མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་བཙན་བྱོལ་བོད་མིའི་མཐོ་རིམ་སློབ་མ་འགའ་མཐོང་བྱུང་།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རླབས་ཆེན་རྒྱ་མི་རིགས་ཀྱི་སློབ་གསོ་ལ་ང་ཚོས་མིག་དཔེ་ལྟ་དགོས་ཀྱི་འདུག༼ སློབ་གསར་གནས་ལེན་སྤྲོ་ཚོགས་ལ་བསྐྱོད་པའི་ཟིན་ཐོ ༽

                                                                                                                   

འབོ་ར་ཤེས་རབ།  ( ཤེས་རབ་དགའ་ཚལ་སློབ་གླིང་།)        ལྡི་ལི་ནས།

 

     འདི་ནས་བརྩིས་པའི་མི་ལོ་བརྒྱ་ཐམ་པའི་ཡར་སྔོན་ཏེ་ཟླ་ ༢ ཚེས་ ༡༢ ཉིན་རྒྱ་ནག་གི་རླབས་ཆེ་བའི་དབུ་ཁྲིད་སུན་ཀྲུང་ཧྲན་གྱིས་“མི་སེར་དོན་གསུམ་གྱི་རིང་ལུགས།”(མི་རིགས་རིང་ལུགས་དང་།  མི་སེར་མངའ་དབང་རིང་ལུགས།   མི་སེར་འཚོ་གནས་རིང་ལུགས།) ལ་བརྟེན་ནས་རྒྱ་ནག་གི་ལོ་རྒྱུས་ཐོིག་ཆེས་ཐོག་མའི་གསར་བརྗེ་སྟེ་“ལྕགས་ཕག་ལོའི་གསར་བརྗེ།” ཞེས་པས་མན་ཇུ་གོང་མ་ཁྲི་ལས་ཕབ་ཅིང་།   ལོ་ངོ་སྟོང་ཕྲག་རིང་གི་རྒྱ་ནག་གོང་མའི་ལམ་ལུགས་ཡོངས་རྫོགས་མགོ་རྟིང་བསླགས།    དུས་དེ་ནས་བཟུང་རྒྱ་ནག་ཏུ་བསམ་བློའི་དཔལ་ཡོན་གྱི་ཁོ་ལག་རྒྱས་ཏེ་ད་བར་དུ་དུས་རབས་གཅིག་ཏག་ཏག་འདས་ཤིང་།    བསམ་བློའི་ཉེར་ལེན་དེ་ལ་བརྟེན་ནས་རྒྱ་ནག་གི་ཤེས་ཡོན་མི་སྣ་གཙོས་སློབ་ཆེན་སློབ་མ་དང་།   ཐ་ན་སློབ་འབྲིང་སློབ་མ་ཚུན་ཆད་དུ་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་ཞིང་།   རང་གི་ཆེ་མཐོང་ལ་གོང་བཀུར་དང་གདེངས་འཇོག་བྱེད་པ་ནི་ཡོངས་གྲགས་ཡིན། རང་རེ་བོད་ནང་དུ་ཡང་འདི་དང་གཙོ་བོ་རྒྱ་ནག་གི་“ལྔ་བཞིའི་ལས་འགུལ”གྱི་ཤུགས་རྐྱེན་འོག་ལོ་རབས་བརྒྱད་ཅུ་བ་ནས་བཟུང་བོད་ཀྱི་མཐོ་རིམ་སློབ་མ་གཙོས་ཞིང་འབྲོག་གི་སློབ་འབྲིང་བ་ཚུན་ཆད་ནས།   ང་བོད་མི་རིགས་དང་།   གངས་ཅན་པ་ཡིན་ཞེས་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་རུ་འགྲོ་བཞིན་པ་ནི་ཀུན་གྱིས་མཐོང་གསལ་ལྟར་ཡིན།   

 

རྒྱ་ནག་གི་ལོ་རྒྱུས་རང་བཞིན་ཅན་གྱི་བསམ་བློའི་འཕེལ་རིམ་འདིའི་སྟེང་ནས་རང་རེ་བཙན་བྱོལ་སྤྱི་ཚོགས་སུ་རགས་ལྟ་ཞིག་བྱས་ན།   རང་ཅག་གི་བསམ་བློར་མུ་གེ་ཐེབས་ཤིང་རྒྱ་ནག་ལྟ་བུའི་མི་རིགས་རིང་ལུགས་པ་ཞིག་བསྐྱེད་སྲིང་བྱེད་པའི་བསམ་བློའི་སློབ་གསོ་ནི།   ད་དུང་རང་ཅག་རྒྱ་ནག་ལས་དུས་རབས་གཅིག་གི་རྗེས་ལུས་ཐེབས་ཡོད་པ་གསལ་བོར་ཤེས་ཐུབ།   ང་ཚོར་༸གོང་ས་མཆོག་གིོས་དམངས་གཙོ་གསོལ་རས་གནངས་པའི་མི་ལོ་ལྔ་བཅུའི་དུས་ཡུན་ནང་།   བཙན་བྱོལ་དུ་ཡིག་རྨོངས་སེལ་བ་ཙམ་ལས་བསམ་བློ་བ་དང་ཤེས་ལྡན་མི་སྣས་དབུལ་བ་ནི་༸གོང་ས་མཆོག་གིས་ཐུགས་སྐྱོ་བོའི་ངང་ནས་མི་ལོ་སུམ་ཅུ་ཐམ་པས་འཐུས་ཤོར་ཕྱིན་འདུག    ཅེས་གསུང་སྐད་ཤོར་བར་ཁག་ཅི་ལ་ཡོད་དེ།  ཟླ་འདིའི་ཚེས་ ༢༠ སྟེ་གཟའ་ཉི་མའི་དགོང་མོར་འདི་ག་ལྡི་ལི་བོད་ཁྱིམ་དུ་དགོང་ཚོགས་ཤིག་ཡོད་པར་འགན་བདག་གིས་ང་ཚོ་མཉམ་ཞུགས་ཆོག་མིན་གྱི་ཆོག་མཆན་ཞུས་རྗེས།   ཆུ་ཚོད་ ༨ དང་ཕྱེད་ཀའི་ཐོག་ང་ཚོ་ལྡི་ལི་བོད་ཁྱིམ་དུ་ཕྱིན་པ་ཡིན།  ངའི་སེམས་སུ་དགོང་ཚོགས་དེ་ནི་བགྲོ་གླེང་ཞིག་གམ་ཡང་ན་ཆབ་སྲིད་དང་འབྲེལ་བའི་གཏམ་རྒྱུད་འཁྲབ་སྟོན་ཞིག་ལས།   དབྱིན་ཡིག་ཐོག་བྲིས་པའི་ཕྱི་ལོ་ ༢༠༡༡ ལོའི་སློབ་གསར་སྣེ་ལེན་སྤྲོ་ཚོགས་(Happy Fresher’s Day 2011) ཞེས་པ་མཐོང་རག་བར་དུ་གཞས་སྣ་དང་ཞབས་བྲོའི་དགོང་ཚོགས་ཤིག་ཡིན་པ་བློ་ཡུལ་དུ་མ་ཤར།

 

རྒྱ་གར་རང་བཙན་དུས་ཆེན་ཉིན་མོ་སྟེ་ཕ་ཡུལ་བོད་དུ།    ཁམས་རྟའུ་རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་ལས་ངན་མི་རིགས་འདིའི་རང་དབང་དང་བདེ་སྐྱིད་ཆེད་དུ་རང་ལུས་མེ་རུ་བསྒྲོན་ཏེ་འཇིག་རྟེན་མི་ཡུལ་དང་ཁ་བྲལ་ནས་བདུན་གཅིག་ཀྱང་ཕྱིན་མེད།   དུས་ཚོད་འདི་འདྲ་ཞིག་གི་སྐབས་སུ་བོད་ཀྱི་སློབ་ཆེན་ཞིག་གི་ངོས་ནས་བཤད་ན་གཞས་དང་ཞབས་བྲོའི་དགོང་ཚོགས་ཤིག་གོ་སྒྲིག་བྱས་པ་ནི་ཞབས་འདྲེན་དང་ནོར་འཁྲུལ་ཚབས་ཆེན་ཞིག་ཏུ་ངོས་འཛིན་བྱེད་པ་ལས་འོས་མེད་ཀྱང་།   ཡིད་སྐྱོ་བ་ནི་ཚོགས་ཁང་གི་གྲལ་མཐའ་རུ་ཕོན་ཆེ་ཞིང་སྤྱོད་པ་ངན་པའི་མཐོ་རིམ་སློབ་མའི་སྐོར་ཚོགས་རེད།  དགོང་ཚོགས་དེའི་མགོ་ནས་མཇུག་བར་དུ་རྣ་ལ་གཟན་པའི་སྐད་ཅོར་ཚོད་མེད་དང་ཤུ་སྒྲ་འཐེན་རྐྱང་རྐྱང་ལས། མགོ་འཛིན་པའི་སྐད་ཆ་དང་དེ་མིན་གཞས་ཚིག་སོགས་ཅི་ཡང་མི་གོ  མི་ཞིག་ཡིན་ཕྱིན་དེ་མ་ཐག་ཏུ་ཧ་གོ་བ་ནིོ་ཁོ་ཚོར་མིས་གཏམ་བཤད་བྱེད་པའི་སྐབས་སུ་ཁ་ཁུ་སིམ་པོར་གནས་དགོས་པའི་ཤེས་བྱ་ཆུང་ཆུང་ཆུང་ཆུང་བོ་དེ་ཡང་མེད་པ་དང་།   འདིའི་སྟེང་ང་ཚོས་ཤེས་ཐུབ་པ་ཞིག་ནི་ཁོ་ཚོས་དཔེ་སྟོན་སློབ་གྲྭའི་ཕྲུ་གུ་ཆུང་ཆུང་དེ་ཚོའི་ས་ནས་སློབ་སྦྱོང་མང་པོ་ཞིག་བྱེད་རྒྱུ་ཡོད་པ་དེ་རེད།  ངའི་སེམས་སུ་མི་ལོར་ཉི་ཤུར་བཙོན་དུ་བསྡད་པའི་ཉེས་ཅན་གྱི་བཙོན་པ་སྐོར་ཞིག་གློ་བུར་དུ་བཙོན་གྲོལ་ཞིག་ཐོབ་ན་འདི་འདྲའི་ཁ་ཕྱོགས་མེད་པའི་ཚོར་བ་རྣོན་པོ་རེ་ཨེ་ཡོད་སྙམ་བཞིན་གྲལ་མཐའ་ནས་ཐོན་ཏེ་གར་སྟེགས་མཁྲིས་ཀྱི་ཟུར་སྒོ་ནས་མར་སློབ་མའི་ཕྱོགས་སུ་བལྟས་པ་ན།   དེའི་ཉེ་ས་རུ་དབྱིན་ཇི་རྨོ་མོ་གཉིས་མདུན་གྲལ་དུ་དགེ་ལས་འཛིན་སྐྱོང་རྣམས་དང་མཉམ་དུ་བསྡད་འདུག   རྨོ་མོ་གཅིག་དེས་རྒྱབ་ལོགས་སུ་བལྟ་ཙམ་བལྟ་ཙམ་བྱས་ཏེ་མགོ་བོ་གཡུག་བཞིན་མི་འདོད་པའི་བརྡ་ཞིག་བསྟན་པ་དེས་ངའི་སྙིང་ལ་ཟུག་གཟེར་ཞིག་བསླངས་པ་དང་མཉམ་དུ།   ཨ་ཁ་འདི་སློབ་གྲྭ་འདིའི་སྦྱིན་ཞིག་མིན་ནམ་སྙམ་པའི་དོགས་པ་ཞིག་གིས་སློབ་གྲྭ་འདི་དང་ཐད་ཀར་འབྲེལ་མེད་ཕྱི་མི་ང་ཡང་ངོ་གནོངས་དགོས་པ་ཞིག་བྱུང་།    

 

མ་གཞི་མི་གཞི་བོར་ཞིང་རང་ཉིད་ལ་རྩིས་མཐོང་མེད་པའི་མི་ལ་མཚོན་ན་འདི་ལྟ་བུ་ནི་རྒྱུན་ལྡན་ཞིག་ཡིན་མོད།    འོན་ཀྱང་མཐོ་རིམ་སློབ་གྲྭའི་མིང་འཁུར་བའི་སློབ་གྲྭ་འདི་རུ་རང་ཉིད་ཀྱི་རྩིས་མཐོང་བོར་ཞིང་གོ་རྟོགས་མེད་པའི་གྲངས་འབོར་མང་ཕྱིར་ཡིད་མུག་ས་དང་ངུ་བྲོ་བ་ནི་འདི་ཉིད་རེད།  འདི་འདྲའི་རིགས་ལ་ཀྲུང་གོའི་དེང་རབས་བུད་མེད་རྩོམ་པ་པོ་ཞོའོ་རྨིན་གྱིས་སྡོམ་ཚིག་འདི་འདྲ་ཞིག་བརྒྱབས་ཡོད་དེ།    “མི་བུ་སྒེར་གྱི་རྩིས་ཐང་སྣང་མེད་དུ་འཇོག་པའི་མི་རིགས་ལ་ཐུན་མོང་གི་རྩིས་ཐང་ཟེར་རྒྱུ་ཞིག་མེད།  དེ་བཞིན་དུ།  རང་ཉིད་ལ་གཙང་བཤེར་གཏན་ནས་མི་བྱེད་ཅིང་།  ལྡབ་ལྡིབ་ཀྱི་ཚིག་འཁྲིའི་རང་ཉེས་འགེབས་ཐབས་ཀྱིས།   འགྱོད་བཤགས་ལྷུར་མི་ལེན་པའི་མི་རིགས་ཤིག་ལ་རྩིས་ཐང་ཟེར་རྒྱུ་ཞིག་མེད་དོ།།”   ཞེས་པས་རེ་བ་མེད་པར་ཐག་བཅད་འདུག

 

དེ་ལས་ཀྱང་སྐྱི་གཡའ་བ་ཞིག་ནི་དགོང་ཚོགས་དེའི་མཇུག་ཏུ་སློབ་བུ་རུས་རྐང་ཅན་སྐོར་ཞིག་གིས་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་གོ་སྒྲིག་ཅིག་ཡོད་པ་གསལ་བསྒྲགས་བྱས་པར།   མེ་ནང་མར་ཁུ་བླུགས་པ་བཞིན་ཚ་ཚ་འུར་འུར་གྱི་སྐད་ཅོར་ཤུགས་ཆེ་རུ་སོང་ཞིང་།    ངེད་ཅག་གིས་ཐུན་མོང་དུ་གོ་བའི་འུར་སྒྲ་ཞིག་ནི།   “ག་རེ།  ཁ་ཚུམས།”  ཞེས་པ་འདི་རེད།   རྒྱ་ནག་གི་བསམ་བློ་བ་སུན་ཀྲུང་ཧྲན་གྱིས་འདི་འདྲ་ཞིག་གསུངས་ཡོད་དེ།  “ཀྲུང་གོའི་མི་སེར་རྣམས་དབུལ་དྲགས་པས་རྒྱུ་འབྱོར་བ་རྒྱས་པར་རེ་ལྟོས་ཆེན་པོ་འཆའ་བ་ལས་དམངས་གཙོ་དང་རང་དབང་ལ་རེ་ལྟོས་ཆེར་མི་བྱེད།    དེའི་སྟབས་ཀྱིས་སྐྱེ་བོ་ཤེས་ལྡན་ཁ་ཤས་ཀྱིས་དམངས་གཙོ་དང་རང་དབང་འཐོབ་ཕྱིར་གཅེས་སྲོག་འབེན་ལ་བཞག་ཀྱང་།     མི་སེར་རྣམས་གྱིས་སྣང་དོགས་ཙམ་ཡང་མི་བྱེད།   དམངས་གཙོ་དང་རང་དབང་ཐོབ་རུང་ཁོ་ཚོ་དགའ་རྒྱུ་མེད་ལ།   དམངས་གཙོ་དང་རང་དབང་མ་ཐོབ་རུང་སྡུག་རྒྱུའང་མེད་དོ།།  དེ་ལས།  སུ་ཞིག་གིས་ནོར་ལོངས་སྤྱོད་ཀྱིས་བློ་བཀུག་སྟེ།   ཡུལ་གྱི་གཤེད་མ་གཞོམ་ལ་ས་ཞིང་བགོ་ཟེར་ཚེ།   མི་སེར་རྣམས་དེ་མ་ཐག་བརྒྱ་ཁ་གཅིག་མཐུན་ཡོང་ངེས། ”  ཞེས་པའི་མི་ལོ་བརྒྱའི་ཡར་སྔོན་ཀྱི་སྐད་ཆ་འདི་ད་ལྟའི་ཁོ་ཚོའི་གནས་སྟངས་འདི་ལ་ཁ་བསྒྱུར་ཞིག་གྱིས་དང་།   ཡང་སྙིང་ཁྱེད་ཀྱིས་ཅི་ཞིག་མཐོང་ཡོང་།     

 

ཀྱེ་ཀྱེ།  གངས་ཅན་པ།   ཁྱེད་ཅག་གི་མིག་མདུན་ནས་འདི་འདྲའི་སྐྱུག་བྲོ་བའི་བྱ་སྤྱོད་སྤེལ་ན་བཟོད་སྒོམ་བྱེད་ཐུབ་བམ།   བཟང་བོའི་གྲལ་དམའ་ཞིང་།    ངན་པའི་དཔངས་མཐོ་བའི་དངོས་ཡོད་གནས་ཚུལ་འདིར་ཁོ་བོས་བཟོད་སྒོམ་བྱེད་ཐུབ་མ་སོང་།   སྤྱིར་བཏང་ཁོ་བོར་ཆ་རྒྱུས་ཡོད་པ་ཞིག་ནི་༸སྐྱབས་མགོན་ཡིད་བཞིན་ནོར་བུས་སྐུ་ངལ་ལ་མ་འཛེམས་པར་དགུང་ལོ་བགྲེས་པོའི་གནས་སྐབས་འདི་འདྲ་ཞིག་ལ་སྤྱི་བམ་དུ་བཤད་པའི་བོད་མིའི་ཡ་རབས་བཟང་སྤྱོད་འདི་རྒྱུན་གནས་ཡོང་བའི་ཆེད་དུ་༢༠༠༧ ལོ་ནས་བཟུང་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་གི་ཡོད་ཀྱང་།     འདིའི་སྐབས་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་མ་ཕལ་མོ་ཆེས་དོ་སྣང་ཙམ་ཡང་མི་བྱེད་པར་གཉིད་ཁུག་པ་དང་འུར་རྒྱག་པ།    ༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་རྗེས་དགེ་བཤེས་ཚོ་དང་ལྷན་དུ་བགྲོ་གླེང་བྱེད་སྐབས་སུ་འདི་ག་ལྡི་ལི་བོད་ཁྱིམ་ནང་བཞིན་སྐད་ཅོར་དང་འུར་སྒྲ་ཆེ་བ་བཅས་ཀྱིས་ལོ་རེ་རེ་རེ་རེར་དགེ་བཤེས་ཚོས་སྐད་ཤོར་གྱི་ཡོད་པ་དགེ་བཤེས་རྣམ་པ་ཚོར་དྲིས་དང་གསལ་ཐང་ཐང་ཡིན།   དེར་བརྟེན་༸གོང་ས་མཆོག་རང་ཉིད་ནས་ནང་ཆོས་ངོ་སྤྲོད་གནང་རྒྱུ་དེ་ཁ་མིན་དོན་གྱིས་ཁོང་གི་སྐུ་ངལ་འཕར་མ་ཞིག་ཡིན་པ་ང་རང་ལོ་བཞིར་མཉམ་ཞུགས་བྱས་པའི་ཉམས་མྱོང་ལས་བཤད་ཀྱི་ཡོད།

 

ད་ལོའི་ནང་ཆོས་ངོ་སྤྲོད་སྐབས་སུ་ཨ་མ་རྗེ་བཙུན་པད་མ་ཡང་མཉམ་ཞུགས་ཀྱིས་ངེད་ཅག་ཤེས་རབ་དགའ་ཚལ་གླིང་གི་སློབ་ཕྲུག་ཚོའི་འཁྲིས་སུ་བཞུགས་འདུག    ཉིན་གཉིས་པར་མོས་གསུང་རྒྱུར་“ཁྱེད་ཅག་གིས་ཁ་ཁུ་སིམ་པོའི་ངང་ནས་དོ་སྣང་ཡག་པོ་ཞེ་དྲགས་བྱས་སོང་།   དཔེ་མི་སྲིད་པའི་ཡག་པོ་འདུག”   ཅེས་པའི་ཆོ་ལོ་འདི་སྤྱིར་བཏང་ངེད་ཅག་ལ་འབབ་མིན་མི་ཤེས་ཀྱང་བོད་ཁྱིམ་ཚོ་དང་བསྡུར་ན་ཨ་མ་ལགས་ཀྱིས་ཀྱང་གསུང་རིན་ཡོད་པ་ཞིག་རེད།   གནས་ཚུལ་འདི་དག་གི་ཐོག་ནས་ཁོ་བོས་བོད་ཁྱིམ་སློབ་གྲྭ་ཡོངས་རྫོགས་ལེབ་ལེབ་བྱས་པ་མིན་པ་དང་།  ཤེས་དགོས་པ་ཞིག་ནི་དུང་ཞེན་གྱི་དབང་དུ་མ་སོང་བར་བློ་གཟུ་བོར་གནས་པའི་དཔྱོད་ལྡན་པ་ཚོས་བོད་ཁྱིམ་གྱི་སློབ་གསོ་སྤྲོད་སྟངས་ལ་བསམ་བློ་གཏོང་དགོས་པ་དེ་རེད།  ཤེས་རིག་ལ་ཁག་དཀྲི་ས་མེད་དེ།   (ཕྲུ་གུའི་ནང་མིས་སློབ་ཡོན་སྤྲོད་པ་ལས་གཞན།)བོད་ཁྱིམ་སློབ་གྲྭ་ཁག་གི་འགྲོ་སོང་ཡོངས་རྫོགས་བོད་ཁྱིམ་འཛིན་སྐྱོང་གི་ངོས་ནས་གཏོང་གི་ཡོད་ཕྱིར།  ཤེས་རིག་གིས་ཐད་ཀར་གཏིང་འཛིན་བྱེད་མི་ཐུབ་པ་དང་བྱེད་ཀྱང་ཁར་མི་ཉན་པ་ནི་ངྷ་སའི་རི་གྲོང་ཡོངས་ལ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད།     

 

ང་ལ་ད་ལྟ་ནས་སེམས་ཁྲལ་ཞིག་ཡོད་པ་ནི། རང་རེའི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས་ལོ་སྔོན་མར།    འབྱུང་འགྱུར་ལོ་ལྔའི་ནང་དུ་རིགས་གཅིག་རྐང་འཛིན་པ་ཁྲི་ཡི་སྐད་ཆ་བཤད་པ་དེ་རེད།   སློབ་གསོའི་ཁ་ཕྱོགས་ཤིག་བསྒྱུར་ན་མ་གཏོགས་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་རིགས་གཅིག་རྐང་འཛིན་པ་ཁྲི་ཕར་ཞོགས་སྟོང་གི་སྐད་ཆ་བཤད་ན་ཡང་ནམ་ལངས་ཉི་ཤར་རེད་འདུག     དེར་བརྟེན་རང་ཅག་གིས་བསམ་བློའི་སློབ་གསོའི་ཐོག་ནས་རླབས་ཆེན་རྒྱ་མི་རིགས་ལ་དཔེ་བལྟས་ཏེ་ཨམ་གཙིགས་ཤིག་བསྡམ་རྒྱུ་ལས།   རྒྱ་ནག་གཞུང་གི་ཐལ་དྲགས་པའི་སྲིད་ཇུས་རྒྱུ་མཚན་དུ་བྱས་ནས་རླབས་ཆེན་མི་རིགས་དེའི་དུས་རབས་གཅིག་རིང་གི་མི་བསྐྱེད་སྲིང་བྱེད་པའི་སློབ་གསོའམ།   མི་རིགས་རིང་ལུགས་པ་ཞིག་བསྐྱེད་སྲིང་བྱེད་པའི་སློབ་གསོའི་ཐོག་ནས་ལེགས་ཆ་ལེན་མ་ཐུབ་ན་གྱོང་ཉིས་བརྩེགས་ཡིན་པ་ལས།   རྒྱལ་གཅེས་དཔའ་བོའི་དོན་དུ་མར་མེ་ཁྲོམ་སྐོར་གྱི་གསལ་བསྒྲགས་བྱས་པར “ག་རེ།    ཁ་ཚུམས།”  ཟེར་མཁན་གྱི་རང་ཉིད་ངོ་མི་ཤེས་པའི་མི་འདི་ལྟ་བུའི་རིགས་དང་།   འདི་ལྟ་བུ་བསྐྱེད་བྱེད་ཀྱི་ཕ་མའི་སློབ་གསོ་དང།   སློབ་གྲྭའི་སློབ་གསོ།   ཁོར་ཡུག་བཅས་ལ།  རང་ཅག་གིས་ཁ་ནང་དུ་ཕྱོགས་ཏེ་བཅོས་སྒྱུར་དང་སྐྱོན་བརྗོད་བྱེད་རྒྱུ་ལས།  ནམ་རྒྱུན་རྒྱ་ནག་ཕར་རྒྱུགས་( China China China, Out Out Out)  ཟེར་བ་ལྟ་བུའི་ཕན་པ་འབྱུང་རྒྱུ་དཀའ་ཚོད་དུ་གདའ་འོ།། 

 

 

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༧ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༡ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 11

  1. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    དངོས་གནས་བཤད་ན་སློབ་མ་དག་གི་བྱེད་སྟངས་འདི་འདྲ་ལ་གཞིག་ན་རེ་བ་གཏན་ནས་མེད་པ་ཞིག་གི་ཚད་དུ་སླེབས་ཡོད་ཀྱང་།ཕྱོགས་ངོས་མང་པོ་ཞིག་ནས་བསམ་ན་ཇི་ལྟར་བྱས་ཀྱང་ཁོང་ཚོར་རེ་བ་མི་བྱེད་ས་མི་འགྲོ་གི་དེ་ནི་བྱ་ཐབས་ཟད་པ་ལས་གཞན་མིན།

    Reply
  2. རི་བོང། says:
    ལོ་ 15 སྔོན།

    ངོ་མ་ཡག་པོ་བྲིས་འདུག རྗེས་སུ་ཡི་རངས་ཡོད། བཙན་བྱོལ་ནང་གི་འདི་ཚོའི་བྱེད་སྟངས་ལ་བལྟས་ན་སྙིང་གཟེར་ས་མང་པོ་ཡོད་པ་རེད། འདི་ཚོ་རེ་རེ་བྱས་ནས་གསལ་འདེབས་འདྲ་བྱེད་ཐུབ་ན་ཡག་པོ་འདུག

    Reply
  3. གཡག says:
    ལོ་ 15 སྔོན།

    བསམ་བློ་དང་འོས་འགན་རང་ངོ་དངོས་སུ་མཐོང་བཞིན་མེད་པའི་བཙན་བྱོལ་དུ་ཡོད་པའི་མཏོ་རིམ་སློབ་མ་དེ་ཚོས་ཅི་བྱ། སྐྱག་གཟན་རྐྱང་རྐྱང་རེད།

    བསྟན་འཛིན་སྒང་གི་ཡ་ང་བའི་དོན་རྐྱེན། སུ་ཇ་སློབ་གྲྭའི་དོན་ངན་སོགས་ལ་བསམ་བློ་རེ་བཏང་ན་ཟུག་གཟེར་རེ་རྒྱག་གི་འདུག

    བཙན་བྱོལ་དུ་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་མ་སྐྱག་གཟན་ཚོ། ་འདི་སྐོར་ལ་ཚིག་གཅིག་ཀྱང་མི་གླེང་པ་ག་རེ་ཡིན། ཉེ་སྔོན་རང་ས་རཱ་མཐོ་སློབ་ཡིན་ན་ཅིག་ཏུ་བོད་ཀྱི་མཐོ་རིམ་སློབ་མ་མང་པོ་ཞིག་བགྲོ་གླེང་ཞིག་འདུས་སོང་ཟེར། འདིའི་སྐོར་ཚིག་གཅིག་ཀྱང་མ་གླེང་ནས་གྲོལ་སོང་བར་ཡིད་སྐྱོ་སོང་་་་་་་་་་་་་་་་

    Reply
  4. ལུང་རྟོགས། says:
    ལོ་ 15 སྔོན།

    བོད་ཁྱིམ་སློབ་གྲྭས་བོད་ཕྲུག་ཚོ་དབྱིན་འཇིར་བསྒྱུར་ཐབས་བྱས་པའི་འབྲས་བུ་འདི་རེད། ཨ་མ་རྗེ་བཙུན་པད་མའི་དབང་ཤུགས་ལ་བརྟེན་ནས་བོད་ཁྱིམ་སློབ་གྲྭ་ཁག་ནང་ལ། བཀའ་ཤག་སྔོན་མས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་ཇུས་ལག་སྟར་བྱེད་མ་བཅུག་པའི་གནས་ཚུལ་ཞིག་གོ་མྱོང་། ད་དབང་ཤུགས་ཅན་གྱི་མི་ཚོས་དགོང་པ་ཡག་པོ་རེ་མ་བཞེས་ན་མི་རིགས་འདི་ལ་རེ་བ་ཅང་མི་འདུག ཨ་ཁ་ཁ བློ་ཕམ་པ་ལ། ང་ལྟ་བུའི་མི་ཉམ་ཆུང་དག་ལ་སེམས་ཤུགས་རེ་ཡོད་ཀྱང་ནུས་པ་ཅང་མེད། ད་ངོ་མ་ཡི་ཐང་ཆད་ཡོད་གི་འདུག

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཆུ་ཐིགས་སྔོན་མོའི་ཟིན་བྲིས།འདིཏ་ཁུར་ནས་བསླེབས་པ་ཡིན།།།།
    ཡུལ་ཤུལ་གནོད་ཐེབས་ལ་ཕུལ་བའི་རོགས་སྐྱོར་གྱི་སྒོར་མོ་གང་དུ་འདུག
    འདས་སོང་ལ་ཕྱིར་དྲན་བྱས་ན་དགོས་པ་མེད་ཅེས་སྨྲ་སྲིད་ཀྱང་འདི་ནི་རང་འགར་འཇོག་མི་ནུས་པའི་གནད་དོན་ཞིག་ཏུ་བཟུང་ནས་འདིར་ཅུང་ཙམ་འགོད་རྒྱུ་ཡིན།

    ལོ་ཤས་གོང་གཞིས་བཞུགས་བོད་མིས་རང་སྲོག་བློས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་མཐར་བོད་མི་བརྒྱ་ཕྲག་དུ་མ་རྐྱེན་ལམ་དུ་བཏང་བས་འཛམ་གླིང་གང་ས་ནས་ཕྱི་སྡོད་བོད་མི་ཚོས་རང་ནུས་གང་ཡོད་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་འདས་པོ་ཚོར་གདུང་སེམས་མཉམ་བསྐྱེད་བྱས་པ་རེད། དེ་དུས་བོད་མི་ཚོའི་སེམས་ཤུགས་མེ་ལྟར་འབར་བའི་སྐབས་ཡིན། སྐབས་དེར་གློ་བུར་དུ་ཡུལ་ཤུལ་ཕྱོགས་སུ་བསམ་ཡུལ་ལས་འདས་པའི་ས་ཡོམ་གྱི་འཇིག་པ་ཞིག་བྱུང་བ་དེས་བོད་མི་ཚོར་མིག་སྐྲང་ཐོག་ཏུ་ཁུ་ཚུར་ཞེས་པའི་དཔེ་ལྟར་གྱུར་པ་རེད། སྐབས་དེར་འཛམ་གླིང་གང་ས་ནས་རྒྱལ་ཁབ་སོ་སོ་དང་མི་སྒེར་སོ་སོས་རོགས་རམ་འདྲ་མིན་བྱས་པ་མ་ཟད་ཕྱི་སྡོད་བོད་མི་ཚོས་ཀྱང་རང་ངོས་ནས་འབྱོར་ཚོད་ཀྱིས་ཞལ་འདེབས་བསྡུ་རུབ་ས་གནས་གང་ས་ནས་བྱས་ཡོད། དེ་ནི་སྐབས་དེའི་ཡུལ་ཤུལ་བའི་ཤུལ་ལུས་ཚོ་སེམས་ཀྱིས་མ་བཟོད་པས་རེད། དེ་མིན་སྐབས་དེར་འདིར་བཞུགས་ཡུལ་ཤུལ་བ་ཚོས་ཀྱང་སྐྱོ་གདུང་དང་ལྷན་དུ་ཞལ་འདེབས་རེ་གནང་རོགས་ཞེས་སྐད་ངག་གཉོམ་པོས་སྤུན་ཟླ་ཚོར་ཞུ་འབོད་འཐེན་གྱི་འདུག་པ་ད་དུང་ང་ཚོའི་དྲན་ངོགས་ནས་ཡལ་དུ་མེད་པ་ཞིག་ཡིན། ང་ཚོས་ངོས་ནས་ཀྱང་ཡོད་ཚོད་ཀྱིས་ཞལ་འདེབས་སུ་ཉུང་ཤོས་སྒོར་ལྔ་བཅུ་དང་བརྒྱ་ཡར་མར་དང་མང་མཐའ་ཁྲི་འབུམ་བྱས་ནས་ཡུལ་ཤུལ་སྤུན་ཟླ་ཚོར་རོགས་སྐྱོར་བྱེད་ཁུལ་བྱས་པ་རེད། ཁོང་ཚོས་བཤད་རྒྱུར་རིང་མིན་ཁོང་ཚོའི་ཕ་ཡུལ་གྱི་དཀའ་ངལ་ལ་རོགས་རམ་འདི་འབྱོར་ཐབས་བྱེད་ངེས་ཡིན་ཞེས་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱིན་འདུག་པ་མ་ཟད་དུས་ཚོད་འདི་འདྲ་ཞིག་གི་ནང་དུ་འགྲོ་ཐུབ་ས་རེད་ཅེས་བཤད་ཀྱི་འདུག ཡིན་ནའང་ཉིན་ཞག་ཟླ་བས་བསྐྱལ་ནས་དུས་ཡུན་གང་འཚམ་སོང་རྗེས་གནོད་ཐེབས་ཡུལ་ཤུལ་སྤུན་ཟླ་ཚོའི་ལག་ཏུ་ཇི་ལྟར་འབྱོར་མིན་གྲག་འགུལ་ཅི་ཡང་མེད་པར་ཇེ་འཇམ་ནས་ཇེ་འཇམ་དུ་གྱུར། ང་ཚོས་འདི་ནས་ཕུལ་བའི་སྒོར་མོ་དེ་གནོད་ཐེབས་སྤུན་ཟླ་ཚོའི་ལག་ཏུ་འབྱོར་ནས་ཁོང་ཚོར་ཕན་ཐོགས་ཤིག་ཡོང་རྒྱུའི་རེ་བ་བཟུང་ནས་བསྡད་པ་རེད། ང་ཚོར་འབྱོར་ལན་ཞིག་ཡོང་རྒྱུར་བསྒུགས་ནས་ལོ་ཤས་ཕྱིན་སོང་ཡང་ཁོང་ཚོ་ད་དུང་སླེབས་མི་འདུག སྐབས་དེའི་སློང་མོ་གནང་མཁན་གྱི་འདིར་བཞུགས་ཡུལ་ཤུལ་བ་ཚོའང་འཇམ་ལྷིང་ངེར། དོན་དངོས་ཡུལ་ཤུལ་གྱི་གནོད་ཐེབས་ས་ཁུལ་གྱི་བོད་མི་ཚོར་ཕན་ཐོགས་བྱུང་ཡོད་དམ་མེད། ངས་བཤད་འདོད་པ་དེ་འདི་ཡིན།
    ཞལ་འདེབས་འདི་་་་་་སུས་བསྡུས་པ་རེད་་་སུའི་ལག་ཏུ་ཡོད་པ་རེད་་་་སུ་ལ་སྤྲད་པ་རེད་་་་་སུ་ལ་ཕན་ཐོགས་པ་རེད་་་་་ཅི་ཙམ་སྤྲད་པ་རེད་་་་གསལ་ཆ་ཅི་ཡང་མེད་པར་སྒོར་མོ་འབུམ་ཕྲག་མང་པོ་ཞིག་སུ་ལ་ཞལ་འདེབས་བྱས་པ་རེད། སྐབས་དེར་ཞལ་འདེབས་བསྡུ་བཞིན་ཡོད་ཅེས་དྲ་ཐོག་དང་ངག་ཐོག་ནས་སྐད་འབོད་བྱས་ནས་སྒོར་གཅིག་ལས་མ་རེག་ཀྱང་ཤུགས་བརྒྱབས་ནས་རྒྱུགས་པ་རེད། བསྡུས་ཚར་རྗེས་གོ་ཐོས་ཅི་ཡང་མེད་པར་འཇམ་ཐང་ངེར་ཅིའི་ཕྱིར་སོང་བ་རེད། གསལ་བྱེད་ཅི་ཡང་མེད་པ་རེད་དམ། ཡུལ་ཤུལ་མི་མང་ཉམ་ཐག་ཚོའི་ལག་ཏུ་འབྱོར་ཡོད་པ་ཨེ་རེད། ཡོད་ན་དེས་ཆོག་པ་རེད། འདིའི་སྐོར་བཤད་ཀྱི་ཤེས་ཀྱི་མི་འདུག དྲ་གྲོགས་ཚོར་དགོངས་ཚུལ་དང་ཁ་གསལ་གྱི་ལན་རེ་ཡོད་ན་འདིར་འགོད་རོགས།

    དྲ་གྲོགས་ཚོར་དགོངས་དག་ཞུ་བ་ཞིག་ལ་ངས་བསམ་ཚུལ་འདི་ཐད་ཀར་དྲ་ཐོག་ནས་བྲིས་པ་ཡིན་པས་ཆད་ལྷག་དང་ནོར་འཁྲུལ་ཡོད་ན་དགོངས་དག་ཞུས་པ་ཡིན།

    འདོན་སྤེལ།: ༢༠༡༡/༠༨/༣༠
    རིག་པ་འདོན་པ།
    ཅོ་རི་ཉི་མ།
    ༢༠༡༡/༠༨/༣༠ ཉིན་འདོན་སྤེལ་བྱས། ངོ་མ་དོན་དག་ཡོད་པ་ཞིག་གླེང་འདུག་་་་་ངས་ཀྱང་སྒོར་མོ་བརྒྱ་ཞལ་འདེབས་སྤྲད་པ་ཡིན། ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོའི་ཆེད་དུ་སེམས་པའི་མཚོན་བྱེད་ཙམ་ཡིན།

    གང་སོང་འདིར་སོང་མེད་པར་འཇམ་ལྷད་ལྷད་རེད་འདུག་་་་་ལྐོག་ཟས་རུལ་སུངས་ཚོས་བོད་མི་རིགས་འདིར་མགོ་བོ་ཡར་འདེབས་མི་བཅུག་ཁུ།།།
    རྨེ་བ་འཇམ་དཔལ་ནོར་བུ།
    ༢༠༡༡/༠༨/༣༠ ཉིན་འདོན་སྤེལ་བྱས། དེ་དེ་བཞིན་ནོ།གནད་དོན་འདི་ཧ་ཅང་ཤེས་འདོད་ཡོད།ཆུ་ཐིགས་ལགས་ཐུགས་རྗེ་ཆེ།ངས་ཀྱང་གནས་ཚུལ་འདི་ལ་སྒུག་གི་ཡིན།
    རིག་པ་འདོན་པ།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    སུན་ཀྲུང་ཧྲན་གྱི་དངོས་སློབ་གསོན་པོ་ཞིག
    མི་རིགས་ལ་རྒྱའི་སྙིང་ཁམས་གསོན་པོ་ཞིག
    རང་ངོ་ཤེས་པའི་བོད་པ་གསོན་པོ་ཞིག
    འདི་ན་བདག་གི་སྙིང་དང་ལྷན་ཅིག་ལྡིང།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་དུ་རྒྱལ་གཅེས་སྒོར་གཅེས་ཟེར་བའི་ལས་འགན་ཞིག་སྤེལ་རུན་བསྡད་འདུག་སྙམ། སྒོར་མོ་ཡང་ལུས་དགོས། ཡིན་ཀྱང་རྒྱལ་གཅེས་ཀྱི་འདུ་ཤེས་འདི་ཡང་གལ་ཆེན་པོ་རེད་འདོད།

    ཡུན་རིང་་་རང་བཙན་བཤད་ས་མེད་པ་དང་རྒྱལ་ཁབ་གླེང་ས་མེད་པས་རྐྱེན་གྱིས་གཞོན་སྐྱེས་རེ་འགའི་རྒྱུད་ལ་རྒྱལ་གཅེས་ཀྱི་བསམ་བློ་མེད་པ་ཆགས་བཞིན་ཡོད། འདི་ཡག་པོ་མ་རེད། བོད་རིགས་ཤོར་རྟགས་རེད། ངེས་པ་ཏུ་རྒྱལ་གཅེས་ཀྱི་འདུ་ཤེས་དགོས།

    བཀའ་ཁྲི་གསར་པས་རྒྱལ་གཅེས་སྒོར་གཅེས་ཀྱི་སློབ་གསོ་ཞིག་རྒྱབ་ན་ག་འདྲ་ཡག་པོ་ཡོང་བ་་་་་་་་་་་་་་་།

    Reply
  8. samten says:
    ལོ་ 15 སྔོན།

    ཁོང་ཚོའི་སྤྱོད་པ་དེ་འདྲ་ཡིན་ན་བཀའ་ཁྲི་བློ་བཟང་སེང་གེ་ཡིས་ལོ་ཉི་ཤུ་ནང་དུ་ཆེད་ལས་པ་ཁྲི་མི་དགོས་ལྔ་ཡང་གསོ་སྐྱོང་བྱེད་ཁག་པོ་རེད། ཡིན་སྐྱོ་བའི་གནས་ཚུལ་ནི་དེ་རེད།

    Reply
  9. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    འབོ་ར་ཤེས་རབ་ལགས་ཀྱིས་རུལ་སུངས་བའི་སློབ་ཆེན་པ་དེ་དག་གི་སྐྱོན་མཚང་ཐེར་འདོན་བྱས་བར་སྙིང་ནས་དགའ། ང་མི་སྒེར་གཅིག་གི་ངོས་ནས་བཤད་ན་ཁོ་ཚོར་ལ་སྡང་དགོས་པ་དང་གནག་དགོས་པ་ཅི་ཡང་མེད། ང་ཚོའི་མི་རིགས་འདི་དང་རྒྱབ་ཁབ་འདི་ངོས་ནས་བཤད་ནས་ཁོ་ཚོ་ང་ཚོའི་མ་འོངས་བའི་རྒྱབ་ཁབ་འདི་འཛིན་སྐྱོང་དང་འཕེལ་རྒྱས་གཏོང་མཁན་ཡིན་པར་ང་ཚོའི་མི་རིགས་འདིས་རེ་ལྟོས་བཅིངས་ཡོད་པ་རེད། ཡིན་ན་ཡང་། ཁོ་ཚོའི་བྱ་སྤྱོད་དང་བསམ་བློ་ཀུན་སྤྱོད་འདི་འདྲ་ཐབས་རྡུགས་ཤིག་ཡིན་པ་ཡིད་ལའང་མ་འཁོར། ༧གོང་ས་མཆོག་དགུང་ལོ་བདུན་ཅུ་དོན་དྲུག་ལ་ཕེབས་མཚམས་བར་དུ་གཙོ་བོ་སློབ་གྲྭ་ཁག་དང་དགོན་སྡེ་ཁག་གི་ཤེས་ཡོན་སློབ་གསོ་སོགས་གལ་གནད་དང་གཙུག་ཆེན་དུ་བཟུང་ནས་ཕྱག་ལས་གནང་བ་བཞིན་ཐུགས་རེ་ཀྱང་ཆེན་པོ་གནང་གི་ཡོད་པ་མངོན་གསལ་རེད། དེར་བརྟེན་བཙལ་བྱོལ་ལ་འབྱོར་མ་ཐག་སློབ་གྲྭ་དང་དགོན་སྡེ་ཁག་འཛུགས་སྐྲུན་བྱེད་རྒྱུ་གཙོ་གནད་དུ་བཟངུ་ཡོད་པ་རེད།    དེའི་ནང་ནས་ཀྱང་སློབ་གྲྭ་ཁག་གསར་རྒྱག་དང་མཐུན་རྐྱེན་ཇེ་ལགས་སུ་གཏོང་རྒྱུ་སོགས་ལ་ཧ་ཅང་གི་ཐུགས་འགན་རྒྱ་ཆེར་བཞེས་ཏེ་སྐུ་ངལ་འཛེམ་མེད་གནང་ཡོད་པ་རེད། ད་དུང་ཡིན་ན་ཡང་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད། འོན་ཀྱང་། སློབ་ཆེན་པ་འདི་དག་གིས་མང་པོ་མང་པོ་ཞིག་ཐལ་རྡུལ་ལ་བསྲེས་འདུག སློབ་ཆེན་པ་འདི་དག་ལ་རང་མི་རིགས་ཀྱི་གཤིས་སྤྱོད་དང་བསམ་བློ་རང་མི་རིགས་ཀྱི་ལྟ་བ་དང་ལངས་ཕྱོགས་གང་ཡང་མེད་པར་མ་ཟད་ང་ཚོའི་བོད་མི་རིགས་ཀྱི་རུས་རྐང་དུ་ཟུག་པའི་རྩམ་དྲི་དེ་ཁོ་ཚོའི་རུལ་རྐང་ཡལ་འདུག་རྩ་ནས་མེད་པར་གྱུར་འདུག ད་བར་བོད་ཀྱི་སློབ་གྲྭ་འགྲིམ་ན་ཡང་ཁོ་ཚོའི་བྲང་གཞུང་དུ་བོད་ཀྱི་རིགས་གཞུང་གི་ཁྲག་རྒྱུན་ཅི་ལ་ཆད་སོང་བ་རེད། འདི་སྐོར་གྱི་གནད་འགག་རྣམས་ཤེས་ཡོད་པ་དང་རྩོམ་པ་པོ་རྣམ་པས་ཐུགས་སྣང་དང་དཔྱད་ཞིབ་ཅིག་གནང་ན་ཡག་པོ་འདུག

    Reply
  10. འཇམ་ཚུལ། says:
    ལོ་ 15 སྔོན།

    འབོ་ར་ཤེས་རབ་ལགས། ཁྱེད་ཀྱིས་བཤད་པ་ཧ་ཅང་བདེན།
    ང་ཚོའི་མཐོ་སློབ་པ་མང་པོ་ཞིག་གིས་མིག་དཔེར་ལྟ་ས་མི་རིགས་འཐབ་རྩོད་ཀྱི་དཀའ་ངལ་མེད་ཅིང་རང་དབང་དང་དཔལ་འབྱོར་གྱི་ཁོ་ལག་རྫོགས་པའི་རྒྱལ་ཁབ་ལྡན་པའི་ན་གཞོན་རིགས་རེད། མདོར་བསྡུས་ན་ཁོང་ཚོས་རང་གི་གནས་བབ་ངོ་མ་ཤེས་པ་དང་འགའ་རེར་ཤེས་འདོད་ཡང་མེད་པར་མིག་གི་ལོངས་སྤྱོད་ཁོ་ནའི་རྗེས་སྙེག་བྱེད་བཞིན་འདུག

    Reply
  11. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    བོད་པ་ཚོ་སྒོར་མོར་ཐུག་དུས་ངོ་ཚ་ཅི་ཡང་མེད་པ་གསལ་བོ་རེད།
    དེ་སྔོན་ཉིས་སྟོང་བརྒྱད་དགུའི་ལོར་བོད་ནང་ལ་ཅི་འདྲའི་དཀའ་ངལ་འཕྲད་འདུག་་་སྐབས་དེར་འདི་ནས་མྱ་ངན་དགོང་འཚོགས་ཞེས་གླུ་ལེན་བྲོ་བརྡུང་ཅི་འདྲ་བྱས་སོང་་་་མགོ་བདེ་བོའི་སྒོ་ནས་ཁ་གཡར་ས་ཞིག་འཚོར་ཅི་ཐུབ་བྱེད་པ་ལས་བོད་ནང་གི་བོད་མི་ཚོས་དཀའ་སྡུག་ཅི་མྱོང་ལ་དེ་འདྲའི་དོ་སྣང་བྱེད་མཁན་ཉུང་ཉུང་རེད། མང་ཆེ་ཤོས་ཀྱིས་གོ་སྐབས་འཛིན་ཅི་ཐུབ་བྱས་ནས་ཁེ་བཟང་ལ་དམིགས་ནས་ཡོད་པརེད།
    དེ་མིན་ཡུལ་ཤུལ་ས་འགུལ་སྐབས་འདི་ནས་ཞལ་འདེབས་ཅི་ཙམ་བསྡུས་སོང་་་་་སུས་བསྡུས་པ་རེད་་་སུའི་ལག་ཏུ་ཡོད་པ་རེད་་་་སུ་ལ་སྤྲད་པ་རེད་་་་་ཅི་ཙམ་སྤྲད་པ་རེད་་་་གསལ་ཆ་ཅི་ཡང་མེད་པར་སྒོར་མོ་འབུམ་ཕྲག་མང་པོ་ཞིག་སུས་སྐྱིད་ཟ་བྱས་པ་རེད། སྐབས་དེར་ཞལ་འདེབས་བསྡུ་བཞིན་ཡོད་ཅེས་དྲ་ཐོག་དང་ངག་ཐོག་ནས་སྐད་འབོད་བྱས་ནས་སྒོར་གཅིག་ལས་མ་རེག་ཀྱང་ཤུགས་བརྒྱབས་ནས་རྒྱུགས་པ་རེད། བསྡུས་ཚར་རྗེས་གོ་ཐོས་ཅི་ཡང་མེད་པར་འཇམ་ཐང་ངེར་ཅིའི་ཕྱིར་སོང་བ་རེད། གསལ་བྱེད་ཞིག་ཀྱང་མེད་པ་རེད་དམ། ཡུལ་ཤུལ་མི་མང་ཉམ་ཐག་ཚོའི་ལག་ཏུ་འབྱོར་ཡོད་པ་ཨེ་རེད། ཡང་ན་རང་གི་ནང་མི་ཚོའི་ལག་ཏུ་སྤྲད་པ་རེད། དྲ་གྲོགས་ཚོ་བསམ་བློ་ཞིག་ཐོངས་དང་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese