མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རུ་ཎ་ཅལ་གྱི་བོད་མི་ཚོས་རེ་བ་འདི་ལྟར་རྒྱག་གི་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ཎ་ཅལ་གྱི་བོད་མི་ཆིག་སྟོང་ཁེ་ཎ་ཌར་ལེན་རྒྱུའི་ལས་གཞི་འགྲོ་བཞིན་པའི་སྐབས་འདིར། གསར་འགོད་པས་ཏེ་ཛི་དང་མེའོ། བསྟན་འཛིན་སྒང་བཅས་ཀྱི་མི་སྣ་གསུམ་ལ་བཅར་འདྲི་ཞུས་ཏེ། ས་གནས་ཀྱི་གནས་སྟངས་དང་མང་ཚོགས་ཀྱི་མངོན་འདོད་ལ་རྒྱུས་ལོན་བྱས་ཡོད། 

    ཁེ་ཎ་ཌའི་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་གྱི་བོད་མི་ ༡༠༠༠ ཁེ་ཎ་ཌར་འཐེན་རྒྱུའི་ཐག་གཅོད་བྱུང་ཡོད་པ་ལྟར། ཉེ་བའི་ཟླ་ཤས་གོང་ཁེ་ཎ་ཌ་གཞུང་དང་ཡུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་འཐུས་མི་གཉིས། ཨ་རུ་ཎ་ཅལ་བོད་མིའི་གཞིས་ཆགས་ཁག་ཏུ་བསྐྱོད་དེ་གཞིས་སྤོའི་ལས་འཆར་སྐོར་མང་ཚོགས་ལ་ངོ་སྤྲོད་གནང་སྟེ། ཁྱིམ་མི་ཁ་བྲལ་དུ་མི་འགྲོ་ཆེད་ཁྱིམ་ཚང་ཧྲིལ་པོ་གྱེས་ཏེ་འཐེན་རྒྱུའི་ཐག་གཅོད་བྱུང་ཡོད་པ་མ་ཟད། ལས་འཆར་དེ་མ་འོངས་པའི་ཟླ་ ༣ ནང་དངོས་སུ་ལག་བསྟར་བྱ་འཆར་ཡོད་ཚུལ་བརྗོད་ཡོད་འདུག འོན་ཀྱང་ས་གནས་མང་ཚོགས་ཀྱིས་ཁྱིམ་ཚང་རེ་ནས་མི་གཅིག་རེ་འཐེན་ཐུབ་རྒྱུར་རེ་བ་ཆེན་པོ་རྒྱག་གི་ཡོད་པ་དང་། མི་མང་གི་བསམ་ཚུལ་དེ་གཞིས་མགོ་དང་བོད་གཞུང་ནང་སྲིད། ཁེ་ཎ་ཌའི་ཆེད་གཏོང་འཐུས་མི་བཅས་ལ་སྙན་སེང་ཞུས་ཡོད་འདུག

 

    འདི་གའི་གསར་འགོད་པས་མེའོ་ཆོས་འཕེལ་གླིང་མཉམ་འབྲེལ་ཚོགས་གཙོ་སྐུ་ཞབས་རིག་འཛིན་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། ཟླ་ཤས་གོང་ཁེ་ཎ་ཌའི་གཞུང་གི་ལས་བྱེད་ཅིག་དང་བོད་རིགས་སྤྱི་མཐུན་ཚོགས་པའི་འཐུས་མི་གཉིས། ཨ་རུ་ཎ་ཅལ་མེའོ་དང་ཏེ་ཛུ་གཞིས་ཆགས་གཉིས་སུ་སྐོར་སྐྱོད་བྱས་ཏེ། ས་གནས་མི་མང་ལ་ཚོགས་འདུ་སྐོང་སྐབས་མང་ཚོགས་ཀྱིས་ཁ་ཎ་ཌའི་གཞུང་གིས་ཨ་རུ་ཎ་ཅལ་གཞིས་ཆགས་ཁག་ ༣ གྱི་ཁྱིམ་ཚང་རེ་ནས་མི་ ༡ རེ་ལེན་རྒྱུར་འབོད་སྐུལ་ཞུས་འདུག་ཀྱང་། འཐུས་མི་གཉིས་ཀྱིས་ཁེ་ཎ་ཌའི་གཞུང་གིས་བོད་མི་གཞིས་སྤོའི་ལས་འཆར་ཆ་ཚང་བཟོས་ཟིན་ཡོད་ལུགས་དང་། མི་ཚང་ཧྲིལ་བོ་མ་འཐེན་ན་མ་འོངས་པར་ཁེ་ཎ་ཌའི་གཞུང་ལ་དཀའ་ངལ་འཕྲད་ཀྱི་ཡིན་ཚུལ། ཁྱིམ་མི་ཁ་བྲལ་གཏོང་རྒྱུ་དེ་ཁེ་ཎ་ཌ་གཞུང་གི་སྲིད་བྱུས་དང་མཐུན་གྱི་མེད་ལུགས་སོགས་བརྗོད་འདུག

    མེའོ་གཞིས་ཆགས་ནང་མི་ཚང་ ༥༠༠ དང་གཞིས་མི་ ༣༠༠༠ ཙམ་ཡོད་འདུག་ལ། ཁྱིམ་ཚང་ཕལ་ཆེ་བར་ནང་མི་ ༦ ནས་ ༧ དང་། གཞིས་གྲོང་ཁག་ཅིག་ལ་ནང་མི་ ༡༡ ཅན་ཡང་ཡོད་འདུག དེའི་ཐད་རིག་འཛིན་རྡོ་རྗེ་ལགས་ཀྱིས་བརྗོད་དོན། “ གལ་སྲིད། ནང་མི་ལྟར་འདེམས་སྒྲུག་བྱས་ཏེ། ནང་མི་ ༡༡ ཅན་ཞིག་ལ་རྒྱན་ཐོབ་ན། ང་ཚོའི་ཐོབ་ཐང་ཉུང་དུ་འགྲོ་བ་རེད། མེའོ་གཞིས་ཆགས་གཅིག་པུར་གཞིས་གྲོང་ ༥ དང་གཞིས་གྲོང་རེར་མི་ ༥༠༠ ལྷག་ཡོད་དུས། གཞིས་གྲོང་ ༡ ལ་མ་གཏོགས་གོ་སྐབས་རག་ཐབས་ཡོད་པ་མ་རེད་ཅེས་ ” བརྗོད་བྱུང་།

 

རིག་འཛིན་རྡོ་རྗེ་ལགས་ཀྱིས་མེའོ་གཞིས་ཆགས་ཀྱི་དཀའ་ངལ་སྐོར་བརྗོད་རྒྱུར། “འཚོ་བའི་ཆ་རྐྱེན་སྐྱོ་བའི་དབང་གིས་བྱིས་པ་མང་ཆེ་བ་མཐོ་སློབ་ཏུ་བསྐྱོད་ཐུབ་ཀྱི་མེད་པ་དང་། ཕོ་མང་ཆེ་བ་རྒྱ་གར་དམག་ཁོངས་སུ་འཛུལ་བཞིན་ཡོད་སྟབས། ད་ཆར་མེའོ་གཞིས་ཆགས་གཅིག་པུར་བོད་པའི་དམག་མི་ ༣༠༠ ལྷག་ཡོད་འདུག མང་ཚོགས་ལ་འཐུང་ཆུའི་དཀལ་ངལ་འཕྲད་དེ། ཉིན་གཉིས་རེ་ནང་ཁྱིམ་ཚང་རེར་ཆུ་ལེ་ཁྲིར་ (litre) ༢༥ ལས་རག་གི་མེད་པ་དང་། གྱོན་ཆས་རིགས་བཀྲུ་བར་སྤྱི་ལེ་ ༣ གྱི་སར་ཡོད་པའི་གཙང་པོའི་ཁར་འགྲོ་དགོས་ཀྱི་ཡོད་འདུག འདིའི་སྐོར་ལ་རིག་འཛིན་ལགས་ཀྱིས “ཕྱི་རྒྱལ་དང་རྒྱ་བལ་ཁུལ་དུ་བཞུགས་མཁན་བོད་རིགས་ལྷག་བསམ་ཅན་ཚོས་མེའོ་གཞིས་ཆགས་ཀྱི་མི་ཚང་རེ་ལ་ཆུ་གསོག་སྣོད་ (Tank)རེ་གནང་ཐུབ་པ་ཡིན་ན། ཆར་དུས་སྐབས་ཆུ་གསོག་འཇོག་གང་འཚམ་ཐུབ་པ་རེད། ང་རང་ལ་མཚོན་ན་གཞིས་ཆགས་འདིའི་ནང་གི་མཐུན་རྐྱེན་འཛོམས་ཤོས་གྲས་ཡིན་པའི་ཁུལ་རེད། འོན་ཀྱང་། སྐབས་ཤིག་ང་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་ཕྱིན་པ་ཡིན། ངའི་ཁང་པ་བྷེལ་ཀོབ་གཞིས་ཆགས་ཀྱི་མི་ཚང་ཞིག་གི་སྒོ་ཆེན་གྱི་རིན་གོང་ཡང་མི་འདུག” ཅེས་བརྗོད་བྱུང་།  

 

ཏེ་ཛི་དར་རྒྱས་གླིང་གཞིས་ཆགས་ཀྱི་མཉམ་འབྲེལ་འགན་འཛིན་བློ་བཟང་ལགས་སུ་བཅར་འདྲི་ཞུས་པར། “ ང་རང་ཉེ་ཆར་བོད་ལ་གཉེན་འཕྲད་དུ་ཕྱིན་ཏེ་ཕྱིར་ལོག་མ་ཐག་ཡིན། ཞིབ་ཕྲའི་གནས་ཚུལ་ཤེས་ཀྱི་མེད། སྤྱིར་ཏེ་ཛི་གཞིས་ཆགས་ལ་ཁྱིམ་ཚང་ ༣༧༢ དང་གཞིས་མི་ ༢༨༠༠ ཙམ་ཡོད། ཉེ་ལམ་གཞིས་ཆགས་ནང་ཚོགས་འདུ་ཚོགས་ཏེ་མི་ཚང་རེ་ནས་མི་གཅིག་རེ་འཐེན་དགོས་པའི་རེ་འདུན་ཞུས་ཀྱང་ཕར་ཕྱོགས་ནས་ངོས་ལེན་གནང་མི་འདུག མང་ཚོགས་ཀྱིས་ད་དུང་རེ་བ་ཆེན་པོ་རྒྱག་གི་འདུག ང་ཚོའི་གཞིས་ཆགས་ས་བབ་དམའ་བོ་ཡིན་སྟབས་ལོ་ཏོག་ག་རེ་བཏབ་ཀྱང་སྨིན་གྱི་ཡོད་མོད། ཞང་ས་ཆུང་བའི་དབང་གིས་རང་ལ་ཟ་རྒྱུ་ཙམ་ལས་གཞན་ལ་བཙོང་རྒྱུ་ཡོད་པ་མ་རེད། གཞིས་ཆགས་ཀྱི་འཚོ་བ་གཙོ་བོ་ཞོག་ཁོག་དང་འབྲས། སྔོ་ཚལ་རིགས་ལ་བརྟེན་ཡོད། གཞིས་ཆགས་ས་ཆ་ཁུག་ཀྱོག་ཡིན་པ་དང་། ལམ་ཁ་ཡག་པོ་མེད་པ། ཆུ་གློག་དཀོན་པ། ཡུལ་མི་དང་ས་ཆུའི་བདག་དབང་ཐོག་རྩོད་རྙོག་ཡོད་སྟབས་ཡུལ་དཀའ་ངལ་ཆེན་པོ་འདུག་ཅེས་ ” ཞེས་བརྗོད་སོང་།   

 

    བསྟན་འཛིན་སྒང་གཞིས་ཆགས་ཀྱི་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་ལགས་སུ་བཅར་འདྲི་ཞུས་པར། “ལས་གཞི་དེ་མ་འོངས་པའི་ཟླ་གསུམ་ནང་ལག་བསྟར་བྱ་རྒྱུ་ཡིན་ས་རེད། བསྟན་འཛིན་སྒང་གཞིས་ཆགས་ནང་འབུམ་སྡེ་ལ་ཁ་ཐོར་མི་མང་དང་མོན་རྟ་དབང་བཅས་ཀྱང་ཚུད་ཀྱི་ཡོད། ཁྱོན་སྡོམ་མི་ཚང་ ༢༥༠ དང་གཞིས་མི་ ༡༦༠༠ ཙམ་ཡོད་པ་རེད། ང་ཚོར་ཡིག་ཆ་མེད་པ་དང་ལམ་ཁ་ཡག་པོ་མེད་པ། གློག་དང་དྲ་རྒྱའི་དཀའ་ངལ་སོགས་འཕྲད་ཀྱི་འདུག་ལ། ཡུལ་མི་མོན་པ་ཚོས་ཀྱང་ས་ཆའི་བདག་དབང་ཐོག་རྟག་པར་སུན་པོ་བཟོ་བཞིན་ཡོད། དེ་བཞིན། ང་ཚོས་བཏབ་པའི་ལོ་ཏོག་དེ་ཁྲོམ་ལ་བཙོང་དུ་སོང་ན་རི་སྒང་བརྒྱུད་དེ་ལེ་བར་ ༢༠༠ ལྷག་འགྲོ་དགོས། རླངས་འཁོར་གླས་ན་ཧིན་སྒོར་ ༧༠༠༠ ཙམ་སྤྲོད་དགོས་དུས་ཁེ་སྤོག་ཡོད་པ་མ་རེད། འཚོ་བའི་དཀའ་ངལ་དེའི་དབང་གིས་བསྟན་འཛིན་སྒང་གཞིས་ཆགས་ནང་མཐོ་རིམ་སློབ་སྦྱོང་ཐོན་མཁན་ཧ་ཅང་ཉུང་ཉུང་རེད། གཞུང་ཞབས་ཁོངས་འཛུལ་མཁན་ཡང་རེ་ཟུང་ལས་ཡོད་པ་མ་རེད། བུ་མང་ཆེ་བ་འཛིན་རིམ་བདུན་པ་བརྒྱད་པ་ནས་དམག་མིར་ཞུགས་ཀྱི་ཡོད། ” ཅེས་བརྗོད་བྱུང་།

 

ལས་གཞི་འདི་ཁེ་ན་ཌའི་གཞུང་དང་ཁེ་ན་ཌའི་བོད་རིགས་སྤྱི་འཐུན་ཚོགས་པ། བྱང་ཨ་རིའི་སྐུ་ཚབ་དོན་བཅོད་བཅས་ཀྱིས་མཉམ་འབྲེལ་ཐོག་ལག་བསྟར་བྱེད་ཀྱིན་ཡོད་པ་ཞིག་ཡིན་ཞིང་། ཁེ་ཎ་ཌར་འགྲོ་མིའི་འོས་ཆོས་སུ་རང་བཙན་ལག་དེབ་ཡོད་ཐོག བོད་མི་དེ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༡༨ སྔོན་ཨ་རུ་ཎ་ཅལ་དུ་ཡོད་དགོས་པ་ཞིག་ཡིན་འདུག ཨ་རུ་ཎ་ཅལ་མངའ་སྡེ་ནི་རྒྱ་གར་བྱང་ཤར་བོད་དང་ས་འབྲེལ་ཡིན་ཞིང་། མངའ་སྡེ་དེའི་འོག་བོད་མིའི་གཞིས་ཆགས་ཆེ་ཁག་ ༣ ཡོད་པ་དག་ནི། འབུམ་སྡེ་ལ་བསྟན་འཛིན་སྒང་དང་། མེའོ་ཆོས་འཕེལ་གླིང་། ཏེ་ཛི་དར་རྒྱས་གླིང་བཅས་ཡིན་ལ། གཞན་མོན་རྟ་དབང་དང་ཊི་ཀྲེང་སོགས་ཁ་འཐོར་ཁག་ཅིག་ཀྱང་ཡོད།

 

 

གསར་འགོད་པ། དཔལ་ལྡན།

༼ གོང་བཀོད་གསར་འགྱུར་འདི་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༥༢༨ སྟེང་བཀོད་འགྲེམ་བྱས་ཟིན་ཡོད། ༽

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༩ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 11

  1. tata says:
    ལོ་ 15 སྔོན།

    མི་ཚོང་རེ་ནས་མི་རེ་འགྲོ་ཐུབ་ན་ཞིབ་དྲག་ཡོ་པོ་འདུག་

    Reply
  2. ལུང་རྟོགས། says:
    ལོ་ 15 སྔོན།

    འདི་ལ་ཐབས་ཤེས་ཤིག་ཡོད་པ་ནི། གཞིས་ཆག་ཁག་གསུམ་གྱི་ཁྱིམ་ཚང་ཆིག་སྟོང་ནས་མི་ཆིག་སྟོང་གདམ་སྟེ། མི་དྲུག་བདུན་དང་བརྒྱད་དགུ་ཙམ་ཆ་བགོས་ཀྱིས་ཁྱིམ་ཚང་བཟོས་ནས་གཏང་ན་གང་འདྲ་འདུག

    Reply
  3. tashi.dorjeee says:
    ལོ་ 15 སྔོན།

    ལྷོ་ཕྱོགས་ཉི་ཟླ་ཁྱོད་ཁྱི་ཁ་ཚུམ་ འདི་༧གོང་ས མཆོག་གི་བཀའ་དགོང་མ་རེད་དམ།

    Reply
  4. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    བོད་རིགས་ཚང་མ་ག་ལེར་རྒྱ་གར་ནང་ནས་མ་བསྡད་པར་བོད་མའི་གཞུང་གཅིག་པོ་མ་གཏོགས་ལྷག་ས་མ་རེད་བསམ་མོ། ད་ཚར་རྒྱུ་རེད། བོད་ཕྱི་ལོག་ནས་ཁ་ཐོར་དུ་སོང་། གཞན་མི་རིགས་ཀྱི་ནང་དུ་ཡུལ་སྲོལ་གོམས་གཤིས་ཚང་མ་འདྲེས་ནས་བོད་ཡིན་པའི་ཚོར་བ་སྐྱེ་མཁན་ཉུང་ཉུང་འགྲོ་ས་རེད། མི་རབས་ཕྱི་མ་ཚོ་རེ་བ་ག་ཚོད་རྒྱབ་ཀྱང་ད་ལྟའི་སྐབས་ཀྱི་རེ་བ་ལས་མཆོག་ཞིག་ཡོང་མི་ཐུབ་པ་ཐག་ཆོད་ཡིན།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ད་ལན་གྱི་གཞི་མི་ཉམས་ཐག་འདི་ཚོ་ཁ་ན་དྲ་ལ་འགྲོ་ཐུབ་པ་བྱེད་དགོས་ཀྱི་གལ་ཆེ་པོ་རེད། དེའི་ཐོག་ཏུ་མི་རྒན་རྙིང་པ་ཚོས་འགོག་དགག་མི་ཡོང་བའི་ཆེད་དུ་ཐུགས་གཟབ་གནང་དགོས།
    གཉིས་ནས་བོད་མི་བསམ་མེད་ཚོས་ཚང་ཁ་རྒྱབ་ན་འགོག་རྐྱེན་ཕྲད་སྲིད་པས་གཟབ་གཟབ་བྱེད་དགོས། སྔར་ལོ་བལ་ཡུལ་བོད་མི་སྐྱབས་བཅོལ་ལག་ཁྱེར་མེད་པ་དང་ཀློ་ཆུ་བཞི་སྒང་དྲུག་གི་ནང་མི་རྣམས་ཨ་རི་ལེན་གྱི་ཟེར་དུས་་་ཕྱི་ནང་འགོག་རྐྱེན་ཐོག་བྱ་བ་ལེགས་འགྲུབ་བྱུང་མེད་པ་རེད། དེ་འདྲ་མི་ཡོང་ཆེད་དུ་གཟབ་གཟབ་བྱེད་དགོས།

    ལས་ཐུར་ཤོར་ཕྱིན་ན་ཡག་པོ་མ་རེད། མི་རབས་གསར་པའི་བཀའ་ཁྲི་བློ་སེང་མཆོག་གི་འཛིན་སྐྱོང་ངོས་ནས་བྱ་བ་བཟང་པོ་ཞིག་འགྲུབ་རུན་སྡོད་ཡོད་པར་དགའ་བསུ་ཞུ།།།།

    Reply
  6. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    མགོ་ནས་འཇུགས་བར་ལྐོག་ཟ་རུལ་སུང་མ་གཏོག་མེད་པའི་ལུང་ལས་ཁ་ན་དྲ་མཐར་ན་ཅི་མ་རུང།

    Reply
  7. གྲགས་བསོད་ says:
    ལོ་ 15 སྔོན།

    ཨ་རུ་ན་ཅལ་གྱི་བོད་མི་ཚོས་ཚངས་ཁ་ཡི་སྙིང་སྟོབས་དེ་དགྲ་བོ་གུང་ཁྲན་ལ་རྒོལ་ལེན་གྱི་སྙིང་སྟོབས་ཡི་ན་ཅི་མ་རུང། ངའི་བསམ་ཚུལ་ངོ་མ་ནི་གོང་དུ་ཆུ་ཐིགས་སྔོན་པོའི་བྲིས་འདུག།

    Reply
  8. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    ཕྱི་རྒྱལ་མཐར་ན་ཡག་པོ་རེད་ངོ་མ་ཡགཔོ་རེད

    Reply
  9. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    དཀའ་ངལ་སྐོེར་གླེང་ན་དཀའ་ངལ་མ་གཏོགས་བཤད་ཡས་ཡོད་མརེད་དེ་ཀྱང་རྒྱ་གར་གཞུང་གི་གནང་གཡར་ས་ཁང་དེ་བདག་ཉར་བྱ་རྒྱུ་ལས་བཞག་སྟེ་འགྲོ་པའི་དུས་ཚོད་དེ་ད་ལྟ་མ་རེད་སྙམ།

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    དཀར་ངལ་སྐོར་ནས་བཤད་ན་ས་ཆ་གང་དུ་ཕྱིན་ཀྱང་དཀའ་ངལ་ཞིག་ལས་ཡོད་པ་མ་རེད། ཡིན་ནའང་གཙོ་བོ་ཁེ་ན་ཌ་གཞུང་གི་སྒྲིག་གཞི་དང་བསྟུན་དགོས་པ་གལ་ཆེན་པོ་རེད། ང་ཚོའི་འདི་ནས་ཁྱིམ་ཚང་དང་ཡང་ན་ཁྱིམ་རེ་ནས་མི་རེ་འཐེན་པ་གཉིས་འདེམས་ཀ་བྱུང་ན་ཡག་ཤོས་ཁྱིམ་རེ་རེ་ནས་མི་རེ་འགྲོ་ཐུབ་ན་ཡག་པོ་ཡོད་པ་དངོས་མཐོང་རེད། གང་ལྟར་འདིའི་སྐོར་ནས་ཕར་ཕྱོགས་ཀྱི་གཞུང་ལ་སུན་པོ་དང་ཁོ་ཚོའི་སྒྲིག་གཞི་དང་མ་འགལ་བ་ཞིག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་རེད།་

    Reply
  11. ཉི་མ་ says:
    ལོ་ 15 སྔོན།

    ད་ཁེ་ན་ཌར་ང་ཡང་འགྲོ་འདོད་འདུག ལྡི་ལིར་ས་ཁང་དང་ས་ཞིང་གང་ཡང་མེད། སྔོན་མ་རྒྱ་གར་གིས་ཕུད་གྲབས་བྱས་བྱུང༌། ཡིན་ནའི་ད་ལྟའི་གཞིས་ཆགས་དེ་ཚོ་དངོས་གནས་གཞིས་ཆགས་པ་ཡིན་ཀྱང་བལྟ་བཟོ་མེད་སྟབས་བོད་གཞུང་ནས་ཁོང་ཚོ་བཏང་རྒྱུ་ཐག་ཆོད་ཙང་རྩོད་པ་རྒྱག་གི་མིན།
    གོང་འདིར་མཉམ་འབྲེལ་འགན་འཛིན་དེ་ཚོས་ལན་གསལ་པོ་བརྒྱབ་བཞག ཏི་ཛུ་དར་རྒྱས་གླིང་གི་མཉམ་འབྲེལ་འགན་འཛིན་བློ་བཟང་ཁོ་སྔོན་མ་ང་ཚོ་ངོ་ཤེས་ཀྱི་རེད། གང་འདྲ་ཡོད་མེད་གསལ་པོ་ཤེས་ཀྱི་ཡོད། ས་ཆ་ཁུག་ཀྱོག་འདི་ནས་བོད་ལ་གཉེན་འཕྲད་འགྲོ་ཐུབ་བཞག གྱོང་པོ་བྱུང་། སྒེར་དོན་དེ་འདྲ་ཟེར་གྲུབ་དགོས་རེད། ཀས་གཞིས་ཆགས་ཀྱི་མཉམ་འབྲེལ་འགན་འཛིན་ཡིན་པའི་ཆ་ནས་བོད་ལ་གཉེན་འཕྲད་འགྲོ་སྐབས་བདེ་དོན་ལ་ཞུས་པ་ཡིན་པས། ང་ཚོ་འདི་གར་སྐུ་ངོ་བདེ་དོན་ལ་ཞུ་གི་ཡོད་དཱ། ཁྱོད་ཀྱི་ང་སུ་ཡིན་པ་ཤེས་མདོག་ཁ་པོ་རེད། རང་མགོ་ཐོན་དུས་ས་གནས་བདེ་དོན་དང་གཞིས་འགོར་མ་ཞུས་པར་རྒྱ་མིའི་ལག་འཁྱེར་འཁུར་ནས་བོད་ལ་ཕྱིན། ད་ཡང་ཁེ་བཟང་ཡོད་དུས་ཁེ་ན་ཌར་སྐྱབས་བཅོལ་བོད་མིའི་མིང་འཁུར་ཏེ་བོད་གཞུང་ལ་སྦྱར་ནས་ཕྱི་རྒྱལ་དུ་འགྲོ་གི་ཡིན་མདོག་མདོག འདྲ་མ་འདྲ་བྱས་མ་ཡོང་ཨ། ད་བཞག་གི་ཡིན་༌༌༌༌༌ཁྱེད་ཚོའི་གྲས་ཁྱད་མཚར་དེ་འདྲ་འདུག་ག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese