མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ ༤ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མདོ་སྨད་ཀན་ལྷོ་གཙོས་གྲོང་ཁྱེར་མངའ་ཁོངས་སུ་ཡོད་པའི་རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་གི་གྲྭ་པ་ ༤ འཛིན་བཟུང་བྱས་འདུག

 

འབྲེལ་ཡོད་མི་སྣས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་བོད་ནང་གི་མཚན་ཆུ་ཚོད་ ༣ པ་ཡས་མས་སུ་རྒྱ་ནག་ཉེན་རྟོག་མི་སྣ་བཅུ་ལྷག་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་མངའ་ཁོངས་སུ་ཡོད་པའི་རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་དུ་ཡོང་སྟེ། གསང་བའི་སྒོ་ནས་དགེ་འདུན་པ་བསྟན་འཛིན་རྒྱ་མཚོ་དང་འཇིགས་མེད་བསམ་གཏན། སྐལ་རྒྱམ། ཡོན་ཏན་བཅས་གྲྭ་པ་བཞི་གྲྭ་ཤག་ནས་འཛིན་བཟུང་བཙན་འཁྲིད་བྱས་འདུག

ཕྱིས་སུ་ཉེན་རྟོག་མི་སྣས་གྲྭ་བ་ཚོར་འདྲི་རྩད་བྱས་རྗེས་གྲྭ་ཡོན་ཏན་དང་སྐལ་རྒྱམ་གཉིས་ཀྱིས་གནས་ཚུལ་གཞན་ལ་མི་བཤད་པའི་ཁས་ལེན་འོག་ཀློད་གྲོལ་ཐོབ་ཡོད་ཀྱང༌། གྲྭ་བསྟན་འཛིན་རྒྱ་མཚོ་དང་འཇིགས་མེད་བསམ་གཏན་གཉིས་ད་ལྟའི་ཆར་ཡང་བཀག་ཉར་བྱས་ཡོད་འདུག དེ་ནི། རྒྱ་ནག་གཞུང་གིས་ཁོང་གཉིས་ ༢༠༠༨ ལོར་བླ་བྲང་ས་ཁུལ་གྱི་ཞི་བའི་སྐད་འབོད་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་གི་ཉེན་བརྡ་དང་ཡིག་ཆ་སྤྲད་པའི་གྲས་སུ་ཚུད་ཡོད་པའི་དབང་གིས་ཡིན་པ་དང༌། ཐེངས་འདིར་རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་བླ་བྲང་དགོན་པ་དང་དེའི་ཉེ་ཁུལ་གྱི་ས་གནས་མང་པོ་ཞིག་ལ་གཟིགས་སྐོར་དུ་འགྲོ་འཆར་ཡོད་སྟབས། སྐབས་དེར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སྲིད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག

རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་དགོན་པ་ནི།  ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་ཁོངས་སུ་ཡོད་ཅིང༌། ད་ལྟའི་ཆར་དགོན་པའི་ནང་གྲྭ་པ་ ༤༠༠ ལྷག་ཡོད་འདུག  ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་དགོན་པའི་གྲྭ་པ་དང་ས་གནས་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སྟབས་གྲྭ་པ་ ༢༠ ལྷག་འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

མཆན། 1

  1. sangkye says:
    ལོ་ 15 སྔོན།

    རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་དགོན་པའི་གྲྭ་ཡོན་ཏན་དང་སྐལ་རྒྱམ་གཉིས་ཀྱིས་ག་རེ་ཁས་ལེན་བྱེད་ཡོད་རེ་ལགས། རྗེས་སུ་བོད་གྱི་ལས་འགུལ་ག་རེ་སྤེལ་ན་རྒྱ་མི་ལ་རྩིས་སྤྲོད་བྱེད་རྒྱུ་ཁས་བླངས་བ་རེད་དམ། ཁོང་གཉིས་ག་རེ་ཅེས་གློད་གྲོལ་བཏང་རེད་ལགས། གཞན་གྲྭ་བ་བསྟན་འཛིན་རྒྱ་མཚོ་དང་འཇིག་མེད་རྒྱ་མཚོ་གཉིས་ག་རེ་ཅེས་གློད་གྲོལ་མ་བཏང་བ་རེད་ལགས་། ཁོང་གཉིས་རྒྱལ་གཅེས་དཔའ་པོ་རེད་བསམ། གཞན་གཉིས་བོད་པའི་ཞབས་འདྲེན་རེད། ཁོང་གཉིས་ག་རེ་ཁས་ལེན་བྱེད་ཡོད་དམ། གཞན་གཉིས་མྱུར་ཏུ་གློད་གྲོལ་ཡོངས་བའི་གུས་འདུད་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese