བཀའ་ཁྲི་གསར་པ་ཁྲི་འདོན་གྱི་མཛད་སྒོ་ཉིན་གཉིས་པ་སྟེ། དེ་རིང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་སྐབས་གསུམ་པ། ༧གོང་ས་མཆོག་གི་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་རྩིས་བཞེས་གནང་བའི་སྲིད་སྐྱོང་བློ་བཟང་སེང་གི་མཆོག་ལ། བོད་གཞུང་དམངས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྐུ་མགྲོན་ཚོས་བཀྲ་ཤིས་པའི་མཇལ་དར་སྒྲོན་འབུལ་ཞུས་ཡོད།
དེ་རིང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བའི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོ་དེར་ཕྱི་རྒྱལ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་དང་། བོད་གཞུང་གི་ལས་ཁུངས་ཁག་གི་དྲུང་ཆེ་དང་འགན་འཛིན། སྤྱི་འཐུས་རྒྱུན་ལས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དགོན་སྡེ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཁྱོན་མི་ ༣༠༠༠ ལྷག་འདུ་འཛོམས་བྱུང་སོང་། སྐབས་དེར་སྐུ་ཚབ་ཚོས་བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་མཇལ་དར་ཕུལ་རྗེས། བོད་གཞུང་ཟློས་གར་དང་ཐང་སྟོང་གླུ་གར་ཚོགས་པ། སློབ་གྲྭ་ཁག་གི་སློབ་ཕྲུག་བཅས་ཀྱི་གླུ་གཞས་གཟིགས་འབུལ་ཞུས་ཡོད།
དེའི་རྗེས་ཁལ་མིག་གྲོས་ཚོགས་ཀྱི་ཚོགས་གཞོན་དང་། མཱོ་སཱི་ཁོ་བོད་སྐྱོབ་དགེ་རྩ་ཁང་གི་འགའ་འཛིན། ཐེ་ཝན་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི། སོག་ཡུལ་གྱི་གྲོས་ཚོགས་འཐུས་མི། བལ་ཡུལ་གྲོས་ཚོགས་འཐུས་མི། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་བཀོད་འདོམས་པ། བྷེལ་ཇམ་ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི། ཨ་རྒྱ་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ། ངྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། ཧྥུ་རི་ཆི་ནོའོ་མིན་ Friedrich Naumnan foundation ཚོགས་པའི་ངེས་སྟོན་པ། དེ་བཞིན། ཨི་ཊ་ལི་གྲོས་ཚོགས་འཐུས་མི་དང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་བཅས་ཀྱིས། བཀའ་ཁྲི་གསར་པ་བློ་བཟང་སེང་གི་མཆོག་ལ་དམིགས་བསལ་འཚམས་འདྲི་དང་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་སོང་ལ། མཇུག་ཏུ་བཀའ་ཁྲི་བློ་སེང་གེ་མཆོག་གིས་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་ཚོར་མ་འོངས་པར་མུ་མཐུད་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཞུས་སོང་།
ཐེངས་འདི་ནི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་མཛད་འགན་བཞེས་ཏེ། གཞུང་འབྲེལ་ཐོག་མཛད་འཕྲིན་བསྐྱངས་པ་ཐོག་མ་དེ་ཆགས་ཡོད།
གསར་འགོད་པ། དཔལ་ལྡན།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲི་དང་འབྲེལ་བོད་དོན་ལ་ནུས་པ་དམིགས་གསལ་ཐོན་པའི་རེ་བ་ཡོད། བཀྲ་ཤིས་དོན་འགྲུབ། བཀྲ་ཤིས་དོན་འགྲུབ།།
ཁོང་ནི་ང་ཚོའི་མི་རབས་གསར་པའི་ཕོ་རྒོད་གཞོན་ནུ་རེད་ལ། ང་ཚོ་ས་ཡ་དྲུག་གིས་ཀྱང་ཁོང་ལ་བློ་གཏད་དེ་སྙིང་སྟོབས་ཆེན་པོས་མདུན་སྐྱོད་བྱ་རྒྱུར་རམ་འདེགས་བྱ་དགོས།
ང་ཚོ་བོད་གངས་ཅན་པའི་སྲིད་འཛིན་གསར་པ་མཆོག་ལ་བཀྲ་ཤིས་བདེ་ལེགས་དང་གུས་འདུད་ཞུ་རྒྱུ་ཡིན།།
སྟོང་མིན་ཙམ་གྱིས་བཀྲ་ཤིས་བདེ་ལེགསཞུ།
བཀའ་འཁྲི་མཆོག་གི་ལམ་སྟོན་བཟང་པོའི་འོག་བོད་རྒྱལ་ལོ།
ལྷག་བསམ་དང་མཁྱེན་དཔྱོད་རབས་ཏུ་ཡངས་པའི་མཁས་དབང་བློ་བཟང་སེངྒེ་མཆོག
སྐུ་ཉིད་བོད་ཀྱི་ལོ་རྒྱུས་ཀྱི་གཅོག་མཚམས་གསར་བའི་བོད་ཀྱི་སྲིད་སྐྱོང་དུ་ཕེབས་པར་ངས་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མ་འོངས་པར་སྐུ་ཉིད་ཀྱི་ཐུགས་རེ་བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་བོད་གཞིས་བྱེས་མཉམ་འཛོམས་ཡོང་བ་དང་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཕོ་བྲང་པོ་ཏཱ་ལར་གདན་འདྲེན་ཞུ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ། །
ཁར་ཤང་ནས་བོད་དགེ་དགེ་འདུན་རྒྱ་མཚོས་གུས་ཕུལ། །
སྤྱིར་བོད་པའི་སྤྱི་ཚོགས་ནང་ལ་མིང་གི་རྣམ་གྲངས་མང་སྟབས་ཚོགས་པ་ཆེ་ཆུང་དང༌། རྒྱལ་ཁབ་བར་གྱི་འགན་འཛིན་གྱི་མིང་ལ་བསམ་ཚུལ་མང་པོ་ཞིག་སྤེལ་བཞིན་པ་རེད་འདུག དེ་སྔོན་ཡིན་ན་ཡོངས་གྲགས་བཀའ་བློན་ཁྲི་བ་འབོད་ཀྱི་ཡོད། འོན་ཀྱང་སྲིད་སྐྱོང་བ་སོགས་ལབ་མ་དགོས་པར་༼བོད་ཀྱི་སྲིད་མཛིན་༽ལབ་པ་ཡིན་ན་རྒྱལ་ཁབ་གཞན་གྱི་འབོད་སྲོལ་དང་མཐུན་པ་མི་འདུག་གམ མ་གཞི་ནས་སྲིད་འཛིན་རེ་བཀོད་གཞགས་བྱས་ཚེ་མིང་རེ་འདོགས་དགོས་ན་རྒྱལ་ཁབ་གཞན་གྱིས་ལྟས་པ་ཡིན་ན་ངོ་མཚར་ཆེན་པོ་ཆགས་ཉེན་མི་འདུག་གམ་སོམས་དང༌། དེ་ལས་ཡོངས་གྲགས་སྔ་མའི་མིང་ད་ག་རང་ལ་བེད་སྤྱོད་བྱས་པ་ཡིན་ན་དེ་སྐྱོན་ཆ་ག་རེ་འདུག
སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབ་ཅིག་མ་འོངས་ཁྱེད་ཀྱི་ལས་དོན་གང་བྱས་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།
སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲི་བཀྲ་་་་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་། ཁྱེད་ཀྱི་བསམ་དོན་མྱུར་དུ་འགྲུབ་པའི་བཀྲ་་་་ཤིས་སྨོན་ལམ་ལན་བརྒྱ་ཞུ་
བཀའ་ཁྲི་གསར་པ་བློ་བཟང་སེངྒེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།
མགྱོགས་མྱུར་ཁྱེད་ཀྱི་ཤེས་ཡོན་དང་འཇོན་ཐང་ལ་རྟེན་ནས། ཕོ་བྲང་པོ་ཏཱ་ལ་རུ་༸་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་ཁག་གཙོས་པའི་བོད་རིགས་སྤུན་ཟླ་ཚང་མ་མཉམ་འཛོམས་ཡོང་བའི་དུས་ཤིག་མགྱོགས་མྱུར་ཤར་བའི་གསོལ་འདེབས་དང་སྨོན་ལམ་རྒྱབ་ཡོད།
སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབ་ཅིག་མ་འོངས་ཁྱེད་ཀྱི་ལས་དོན་གང་བྱས་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ་ཞུ།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་རྟེན་འབྲེལ་དང་གུས་འདུད་ཞུ
སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ལུགས་མཐུན་སྲིད་ཀྱི་ཉི་གཞོན།།
གངས་ཅན་ཡུལ་དུ་དྲངས་དུས།།
གངས་ཅན་ལྷ་མི་ཡོངས་ཀྱིས།།
དགའ་བའི་རྟེན་འབྲེལ་ཞུས་ཡོད།།
དེ་སྔོན་མ་བྱུང་ལོར་རྒྱུས་རང་བཞིན་དང་ལྡན་ཞིང་།
བོད་མིས་འོས་འདེམས་བྱེད་ནས་སྲིད་སྐྱོང་འམ་བཀའ་ཁྲི།
ཁྲི་གསོལ་མཛད་སྒོ་བཀྲ་ཤིས་བརྟེན་འབྲེལ་ངང་འགྲུབ་སོང་།
རྒྱལ་བའི་བཀའ་དགོངས་བོད་དོན་བདེན་མཐའ་ཡང་གསལ་ཤོག།
དེ་རིང་གི་མཛད་སྒོར་ཕྱི་ནང་གི་ཚོགས་སྡེ་མང་པོའི་སྐུ་ཚབ་གང་འཚམ་ཞིག་ཕེབས་ཐུབ་པ་ཡག་པོ་འདུག དམངས་གཙོའི་སྲིད་སྐྱོང་ཁྲི་པ་ངོ་གནོང་མི་དགོས་པ་ཞིག་ཡོང་ཐུབ་པར་རེ་སྐུལ་དང་སྨོན་ལམ་ཡོད།
བློ་གྲོས་མེ་ལོང་བཟང་སྤྱོད་དར་གྱིས་ཕྱིས།
སེང་གེའི་ཁྲི་ལ་དཔའ་མཛངས་ཉམས་ཀྱིས་བཞུགས།
ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་སྙིང་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །བཀའ་བཞིན་གྲུབ་པའི་མཆོད་པས་རབ་བསྙེན་ནས། །ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག །
སྲིད་སྐྱོང་བློ་བཟང་སེང་གེས་༸ རྒྱལ་བའི་བཀའ་དགོངས་ལམ་སྟོན་འོག་ཏུ་ཕྱག་སྤྲེལ་བཀའ་བློན་དང་། དྲུང་ཆེ་ཆུང་། སྲི་ཞུའི་ལས་བྱེད་རྣམས་དང་། རྒྱ་ཆེའི་མི་དམངས་ཡོངས་ཀྱི་ཕྱར་གྲུ་མཉམ་འདེགས་ཐོག་འབྲས་བཟང་འཐོབ་པའི་སྨོན་འདུན་ཞུ།