐུབ་ན་དོན་སྙིང་ཆེ་བར་འདོད། གང་ལགས་ཤེ་ན་ང་ཚོ་བོད་མི་ས་ཡ་དྲུག་གི་མགྲིན་འཚབ་པའམ་ངོ་བོ་མཚོན་ཐུབ་མཁན་༧གོང་ས་མཆོག་དང་ལྷན་ཁང་གྲོས་ཚོགས་བཅས་རེད། དེས་ན་་༧གོང་ས་མཆོག་དང་ལྷན་ཁང་གཉིས་ལ་ཕུལ་བ་དོན་ལྔན་ཞིག་རེད། མཉམ་དུ་གཅིག་གྲོས་ཚོགས་ལ་ཕུལ་ན་ཕུན་སུམ་ཚོགས་པ་ཞིགས་རེད། དེས་གོང་འོག་ཚང་མར་སྐུལ་ལྕག་ཆེན་པོ་ཞིག་ཏུ་འགྱུར་བར་སྙམ།

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རྒྱུ་རྩལ་པ་བློ་གྲོས་བཟང་ལགས་ལ་ཐུགས་རྗེ་ཆེ་ཞུ། ཡག་པོ་རེད། སྤྱིར་བཏང་ངོས་རང་ཁོང་གི་གནས་ཚུལ་གོ་མྱོང་མེད། ཡིན་ན་ཡང་ལེགས་གྲུབ་བྱུང་བ་ལ་དགའ་བསུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese