མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུན་རིང་སྙིང་ལ་བརྣག་པའི་འདོད་དོན་དེ་རིང་དངོས་སུ་འགྲུབ་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཏེ།  ༧གོང་ས་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་བཅས་ཀྱིས་གསུང་བཤད་གནང་སོང་།

དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲི་ཁག་གི་སྐུ་མགྲོན་རྣམ་པ། དེ་བཞིན་ངྷ་ས་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་འདུ་འཛོམས་བྱུང་ཞིང་། ཆུ་ཚོད་ ༨།༤༥ སྟེང་ཟློས་གར་ཚོགས་པའི་རྔ་རོལ་གྱི་ཕེབས་བསུའི་ཁྲོད་༧གོང་ས་མཆོག་དང་བཀའ་བཀའ་བློན་ཁྲི་པ་གསར་པ་བློ་བཟང་སེང་གེ བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་གསུམ་ལྷན་དུ་གསུང་ཆོས་ར་བའི་ཚོགས་དབུས་སུ་བཞུགས་ཁྲིར་འཁོད་སོང་།

དེའི་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་རྒྱལ་གླུ་སྐྱོར་སོང་། ཆུ་ཚོད་ ༩ དང་སྐར་མ་ ༩ སྐར་ཆ་ ༩ སྟེང་མི་མང་འདུ་འཛོམས་དབུས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གི་མདུན་ནས་བཀའ་བློན་ཁྲི་པ་གསར་པ་བློ་བཟང་སེང་གེ་མཆོག་གིས་མཛད་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་ཏེ་དམ་དེབ་སྟེང་མཚན་རྟགས་བཀོད་སོང་།

སྔོན་འགྲོའི་མཛད་རིམ་གྲུབ་རྗེས་བཀའ་བློན་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་འདས་པའི་བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་གཉིས་ཀྱི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་དང་བོད་གཞིས་བྱེས་གཉིས་སུ་མི་མང་ལ་མ་འོངས་ལས་དོན་བྱེད་ཕྱོགས་ཐད་ཀྱི་གསུང་བཤད་གནང་ཞིང་བཀའ་ཤག་གི་བཀའ་ཐམ་དེ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་ཕྱག་ཏུ་ཕུལ་སོང་།   

 

སྐབས་དེར་ཁྲིམས་ཞིབ་པ་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་གཞོན། བཀའ་བློན་ཁྲི་ཟུར་དང་བཀའ་བློན་རྣམ་པ། སྲི་ཞུ་ལས་བྱེད་པའི་སྐུ་ཚབ་བཀའ་དྲུང་བཅས་ཀྱིས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་བཅས་གནང་རྗེས། ༸གོང་ས་མཆོག་གིས་གསུང་བཤད་གནང་སོང་། ཁོང་སྐུ་ཉིད་རང་ལོ་ ༡༦ སྟེང་སྲིད་སྐྱོང་བ་སྟག་བྲག་རིན་པོ་ཆེ་མཆོག་གིས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་དང་ལས་འགན་ཆ་ཚང་རྩིས་སྤྲོད་གནང་བ་ལྟར། འདས་པའི་མི་ལོ་ ༥༠ ལྷག་གི་རིང་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་དཀའ་བ་ཁྱད་དུ་བསད་དེ་མང་གཙོའི་ལམ་བུ་གསར་གཏོད་བྱས་ཏེ་རང་ནུས་གང་ཡོད་ཀྱིས་ལས་དོན་བསྒྲུབས་ཏེ་རང་མགོ་འཐོན་པའི་གནས་སུ་བསྐྱལ་ཡོད་སྟབས། ཐེངས་འདིར་མི་མང་གིས་མང་གཙོའི་འོས་བསྡུའི་ལམ་ནས་བདམས་ཐོན་བྱུང་བའི་སྲིད་སྐྱོང་བ་བློ་བཟང་སེང་གེ་ལགས་སུ་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་གནང་གི་ཡོད། ཡུན་རིང་སྙིང་དུ་བརྣགས་པའི་འདོད་པའི་དོན་དེ་རིང་དངོས་སུ་འགྲུབ་པ་རེད་ཅེས་གསུངས་སོང་ལ། མཐའ་མར་སྲིད་སྐྱོང་བ་བློ་བཟང་སེང་གེ་ལགས་ཀྱིས་འདས་པའི་བཀའ་ཤག་རིམ་པའི་ལས་དོན་བྱེད་ཕྱོགས་དང་། མ་འོངས་པར་བོད་ཕྱི་ནང་གཉིས་དང་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཚོས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་༸གོང་ས་མཆོག་ཕྱིར་བོད་ནང་གདན་ཞུ་གནང་རྒྱུ་དང་། བོད་གཞིས་བྱེས་གཉིས་ལྷན་འཛོམས་ཡོང་ཐབས་སུ་རང་ནུས་ཡོད་དགུ་འདོན་རྒྱུ་ཡིན་པའི་དམ་བཅའ་དང་བཅས་གསུང་བཤད་གནང་སོང་། དེའི་རྗེས་༧གོང་ས་མཆོག་དང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་རྣམ་གཉིས་ལྷན་བཞུགས་ཀྱིས་སྐུ་པར་སྒྲོན་འབུལ་ཞུས་རྗེས་༧གོང་ས་མཆོག་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་སོང་།

༼ ༧གོང་ས་མཆོག་དང་བཀའ་ཁྲི་བློ་བཟང་སེང་གེ བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་བཅས་ཀྱི་གསུང་བཤད་དང་། མཛད་སྒོའི་གནས་ཚུལ་རྒྱས་པ་མི་འགྱངས་བར་དུས་བབ་དྲ་ཐོག་ཏུ་གཏོང་འཆར་ཡོད། ༽  

 

གསར་འགོད་པ། དོན་གོ་དང་ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༧ སྔོན་ལ།
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༡༤ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 43

  1. བདེན་རྒྱལ། says:
    ལོ་ 15 སྔོན།

    གཞོན་ནུ་ཤེས་ཡོན་ཅན་བློ་བཟང་སེང་གེ་ལགས་ལ་གུས་པས་བཀྲིས་བདེ་ལེགས་ཞུ། ད་རེས་ཁྱེད་ཀྱི་ལས་གནས་སྐབས་དེར་གུས་པས་ཁྱེད་ལ་བོད་ཀྱི་སྲིད་འཛིན་དང་ཡང་ན་བོད་ཀྱི་སྲིད་སྐྱོང་དང་ཡང་ན་བཀའ་བློན་ཁྲི་པ་ཡང་ན་བསྒྲིགས་བཙུགས་འགོ་པ་བཅས་ག་རེ་ཞུ་དགོས་མིན་མ་ཤེས་པས་ཁྱེད་དགོངས་འགེལ་མེད་པ་ཞུ། ཡིན་ན་སྲིད་འཛིན་དང་སྲིད་སྐྱོང་དེ་གཉིས་ལ་ཕྱེད་པར་ཅང་མི་འདུག ངག་ནས་སྲིད་སྐྱོང་ཞུ་ནས་དོན་དུ་བསྒྲིགས་བཙུགས་འགོ་པ་ཞིག་མ་བཟོ་ན་ཡག ཡིན་ནའང་ང་རང་གི་ངོས་ནས་ཁྱེད་ལ་བོད་མི་ས་ཡ་དྲུག་གི་དགོས་འདུན་བསྒྲུབས་མཁན་ཞིག་དང་བཀའ་ཡི་བློན་པོ་ཞིག་ངེས་འཛིན་ཞུ་ཡི་ཡོད། ཡིན་ནའང་བོད་མི་བསོད་ནམ་དམན་པས་ཁྱེད་བསྒྲིགས་བཙུགས་ཞིག་གི་འགོ་པ་བཟོ་རྒྱུ་གྲ་བསྒྲིགས་འདུག ཡིན་ནའང་བོད་མིའི་ཤི་གསོན་གཉིས་ཀྱི་རེ་བ་དེ་གང་ཡིན་པ་ཁྱེད་ཀྱི་ངེས་པར་དུ་འཁྱེན་པ་གནང་རོག བཀྲིས་བདེ་ལེགས་ཞུ།

    Reply
  2. རྒྱལ་བསྟན། says:
    ལོ་ 15 སྔོན།

    བཀྲིས་བདེ་ལེགས་ཡོད། བཀའ་ཁྲི་དམ་བཅའ་ཁས་ལེན་བྱས་པ་རྣམས་ལག་ལེན་ལེགས་འགྲུབ་ཡོང་བར་སྨོན།

    Reply
  3. འཁྱམས་པོ། says:
    ལོ་ 15 སྔོན།

    བཀྲ་ཤིས་རྟེན་འབྲེལ་ཞུ། བོད་རྒྱལ་ལོ། སེང་གེ་གསུམ་འཛོམས་དང་མཉམ་དུ་བོད་རྒྱལ་ལོ།

    Reply
  4. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    བོད་མི་མང་པོ་ཞིག་གིས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ད་ཆ་བཀའ་བློན་ཁྲི་པ་ཞེས་ཞུ་ཡི་ཡོད་ཡང་འགའ་རེས་སྲིད་འཛིན་ཅེས་ཞུ་ཡི་ཡོད། ཕྱོགས་དང་པོ་ནི་བོད་མི་ཚོའི་ལུས་ངག་ཡིད་གསུམ་ལ་འདི་འདྲ་ཞིག་གོམས་ཆེ་བས་ལན། ཕྱོགས་གཉིས་པ་ནི་གནས་ལུགས་དང་རྒྱུ་མཚན་མ་ཤེས་པར་དེང་རབས་ཀྱི་རྣམ་པ་ཡིན་མདོག་མདོག་བྱས་པས་ཉེས། ད་སྐབས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འདེམས་ཐོན་བྱུང་བའི་མི་སྣ་རྣམས་ལ་གནང་ཟིན་པས་མཁས་དབང་མཆོག་སུ་གང་གི་ཡང་བཀའ་བློན་མིན། བཙན་བྱོལ་གཞུང་མང་གཉིས་ནས་མང་མོས་ཀྱིས་དབུ་མའི་ལམ་གདམས་ནས་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་སྡོད་རྒྱུའི་གསལ་བསྒྲགས་ནི་༸གོང་ས་མཆོག་གིས་དབུས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་གནང་བས་མཁས་དབང་མཆོག་ལ་སྲིད་འཛིན་ཅེས་ཞུ་བའི་ཐོབ་ཐང་མེད། དེས་ན་ཁོང་ལ་ངེས་པར་དུ་་སྲིད་སྐྱོང་ཞེས་ཞུ་དགོས་ཀྱི་རེད།

    Reply
  5. འཇམ་དབྱངས། says:
    ལོ་ 15 སྔོན།

    དེ་རིང་ནི་ངོ་མ་ཡིད་སྐྱོ་བ་དང་དགའ་བ་གཉིས་འགྲན་བསྡུར་བཞིན་སེམས་ཁོངས་སུ་འཕྱོ་བའི་ཉིན་མོ་ཞིག་ཆགས་སོང་། སྲིད་སྐྱོང་གསར་པའི་བཀའ་སློབ་བཞིན་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལས་དོན་ལེགས་གྲུབ་དང་། ༧གོང་ས་མཆོག་ཁ་བ་གངས་ཅན་དུ་གདན་འདྲེན་ཞུ་རྒྱུའི་ལས་ལ་བརྩོན་པར་མཉམ་བརྩོན་གྱིས། བོད་མྱུར་དུ་རྒྱལ་གྱུར་ཅིག

    Reply
  6. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    གོང་ས་མཆོག་གིས་བོད་མི་རིགས་ཀྱི་དམངས་གཙོའི་ལས་དོན་ལ་སྐུ་ལས་ཚད་མེད་བསྐྱོན་ནས་ད་ལྟ་དམངས་གཙོའི་དབང་ཆ་མཐའ་དག་མི་དམངས་ལ་སྤྲད་ཡོད་པས་ཚང་མས་ཧུར་བརྩོན་གནང་དགོས་པའི་དུས་ལ་བབ་ཡོད།

    Reply
  7. བློ་བཟང་རྒྱལ་མཚན། says:
    ལོ་ 15 སྔོན།

    ་་་མི་མང་གིས་ཐད་ཀ་འདམས་ཐོན་བྱུང་པའི་བོད་རྒྱལ་ཁབ་ཆེན་པའི་སྲིད་འཛིན་དང་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་ཆབས་ཅིག་བོད་མི་བཙན་བྱོར་བ་ཚོ་་བོད་དུ་ལོག་རྒྱུའི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་སྨོན་འདུན་གྲངས་མེད་ཞུ

    Reply
  8. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ང་ཚོ་བོད་མི་རིགས་ཀྱི་ཆེས་དགའ་འོས་པའི་ཉིན་མོ་ནི་དེ་རིང་ཡིན། གང་ཡིན་ཟེར་ན། དེ་རིང་ནི་ང་ཚོ་བོད་བཙན་བྱོལ་གྱི་དམངས་གཙོ་དང་རང་དབང་གི་དར་རྩེ་དབུ་འཕང་དགུང་ལ་རེང་པའི་ཉིན་མོ་རེད་ལ། ཕ་རོལ་དགྲ་བོ་རྒྱ་དམར་ལ་བརྡ་ལན་གསལ་སྟོན་བྱེད་པ་ཞིག་ཀྱང་ཡིན། བོད་ཀྱི་དམངས་གཙོའི་ལམ་ལུགས་ཡར་རྒྱས་དང་གོང་འཕེལ་ཡོང་བའ་སྨོན་འདུན་དང་བཅས།

    Reply
  9. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    སྲིད་སྐྱོང་བ་མཁས་དབང་བློ་བཟང་སངྒེ་མཆོག་ལ་སྙིང་ཁོང་རས་པའི་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ།།
    རིང་ནསས་སྙིང་དུ་གནག་པའི་འདོད་པའི་དོན།
    ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།
    ལྷུན་འགྲུབ་ཆོས་སྲིད་ཟུང་བྲེལ་དགའ་སྟོན་ལ།
    སྤྱོད་པའི་སྐལ་བཟང་མྱུར་བ་མྱུར་དུ་ཤོག།།

    Reply
  10. ཨ་གཙང་གནས་རྒྱམ། says:
    ལོ་ 15 སྔོན།

    བཀྲ་ཤིས་པའི་དེ་རིང་གི་ཉིན་མོ་འདིར་ང་ཚོ་བོད་ཡོད་དོ་ཅོག་གིས་དགའ་བའི་ཐ་སྒྲ་གྲངས་མེད་སྒྲོག་འོས། སྲིད་འཛིན་མཆོག་གི་ཁྲི་འདོན་གྱི་མཛད་སྒོ་ལ་དགའ་སྟོན་རྟེན་འབྲེལ་ཞུ།

    Reply
  11. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    བཀུར་འོས་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག གང་གིས་ཐུགས་བཞེད་རྣམས་གེག་མེད་ལམ་ལྷོང་ངང་འགྲུབ་པའི་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱོར་བཅས། གུས་འབྲོང་བུས།

    Reply
  12. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་རྒྱལ་ཁབ་ཆེན་པོའི་མི་དབང་མངའ་བདག་ཆེན་མོ་མཁས་དབང་བློ་བཟང་སེང་གེ་ལགས་མི་འཇིག་གསེར་གྱིས་ཁྲི་ལ་མངོན་པར་འགྱིང་བ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་སྐུ་ཉིད་ཀྱིས་༸གོང་ས་མཆོག་ཕྱིར་བོད་ནང་གདན་ཞུ་གནང་རྒྱུ་དང་བོད་གཞི་བྱེས་གཉིས་ལྷན་འཛོམས་ཡོང་ཐབས་སུ་རང་ནུས་ཡོད་དགུ་འདོན་རྒྱུ་ཡིན་གསུངས་པ་ལ་གསུངས་པ་ནང་བཞིན་བྱ་བ་ལམ་སློང་ཡོང་པའི་སྨོན་འདུན་གྲངས་མེད་ཞུ་ཞུ།

    དེ་དང་ཆབ་གཅིག་དྲ་གྲོགས་ཆོས་བཟང་གིས་དོན་མེད་ཀྱིས་དྲ་འབུ་ཨོ་རྒྱན་རིག་འཛིན་ཟེར་བའི་རྡོ་རྗེ་ཤུག་ལྡན་གྱིས་གཏེ་བོ་དེས་གངས་ལྗོངས་ཁ་བའི་མིག་གཅིག་མཁན་ཆེན་༧ཚུལ་ཁྲིམས་བློ་གྲོས་མཆོག་ལ་སྐྱོན་བརྗོད་བྱས་པ་ཞིག་འདིར་ལ་བཀོད་པ་དེ་ངས་དགོས་པ་ག་རེ་ཡིན་དངོས་གནས་ཤེས་མ་སོང་།

    Reply
  13. སྨྱུག་མདའ། says:
    ལོ་ 15 སྔོན།

    འཛམ་གླིང་གི་མིག་དུ་གྱུར་བའི་བོད་ཀྱི་གསར་གཏོད་བ་ཆེན་མོ་༧་གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་ཡིན་རིང་ཐུགས་ལ་བརྣག་པའི་རེ་དོན་གྱི་ཆ་ཤས་ཤིག་འགྲུབ་པ་རྟེན་འབྲེལ་ཞུ་བ་དང་ཆབ་གཅིག་ཁྲིམས་ལུགས་ཆེད་མཁས་བློ་སེང་གི་བྱ་བ་ལམ་འགྲོ་ཡོངས་པར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  14. གསལ་ལེ་རྒྱལ། says:
    ལོ་ 15 སྔོན།

    བློ་དང་སྤོབས་པའི་རྩལ་གྱིས་བཞེངས་ཏེ་ས་སྒང་མཐོན་པོའི་ནམ་མཁའ་ན།།
    བཟང་བསྟོད་སྐར་བརྒྱས་ཀུན་དུ་སྐོར་བ་རི་བོང་འཛིན་པའི་རྒྱལ་མཚན་ཅན།།
    སེང་སྟག་དོམ་གྱི་ཁ་སྐོར་ལྷུང་བའི་ས་ཡ་དྲུག་གི་འོད་དུ་ཤར།།
    གེ་སེར་རྒྱལ་བོའི་རྣམ་ཐར་སྐྱོང་ལ་འཆམ་མཐུན་རྡོ་རྗེ་མདུད་པར་ཤོག།

    Reply
  15. སྨྱུག་མདའ། says:
    ལོ་ 15 སྔོན།

    འཛམ་གླིང་གི་མིག་ཏུ་གྱུར་བའི་བོད་ཀྱི་གསར་གཏོད་བ་ཆེན་མོ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་ཡིན་རིང་ཐུགས་ལ་བརྣགས་པའི་རེ་དོན་གྱི་ཆ་ཤས་ཤིག་དངོས་སུ་འགྲུབ་པ་རྟེན་འབྲེལ་ཞུ་བ་དང་ཆབ་གཅིག་ཁྲིམས་ལུགས་ཆེད་མཁས་བློ་བཟང་སེང་གེ་ལ་བྱ་ལམ་འགྲོ་ཡོངས་པའི་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  16. དེ་ཕོ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོར་གསལ་བཤད་ཅིག་ཞུ་ཆོག་པ་ཞུ།
    དྲ་འབུ་ཁ་ཤས་ཀྱིས་མཁན་དབང་ཚུལ་ཁྲིམས་བློ་གྲོས་ལ་ཆོས་ལུགས་ཀྱི་ཕྱོགས་རིས་ཡོད་ཚུལ་
    བཤད་འདུག་ཀྱང་། དེ་རྩ་བ་ནས་བདེན་པ་མ་རེད། ཁོང་གིས་རྒྱུན་དུ་ཆོས་ལུགས་རིས་མེད་དགོས་ཚུལ་དང་ཆོས་ལུགས་རིས་མེད་ཡིན་པའི་རྒྱུ་མཚན་ལུང་དང་རིགས་པ་དུ་མས་
    སྒྲུབ་མཁན་ཞིག་ཡིན། ཡིད་མ་ཆེས་ན་ཁོང་གིས་རྩོམ་མཛད་པའི་ལུགས་གཉིས་ཀྱི་བསླབ་བྱ་
    ལ་གཟིགས་དང་གསལ་པོར་ཧ་གོ་ཐུབ།
    རྩོམ་དེབ་དེའི་མིང་ལ་(ལུགས་གཉིས་གསལ་བའི་མེ་ལོང་།)ཟེར།

    Reply
  17. ཨོ་བཟང says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་མཆོག་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས། བོད་ཀྱི་བདེ་མཐར་མྱུར་དུ་སེལ་བ་ཤོག། བོད་རྒྱལ་ལོ།

    Reply
  18. དེ་ཕོ། says:
    ལོ་ 15 སྔོན།

    ཆོས་ལུགས་ལ་ཕྱོགས་རིས་བྱས་ན་སྔོན་ཡང་ཕུངས་ཏེ་་
    འདས་པའི་ལོ་རྒྱུས་ལ་བལྟས་པས་ཤེས།
    ཆོས་ལུགས་ལ་ཕྱོགས་རིས་བྱས་ན་ཕྱིས་སུའང་པར་འགྱུར་ཏེ་
    འདས་དོན་ལ་དཔགས་ན་རྟོགས་ཐུབ།
    མཁན་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་རྩོམ་ལུགས་གཉིས་ཀྱི་བསླབ་བྱ་ལས་བཤུས།

    Reply
  19. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཁྲི་སྐབས་གསུམ་པའི་ཁྲི་འདོན་མཛད་སྒོར་བཀའ་སློབ་སྩལ་བ།

    ༢༠༡༡ ཟླ་ ༨ ཚེས་ ༨ རེས་གཟའ་ཟླ་བ།
    ༄༅། །བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས་ལོའི་བོད་ཟླ་ ༦ ཚེས་ ༡༠ དང་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་སྐབས་གསུམ་པ་མཁས་དབང་བློ་བཟང་སེང་གེ་མཆོག་གི་ཁྲི་འདོན་མཛད་སྒོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་གཟབ་རྒྱས་ངང་ཚོགས་ཡོད་ཅིང་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདི་གར་ས་གནས་སུ་དངོས་སུ་འཛོམས་པའི་ང་ཚོ་བོད་རིགས་སེར་སྐྱ་མི་མང་དང་ལྷག་པར་བཀའ་ཁྲི་གསར་པ། གང་ལྟར་སྲིད་སྐྱོང་ཆགས་ཡོད། བློ་བཟང་སེང་གེ་ལགས་དང་བཀའ་བློན་ཁྲི་ཟུར་རེད།

    དེ་བཞིན་ཆེད་མངགས་དེ་རིང་གི་དུས་ཚོད་འདིའི་ཐོག་དགའ་སྤྲོའི་ངང་ནས་ལྷག་བསམ་གྱི་ཐོག་ནས་རྒྱབ་སྐྱོར་དང་། དེ་བཞིན་བོད་མིའི་ལས་ཀའི་ཐོག་ལ་དྲང་བདེན་དང་ད་མཐུན་པ་ཞིག་ཡིན་སྟབས། དེ་ཡང་དངོས་གནས་དགའ་སྤྲོའི་ངང་ནས་རྗེས་སུ་ཡི་རང་བྱས་པའི་ཐོག་ནས་ཆེད་མངགས་ལུང་པ་ཁག་འདྲ་མིན་མང་པོ་ཞིག་ནས་ཁྱེད་རང་ཚོ་སྐུ་མགྲོན་ཕེབས་འདུག ཁྱེད་རྣམ་པ་དང་གཞན་ཡང་ཚང་མར་བརྗོད་རྒྱུར་དེ་རིང་གི་ང་ཚོའི་ཉིན་མོ་འདི་ནི་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་བྱས་ནས་ཧ་ལམ་ལོ་ཉིས་སྟོང་ལྷག་ཙམ་ཕྱིན་ཡོད། དེའི་ནང་གི་ཉིན་མོ་དམིགས་བསལ་ཤིག་ཆགས་ཡོད།

    ང་ཚོ་བོད་མི་རིགས་འདི་དེ་སྔ་ཆོས་རྒྱལ་ཚོའི་སྐབས་ནས་བཟུང་དེའི་ཚེ་དེའི་དུས་ཀྱི་འཛམ་གླིང་གི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཆོས་རྒྱལ་ཚོའི་དབུ་ཁྲིད་འོག་ཆོས་སྲིད་གང་ཅིའི་ཐོག་ཁྱིམ་མཚེས་ཚོ་དང་བསྡུར་ན་ཕལ་ཆེར་རྗེས་ལུས་མེད་པ་ཞིག་བྱུང་ཡོད། དེ་དག་ནི་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པའི་དབུ་ཁྲིད་ཀྱི་བྱེད་སྒོ་དེ་དག་དངོས་གནས་ཡག་པོ་བསྒྲུབས་པ་ལྟ་བུ་རེད།

    ད་ཆ་ང་ཚོ་དུས་རབས་ཉེར་གཅིག་ནང་བསླེབས་ཡོད། དུས་རབས་ཉི་ཤུའི་ནང་འཛམ་གླིང་འདིའི་ནང་འགྱུར་བ་མང་པོ་སོང་ཡོད། དེ་ཡང་གནས་དུས་གསར་པ་ཞིག་ཆགས་ཡོད། དེར་བརྟེན་ངོས་ཀྱིས་ལོ་ཡུན་དེའི་རིང་ལ་རིམ་པས་ང་ཚོ་དངོས་གནས་མང་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་ང་ཚོས་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་མཐོང་བཞིན་ཡོད། དེ་འདྲ་ཞིག་གི་གནས་སྟངས་འོག་ནས་དེ་རིང་ང་ཚོ་འདིར་དངོས་གནས་ཕྱི་ནང་སུས་བལྟས་ཀྱང་ཐམས་ཅད་ཀྱིས་མཐུན་སྣང་དུ་བསྒྲུབ་རྒྱུ་ཞིག་ང་ཚོ་འདིར་བཙན་བྱོན་དུ་གནས་ཡོད། འོན་ཀྱང་ཁྲིམས་མཐུན་གྱི་མང་གཙོའི་འོས་བསྡུའི་ཐོག་ནས་འདེམས་ཐོན་བྱུང་བའི་ད་ལྟའི་གནས་སྟངས་དེ་སྲིད་སྐྱོང་རང་ཆགས་ཡོད། ད་གིན་བཀའ་ཤག་གི་གསུང་བཤད་ནང་ཡོད་པ་ལྟར། (Political Leader)ཞེས་བརྗོད་སྐབས་སྲིད་སྐྱོང་རེད། དེ་ང་ཚོའི་བོད་པའི་ཐ་སྙད་སྔར་ནས་ཡོད་པ་ཞིག་རེད། ང་ཚོའི་དེ་རིང་གི་ཉིན་མོ་འདིར་ཐད་ཀར་འོས་བསྡུ་བྱེད་མཁན་གྱི་བཙན་བྱོལ་བ་ཚོས་སེམས་ཀྱི་གཏིང་ནས་སྤོབས་པ་བསྐྱེད་འོས་པ་ཞིག་དང་། དངོས་གནས་སེམས་ཀྱི་གཏིང་ནས་རྗེས་སུ་ཡི་རང་དང་འབྲེལ་བའི་དགའ་སྤྲོ་བྱེད་འོས་པ་ཞིག་ཆགས་ཡོད།

    དེ་བཞིན་དུ་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཚོར་འགོ་ཁྲིད་འདེམས་རྒྱུ་ཕར་བཞག་སོ་སོ་སྒེར་གྱི་བསམ་བློའི་ནང་སོ་སོའི་ཚོར་བ་ག་རེ་ཡོད་པ་དེ་ཕྱིར་བཏོན་མི་ཆོག་པ་ཞིག་དང་མི་ནུས་པ་ར་སྡོད་དགོས་པའི་གནས་སྟངས་འོག་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཚོ་ཡང་ཏན་ཏན་ལོ་རྒྱུས་ཡོད་པའི་བོད་མི་རིགས་ཀྱི་དུས་ཚོད་རྗེས་ཟིན་པའི་ཐོག་ནས་མདུན་བསྐྱོད་བྱེད་ཀྱི་ཡོད་པ་དེ་གོ་སྐབས། སེམས་ལ་སྤོབས་པ་དང་དགའ་སྤྲོ་བསྐྱེད་འོས་པ་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་ཡོད། ངོས་རང་སྒེར་གྱི་ངོས་ནས་ཆ་བཞག་ན་ངོས་རང་ལོ་བཅུ་དྲུག་སྐབས་འཚུབ་ཐེར་ཞིག་ཡོད། དཔེ་ཆ་ལྟ་སྐབས་ལེ་ལོ་བྱས་ནས་དཔེ་ཆ་བལྟས་ནས་བསྡད་པ་རེད། དེ་འདྲ་ཞིག་གི་མི་ཚེའི་ནང་ལ་བོད་ཀྱི་གནས་སྟངས་དཀའ་ངལ་གསར་པ་ཚུགས་ཏེ་དངོས་གནས་རི་ལུགས་པ་ཐག་པས་མི་སྡོམ་ཟེར་བའི་གནས་སྟངས་ཆགས་པའི་འོག་༸རྒྱལ་དབང་སྐུ་ཕྲེང་གསུམ་བཅུ་པ་དགུང་ལོ་གྲངས་བཅོ་བརྒྱད་ལ་ཆབ་སྲིད་ཀྱི་འགན་དབང་བཞེས་ཡོད། ངོས་རང་དེའི་སྐབས་དུས་ཚོད་ཧ་ཅང་ཛ་དྲག་ཆགས་སྟབས་ལོ་བཅུ་དྲུག་ཐོག་ལ་ངོས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁྱེར་བ་རེད།

    སྐབས་དེར་ཆབ་སྲིད་ཀྱི་འགན་དབང་དེ་སྟག་བྲག་རིན་པོ་ཆེ་སྲིད་སྐྱོང་རེད། སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངོས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་འགན་དེ་ཚུར་རྩིས་ལེན་ཞུས་པ་རེད། ལོ་ ༡༦ ནས་ ༧༦ བར་ལོ་ ༦༠ དེའི་རིང་ལ་དུས་ཚོད་ཧ་ལས་པའི་དཀའ་ངལ་ཆེན་པོའི་དུས་ཚོད་ཅིག་ཕྱིན་པ་རེད། འོན་ཀྱང་དེའི་རིང་ཁྱར་ཁྱོར་ཞིག་གི་ངང་ནས་གང་ལྟར་བོད་ཀྱི་ཆོས་སྲིད་གཉིས་ཐོག་ནས་འཛམ་གླིང་འདིའི་སྟེང་བོད་འདི་ནག་སུབ་མ་ཐེབས་པ་ཞིག་བྱུང་ཡོད། འདི་ངོས་ཀྱི་བྱས་རྗེས་ཕྲན་བུ་ཞིག་ཡིན་སྙམ་གྱི་ཡོད། དེ་འདྲའི་ཐོག་ནས་ལོ་ ༦༠ ཕྱིན་ཏེ་དེ་རིང་འདིར་སྔ་མོ་བོད་པའི་སྤྱི་ཚོགས་རྙིང་པའི་འགྲོ་སྟངས་ཀྱི་འོག་ནས་བོད་ཀྱི་སྲིད་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་དེ། དེ་རིང་འདིར་དུས་རབས་ ༢༠ དང་ ༢༡ པའི་ནང་འཛམ་གླིང་གང་སར་དབྱར་གྱི་ཆུ་བོ་འཕེལ་བ་བཞིན་འཕེལ་འགྲོ་རྒྱུའི་མང་གཙོ་ཟེར་རྒྱུ་དེ་ང་ཚོས་དངོས་གནས་ཁ་ཞེ་གཉིས་མེད་སྤོབས་པའི་ངང་ནས་ལག་བསྟར་བྱས་ཏེ་དེ་རིང་འདིར་མི་མང་གིས་འོས་བསྡུ་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ཀྱིས་རྩིས་སྤྲོད་རྒྱུ་བྱུང་བ་རེད། ང་ཚོ་བོད་མི་རིགས་ཟེར་རྒྱུ་དེ་ལོ་སྟོང་ཕྲག་རིང་གི་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་དེ་དངོས་གནས་སློབ་སྦྱོང་བྱས་ནས་སློབ་སྦྱོང་དེ་ཡང་ཚིག་སྐམ་པོ་ཙམ་མིན་པར་ཉིན་རེ་ཉིན་རེའི་འཚོ་བའི་ནང་འདྲེས་ཏེ་ཕྱིན་པའི་འབྲས་བུར་སངས་རྒྱས་ཀྱི་ཟབ་པ་དང་རྒྱ་ཆེ་བ། ཟབ་མོ་སྟོང་ཉིད་ཀྱི་ལྟ་གྲུབ་དང་རྒྱ་ཆེ་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཟེར་རྒྱུ་དེ་ལྟ་བུ་ཞིག་གི་ང་ཚོ་ལོ་སྟོང་ཕྲག་གནའ་རབས་ཀྱི་སྲོལ་རྒྱུན་དང་ལྟ་གྲུབ་ཟེར་ན་མི་འདུག་དེ་འདྲ་ཞིག་ང་ཚོས་འཛམ་གླིང་འདིའི་སྟེང་སངས་རྒྱས་ཀྱི་ཆོས་གཟབ་རྒྱས་ཡོངས་སུ་རྫོགས་པ་ད་ལྟ་གསོན་པོར་གནས་ཡོད་ས་དེ་ཕལ་ཆེར་བོད་པ་གཅིག་པུ་རེད དེ་འདྲའི་སངས་རྒྱས་ཀྱི་ཆོས་པ་ཞིག་ཡིན་ན།

    དངོས་ཡོད་གནས་ཚུལ་དང་རན་པ་ཞིག་བྱེད་དགོས་པ་རེད་མ་གཏོགས་དངོས་ཡོད་གནས་ཚུལ་ལ་མ་རན་པ་ཞིག་སྔར་གྱི་ལམ་དང་ལུགས་སྲོལ་གྱི་སྐད་ཆ་ཤོད་རྒྱུ་བསྡད་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་གསུང་སྐབས་གདུལ་བྱའི་ཁམས་དང་མོས་པར་འཚམས་པའི་ཐོག་ནས་ཆོས་སྟོན་གྱི་ཡོད། དེར་བརྟེན་འཛམ་གླིང་འདིའི་སྟེང་ཆབ་སྲིད་ཀྱི་འགྲོ་སྟངས་འཕོ་འགྱུར་མང་པོ་ཞིག་འགྲོ་གི་ཡོད། ངོས་ཀྱིས་ནམ་རྒྱུན་ཡང་ཡང་འདི་ལྟར་ཤོད་ཀྱི་ཡོད། འཛམ་གླིང་འདི་འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུར་ཉེ་བ་དེ་དག་ལ་དབང་ཡོད་པ་རེད་མ་གཏོགས། རྒྱལ་པོ་དང་། བླ་མ། དཔོན་པོར་དབང་མེད་ཅེས་ཤོད་ཀྱི་ཡོད། ཡུལ་ལུང་བྱེ་བྲག་པ་སོ་སོར་ཆ་བཞག་ནའང་ཡུལ་ལུང་བྱེ་བྲག་པ་དེ་ཡུལ་ལུང་བྱེ་བྲག་པ་དེ་དང་དེའི་མི་མང་ལ་དབང་ཡོད་པ་རེད་མ་གཏོགས། རྒྱལ་པོ་དང་བླ་ཆེན་ལ་དབང་མེད། ང་ཚོ་བོད་ལ་ཆ་བཞག་ནའང་བོད་དེ་བོད་རྒྱ་ཆེའི་མི་མང་ལ་དབང་ཡོད་པ་རེད་མ་གཏོགས་བླ་ཆེན་ལ་དབང་མེད་ལ། སྔར་གྱི་རྒྱལ་པོ་རྒྱལ་བརྒྱུད་དེ་དག་ལའང་དབང་མེད། དེར་བརྟེན་ངོས་ཀྱིས་རྟག་པར་ཆབ་སྲིད་ཀྱི་དབང་ཆ་འཛིན་རྒྱུ་དང་འགན་འཁྱེར་རྒྱུ་དེ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཀྱི་བྱེད་རྒྱུ་དེ་འགྲིག་གི་མེད་ཅེས་ཤོད་ཀྱི་ཡོད། མི་ལ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཀྱིས་ཆབ་སྲིད་ཀྱི་འགན་འཁྱེར་ན་ཡག་པོ་མེད་ཐ་དད་དགོས་ཞེས་ཤོད་བཞིན་ངོས་རང་ཆོས་ཕྱོགས་ཀྱི་འགོ་ཁྲིད་གཅིག་ཡིན་པའི་ཐོག་ཆབ་སྲིད་ཀྱི་དབང་ཆ་བཟུང་སྡོད་སྐབས། ངོས་ཀྱིས་ཁ་ནས་བཤད་པ་དང་ལག་ལེན་བསྟར་རྒྱུ་གཉིས་མ་མཚུངས་པ་ལྟ་བུ་ཆགས་ཡོད་སྟབས་སྐབས་རེ་མ་བདེ་བ་ཡོང་གི་འདུག ད་ཆ་ངོས་ཀྱི་སེམས་ཀྱི་ནང་ནས་ཡིད་ཆེས་ཡོད་པ་དང་མིར་བཤད་རྒྱུ་དེ་དངོས་སུ་ལག་བསྟར་བྱས་པ་ཡིན་དུས།

    ངོས་ཀྱི་ངོས་ནས་ཆ་བཞག་ན་མི་སུ་དང་སུ་ཡིན་ནའང་ངོས་ཀྱི་ལྟ་གྲུབ་ཡོད་པ་དེ་དག་འཛམ་གླིང་མི་མང་ལ་དབང་གི་ཡོད། ལུང་པ་བྱེ་བྲག་པ་དེ་ཚོ་མི་མང་ལ་དབང་ཡོད། དབང་དང་སྟོབས་ཀྱི་བཟུང་རྒྱུ་དང་ལོ་རྒྱུས་ཀྱི་བྱུང་བའི་ཐོག་ནས་བཟུང་སྟེ་སྡོད་རྒྱུའི་ཐོབ་ཐང་དེ་ཡོལ་ཚར་བ་རེད། དེ་བཞིན་ཆོས་སྲིད་ཀྱི་འགོ་ཁྲིད་སོ་སོར་དགོས་ཀྱི་རེད་ཅེས་སྤོབས་པའི་ཐོག་ནས་ནམ་རྒྱུན་ཤོད་བཞིན་པ་དེ་དངོས་སུ་ལག་བསྟར་བྱས་ཡོད་སྟབས། ངོས་ཀྱིས་ད་དུང་མུ་མཐུད་ནས་ཤུགས་ཆེན་པོ་བྱས་ནས་ཤོད་རྒྱུའི་གོ་སྐབས་ཡོད། ང་རང་སྒེར་གྱི་ངོས་ནས་ཆ་བཞག་ན་དེ་རིང་གི་ཉིན་མོ་དེ་དངོས་གནས་ངོས་རང་གི་མི་ཚེའི་ནང་། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཞེས་བརྗོད་པ་བཞིན་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞིག་དེ་རིང་དངོས་སུ་བསྒྲུབས་པ་རེད། གཙོ་ཆེ་ཤོས་ང་ཚོར་ཐད་ཀར་འབྲེལ་བ་ཡོད་པའི་བྱེས་འཁོད་མི་མང་དེ་དག་ཆགས་ཡོད། ཁྱེད་རང་ཚོས་འོས་བསྡུའི་སྐབས་ཚང་མས་སེམས་ཁུར་བླངས་དོ་སྣང་བྱས་ཏེ་སོ་སོའི་བསམ་བློའི་ནང་རྡོག་ཁྲེས་འཁྱེར་ཏེ་འཁུར་བླངས་ནས་ཚོར་བ་ཡོད་པ་བྱས་ཏེ་འོས་བསྡུ་བྱེད་རྒྱུ་དེ་དག་ཚང་མས་ཧུར་ཐག་བྱས་སོང། མཐའ་མའི་འདུས་དེར་དེང་དུས་ཀྱི་ཤེས་ཡོན་ཚད་མཐོ་པོ་ཡོད་མཁན་གཡི་མི་ཞིག་ཁྱེད་རང་ཚོས་འོས་འདེམས་བྱས་པ་རེད། མི་མང་ཚོར་ཆ་བཞག་ནའང་ཚང་མས་ད་ལྟ་ཕན་ཧུར་ཐག་བྱས་སོང་ཐུགས་རྗེ་ཆེ་ཞུ་གི་ཡིན། སྲིད་སྐྱོང་བློ་བཟང་སེང་གེ་མང་གཙོའི་ཐོག་ནས་འོས་འདེམས་བྱུང་བ་དང་འགན་དབང་ཆ་ཚང་ཡོད་མཁན་གྱི་མི་དང་པོ་ཆགས་ཡོད། དེས་དོ་བདག་གི་ངོས་ནས་ལྷག་བསམ་རྣམ་པར་དག་པ་ངོ་ལྐོག་མེད་པའི་ཐོག་ནས་འགོ་ཁྲིད་ཀྱི་རེད། གཙོ་ཆེན་འདི་གའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོ་དང། དེ་བཞིན་འཛིན་སྐྱོང་གི་ལས་བྱེད་རྣམ་པ་ཚོ་རེད། དེ་བཞིན་ཚོགས་པ་སྐྱིད་སྡུག་ཁག མི་མང་ཚང་མ་སོ་སོར་རྒྱུ་མཚན་ལྡན་པའི་སྐྱོན་འདོན་ཡོ་སྲང་བྱེད་རྒྱུ་ཡོད་ན་གནས་ཚུལ་ཐ་དད་རེད།

    གཞན་དེ་མིན་ང་ཚོ་ཚང་མས་སྤྱི་དེ་གལ་ཆེན་པོ་རྩིས། སོ་སོ་སྒེར་དང་སྒེར་གྱི་ཤོག་ཁའི་དོན་དག་དེ་ཆབ་སྲིད་དང་བསྲེས་ཏེ་ཆེ་ས་དེ་ལས་བྱེ་བྲག་པའི་དོན་དེ་གལ་ཆེ་བར་བརྩི་རྒྱུ་ལྟ་བུ་བོད་པ་གཅིག་པུ་མིན་པར་འཛམ་གླིང་གང་སར་ཡོང་གི་ཡོད། ཉེ་ཆར་ངོས་ཀྱིས་ཨ་མི་རི་ཀར་བརྗོད་རྒྱུ་བྱུང། སྲིད་དོན་གྱི་ཤོག་ཁག་སོ་སོའི་མཐོང་ལ་སོགས་པའི་དོན་དག་དེ་རིམ་པ་གཉིས་པ་རེད། རིམ་པ་དང་པོ་དེ་ཨ་རི་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་གནས་སྟངས་དེ་སྤྱི་པའི་གནད་དོན་རེད། སྤྱི་པའི་གནད་དོན་དེའི་ཐོག་སྒེར་གྱི་སྲིད་དོན་ཤོག་ཁག་སོ་སོའི་མིང་གལ་ཆེན་པོ་བརྩི་རྒྱུ་དེ་རིམ་པ་གཉིས་པ་རེད་ཅེས་ངོས་ཀྱིས་ཤོད་ཀྱི་ཡོད། དེར་བརྟེན་ང་རང་ཚོས་དེ་དེ་བཞིན་བྱས་ཏེ་བོད་འདི་འཆི་དང་གསོན་ཞེས་པའི་མཚམས་ལ་བསླེབས་སྐབས་སྤྱི་དོན་གྱི་བསམ་བློ་གཏོང་དགོས་རེད་མ་གཏོགས། བྱེ་བྲག་སོ་སོའི་མིང་དང་དགོས་དབང་ལྟ་བུའི་ཐོག་བསམ་བློ་ཁོ་ན་བཏང་ན་ཡག་པོ་མི་འདུག བྱས་ཙང་ཚང་མས་ད་ལྟ་ཕན་ཆད་ཧུར་ཐག་གནང་བ་རེད། ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། འབྱུང་འགྱུར་ཡིན་ནའང་ཚང་མས་ནུས་པ་བཏོན་ནས་ཆིག་སྒྲིལ་གྱི་འོག་ནས་ང་ཚོ་སྤྱིའི་འདོད་དོན་སྒྲུབ་ཐུབ་པ་བྱེད་རྒྱུར་ཚང་མས་ཐུགས་འཁུར་བཞེས་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད། །

    Reply
  20. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་སྙིང་སྟོབས་དང་ལྷག་བསམ་དང་ལར་ཞེན་དང་ཤེས་ཡོན་གྱིས་ཡར་ལ་བཞེངས་པའི་བོད་ཀྱི་བཀའ་ཁྲི་གསར་བ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག ཉིད་ཀྱི་བསམ་དོན་མཐའ་དག་ལེགས་འགྲུབ་ཡོང་བའི་སྨོན་འདུན་སྙིང་ཁོང་རུས་པའི་གཏིང་ནས་ཞུ་ཞུ།

    རྒྱས་་པར་ཁོ་བོའི་ཟིན་བྲིས་སུ་ཡོད་པས་དོ་སྣང་ཅན་དག་གིས་གཟིགས་རོགས་ཞུ།འདི་ནི་ལེགས་པའི་ཕྱོགས་ཁོ་ན་ཡིན།

    Reply
  21. ལུང་རྟོགས། says:
    ལོ་ 15 སྔོན།

    མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་མཛད་འཕྲིན་ཕྱོགས་བཅུར་རྒྱས་ཏེ། བོད་ནང་གི་རིས་སུ་མ་ཆད་པའི་དགོན་སྡེ་དང་མང་ཚོགས་ཁྲི་སྟོང་མང་པོས་གུས་བཀུར་བྱེད་ཡོང་དུས། བཙན་བྱོལ་ཁྲོད་ཀྱི་ཆོས་ལུགས་ཕྱོགས་ཞེན་གྱི་དུག་གིས་བཟི་བའི་མི་ཁག་ཅིག་ན་ཟུག་མ་བཟོད་པར། ཚིག་ངན་སྐུར་འདེབས་བྱས་པ་ནི་ངོ་མ་སྙིང་རྗེའི་ཡུལ་རེད། ད་དུང་མིང་ལ་ཡང་༼ ཨོ་རྒྱན་རིག་འཛིན་༽ཞེས་སོ་སོའི་སྐད་ཆ་ལ་མི་གཞན་ཡིད་ཆེས་ཡོང་རྒྱུའི་ཆད་དུ་རང་ཉིད་རྙིང་མ་པ་ཞིག་ཡིན་མདོག་གིས་མི་གཞན་ལ་མགོ་སྐོར་བཏང་བ་ནི་ནམ་མཁར་མི་ཤོང་བའི་སྡིག་ཉེས་བསག་པ་རེད། མི་འདི་ལྟ་བུ་དག་ལ་ང་ཚོས་ངེས་པར་དུ་ཡིད་གཟབ་མ་བྱས་ན། ༸གོང་ས་མཆོག་གི་ཐུགས་འདུན་དང་བོད་མི་མང་གི་རེ་བ་རླུང་ལ་བསྐུར་ངེས་རེད།

    Reply
  22. དེ་ཕོ། says:
    ལོ་ 15 སྔོན།

    དེ་རིང་བཀྲིས་པའི་ཉི་མ་་་དོན་གྲུབ་པའི་ཉི་མ་་་་ཕུན་གསུམ་ཚོགས་པའི་ཉི་མ་་་་་སྐལ་པ་བཟང་བའི་ཉི་མ་འདིར་་་བཀྲ་ཤིས་པའི་སྨོན་ལམ་ཞུ་རྒྱུ་ཡིན།
    ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་།
    བོད་ཀྱི་སྲིད་སྐྱོང་ཁྲི་རབས་དང་པོའི་བྱ་བ་རྣམས་ལམ་འགྲོ་ཡོང་བ་དང་།
    བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
    གསལ་བཤད་གཅིག་ཞུ་ཡ་ལ།
    དེ་རིང་གི་ཚེས་གྲངས་འདི་ཕྱི་ཟླ་༨་ཚེས་༨་ཆུ་ཚོད་༩་སྐར་མ་༩་སྐར་ཆ་༩་འདི་བློ་སེང་གིས་དམ་འབུལ་བྱས་ཡ་དེ་གཞན་པའི་དམིགས་ཡུལ་གང་ཡང་མི་འདུག
    གྲངས་ཀ་དེ་དག་བསྡོམས་ན་བློ་སེང་ཁོ་རང་གི་ལོ་གྲངས་མཐུན་པའི་གནད་རེད་ཟེར།
    དྲ་གྲོགས་ཚོ་རྣམ་རྟོ་མ་མང་དེ་ལུགས་དགོངས་འཇག་ཞུ།

    Reply
  23. ཁུགས་གཟར་དུག་མདའ། says:
    ལོ་ 15 སྔོན།

    བོད་ཀྱི་སྲིད་འཛིན་ནམ་བཀའ་བློན་ཁྲི་པ་ལ་མཚམས་འདྲི་དང། ་དྲ་གྲོགས་རྣམས་ལ་ཞུ་རྒྱུ་ཉེ་ཆ་ཟོང་གདོང་གིས་བཀའ་བློན་ཁྲི་པ་ལ་སྲིད་སྐྱོང་བ་བཏགས་ན་ཡག་པོ་འདུག་ཟེར་དུས་ཡང་ཁྱོད་ཚོས་སྲིད་སྐྱོང་བ་སྲིད་སྐྱོང་བ་ཟེར་ནས་ཁྱོད་ཚོར་རང་ཚུགས་མི་འདུག་རྡ། རང་གི་སེམས་རང་གིས་ཤེས་གཞིན་བྱེད།།

    Reply
  24. ལུང་རྟོགས། says:
    ལོ་ 15 སྔོན།

    བོད་གངས་ཅན་པའི་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ། བོད་རྒྱལ་ལོ།།།

    Reply
  25. མི་རབས་གསར་པ་ says:
    ལོ་ 15 སྔོན།

    སྲིད་སྐྱོང་པ་མཁས་དབང་བློ་བཟང་སེངྒེ་མཆོག་ལ་མཚམས་འདྲི་ཞུ་བ་དང་ཆབ་གཅིག་མ་འོང་སྐུ་ཉིད་ཀྱི་ལས་དོན་རྣམས་གེགས་མེད་བདེ་བར་ངང་འགྲུབས་པའི་རེ་བ་ཡོད་པ་མ་ཟད་གཞིས་བྱེས་མཉམ་དུ་འཛམ་པའི་སྨོན་ལ་ཡོང་ཡོད།

    བོད་རྒྱལ་ལོ་་་་་་་་་་་་་་་་་་་་་་་་་་་་་བོད་རྒྱལ་ལོ་་་་་་་་་་་་་་།

    Reply
  26. ཚངས་སར་ཕྲིན་ལས། says:
    ལོ་ 15 སྔོན།

    སྲིད་སྐྱོང་པ་མཁས་དབང་བློ་བཟང་སེངྒེ་མཆོག་ལ་མཚམས་འདྲི་ཞུ་བ་དང་ཆབ་གཅིག་མ་འོང་སྐུ་ཉིད་ཀྱི་ལས་དོན་རྣམས་གེགས་མེད་བདེ་བར་ངང་འགྲུབས་པའི་རེ་བ་ཡོད་པ་མ་ཟད་གཞིས་བྱེས་མཉམ་དུ་འཛམ་པའི་སྨོན་ལ་ཡོང་ཡོད།

    Reply
  27. དབྱངས་འཛོམས། says:
    ལོ་ 15 སྔོན།

    མཆོག་ཏུ་བཀུར་འོས་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེ་ལགས་སུ་བཅོས་མིན་འཚམས་འདྲི་ཞུ་རྒྱུ་དང་། ཉིད་ཀྱི་ལས་འཆར་མཐའ་དག་ཡིད་བཞིན་འགྲུབ་པའི་སྨོན་ལམ་ཡང་འདེབས་བཞིན་མཆིས་ལགས་སོ།
    བོད་རྒྱལ་ལོ་་་་་་་་་་་་་་་་་་་་་་་་་་་་་བོད་རྒྱལ་ལོ་་་་་་་་་་་་་་།

    Reply
  28. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་ལ་དེ་རིང་ཉིན་མོར་འདི་ལ་བོད་ཀྱི་སྲིད་སྐྱོང་ཁྲི་སྟོན་མཛད་སྒོ་བྱས་བ་ལ་དམིགས་གསལ་གྱི་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། གང་མགྱོགས༸གོང་ས་མཆོག་ཕོ་བྲང་པོ་ཏཱ་ལའི་མདུན་དུ་གདན་འདྲེན་ཞུ་ཐུབ་པའི་སྨོན་འདུན་དང་བཅས་མཐར་དོན༸གོང་ས་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་ཐུབ་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་ཐུབ་པའི་སྨོན་འདུན་གྲངས་མེད་དང་བཅས།

    Reply
  29. མྱུལ་ཞིབ་པ་ says:
    ལོ་ 15 སྔོན།

    གུས་པས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་སེམས་གཏིང་ནས་གུས་བཀུར་བྱེད་བཞིན་པ་ཡིན་
    དྲྭ་གྲོགས་ཆོས་བཟང་ལགས་ཀྱིས་གསུང་པའི་གནས་ཚུལ་འདི་གལ་ཏེ་བདེན་པ་ཡིན་ན་ཧ་ཅང་བློ་ཕམ་བྱུང་

    འོན་ཀྱང་བདེན་པ་ཡིན་མིན་དྲྭ་གྲོགས་རྣམས་པར་གསུང་རྒྱུ་ཡོད་ན་གསུང་རོགས་

    Reply
  30. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    སེང་གེ་ཕོ་བྲང་གི་སྲུང་སྐྱོབ་དམ་དུ་བཏང་ན་ལོས་དགའ་བསམ་སོང་།

    Reply
  31. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ཨོ། སྐུ་ཞབས་བློ་སེང་གིས་གཟབ་གཟབ་བྱོས་མ་གཏོགས། དེང་སང་རང་གིས་རང་ཉིད་རང་བཙན་པར་བཏགས་པ་རེ་ཟུང་གིས་འཇིགས་སྐུལ་འཐེན་གྱི་འདུག་གདའ། ཧཧཧཧཧ

    Reply
  32. འཇམ་ཚུལ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་གསུངས་གསལ་ལྟར་ཡུན་རིང་སྙིང་ལ་བརྣགས་པའི་འདོད་དོན་དེ་རིང་འགྲུབ་པ་རེད།
    ༧གོང་ས་མཆོག་དགོངས་ན་ལ་མ་གཟིགས་པར་མི་རིགས་འདིའི་བདེ་སྡུག་ཁོ་ནའི་ཆེད་དུ་ཐུགས་དཀྱེལ་ཡངས་སྒམ་པོས་གཞོན་ཚེམས་དཀར་ནས་བགྲེས་དབུ་ལོ་དཀར་པོའི་བར་༧སྐུ་ཉིད་ཀྱིས་དཀའ་སྡུག་གི་རྔུལ་ཆུ་འཐོར་བཞིན་དམངས་གཙོའི་ལམ་ལུགས་དང་། དབུ་མའི་ལྟ་གྲུབ་ཀྱི་ཐབས་ཇུས་སོགས་བདེན་དོན་གྱི་འོད་སྟོང་འབར་བའི་བཞིད་ལམ་བསྐྲུན་པར་སྒོ་གསུམ་གུས་པ་ཆེན་པོས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ།

    བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་། ངལ་བ་ཁྱད་གསོད་ཀྱིས་བོད་མི་རིགས་ཀྱི་འཕྲལ་ཕུགས་དང་། བསྟན་འགྲོར་སྨན་པའི་བླ་མའི་ཕྱག་རོགས་དང་། དམངས་ཀྱིས་རེ་འདོད་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ།

    བོད་ཕྱི་ནང་གཉིས་ན་གནས་པའི་བོད་མི་ཁྲི་སྟོང་མང་པོའི་མངོན་འདོད་སྤུངས་པའི་སྲིད་སྐྱོང་བ་མཁས་དབང་སྐུ་ངོ་བློ་བཟང་སེང་གི་མཆོག་གིས། དེ་རིང་ནས་བཟུང་སྤྱི་མི་ཞིག་གི་འདུ་ཤེས་བཟུང་སྟེ། ཆོལ་ཁ་དང་ཆོས་ལུགས། གཉེན་ཉེ་རིང་སོགས་ཞེན་ཁ་ཕྱོགས་རིས་མེད་པར་རང་ཚིགས་བརྟན་པོས་ངང་ནས་དཀའ་ངལ་ལ་གདོང་གཏད་དེ་རྣམ་དཔྱོད་འདོན་ཐུབ་པའི་རེ་བ་དང་། ཕྱག་ལས་ཆེ་མ་ཆུང་གསུམ་ཡན་ཆོད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡོད། བོད་རྒྱལ་་ལོ་་་་བོད་རྒྱལ་ལོ་་་་བོད་རྒྱལ་ལོ།

    Reply
  33. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ༧རྒྱལ་མཆོག་ཐམས་ཅད་མཁྱེན་པས། ཡིད་ལ་རིང་དུ་བརྣག་པའི་འདོད་དོན་བྱེ་བྲག་པ་ཅིག་དེ་རིང་དངོས་སུ་འགྲུབ་སོང་གསུངས་པ་ལས། རིང་ནས་བརྣག་པའི་འདོན་དོན་ཡོངས་སུ་འགྲུབ་ཅེས་གསུངས་མེད།

    དེ་ནས། རྒྱ་གར་ནག་གི་པ་ཅུག་དང་གུ་རུ་རིན་པོ་ཆེའི་རྩོད་པ་ཞི་བའི་ངང་ཡལ་གྱི་འདུག་པས་དེས་དགའ་བྱུང་། སྐུ་ཞབས་བློ་བཟང་སེང་གེར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  34. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཀའ་ཁྲི་བློ་སེང་རྒྱལ་འགྱུར་ཅིག བོད་རྒྱལ་ལོ། །དགེའོ། །

    Reply
  35. ཆོས་བཟང་། says:
    ལོ་ 15 སྔོན།

    ཤེས་འཇོན་ལྷག་བསམ་ཀུན་ལྡན་གྱི་དཔལ་ལྡན་བཀའ་ཁྲི་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། རྒྱབ་སྐྱོར་གཙང་མ་ཞུ།
    ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་ཡུན་གནས་ཤོག བོད་རྒྱལ་ལོ། །

    Reply
  36. ཆོས་བཟང་། says:
    ལོ་ 15 སྔོན།

    མཆན་འདི་ཁ་བརྡ་དྲ་ཐོག་ནས་ཕབ་བཤུས་ཞུས།

    ༦༽ ཨོ་རྒྱན་རིག་འཛིན་ནས།

    སྤྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༨ སྐར་མ་ ༢༩
    མཁས་དབང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    བོད་དོན་བདེན་མཐའ་མྱུར་དུ་གསལ་བར་ཤོག །རྒྱ་དམར་སྲིད་གཞུང་མགོ་སྟེང་སློག་པར་ཤོག །
    བོད་ཡུལ་བླུན་པོའི་རྨོངས་དད་སེལ་བར་ཤོག །བོད་འཇོམས་བླ་སྤྲུལ་མིང་མེད་བྱེད་པར་ཤོག །

    ལྷག་པར་བོད་ནང་གི་བྱ་སྤྱོད་ཐལ་དྲགས་པའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བ་སོགས་ལ་གནད་ལ་ཁེལ་བའི་བསླབས་བྱ་རེ་མཁས་དབང་ཁོང་གིས་གནང་ཐུབ་པར་ཤོག

    ཚུལ་ཁྲིམས་བློ་གྲོས་ཟེར་བ་སོགས་ཀྱི་ཆོས་སྲིད་མཉམ་བསྲེས་ཀྱི་ཐལ་ཆ་ནི་ཧ་ལས་དགོས་པ་རང་རེད།

    ང་དེ་སྔོན་ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་དགའ་པོ་ཡོད། དེ་ནི་ངས་ཚུལ་ཁྲིམས་བློ་གྲོས་ཀྱི་བཟང་ཕྱོགས་གཅིག་པུ་སྟེ། ཁོང་ནི་བོད་ཀྱི་སྐད་ཡིག་སོགས་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་པ་མཐོང་པས་རེད། འོན་ཀྱང་དེ་གཅིག་པུར་བསམ་ན་མི་འགྲིག་པར་དེའི་རྗེས་ནས་ང་ཚོས་ཁོང་གི་སྐྱོན་ཆ་ཚབས་ཆེན་གང་མང་ཞིག་མཐོང་བྱུང། ངོ་མ་ཚུལ་ཁྲིམས་བློ་གྲོས་ནི་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཚབས་ཆེན་གང་མང་བསྒྲུབས་དང་སྒྲུབ་བཞིན་ཡོད་མཁན་ཞིག་རེད།
    ༡ བོད་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་གསེར་རྟ་བླ་རུང་ནས་གྲྭ་བཙུན་གཅིག་ཀྱང་ཡར་ལང་བྱེད་མི་ཆོག ཡར་ལང་བྱེད་མི་བྱུང་ན་བླ་རུང་སྒར་ནས་ཕྱིར་ཕུད་གཏང་ངེས་ཡིན། བཤད་ཡོད།
    ༢ ས་བྱི་ཞི་རྒོལ་སྐབས་ཁམས་ཏྲེ་ཧོར་བྲག་མགོ་ས་ཁུལ་དུ་ཡོང་ནས་ཚུལ་ཁྲིམས་བློ་གྲོས་གྱིས་མི་མང་ལ་ཡར་ལང་མ་བྱེད། བོད་གངས་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་ཡོང་ན་ཁྱོད་ཡར་ལང་མི་དགོས་པར་རང་གི་སྐལ་བ་རག་ཡོང་གི་རེད། ཁྱོད་ཡར་ལངས་མ་བྱས་པར་བརྟེན་སྐབས་དེར་ཁྱོད་ཀྱི་སྐལ་བ་ཆད་འགྲོ་གི་མ་རེད། ཅེས་སོགས་བཤད་ཡོད།
    ༣ ཡང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་ད་ཐེངས་ཀྱི་ཡར་ལངས་ངོ་རྒོལ་འདི་ནི་སྟོད་ཀྱི་གདན་ས་སེ་འབྲས་དགའ་གསུམ་གྱི་མགོ་བཙུགས་ནས་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་སྡེ་ཁག་གཙོ་བོ་རེད། དེ་ནི་དགེ་ལུགས་པ་ཁོང་ཚོའི་ལག་ཏུ་ད་ལྟ་བོད་ཀྱི་སྲིད་དབང་ཡོད་པར་བརྟེན་ད་དང་མུ་མཐུད་ཁོང་ཚོའི་ལག་གི་སྲིད་དབང་དེ་སྲ་བརྟན་དང་། རྒྱུན་འཁྱུངས་ཡོང་ཆེད་རེད། ང་ཚོ་རྙིང་མ་པ་ཚོ་དེའི་རྗེས་སུ་རྒྱུགས་དགོས་དོན་མི་འདུག་ཅེས་སོགས་བཤད་ཡོད།
    ༤ ཡང་སྤྱི་ལོ་༢༠༠༩ལོར་ཚུལ་ཁྲིམས་བློ་གྲོས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོ་དེ་མང་ཚོགས་ཀྱིས་ནོར་འཁྲུལ་ཚབས་ཆེན་ཤོར་བ་ཡིན་པ་རྒྱལ་བ་རིན་པོ་ཆེས་གསུངས་ཡོད་པ་རེད། ཅེས་སོགས་མི་མང་ནང་ཁྱབ་བསྒྲགས་བྱས་ཡོད།
    ༥ དེང་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་ཞིག་མང་ཚོགས་ནང་བཞག་ནས་འབྲོག་ཕྱོགས་མང་ཚོགས་ཚོས་ནོར་ལུག་གཞན་ལ་བཙོང་མི་ཆོག་པ་དང་། རང་གིས་བཤའ་མི་ཆོག་པ། ཤ་ཟ་མི་ཆོག་པ་སོགས་མདོ་སྟོད་སྨད་ཀྱི་ས་ཁུལ་གང་མང་ཞིག་ཏུ་ཁྲིམས་བཞག་པ་དེ་ལ་རྙིང་མའི་བླ་ཆེན་དང་དགོན་པ་གང་མང་གིས་རྒྱབ་སྐྱོར་བྱས་ཏེ། ད་ལྟ་འབྲོག་ཕྱོགས་ས་ཁུལ་གྱི་མང་ཚོགས་ལ་མགོ་འགྱོགས་ས་མེད་པ་ཆགས་ཡོད་པར་བརྟེན། འབྲོག་ཕྱོགས་མང་ཚོགས་ཕལ་ཆེར་ཞིག་གིས་ད་ནི་སྒོ་ཕྱུགས་ལ་བེད་སྤྱོད་མི་འདུག་ཅེས་ནོར་ལུག་བཞག་ནས་གྲོང་དུ་འབབ་བཞིན་ཡོད་པ་རེད། གནས་ཚུལ་འདིའི་རིགས་ནི་རྒྱ་གཞུང་གིས་འབྲོག་ཕྱོགས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་སྲིད་ཅུས་ལ་བོད་མི་རང་ཉིད་ཀྱིས་རྒྱབ་སྐྱོར་མཐུན་འགྱུར་ཆགས་ཡོད་པ་རེད། ད་བར་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་ནང་བོད་ཁྱིམ་རེར་ཕྲུ་གུ་གཉིས་རེ་ལས་སྐྱེས་མི་ཆོག་པ་བཟོས་ཡོད་ལྟར་དེང་སྐབས་གྲོང་ཁྱེར་ནང་གི་བོད་ཁྱིམ་རེར་ཕྲུ་གུ་གཉིས་ལས་སྐྱེས་ཐུབ་རྒྱུ་མེད་ཀྱང། འབྲོག་ཕྱོགས་མི་ཚང་རེར་བུ་ཕྲུག་མང་པོ་ཡོད་པ་དེས་བོད་མིའི་མི་འབོར་ལ་ཕན་ཐོགས་ངེས་ཅན་འབྱུང་བཞིན་ཡོད་ཀྱང། གལ་ཏེ་འབྲོག་ཕྱོགས་ཉམས་ཉེས་འདི་ལྟར་ཕྱིན་པ་ཡིན་ན་སྒོ་ཕྱུག་མེད་པའི་སྤྲང་པོ་ཆགས་པར་མ་ཟད། མི་རིང་པར་བོད་ས་འདི་བོད་མིས་སྟོང་རྒྱུ་ཉག་གཅིག་རེད།
    ༦ ང་ཚོས་ཚུལ་ཁྲིམས་བློ་གྲོས་ནི་མཁན་ཆེན་འཇིགས་མེད་ཕུན་ཚོགས་ལྟ་བུའི་ཆོས་ལུགས་རས་མེད་ཅིག་ཡིན་བསམ་མི་རུང་། ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་ཆོས་ལུགས་ཕྱོགས་རས་ཆེན་པོ་ཡོད། ཚུལ་ཁྲིམས་བློ་གྲོས་ཀྱིས་རྗེས་རིན་པོ་ཆེའི་ལམ་རིམ་ཆུང་པ་དེ་རྙིང་མ་པ་དང་མཐུན་པོ་ཡོད། དེ་ཁྲིད་ན་ཡག་པོ་རེད། གཞན་ལམ་རིམ་ཆེན་མོ་དང་། ལམ་རིམ་འབྲིང་པོ་གཉིས་རྙིང་མའི་ལྟ་བ་དང་མི་མཐུན་པས་འདི་རྗེས་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། ཅེས་དང། ཡང་རྗེ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་སྐོར་གསུངས་པ་དེ་དག་ཀྱང་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཀླུ་སྒྲུབ་དགོངས་རྒྱན་དེ་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་རེད། ཅེས་སོགས་ཤོད་བཞིན་ཡོད་པ་རེད། ད་དུང་གནས་ཚུལ་གང་མང་ཡོད་ཀྱང་དེ་རིང་དུས་ཚོད་འདང་མིན་བྱུང་བས། རྗེས་ནས་རིམ་བཞིན་འགོད་ངེས་ཡིན། ངས་བཤད་པ་འདི་དག་དངོས་གནས་ཡིན་མིན་བཀུར་འོས་དྲ་གྲོགས་ཚོས་ཞིབ་འཇུག་གནང་རོགས་ཞུ།

    Reply
  37. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    ང་ཡི་སེང་གེ་རྒྱལ་ལོ། ང་ཡི་ན་གཞོན་རྒྱལ་ལོ། ང་ཡི་བོད་རྒྱལ་ལོ།

    Reply
  38. མྱུལ་ཞིབ་པ་ says:
    ལོ་ 15 སྔོན།

    འདི་རིང་བཀྲིས་པའི་ཉི་མ་་་དོན་གྲུབ་པའི་ཉི་མ་་་་ཕུན་གསུམ་ཚོགས་པའི་ཉི་མ་་་་་སྐལ་པ་བཟང་བའི་ཉི་མ་འདིར་་་་་་༧མགོན་པོ་ཐམས་བཅད་མཁྱེན་པ་བཀའ་དྲིན་དུས་ཇི་སྲིད་བར་འཇལ་བར་དཀའ་བའི་དྲིན་ཅན་རྩ་བའི་བླ་མ་འཛམ་གླིང་ཞི་བདེའི་སྡེ་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་གྲུབ་པ་དང་

    ༧དཔལ་ལྡན་མི་དབང་སྲིད་སྐྱོང་ཆེན་མོ་བློ་བཟང་སེང་གེ་མཆོག་ལའང་མཚམས་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་བཅས་ཞུ་བ་དང་ཆབ་ཅིག་སྐུ་ཉིད་ཀྱི་འཛིན་སྐྱོང་འདིའི་འོག་༧གོང་ས་མཆོག་བོད་ལ་ཞབས་སོར་འཁོད་ཐུབ་པ་དང་བོད་གཞིས་བྱེས་གཉིས་གང་མྱུར་མཉམ་འཛོམས་ཡོང་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ།།

    Reply
  39. རྟ་བོར་བ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་བ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག མ་འོངས་པར་ཅི་བསམ་ལྷུན་གྱིས་འགྲུབ་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་བར་འཆར་བའི་སྨོན་འདུན་ཞུ།

    Reply
  40. བསེ་རུ། says:
    ལོ་ 15 སྔོན།

    བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ངེས་པའི་བཀྲ་ཤིས་པའི་ཉིན་མོ་འདིར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག
    གསར་འགྱུར་དུ་”༸གོང་ས་མཆོག་ཕྱིར་བོད་ནང་གདན་ཞུ་གནང་རྒྱུ་དང་། བོད་གཞིས་བྱེས་གཉིས་ལྷན་འཛོམས་ཡོང་ཐབས་སུ་རང་ནུས་ཡོད་དགུ་འདོན་རྒྱུ་ཡིན་པའི་དམ་བཅའ་དང་བཅས་གསུང་བཤད་གནང་སོང་། ”
    ཞེས་པ་ལྟར། ངེད་བོད་གཞིས་བྱེས་ཁ་ཐོར་དུ་སོང་བའི་དུས་ཡུན་དེ་ནི་ཐུང་ཐུང་མིན་ཞིང་། ད་ཆ་སྲིད་སྐྱོང་བ་བློ་བཟང་སེང་གེས་སྲིད་སྐྱོང་གནང་བའི་རིང་ཁོང་གི་དམ་བཅའ་དེ་འགྲུབ་མིན་ནི། ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཚོགས་དགོས་པར་བརྟེན། བོད་མི་སྤྱི་བོ་གནམ་བསྟན་ཡོད་དོ་ཅོག་གིས་དེའི་ཐོག་ནུས་ཤུགས་འདོན་དགོས་པ་ལས། ཁོང་གཅིག་པུས་དེ་རིང་རྒྱལ་བའི་སྐུ་མདུན་དུ་བོད་མི་མང་གི་སེམས་ཁམས་སུ་དགའ་འོས་པའི་དམ་བཅའ་འདི་ལྟ་བུ་འཇོག་གནང་བ་ཙམ་གྱིས་གྲུབ་འབྲས་གསོན་ཐབས་བྲལ་བས། བོད་མི་རྣམས་ཀྱིས་ཕྱར་བ་གྲུ་འདེགས་ཐོག་ཁོང་གི་དམ་བཅའ་རྣམས་བདེ་བླག་ངང་འགྲུབ་རྒྱུར་འབད་འབུངས་གནང་གལ་ཆེའོ། །

    Reply
  41. གངས་སྨྱུག says:
    ལོ་ 15 སྔོན།

    བོད་ཀྱི་སྲིད་སྐྱོང་པ་མཁས་དབང་བློ་བཟང་སེངྒེ་ལགས་སུ་འཚམ་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ།

    Reply
  42. ཤག་སྒང་པ། says:
    ལོ་ 15 སྔོན།

    བཀུར་འོས་བཀའ་བློན་གསར་པ་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད།

    Reply
  43. ནགས་མཚོ says:
    ལོ་ 15 སྔོན།

    ད་རིང་བཀྲ་ཤིས་པའི་ཉིན་མོ་འདི་ལ་ཐོག་མར་༧གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་གི་བར་དུ་ཞུགས་པ་དང་ཁོང་གི་དགོངས་གཞི་ཐམས་ཅན་ལྷུན་གྱི་འགྲུབ་པ་དང་།་་་་ལྷག་པར་ལོར་་རྒྱུས་ཀྱི་རི་མོ་ལྡན་པའི་བཀའ་ཁྲི་འམ་བོད་མིས་སྲིད་སྐྱོད་གསར་པ་མཁས་དབང་བློ་བཟང་སེང་གེ་ལགས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་བཅས་མཆོག་ཉིད་ཀྱི་ལས་དོན་གང་ཡིན་ཐམས་ཅད་བྱ་བ་ལམ་འགྲོ་ཡོང་བ་དང་ཁྱེད་ཀྱི་བསམ་དོན་མཐའ་དག་འགྲུབས་པའི་སྨོན་འདུས་དང་བཅས།་་བོད་དོན་བདེན་མཐའ་མྱུར་དུ་གསལ་བར་ཤོག་བོད་རྒྱལ་ལོ་་་་བོད་རྒྱལ་ལོ་་་་་་བོད་རྒྱལ་ལོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese