མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷ་ཌ་ཧྥེའི་བུ་འཛིན་ཐུབ་མི་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མར་ལཱེ་བྷེ་ཡཱའི་གྱེན་ལོག་ཤོག་ཁག་གིས་གྷ་ཌ་ཧྥེ་ཡི་བུ་སའེ་ཧྥི་ཨལ་འཛིན་བཟུང་བྱས་ཚུལ་བསྒྲགས་པའི་ཉིན་གཉིས་པར། སའེ་ཧྥི་ཨལ་ཕྱིར་མངོན་ཏེ་གྱེན་ལོག་ཤོག་ཁག་གི་རྟེན་གཞི་གཙོ་བོ་ཞིག་གཞུང་དམག་གིས་གཏོར་བཅོམ་བྱས་པར་བརྗོད་འདུག

ཕྱི་ཚེས་ ༢༡ ཉིན་ལཱེ་བྷེ་ཡའི་གྱེན་ལངས་ཤོག་ཁག་གི་སྲིད་དབང་སྒེར་འཛིན་པ་གྷ་ཌ་ཧྥེའི་བུ་སའེ་ཧྥི་ཨལ་(Saif al-Islam) དང་སྤུན་མཆེད་ནང་མི་སྐོར་ཞིག་འཛིན་བཟུང་བྱས་ཡོད་པར་བསྒྲགས་ཡོད། འོན་ཀྱང་། གཟའ་ཟླ་བའི་ཉིན་སའེ་ཧྥི་ཨལ་ལཱ་བྷེ་ཡའི་རྒྱལ་ས་ཊི་རེ་པོ་ལེ་(Tripoli) ནས་དངོས་སུ་ཕྱིར་ཐོན་ཏེ། འདས་པའི་ཉིན་འགའི་འཐབ་འཁྲུག་ཁྲོད་ས་གནས་གྱེན་ལོག་ཤོག་ཁག་གི་རྟེན་གཞི་གཙོ་བོ་ཞིག་གཞུང་དམག་གིས་གཏོར་སྐྱོན་བཏང་ཡོད་པ་དང་། གྱེན་ལོག་པས་ཁོང་དང་ནང་མི་སྐོར་ཞིག་འཛིན་བཟུང་བྱས་ཡོད་སྐོར་བསྒྲགས་པ་དེ་དཀྲོག་གཏམ་རེད་ཅེས་བརྗོད་འདུག

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པར་བྷེ་བྷེ་སེ་ཡི་གསར་འགོད་པ་མཱ་ཐེཝོ་(Mathew price) ལགས་ཀྱིས་སའེ་ཧྥི་ཨལ་ལ་བཅར་འདྲི་ཐུང་ཐུང་ཞིག་བྱས་པའི་ནང་། ད་ལྟ་གྷ་ཌ་ཧྥེ་བདེ་འཇགས་ཡིན་པ་མ་ཟད། རྒྱལ་སའི་གྲོང་ཁྱེར་ཕྱི་ནང་གི་ས་ཁུལ་ཕལ་ཆེ་བ་གཞུང་དམག་གིས་བརྟན་བཟུང་བྱས་ཡོད་ཚུལ་དང་། ཉེ་ཆར་ནས་གྱེན་ལངས་ཤོག་ཁག་གིས་ཊི་རེ་པོ་ལེ་ཡི་ས་སྒོ་གང་ས་ནས་དཔུང་འཇུག་བྱས་ཡོད་ཀྱང་། གཞུང་དམག་གི་འགོག་རྒོལ་འོག་ད་ཆར་གྱེན་ལངས་ཤོག་ཁག་ལ་ཕམ་ཉེས་བྱུང་ཡོད་ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་གཉིས་པ་ནས་ལཱེ་བྷེ་ཡའི་མི་མང་གིས་སྲིད་དབང་སྒེར་འཛིན་གཞུང་མགོ་རྟིང་སློག་རྒྱུའི་གྱེན་ལངས་ངོ་རྒོལ་བྱས་ཤིང་། རིམ་བཞིན་ཎ་ཊོ་ (Nato)མཉམ་འབྲེལ་དམག་གི་རྒྱབ་རོགས་བཅས་ལ་བརྟེན། གྲོང་ཁྱེར་དང་སུ་ཁུལ་མང་པོ་ཞིག་གཞུང་གི་སྟངས་འཛིན་ལས་ཤོར་ཡོད་ཅིང་། ད་ལྟ་གྷ་ཌ་ཧྥེ་སྲིད་གཞུང་གི་རྟེན་གཞི་གཙོ་བོ་རྒྱལ་ས་ཊིརེ་པོ་ལེ་ལ་ས་སྒོ་ཁག་མང་པོ་ཞིག་ནས་ཚུར་རྒོལ་བྱེད་བཞིན་ཡོད་པ་རེད། གནད་དོན་འདིའི་ཐད་གྱེན་ལོག་ཤོག་ཁག་གི་མགོ་ཁྲིད་ཇ་ལེལ་(Mustafa Abdul Jalil) གྱིས་ “ང་ཚོའི་རྒྱལ་ཁ་ངོ་མ་ནི་གྷ་ཌ་ཧྥེ་འཛིན་བཟུང་བྱས་པའི་དུས་སྐབས་དེ་ཡིན” ཞེས་བརྗོད་ཡོད་འདུག

སའེ་ཧྥི་ཨལ་ནི་རང་ལོ་ ༣༩ དང་། གྷ་ཌ་ཧྥེའི་བུ་རྣམས་ཀྱི་ནང་གི་ཕ་ཤུལ་འཛིན་བྱེད་མཁན་དེ་ཆགས་ཡོང་གི་ཡོད་འདུག  

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༡༦ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

མཆན། 4

  1. tata says:
    ལོ་ 15 སྔོན།

    འཛིན་མ་ཐུབ་པ་ཡག་པོ་རེད་ ཁོང་བདེ་བ་ཐོབ་པ་ཤོག།

    Reply
  2. གཡག says:
    ལོ་ 15 སྔོན།

    བཏགས་མིང་གཡག་ལ་མི་ཡི་རྣམ་དཔྱོད་ཅན།།
    རིག་པ་ཕྲ་ལ་ཚོར་བ་རྣོན་པོ་ཅན།།
    ལ་རྒྱ་ཟབ་ལ་སེམས་ཤུགས་ལྷག་པ་ཅན།།
    མི་རྒན་གཏམ་ལ་ཡིད་ཆེས་མེད་མཁན་རྒྱ།།

    Reply
  3. རྒྱ་རྙི། says:
    ལོ་ 15 སྔོན།

    གཡག་ནི་དུད་འགྲོ་ཡིན་པས་དུད་འགྲོ་ཞིག་ལ་གོ་ཤེས་འདི་ཙམ་ལས་གང་ཡོང་།མི་རྒན་ཞིག་ཡིན་ན་ཇུས་གཏོགས་མ་མང་བར་མ་ཎི་ཐོན།གསར་འགྱུར་ལ་དོ་སྣང་ཡོད་པའི་གཞོན་སྐྱེས་ཚོའི་སྐུ་ཚབ་ནས།

    Reply
  4. གཡག says:
    ལོ་ 15 སྔོན།

    ༼བོད་ཀྱི་དུས་བབ་༽ལ་བོད་ཀྱི་དུས་བབ་དང་འབྲེལ་བ་མེད་པའི་གསར་འགྱུར་འདི་འདྲ་བཀོད་ན་ཡག་པོ་མ་རེད། རྒྱུ་མཚན་དང་དགེ་མཚན་གང་ཡང་མི་འདུག་པས་དགོངས་འཇགས་ཞུ། མི་རྒན་གྱི་གཏམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese