མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་སྐབས་བཅུ་བཞི་བས་༧གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སཱ་ར་མཐོ་སློབ་ཏུ་བོད་རིགས་གཞོན་སྐྱེས་སྐོར་ཞིག་ལ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ངོ་བོ། བཀའ་ཤག་སྐབས་བཅུ་བཞི་བའི་བསྒྲུབ་བྱ། མི་རབས་གསར་པའི་གཞོན་སྐྱེས་ཚོར་འཁྲི་བའི་ལས་འགན་བཅས་ཀྱི་སྐོར་ལ་གསུང་བཤད་གནང་སོང༌།

ཁ་སང་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་སཱ་ར་གཞོན་ནུའི་རུ་ཁག་གི་གོ་སྒྲིག་འོག་ཟླ་འདིའི་ཕྱི་ཚེས་ ༢༤ ནས་དབུ་འཛུགས་གནང་བའི་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པའི་ཉིན་གསུམ་པའི་སྟེང༌། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཆེད་ཕེབས་ཀྱིས་༼བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ངོ་བོ། འབྱུང་འགྱུར་རྒྱལ་སྤྱིའི་གནས་བབ་དང་མཐུན་པའི་ཁ་ཕྱོགས། ༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སོང༌།

སྐབས་དེར་བཀའ་ཁྲི་མཆོག་གིས་ཐོག་མར་རང་ཉིད་ཀྱི་ད་ལྟའི་གནས་བབ་སྐོར་ལ་གསུངས་དོན། དམངས་གཙོ་གཞི་བཞག་ཐོག་ང་བདམས་ཐོན་བྱུང་པ་ཞིག་ཡིན་ཡང༌། བོད་མིའི་སྒྲིག་འཛུགས་ནང་ཟླ་འདིའི་ཕྱི་ཟླ་བརྒྱད་པའི་ཚེས་ ༨ ནས་ཕྱི་ཟླ་དགུ་བའི་ཚེས་ ༡༦ བར་དུ་བཀའ་ཤག་གསར་པ་མ་ཕེབས་བར་ང་མི་གཅིག་གིས་འཛིན་སྐྱོང་ཆ་ཚང་ལ་ལྟ་རྟོག་བྱ་དགོས་ཀྱི་ཡོད་སྟབས། ད་ལྟ་ང་མི་གཅིག་རིང་ལུགས་པ་ཆགས་ཡོད་པ་རེད། ལྷན་ཁང་མང་པོ་ཞིག་ཡོད་པས་ཉིན་རེ་བཞིན་ཐག་གཅོད་མང་པོ་ཞིག་བྱ་དགོས་པས། དུས་ཚོད་ཀྱི་ཆ་ནས་ད་ལྟ་བྲེལ་བ་ཆེ་བའི་སྐབས་རེད།  འོན་ཀྱང༌། བགྲོ་གླེང་གོ་སྒྲིག་པས་ངོ་དེབ་བརྒྱུད་ང་ལ་ཡོང་རོགས་ཞུས་པ་ལྟར། ལས་ཀར་བྲེལ་བ་ཆེ་རུང་ཆུ་ཚོད་དམ་འཛིན་བྱས་ཏེ་ཡོང་པ་ཡིན། ཞེས་དང༌།

 

ཁོང་གིས་མུ་མཐུད་བོད་ཀྱི་མང་གཙོའི་སྐོར་ནས། དམངས་གཙོའི་སྒྲིག་འཛུགས་ཡར་རྒྱུས་ཇི་ལྟར་ཕྱིན་འདུག ད་ལྟའི་ཆར་གང་འདྲ་ཞིག་ཏུ་གནས་འདུག་བཅས་དོན་ཚན་གསུམ་གྱི་ཐད་ནས་བཤད་རྒྱུ་ཡིན། ༧གོང་ས་མཆོག་སྐུ་སྒེར་ངོས་ནས་དམངས་གཙོར་ཡིད་ཆེས་བརྟན་པོ་གནང་མཁན་ཡིན་པ་གང་ནས་གསལ་བོ་ཆགས་ཐུབ་ཀྱི་འདུག་ཟེར་ན། དགུ་བཅུ་གོ་གྲངས་ནང་ཨུ་རུ་སུ་ཐོར་ཞིག་ཏུ་སོང་རྗེས་ཤར་ཡུ་རོབ་ཁོངས་སུ་དམངས་གཙོ་རྩོད་མཁན་མང་པོ་བྱུང་པ་རེད། སྐབས་དེར་༼ བོད་གནས་བསྐྱར་ཞིབ ༽ (Tibet Review) ནང་རི་མོ་གཉིས་ཐོན་པ་རེད། རི་མོ་གཅིག་ནང༌། ཡུ་རོབ་མི་མང་གིས་ཁྲོམ་གཞུང་ནས་དམངས་གཙོ་དགོས་ཞེས་སྐད་འབོད་རྒྱག་སྐབས། མགོ་ཁྲིད་དེས་སྒེའུ་ཁུང་ནས་མི་མང་ལ་གཟིགས་བསྡད་ཡོད་པ་རེད། ཁོའི་མགོ་ལ་དྲི་རྟགས་ཆེན་པོ་ཞིག་ཡོད། དེ་ནི་མི་མང་གིས་དམངས་གཙོ་དགོས་ཟེར་གྱི་ཡོད་པ་དེ་མགོ་ཁྲིད་དེས་ཧ་གོ་ཡི་ཡོད་པ་མ་རེད། རི་མོ་གཞན་དེའི་ནང༌། སྒེའུ་ཁུང་ནས་ང་ཚོའི་མགོ་ཁྲིད་ཀྱིས་དམངས་གཙོ་དགོས་ཀྱི་འདུག་ཟེར་ནས་སྐད་རྒྱག་གི་ཡོད་པ་རེད། ཁྲོམ་གཞུང་ན་མི་མང་གི་མགོ་ལ་དྲི་རྟགས་ཤིག་འཁོར་གྱི་ཡོད་པ་རེད། དེ་ནི་ང་ཚོའི་སྤྱི་ཚོགས་ནང་ད་བར་༧གོང་ས་མཆོག་གིས་ཐུགས་ཐག་གང་ཞིག་བཅད་ཀྱང་མང་ཚོགས་མགོ་འཐོམ་ཏེ། གང་ཞིག་གསུང་གི་ཡོད་ན་ཟེར་ནས་དང་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ༧གོང་ས་མཆོག་ལ་དམངས་གཙོའི་ལྟ་གྲུབ་འདི་ལྟ་བུ་ཞིག་གང་ནས་འཁྲུངས་པ་རེད་ཟེར་ན། གཅིག་ནས་ཁོང་མི་མང་དཀྱུས་མའི་ཁྱིམ་ནས་འཁྲུངས་པ་དང༌། གཉིས་པ་ཁོང་པོ་ཏ་ལར་བཞུགས་སྐབས་ཁོང་གི་ཐག་ཉེ་ཤོས་མ་བྱིན་སྒོ་སྲུང་གཡོག་པོ་དག་ཆགས་བསྡད་ཡོད་སྟབས། ཁོང་ལ་རང་བཞིན་གྱིས་དམངས་གཙོའི་ལྟ་གྲུབ་ཆགས་པ་རེད། ཅེས་གསུངས་སོང༌།

 

བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་མིའི་དམངས་གཙོའི་སྒྲིག་འཛུགས་སྐོར་གསུངས་དོན། “ དམངས་གཙོའི་སྒྲིག་འཛུགས་ཐད་ནས་༧གོང་ས་མཆོག་ ༡༩༥༤ ལོར་པེ་ཅིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་བཅར་སྐབས། ཚོགས་ཁང་ཧྲིལ་བོ་འཇམ་ཐང་ངེར་མི་རེ་ཟུང་ལ་གཉིད་ཅོག་རྒྱག་གི་ཡོད་པ་དང༌། ༡༩༥༦ ལོར་རྒྱ་གར་གྲོས་ཚོགས་ནང་ཕེབས་སྐབས། ཟིང་ཆ་ཧ་ཅང་ཆེ་བ་དང་སྲིད་བློན་ནའེ་རུ་ལ་སྐྱོན་འཛུགས་ཐད་ཀར་བྱེད་ཀྱི་ཡོད་པ་བཅས་ཀྱིས་ཁོང་གི་ཐུགས་ཡིད་འཕྲོགས་ཏེ། ༡༩༥༩ ལོར་རྒྱ་གར་ལ་ཕེབས་པ་ཐག་ནས་དམངས་གཙོའི་ལམ་སྲོལ་བཙུགས་པ་རེད། ཕྱི་ལོ་ ༡༩༦༣ ལོར་གཟི་བརྗིད་དང་ལྡན་པ་ཞིག་ལ་གྲོས་ཚོགས་ནང་བུད་མེད་ཀྱི་སྐུ་ཚབ་ཐོག་མར་བྱུང་འདུག སྐབས་དེ་འདྲའི་སྔ་བོ་ཞིག་ནས་གྲོས་ཚོགས་ནང་བུད་མེད་ཀྱི་སྐུ་ཚབ་བཞག་པ་དེ། ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ཏུ་ཡོད་པ་མ་རེད། སུད་སི་ལྟ་བུར་མཚོན་ན་བདུན་བཅུ་དོིན་གྲངས་ནང་གྲོས་ཚོགས་ནང་བུད་མེད་ཀྱི་སྐུ་ཚབ་བསླེབས་པ་རེད། དེ་བཞིན་བདུན་བཅུ་དོན་གྲངས་ནང་གྲོས་ཚོགས་ནང་བོན་པོའི་སྐུ་ཚབ་བསླེབས་པ་རེད། ལྷག་པར་དུ་དྲུག་ཅུ་རེ་གྲངས་ནང་མི་སེར་སྤེལ་ཡུལ་རིང་ལུགས་མཚམས་འཇོག་བྱེད་ཀྱི་ཡོད་པའི་སྐབས་ ༡༩༦༣ ལོར་རྩ་ཁྲིམས་གཏན་འབེབས་གནང་བ་རེད ” ཅེས་གསུངས་སོང༌།

 

ཡང་ཁོང་གིས་ད་ལོ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་གནང་བའི་སྐོར་གསུངས་དོན། “ ད་ལོ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་བསླེབས་ཡོད་པ་རེད། ད་ལོའི་གསུམ་བཅུའི་དུས་དྲན་གྱི་༧གོང་ས་མཆོག་གི་གསུང་འཕྲིན་དང་བསྟུན་ཏེ་ཁོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་མགོ་ཁྲིད་ཚོར་སྩོལ་རྒྱུ་ཡིན་ཞེས་ཐུགས་ཐག་བཅད་པ་རེད། རྒྱལ་སྤྱིའི་ཐོག་ནས་དུས་ཚོད་འདི་གལ་ཆེན་པོ་གང་འདྲ་ཞིག་ཆགས་ཀྱི་འདུག་ཟེར་ན། ཨ་རབ་ལུང་པའི་ཁ་ཆེ་རྒྱལ་ཁབ་མང་པོ་ཞིག་ཏུ་དམངས་གཙོའི་ཡར་ལངས་རྒྱག་བཞིན་པའི་སྐབས་རེད། འགའ་ཤས་ཀྱིས་རྒྱལ་སྤྱིའི་ཐོག་གི་འགྱུར་བ་དེ་དག་ལ་བརྟེན་ཏེ་༧གོང་ས་མཆོག་གིས་འགྱུར་བ་བཏང་བ་མིན་ནམ་སྙམ་པའི་དོགས་པ་ཡོང་སྲིད་པ་རེད། འོན་ཀྱང་དེ་འདྲ་ཞིག་མ་རེད། རྒྱལ་སྤྱིའི་འགྱུར་བ་དེ་དག་གི་གོ་སྐབས་བཟུང་སྟེ་ཐུགས་ཐག་བཅད་པ་ཞིག་རེད། ང་ཚོའི་ད་ལྟའི་གནས་སྟངས་འདི་རེད ” ཅེས་དང༌།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། “ ཉེ་ཆར་ཕྱི་ཚེས་ ༨ ཉིན་༧གོང་ས་མཆོག་གིས་ང་ལོ་བཅུ་དྲུག་ཐོག་སྲིད་སྐྱོང་སྟག་བྲག་རིན་པོ་ཆེས་ང་ལ་བོད་པའི་ཆབ་སྲིད་ཀྱི་འགན་སྤྲད་བཞག་པ་དེ། ད་ལྟ་ང་རང་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་གནང་གི་ཡོད་ཅེས་གསལ་བོར་གསུངས་པ་རེད། འདི་གལ་ཆེན་པོ་ཞེ་དྲག་རེད། ང་སྒེར་གཅིག་གི་དོན་དག་མ་རེད། དགའ་ལྡན་ཕོ་བྲང་གཞུང་གི་ཁྲིམས་མཐུན་གྱི་བདག་དབང་( Legitimacy )དེ་མི་མང་གིས་བདམས་བཞག་པའི་མགོ་ཁྲིད་ལ་གནང་གི་ཡོད་གསུངས་སོང༌། དེ་དང་མཉམ་དུ་རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་ནས་ཡོད་པའི་གསེར་དམ་དེ་ང་ལ་གནང་བ་རེད། དེ་ནི་སྐུ་ཕྲེང་བདུན་པའི་སྐབས་ནས་ཡོད་པའི་ཁྲིམས་མཐུན་གྱི་བདག་དབང་དེ་ཐེངས་འདིར་མི་དམངས་མང་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པའི་མགོ་ཁྲིད་ཅིག་ལ་གནང་གི་ཡོད་པ་བསྟན་ཡོད ” ཅེས་གསུངས་སོང༌།

 

བློ་བཟང་སེང་གེ་མཆོག་གིས་༧གོང་ས་མཆོག་གི་བཀའ་དགོངས་བརྩི་སྟངས་སྐོར་གསུངས་དོན། “ ང་ཚོས་༧གོང་ས་མཆོག་གི་དགོངས་གཞི་ལྟར་ལས་ཀ་བྱ་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། དེ་ལྟར་མ་སོང་པ་ཡིན་ན། བོད་ནང་ཡོད་པའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོར་སེམས་འཚབ་ཡོང་གི་རེད། ང་ཚོས་འདི་ནས་འགྲིག་མི་འགྲིག་བྱས་པ་ཡིན་ན། ཕྱོགས་གཅིག་ནས་༧གོང་ས་མཆོག་ཐུགས་ཕམ་པ་དང༌། གཉིས་ནས་བོད་ནང་གི་རེ་བཞག་དེ་མེད་པ་བཟོས་ཡོང་གི་རེད། དེར་བརྟེན། ང་ཚོར་འགན་དམིགས་བསལ་ཆེན་པོ་ཞིག་ཡོད། ལྷག་པར་དུ་གཞོན་སྐྱེས་ཚོར་འགན་ཆེན་པོ་ཡོད། ད་ལན་གྱི་འོས་འདེམས་ཁྲོད་མི་རྒན་པའི་འགན་དེ་ང་མི་གཞོན་པ་ཞིག་ལ་གནང་བ་རེད། གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་པའི་རིང་ལ། བོད་པའི་སྲིད་འབྱོར་རིག་གསུམ་གང་འདྲ་ཆགས་ཡོད་པ་རེད་ཟེར་ན། ཡག་ཐོག་ཆོད་ཆགས་ཡོད་པ་རེད། ལྷག་པར་དུ་ཐག་རིང་པོར་གཟིགས་དགོས་པ་མ་རེད། འདས་པའི་ལོ་ལྔ་བཅུའི་རིང་ལ་གནས་སྟངས་ཡག་ཐག་གཅོད་ཆགས་ཡོད་པ་རེད ” ཅེས་གསུངས་སོང༌།

 

མཐར་བཀའ་ཁྲི་མཆོག་གིས་གཞོན་སྐྱེས་ཚོར་རེ་བཅོལ་དང་རྟིང་སྐུལ་གནང་དོན། “ ང་ཚོར་ཕུགས་ཀྱི་དམིགས་ཡུལ་གཉིས་ཡོད། བོད་མྀའི་རང་དབང་བསྐྱར་གསོ་བྱ་རྒྱུ་དང༌། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་གཉིས་ཡིན། ༧གོང་ས་མཆོག་གིས་དགོངས་ལོ་བཅུ་དྲུག་ནས་སྐུ་ངལ་བསྐྱོན་ཏེ་ང་ཚོར་དམངས་གཙོ་འདི་བསྩལ་བ་རེད། ང་ཚོས་ཕར་འབུལ་དགོས་པ་དེ་གང་རེད་ཟེར་ན། ཁོང་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུ་ཐུབ་དགོས་པ་དེ་རེད། ༡༩༡༠ ལོར་རྒྱ་དམག་བཙན་འཛུལ་འོག་སྐུ་ཕྲེང་བཅུ་གསུམ་པ་ལྷ་ས་ནས་རྒྱ་གར་ལ་ཕེབས་དགོས་བྱུང་བ་རེད། ༡༩༡༣ ཟླ་ ༡ ནང་ཕྱིར་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུ་ཐུབ་ཡོད་པ་མ་ཟད། བོད་རང་བཙན་ཡིན་ཞེས་གསལ་བསྒྲགས་གནང་ཐུབ་ཡོད། དེ་ཇི་ལྟར་བྱུང་བ་རེད་ཟེར་ན། སྐབས་དེའི་མི་རབས་རྒན་པ་ཚོའི་ལྷག་བསམ་དང་ཆོད་སེམས། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཐོག་སྐུ་ལས་བསྐྱོན་ཏེ་རྒྱལ་ཁ་དེ་བླངས་པ་རེད། ང་ཚོས་ད་ལྟ་བོད་པའི་རང་དབང་བསྐྱར་གསོ་ཁག་པོ་མིན་འགྲོ་ཟེར་ས་ཡོད་པ་མ་རེད། ང་ཚོར་ཁ་གཡར་ས་དང་ལག་པ་འཕྱི་ས་ཡོད་པ་མ་རེད། ༡༩༡༣ ལོར་༧གོང་ས་བཅུ་གསུམ་པ་ལྷ་སར་གདན་འདྲེན་ཞུས་པ་རེད། བཀའ་ཤག་སྐབས་བཅུ་བཞི་བས་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུ་ཐུབ་དགོས་པ་རེད ” ཅེས་གསུངས་སོང༌།

 

 

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༥ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 17

  1. གཡག says:
    ལོ་ 14 སྔོན།

    བཀའ་ཤག་སྐབས་བཅུ་བཞི་བས་༧གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་བྱ་རྒྱུ་ཡིན་ཟེར། སྟོང་བསམ་ཁོ་ན་མིན་ན་ཡག་གཱ

    Reply
  2. བསོད་ནམས། says:
    ལོ་ 14 སྔོན།

    བཀྲ་ཤིས་བོད་གྲུབ་ལ་གསལ་བཤད་ཞུ་རྒྱུར་ བློ་བཟང་སེང་གེ་མཆོག་བཀའ་ཁྲི་མ་ཆགས་གོང་ནས་གློག་འཕྲིན་བརྒྱུད་ཐེངས་ལྔ་པའི་བོད་ཀྱི་རིག་གནས་བགྲོ་གླེང་ཐོག་ཕེབས་རྒྱུའི་ཞལ་བཞེད་ཐོབ་པ་བཞིན་ཕེབས་པ་ཞིག་ལས་་་་བཀའ་ཁྲི་ཆགས་ཚར་བའི་་རྗེས་སུ་ངོ་དེབ་བརྒྱུད་གདན་འདྲེན་ཞུས་པ་ཞིག་མ་ཡིན་པས་དེ་དོན་ཡིད་གཟབ་ཡོད་པར་ཞུ།།།།།

    Reply
  3. དབང་འདུས། says:
    ལོ་ 14 སྔོན།

    འོང་འདུག་སེ་གནང་དང་ཨ་རིག་དགེ་མཐོང་། ཡང་ང་གཉིས་ལམ་ཀ་འདིར་སླར་ཡང་ཐུག་པ་རེད། སྤྱི་སྐྱོད་ལམ་ཀ་ལ་ཕྱིར་ལོག་ཕེབས་པར་དགའ་བསུ་ཞུ། འདི་ནི་ང་ཚོས་ཁྱོད་རང་གི་ཨམ་ཆོག་ཏོག་ཙམ་འཐེན་པ་དེའི་རྐྱེན་གྱིས་ཡིན་གྱི་མ་རེད། གྲོགས་པོ་ཁྱོད་རང་ལ་བསམ་བློ་ཡག་པོ་ཅིག་འཁོར་ནས་ཡིན་པའི་རེ་བ་ཡོད། དེ་ལྟར་ཡིན་ཚེ་མ་འོངས་པར་དོན་མེད་ལ་ལམ་གཞན་དུ་མ་གྱར་བའི་ཕན་ཐོགས་ཡོད།
    ཐ་ཡིན་ན་ངེད་གཉིས་གཉི་ག་སེམས་པ་སྐྱིད་པོའི་བྱས་ནས་བོད་ཀྱི་སྤྱི་སྐྱོད་རླངས་འཁོར་ལ་མཉམ་དུ་ཞོན་ནས་འགྲོ། ང་ཚོའི་ཁ་ལོ་པ་བཀའ་ཁྲི་མཆོག་རེད། ཁོང་གི་དོ་སྣང་དཀྲུག་ན་ང་ཚོ་འགྲོ་ཡུལ་ལྷ་སར་སྐྱེལ་འགྲོ་ཡོད་འགྲོ གཡང་སར་སྐྱུར་འགྲོ་ཡོད་འགྲོ་ཤེས་ཚོད་ཐིག་གི་མ་རེད། དེར་བརྟེན་ཁོང་རང་གར་བཞག་ན་ལེགས། ཁོང་གཉིད་ཁུག་པ་སོགས་ཀྱི་སྐྱོན་ལ་འཇུག་དུས་ང་ཚོས་ཁོང་གཉིད་ལས་གདང་ཆེད་ཁོང་གི་ཞལ་རས་ལ་ཆུ་ལྷབ་ལྷབ་བཤོས་ན་ཆོག

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ད་ལྟའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་ཞུ་ཡ་ཅང་མེད་ལ་ཞུ་དགོས་པའི་རིགས་ཀྱང་མ་རེད། མ་འོངས་འབྱུང་འགྱུར་བློ་བཟང་སེང་གེ་མཆོག་ལ་སྐྱོན་ཡོད་ན་དེ་ལུགས་ཐད་ཀར་བཤད་རྒྱུ་ལས་བཀའ་ཁྲི་དང་མཁས་དབང་ཟེར་ནས་ངོ་སོ་བསྟོད་ལབ་ཐུབ་ཀི་མ་རེད། མདོར་ན། གཞོན་ལྷན་ལ་ཕུག་རོག་དཀར་པོ་ཞེས་པའི་ཐ་སྙད་ཀྱིས་བསྙད་པ་འདི་ལ་ཡང་དགའ་བོ་མེད། ངའི་འདོད་པ་ནི་དེ་མ་ཡིན་ནོ།། ང་གཞིས་ཆགས་ནས་མཚར་ལོངས་བྱུང་བ་དག་ལ་མི་དགའ་རབས་ཤིག་གླེང་འདུག དེ་ཡང་ཁྱེད་རང་གི་འདོད་མོས་ལྟར་བྱ་རྒྱུ་ལས་རྩོད་རྒྱག་འདོད་མེ། ཚང་མའི་སེམས་ལྷོད་ལ་བབ་ནས་བཞུགས་རོགས་ཞུ།

    དོན་བཀྲའི་སྐད་ཆ་་དེ་ནི་དོན་དངོས་ཀྱི་བསམ་གཞིག་གཏོང་དགོས་པའི་རིགས་རེད། འོན་ཀྱང་། ཁ་སང་ཐོག་མར་ངའི་ཡིད་དུ་དྲན་ཡང་བར་ནས་བར་ཆད་ཅིག་གིས་ལྷག་པ་ལྷག་རེད།

    Reply
  5. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཚིག་ཙམ་ལ་རྩོད་པ་རྒྱག་ནས་ཅི་ཕན། དེ་བས་ཁ་ཡོད་ལག་ཡོད་ཀྱི་བསམ་འཆར་འདོན་ན་ཅི་འདྲ་འདུག བཀའ་ཁྲི་མཆོག་གི་གསུང་ངོ་མ་ནི་འུ་ཅག་བོད་རིགས་ཡོངས་ཀྱིས་༸གོང་ས་མཆོག་མགྱོགས་ནས་མྱུར་དུ་བོད་ལ་གདན་འདྲེན་ཞུ་ཐུབ་པ་བྱ་དགོས་ཟེར་བ་འདི་ཡིན་པས་ཡར་འཐེན་མར་འཐེན་བྱེད་ནས་དགོས་པ་མེད། ཨ་རིག་དགེ་མཐོང་གི་སྐད་ཆ་ཡང་སྙིང་ནི་བློ་བཟང་སེང་གེའི་བཤད་སྟངས་འགྲིག་མིན་འདུག་ཟེར་གྱིན་ཡོད། ཁྱེད་རང་དཔའ་ཞུམ་དགོས་མེད། ཁར་ཐུག་ད་ག་རང་བཤད་ན་འགྲིག་གི་རེད། གཡས་བསྐོར་གཡོན་བསྐོར་རྒྱག་དགོས་དོན་མེད། སྤྱིར་བཏང་གཞིས་ཆགས་ནས་འཚར་ལོངས་བྱུང་བའི་རིགས་སུ་གཏོགས་པ་སུ་ལ་ཡིན་ན་ཡང་མ་དགའ་མཁན་ཞིག་ཡིན་པ་ནི་ཁྱོད་ཀྱི་ཟིན་བྲིས་ཁག་ལ་བལྟས་ན་གསལ་པོར་ཤེས་ཐུབ། དེ་ནི་ཡོངས་གྲགས་ཡིན། ཡང་བློ་བཟང་སེང་གེ་དང་ཐུག་སྐབས་བཤད་མ་ཕོད་པ་གང་ཡིན་ན། ཡང་ན་ཁྱོད་ལ་བདེན་ཁ་མེད་པས་ཨེ་ཡིན།

    Reply
  6. དབང་འདུས། says:
    ལོ་ 14 སྔོན།

    གྲོགས་ཨ་རིག་དགེ་མཐོང་གི་དོགས་སེལ་དུ་ཡིན།

    ཁྱོད་རང་གིས་ང་ཚོའི་བོད་གཞུང་གི་ཐུན་མིན་གྱི་ཁྱད་ཆོས་ལ་དོན་དངོས་ལ་སྐྱོན་མེད་ནའང་སྐྱོན་འདུག་མདོག་མདོག་བཤད་ཁ་བྱས། ཧ་ཧ་ཧ། མི་བཅུའི་ནང་གི་དགུས་ཡག་པོ་བརྩིས་ཡ་གཅིག་མགོ་ནག་མི་གཅིག་གིས་སྡུག་ཅག་མཐོང་ཚེ། དེ་ནི་མགོ་ནག་གཅིག་པོ་དེའི་ནང་སྐྱོན་ཁོ་ན་མ་གཏོགས་ཕྱི་གཟུང་ཡུལ་གྱི་སྐྱོན་ག་ནས་ཡིན།

    ང་ཚོའི་སང་ཉིན་གནངས་ཉིན་ནི་ངེས་མེད་སྟེ་མ་འོངས་པ་ལ་གོ་བ་རེད། ཡིན་ནའི་ཁྱོད་རང་གི་སང་གནངས་མགྱོགས་སེ་འདུག དྲང་པོ་ཞུས་ན། གྲོགས་པོ་ཁྱོད་རང་གི་འཁྲུལ་གཞི་ཡང་འདི་རང་རེད་བཞག མིག་ཤེལ་སྔོན་པོ་གྱོན་ན་གངས་རི་དཀར་པོ་ཡང་སྔོན་པོར་མཐོང་བ་བཟློག་ཏུ་མེད།

    གཞན་ཡང་དག་བཅོས་བྱེད་རྒྱུ་གཅིག་ལ། ང་ཚོའི་བོད་གཞུང་ད་བར་རྒྱ་གཞུང་ལ་བསྟུན་ནས་འགྲོ་བཞིན་ཡོད། རྒྱ་གཞུང་དང་བོད་གཞུང་གཉིས་ཀ་ལ་མ་བསྟུན་མཁན་དེ། ཕོ་རོག་དཀར་པོ་ ‘བོད་ཀྱི་གཞོན་ནུ་ལྷན་ཚོགས་’ རེད། གྲོགས་མཆོག་ཁྱོད་རང་གི་སྐྱོན་བརྗོད་ཀྱི་འབམ་མཚོན་དེ་གཞོན་ནུ་ལྷན་ཚོགས་ལྟ་བུའི་གཞུང་འབྲེལ་མིན་པའི་ཚོགས་པ་དེ་ཚོ་ལ་འཕང་དགོས།

    ཐ་ཡིན་ན་ང་གཉིས་བར་ལ་ལབ་རྒྱུ་གླེང་རྒྱུ་འགའ་ཡང་ལྷག་མེད་ཏ་ལོ། བཀྲིས་བདེ་ལེགས།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    མྱི་གསར་བ། ཁ་གསར་བ། སེམས་གསར་བ། སྐད་ཆ་གསར་བ། དངོས་གནས་ཉན་འཇོག་ནང་དུ་འཕྲོད་པོ་འདུག

    Reply
  8. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    གྲོགས་པོ་ཚོ་དགོས་མེད་ལ་བརྩོད་པ་མ་གནང་རོགས། དེ་བས་བཀའ་ཁྲི་མཆོག་བགྲོ་གླེང་གོ་སྒྲིག་པས་ངོ་དེབ་བརྒྱུད་ནས་གདན་འདྲེན་བྱས་པ་ནི། ངས་ལྟ་ཚུལ་ལ་མ་བདེ་བ་དང་མ་སྐྱིད་པ་ཧ་ཅང་བློར་མི་བབས་པ་ཞིག་རེད། མང་གཙོའི་འོས་འདེམས་བྱས་པའི་གཙོ་འཛིན་མཐོང་ཆུང་བྱས་པ་ཞིག་དང་། མཆོག་གསུམ་ལས་ཀྱང་གཙུག་ཏུ་བཀུར་དགོས་པའི་རང་གཞུང་མཐོང་ཆུང་བྱས་པ་དང་། ལྷག་པར་རྒྱ་ཆེའི་བོད་མི་དམངས་མཐོང་ཆུང་བྱས་པ་ཞིག་ལ་དངོས་འཛིན་བྱེད་ཀྱིན་ཡོད། རྒྱལ་ཁབ་སུ་ཞིག་གི་སྲིད་སྐྱོང་བ་འདི་ལྟར་གདན་འདྲེན་བྱས་འདུག ཅིག་བྱས་ན་ངས་མ་ཤེས་པ་ཡིན་སྲིད། དེ་ལྟར་ཡིན་ན་ཀློག་མཁན་དག་ལ་དགོངས་དག་ཞུ།

    Reply
  9. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    སེམས་ཤུགས་མ་ཆགས།་སྙིང་སྟོབས་མ་ཞུམ་ལབ་ནས་འདུག་རྒྱུ་ནི་བཙན་བྱོལ་གྱི་ཁྱད་ཆོས་རེད། ད་དུང་དེའི་སྟེང་དུ་ཁ་ཤོམ་འཐེན་ཏེ་སང་ཉིན་གནངས་ཉིན་རང་བཙན་ལེན་རྒྱུ་ཡིན་མདོག་མདོག་ཟེར་མཁན་མང་། ལག་ལེན་ཁྲོད་ན་ཤི་བོ་ཡིན། བཀའ་ཁྲི་མཆོག་ལ་ངས་ཀྱང་ལབ་ཀྱིན་མེད། གཙོ་བོ་རྒྱ་ནག་དང་བསྟུན་དགོས་པའི་གནད་དོན་མ་ཤེས་པར་ཆབ་སྲིད་ཅེས་པའི་ཐད་དུ་གླེན་བཤད་མ་རྒྱག རྡོ་རྗེ་ཚེ་རིང་དང་དབང་འདུས་འབོད་པ་ཟུང་ལ་ལན་དུ་སྨྲས་པ།

    Reply
  10. དབང་འདུས། says:
    ལོ་ 14 སྔོན།

    ཨ་རིག་དགེ་མཐོང་ལགས་རང་གི་མགོ་ལ་རང་གིས་རྡོ་མ་ཞུས་གྲོགས་པོ།
    བོད་གཞུང་རྒྱ་གཞུང་ལ་བརྟེན་དགོས་པ་ཁྱོད་ཀྱིས་ཤེས། བོད་གཞུང་ལ་རང་དབང་མེད་པ་ཡང་ཁྱོད་ཀྱིས་ཧ་གོ།
    དེས་ན། “༧གོང་ས་མཆོག་བོད་ལ་གདན་ཞུ་ཐུབ་པ་བྱ་རྒྱུ་ཡིན་” ཞེས་པ་ ‘ཞུ་རྒྱུ་དང་ཞུ་རྒྱུའི་ཐག་གཅོད་’ ལ་བཀྲལ་ན། ཁྱོད་རང་གི་སེམས་དེ་གླེན་སེམས་ཞིག་ཡིན་པ་ཁྱོད་རང་རང་གིས་ཐག་བཅད་པར་མི་འགྲོ་འམ།
    ཨཱ་་་་ཨཱ་་་་ཙི་་་་་མི་འདི་ཁྱད་མཚར་ལ་་་་གཞས་འདི་སྙན་པོ་ཞིག་ཡོད་རེད་ཏ།

    Reply
  11. ཁང་མུན་གྲོལ། says:
    ལོ་ 14 སྔོན།

    ཁྱོད་ཚོས་ཅི་བཤད་ངས་ཤེས་མ་སོང་། བཀའ་ཁྲི་གསར་བ་འདིས་༸གོང་ས་མཆོག་བོད་དུ་གདན་ཞུ་བྱེད་རྒྱུའི་སྙིང་སྟོབས་དེར་སུས་ཀྱང་ཡི་རངས་བྱེད་ངེས་ནའང་། གཙོ་བོ་ལས་ལེན་གྱི་ཐད་ནས་མི་སེམས་སྒུལ་བའི་གྲུབ་འབྲས་ཅི་ཙམ་འཐོབ་མིན་ལ་རགས་ལས་ཡོད་པས། ང་ཚོས་ཁྱི་སྨྱོན་གྱིས་ཤ་རློན་མཐོང་བ་ལྟར་ཁས་ལེན་རྐྱང་མི་བྱེད་པར། ག་ལེར་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་དཔྱད་པ་བྱེད་ཆོག

    Reply
  12. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    གང་ལྟར་མདོ་དོན་བཀའ་ཤག་གསར་པས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་པར་རེ་བ་དང་ཡང་ན་སྨོན་འདུན་ཙམ་ཞུས་པ་རེད། ཞིབ་པར་དཔྱད་ན་ད་དུང་ཁག་པོ་མེད་འགྲོ་བསམ་གྱི་འདུག་་་་གང་ཡིན་ཞེ་ན་དེང་སང་རྒྱ་ནག་གི་སྟོབས་ཤུགས་དང་ལྟ་བ་མཁྲེག་པོ་འདི་འདྲ་ཞིག་འཁུར་བསྡད་ཡོད་པས་ང་ཚོས་ཞི་བའི་འབོད་པ་དེ་ཁོ་ཚོའི་རྣ་བའི་བུ་ཀར་འགྲོ་ཁག་པོ་རེད།

    Reply
  13. ཁུགས་གཟར་དུག་མདའ། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གིས་བརྗོད་གཞི་དང་མ་འབྲེལ་བའི་སྐད་ཆ་མང་པོ་བཤད་འདུག རྗེས་མ་འདི་འདྲ་མ་གནང་རོགས།།

    Reply
  14. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ཨ་རིག་དགེ་མཐོང་ལགས། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ནི་རྒྱ་ནག་གིས་ཐག་གཅོད་དང་བོད་གངས་ཅན་པ་ཚོ་གཉིད་ཉལ་ནས་བསྡད་ན་འགྲིག་འགྲོ་བ་ཞིག་རེད་དམ། སེམས་ཤུགས་བསྐྱེད་པ་ལ་མི་འགྲིག་པའི་རྒྱུ་མཚན་ཅི་ཡོད། གཅིག་གི་སྣེ་མོ་གཉིས་འབྱར་ནས་ཤུགས་བརྒྱབས་སྟེ། བོད་དོན་འདི་བོད་མི་མང་རང་སྟེང་ནས་༧གོང་ས་མཆོག་གི་སྐུ་རིང་ལ་སེལ་དགོས་བའི་གནད་དོན་ཞིག་རེད་ལོ།

    Reply
  15. གྲགས་བསོད་ says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གི་ཁོ་རང་གིས་དབུ་ཁྲིད་པའི་བཀའ་ཤག་རིང་ལ་རང་དབང་བསྐྱར་གསོ་དང་ ༧གང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་ཞུ་ཐུབ་དགོངས་པའི་སྙིང་སྟོབས་ལ་ནམ་ཡང་གྲོས་ཚོགས་དང་མིང་ཡོད་པ་འགའ་ཞིག་གིས་བར་ཆད་བྱེད་མི་ཆོག།

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    གདན་འདྲེན་ཞུ་ཐུབ་བྱ་དགོས་པ་དང་ཞུ་རྒྱུ་གཉིས་ལ་ཁྱད་པར་ཆེན་པོ་མི་འདུག གཉིས་ཀའི་གང་ཡིན་ན་སྨོན་ལམ་དང་མི་མང་ལ་སེམས་ཤུགས་སྤར་པ་ཙམ་ལས།་དེ་ཐུབ་མིན་ནི་རྒྱ་ནག་ལ་རག་ལས་ང་ཚོས་ཇི་ལྟར་ཐག་གཅོད།

    Reply
  17. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    བཀའ་ཤག་སྐབས་བཅུ་བཞི་བས་༧གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་པ་བྱ་རྒྱུ་ཡིན།
    ཅེས་པའི་ཁ་བྱང་འདི་དང་འོག་ཏུ་བཀོད་པའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསུངས་པ་གཉིས་ཏག་ཏག་ཅིག་སྡོད་ཀྱི་མི་འདུག དེ་ཡང་བཀའ་ཁྲི་མཆོག་གིས། བཀའ་ཤག་སྐབས་བཅུ་བཞི་བས་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུ་ཐུབ་དགོས་པ་རེད། ཅེས་གསུངས་པ་བཤད་འདུག

    ལྷ་སར་གདན་འདྲེན་ཞུ་ཐུབ་དགོས་པ་རེད་ཟེར་བ་དང་། བོད་དུ་གདན་ཞུ་ཐུབ་པ་བྱུ་རྒྱུ་ཡིན་ཟེར་བ་གཉིས་ཀྱི་བརྗོད་དོན་ལ་ཁས་ལེན་གྱི་ཁྱད་པར་ཆེན་པོ་ཡོད་པས་གསར་འགྱུར་འདིའི་ཁ་བྱང་ཏག་ཏག་ཅིག་བསྡད་མི་འདུག དེ་ལུགས་དགོངས་བཞེས་ཡོད་པ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese