མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་རྒྱལ་ཁག་གི་བོད་ཕྲུག་ཚོ་བོད་སྐད་སྦྱང་དུ་ཕེབས་ཤོག

བོད་ཀྱི་དུས་བབ།
༢༠༡༡/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་རྒྱལ་ཕྱིའི་ཁབ་ཁག་ ༥ ཙམ་ནས་ཕེབས་པའི་བོད་རིགས་ཕྲུ་གུ་ ༤༣ ཙམ་ལ། བོད་ཡིག་བོད་སྐད་གཙོས་པའི་བོད་པའི་རིག་གཞུང་ལ་མྱོང་གོམས་ཀྱི་ལས་རིམ་ཞིག་སྒྲུབ་བཞིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ། འདི་གའི་གསར་འགོད་པས་བྱིས་པ་འགའ་དང་ལས་རིམ་གོ་སྒྲིག་པ་བཅས་ལ་བཅར་འདྲི་ཞུས་ཡོད། 

ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་གོ་སྒྲིག་འོག་ཕྱི་རྒྱལ་ཁག་གི་བོད་རིགས་ཚོའི་བྱིས་པར་བོད་ཡིག་བོད་སྐད་སློབ་སྦྱོང་དང༌། བོད་ཀྱི་རིག་གཞུང་གོམས་སྲོལ་ངོ་སྤྲོད་ཀྱི་དབྱར་གནང་གི་ལས་རིམ་ཞིག་འཚོགས་བཞིན་ཡོད་ཅིང༌། འདི་ལོའི་ལས་རིམ་དེ་ཕྱི་ཟླ་བདུན་པའི་ཚེས་ ༣ ནས་ཟླ་འདིའི་ཚེས་ ༧ བར་གོ་སྒྲིག་ཞུས་ཡོད། ཐེངས་འདིའི་ལས་རིམ་ནང་རྒྱལ་ཁབ་ཁག་ ༧ གྱི་ཕྲུ་གུ་རང་ལོ་ ༡༠ ནས་ ༡༨ བར་གྱི་སློབ་ཕྲུག་ ༤༣ ཙམ་འཛུལ་ཞུགས་བྱུང་ཡོད་པ་དང༌། ལས་རིམ་སྐབས་བོད་ཀྱི་སྲོལ་རྒྱུན་གླུ་གཞས་འཁྲབ་སྟོན་དང༌། བོད་པའི་དུས་ཆེན་ཁག་དང་ནང་ཆོས་ངོ་སྤྲོད། རྒྱ་ནག་གིས་བོད་བཙན་འཛུལ་བྱས་པའི་བརྒྱུད་རིམ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ངོ་སྤྲོད། ངྷ་ས་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ། རིག་གཞུང་བསྟི་གནས་ཁག་བཅས་ལ་གཟིགས་སྐོར། ༧གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་རྣམ་གཉིས་ཀྱི་དམིགས་བསལ་མཇལ་ཁ་སོགས་ཐོབ་ཡོད་འདུག

 

            འདི་ལོའི་དབྱར་གནང་གི་ལས་རིམ་དེའི་ཁྲོད་ཨ་རི་ནས་སློབ་ཕྲུག་ ༡༨ དང་སུད་སི་ནས་ ༡༧ ། ཁེ་ན་ཌ་ནས་ ༡ ། དབྱིན་ཡུལ་ནས་ ༢ ། བྷེལ་ཇལ་ནས་ ༢ ། ཧའོ་ལན་ཌི་ནས་ ༡ ། ཨི་ཊ་ལི་ནས་ ༢ བཅས་ཁྱོན་སློབ་ཕྲུག་ ༤༣ མཉམ་ཞུགས་བྱས་འདུག སློབ་ཕྲུག་དེ་དག་གིས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་དོན་གཅོད་སོགས་བརྒྱུད་ཐོ་འགོད་བྱས་ཡོད་པ་དང༌། ལས་རིམ་འདིའི་ནང་ཞུགས་རྒྱུར་ཆ་རྐྱེན་གསུམ་ཚང་དགོས་པ་དག་ནི། དང་པོ། བོད་རིགས་ཡིན་པའི་དཔང་རྟགས་སུ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ཡོད་པ། གཉིས་པ། ལོ་ ༡༠ ནས་ ༡༨ བར་ཡིན་དགོས་པ། གསུམ་པ། སློབ་མ་རེར་འགྲོ་གྲོན་ཆེད་གོ་སྒྲིག་ཚོགས་ཆུང་ལ་ཨ་སྒོར་ ༣༥༠ འབུལ་དགོས་པ་བཅས་ཡིན་འདུག གནད་དོན་དེའི་ཐད་དབྱར་གནང་གི་ལས་རིམ་གོ་སྒྲིག་འགན་འཛིན་དགེ་ཚེ་དབང་དོན་ལྡན་ལགས་ཀྱིས། “བོད་རིགས་ཡིན་མིན་གྱི་ཚད་འཛིན་ས་གཙོ་བོ་དང་བླངས་དཔྱ་ཁྲལ་ལག་དེབ་ཆགས་ཡོད། ཕ་མ་གཉིས་བོད་རིགས་ཡིན་པ་དང་ཕྱེད་བོད་རིགས་ཡིན་མཁན་ཡང་མང་པོ་འདུག ཤེས་གསལ་ལ་ད་སྔ་ཕ་མ་གཉིས་ཀ་ཕྱི་རྒྱལ་བ་ཡིན་མཁན་དེ་འདྲ་བྱུང་མ་སོང་མོད། གནས་ཚུལ་འདི་འདྲ་འབྱུང་མི་སྲིད་པ་མ་རེད་དྲན་ཡོད། ”ཅེས་བརྗོད་བྱུང༌། དེ་ནི་དེང་སྐབས་བོད་རིགས་མ་ཡིན་པ་རེ་ཟུང་གིས་ཀྱང་བོད་མིའི་དང་བླང་དཔྱ་དངུལ་ལག་དེབ་བཟོས་ཡོད་པར་དོགས་གཞི་ཆགས་ཡོད་པ་རེད།

 

བསྟན་འཛིན་སྐྱིད་པ། ལོ་ ༡༨། མཐོ་སློབ་ལོ་རིམ་ ༢ ། ཨ་རི།

བསྟན་འཛིན་སྐྱིད་འཛོམས་ལགས་ཀྱི་ཕ་མ་གཉིས་ཀ་བོད་རིགས་དང་སྐྱེས་ཡུལ་རྒྱ་གར་ངྷ་རམ་ས་ལ་ཡིན་འདུག ངྷ་ཤོད་སློབ་གྲྭ་ནས་འཛིན་རིམ་བཞི་བའི་བར་སློབ་སྦྱོང་བྱས་རྗེས་ཨ་རིར་བསྐྱོད་ཡོད་པ་དང༌། ད་ལྟ་མཐོ་སློབ་ནང་ནུབ་ལུགས་སྨན་གྱི་ཐོག་སློབ་སྦྱོང་བྱེད་བཞིན་ཡོད་འདུག ཁོ་མོས་བརྗོད་རྒྱུར “ངས་བོད་ཁྱིམ་གྱི་དྲ་རྒྱ་བརྒྱུད་དེ་ལས་རིམ་འདི་ཤེས་རྟོགས་བྱུང་ཞིང༌། རྗེས་མ་གོ་སྐབས་འདི་འདྲ་འཐོབ་ན་འདོད་ཀྱང་དུས་ཚོད་རག་མིན་བཤད་དཀའ་སྟབས། ད་ཐེངས་བོད་ཡིག་འབྲི་ཀློག་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་བྱ་ཆེད་ཡོང་པ་ཡིན། ལས་རིམ་དངོས་གཞིའི་སྐབས་ང་རང་གིས་སྔོན་མ་རེ་བ་བརྒྱབ་པ་ལས་ལྷག་ཅིག་རག་སོང” ཟེར།

 

བསྟན་འཛིན་སྒྲོལ་མ། ལོ་ ༡༦། འཛིན་རིམ་ ༡༡ །  ཁེ་ན་ཌ།

བསྟན་འཛིན་སྒྲོལ་མ་ལགས་ཀྱི་ཕ་མ་གཉིས་ཀ་བོད་རིགས་ཡིན་ཞིང་སྐྱེས་ཡུལ་ཨ་རི་ཡིན་འདུག མོ་རང་ཆུང་དུས་རྒྱ་གར་ནས་འཚར་ལོངས་བྱུང་ཡོད་པ་དང་ ༢༠༠༣ ལོར་ཁེ་ན་ཌར་བསྐྱོད་ཡོད་འདུག ཁོ་མོས་བརྗོད་རྒྱུར “རྒྱ་གར་ནང་གི་སློབ་ཕྲུག་རེ་ཟུང་མ་གཏོགས་ཕལ་ཆེ་བ་ཁ་ལ་ཉན་པོ་དང་བརྩི་བཀུར་ཆེ་བ་འདུག ཕྱི་རྒྱལ་ཁག་ཏུ་འཚར་ལོངས་བྱུང་བའི་བོད་རིགས་བྱིས་པ་ཚོས་རང་གི་ཕ་མ་ཡ་མེད་གཏོང་གི་རེད། ང་རང་གིས་སྔོན་མ་ཨ་རི་ནས་དགའ་རོགས་ཐེངས་གཉིས་ཙམ་བསྒྲིགས་མྱོང་ཡོད། གཅིག་བོད་པ་རེད། གཉིས་པ་དེ་དབྱིན་ཇི་རེད། ང་རང་གི་མཐོང་ཚུལ་ལ་ཕྱི་རྒྱལ་བ་ལས་བོད་པར་དགའ་རོགས་བསྒྲིགས་ན་ཡག་པོ་ཡོད་པར་མཐོང་སོང” ཟེར།

 

སྤེན་པ་བཀྲ་ཤིས། ལོ་ ༡༦། འཛིན་རིམ་ ༡༡། དབྱིན་ཡུལ།

སྤེན་པ་བཀྲ་ཤིས་ལགས་ཀྱི་ཕ་བོད་རིགས་དང་མ་དབྱིན་ཇི་བ་ཡིན་ཞིང༌། སྐྱེས་ས་འཚར་ས་ཡང་དབྱིན་ཡུལ་ཡིན་འདུག ཁོས་བརྗོད་དོན། “དྲང་པོར་བཤད་ན་ང་རང་ཕྱེད་བོད་རིགས་དང་ཕྱེད་དབྱིན་ཇི་རེད། ངའི་ཕྱི་ཚུལ་གྱི་རྣམ་པ་དབྱིན་ཇི་ཤུགས་ཆེ་བ་ཡོད་རེད། འོན་ཀྱང་དེ་ག་རེ་ཡིན་ཡང་ཁྱད་པར་མི་འདུག དོན་དངོས་ཐོག་ང་རང་བོད་ཡིག་བོད་སྐད་སྦྱོང་རྒྱུར་དགའ་བོ་ཡོད། ད་ལྟ་ངས་བོད་སྐད་ཅུང་ཙམ་བཤད་ཤེས་ཀྱི་ཡོད་ལ། ལྷག་པར་དུ་བོད་སྐད་བཤད་པ་ལས་བོད་ཡིག་འབྲི་རྒྱུར་ཧ་ཅང་ཡག་པོ་ཡོད” ཟེར། 

 

བློ་བཟང་སྐྱིད་པ། ལོ་ ༡༣། འཛིན་རིམ་ ༨། ཨ་རི།

བློ་བཟང་སྐྱིད་པ་ལགས་བལ་ཡུལ་ནས་སྐྱེས་ཤིང་ཕ་མ་གཉིས་ཀ་བོད་རིགས་ཡིན་འདུག ལོ་བཞིའི་གོང་ཨ་རིར་བསྐྱོད་དེ་སློབ་གྲྭར་འགྲོ་བཞིན་ཡོད་འདུག ཁོང་མོས་བརྗོད་དོན། “ང་འཚར་ལོངས་བྱུང་ས་བལ་ཡུལ་དང་ཨ་རི་གཉིས་བསྡུར་བ་ཡིན་ན་ཁྱད་པར་ཆེན་པོ་འདུག བལ་ཡུལ་གྱི་ལམ་ཁ་གང་སར་རྡོ་མང་པོ་ཡོད་པ་རེད། ཨ་རིའི་ལམ་ཁར་རྡོ་དེ་འདྲ་མཐོང་རྒྱུ་མི་འདུག མི་འདྲ་ས་གཞན་ཞིག་ནི། ཨ་རིའི་འཛིན་རིམ་གང་རུང་ནང་ཡིག་ཚད་མ་ལོང་ཡང་འཛིན་རིམ་སྤར་གྱི་འདུག བལ་ཡུལ་ནང་དེ་འདྲ་ཡོད་པ་མ་རེད” ཟེར་ཞིང། ཁོ་མོར་བོད་པ་ཞེས་ལབ་ན་གང་འདྲ་ཞིག་མཐོང་གི་འདུག་ཅེས་དྲིས་པར་ “ཧ་གོ་མ་སོང” ཟེར།

 

ཉི་མ་ཚེ་རིང་། ལོ་ ༡༥། འཛིན་རིམ་ ༩། བྷེལ་ཇམ།

ཉི་མ་ཚེ་རིང་ལགས་ལྷོ་ཕྱོགས་མོན་གྷོ་ཌིར་སྐྱེས་ཤིང༌། ལོ་གཉིས་ལ་སོན་སྐབས་ཕ་མ་གཉིས་མཉམ་དུ་བྷེལ་ཇམ་དུ་བསྐྱོད་ཡོད་འདུག ཁོས་བརྗོད་རྒྱུར “ ང་རང་བྷེལ་ཇམ་དུ་གཟའ་ཉི་མའི་བོད་ཡིག་འཛིན་གྲྭར་འགྲོ་ཡི་ཡོད། འོན་ཀྱང༌། བོད་ཡིག་སྦྱོང་རྒྱུ་ཁག་པོ་འདུག དབྱིན་ཇིའི ABCD འདྲ་བོ་རེད་མི་འདུག བོད་ཡིག་གི་ཀ་ཁ་ག་ང་འབྲི་སྐབས་ཁྱད་མཚར་ཞིག་འདུག མིས་རི་མོ་འབྲི་བཞིན་ཡོད་པ་འདྲ་བོ་ཞིག་ལ་མཐོང་སོང ” ཟེར།

 

བསྟན་འཛིན་ཚེ་རིང་། ལོ་ ༡༣། འཛིན་རིམ་ ༨། ཧོ་ལན་ཌི།

བསྟན་འཛིན་ཚེ་རིང་ལགས་སྐྱེས་ཡུལ་ཧོ་ལན་ཌི་ཡིན་ཞིང༌། ཕ་བོད་རིགས་དང་མ་ཧོ་ལན་ཌའི་མི་རིགས་ཡིན་འདུག ཁོང་གིས་བོད་སྐད་ཐན་ཐུན་ཞིག་ལས་བཤད་ཐུབ་ཀྱི་མེད། ཁོས་བརྗོད་དོན། “ ངའི་ཕ་མ་གཉིས་ཀྱིས་ནམ་རྒྱུན་ཌ་ཆི་(Dutch) དང་དབྱིན་སྐད་བཤད་ཀྱི་ཡོད་པ་རེད། ང་རང་གིས་བོད་སྐད་ཅུང་ཤེས་ཀྱི་ཡོད་པ་དེ། གུང་སང་སྐབས་ཐེངས་གཉིས་ཙམ་ལ་རྒྱ་གར་རྡེ་ར་རྡུན་བདེ་སྐྱིད་གླིང་གི་རྨོ་རྨོའི་སར་ཡོང་སྟེ་ཤེས་སོང༌། ང་རང་གི་དམིགས་ཡུལ་རྗེས་མ་ཨ་རིར་འགྲོ་རྒྱུ་དེ་ཡིན ” ཟེར།

 

བསྟན་འཛིན་འཇིགས་ལེགས། ལོ་ ༡༦། འཛིན་རིམ་ ༡༡། སུད་སི།

བསྟན་འཛིན་འཇིགས་ལེགས་ལགས་ཀྱི་ཀྱི་ཕ་མ་གཉིས་ཀ་བོད་རིགས་ཡིན་ཞིང༌། རྒྱ་གར་རྡོ་རྗེ་གླིང་དུ་སྐྱེས་ཡོད་འདུག ཁོང་ལོ་ ༤ ལ་སོན་སྐབས་སུད་སིར་ཕྱིན་ཡོད་འདུག་ལ། ད་ཆར་དབྱིན་སྐད་ཀྱི་སྒྲ་གདངས་ཐོན་པའི་བོད་སྐད་འཁྱར་འཁྱོར་ཞིག་རྒྱག་ཐུབ་ཀྱི་འདུག ཁོང་གིས “ བོད་པ་ཚོ་བློ་སྟོབས་ཆེན་པོ་ཞིག་མཐོང་གི་འདུག རྒྱ་ནག་དེ་འདྲའི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ། བོད་པ་ཚོ་གྲངས་ཀ་ཉུང་ཉུང་ཡིན་ན་ཡང་ཁ་གཏད་གཅོད་རྒྱུའི་བློ་སྟོབས་ཡོད་པ་རེད། ང་རང་བོད་པ་ཞིག་ཡིན་པར་སྤོབས་པ་ཡོད ” ཟེར།  

 

སྐལ་ལྡན་རྣམ་རྒྱལ། ལོ་ ༡༠། འཛིན་རིམ་ ༥། ཨ་རི།

སྐལ་ལྡན་རྣམ་རྒྱལ་ལགས་ནི་བོད་དུ་སྐྱེས་ཞིང་ ༢༠༠༥ ལོར་རྒྱ་གར་ལ་ཡོང་སྟེ་བོད་ཁྱིམ་སློབ་གྲྭར་ཞུགས་ཡོད་འདུག ༢༠༡༠ ལོར་སྦྱིན་བདག་གི་རོགས་རམ་འོག་ཨ་རིར་སློབ་སྦྱོང་ལ་ཕྱིན་ཡོད་འདུག ཁོང་གིས་ “ སྦྱིན་བདག་གིས་ང་རང་སོ་སོའི་སྐད་ཡིག་དྲན་པ་མ་བརྗེད་ལབ་སྟེ་འདིར་བཏང་བྱུང༌། ཐོག་མར་ང་ཨ་རིའི་སློབ་གྲྭར་འགྲོ་སྐབས་བོད་པ་གཅིག་ཀྱང་མེད་སྟབས་སྐད་མ་ཤེས་པའི་དཀའ་ངལ་འཕྲད་བྱུང༌། ངས་ཨ་རི་ནས་སློབ་སྦྱོང་མཐའ་འཁྱོལ་པ་བྱས་ཏེ་བོད་རང་བཙན་ལེན་རྒྱུ་ཡིན ” ཟེར། 

 

བསྟན་འཛིན་ཆོས་འཕེལ། ལོ་ ༡༡། འཛིན་རིམ་ ༥། ཨ་རི།

བསྟན་འཛིན་ཆོས་འཕེལ་ལགས་ཨ་རིར་སྐྱེས་ཤིང༌། ཕ་ཨ་རི་བ་ཞིག་དང་མ་བོད་རིགས་ཡིན་འདུག གསར་འགོད་པས་ཁོང་ལ་སྐད་ཆ་འདྲ་མིན་དྲིས་སྐབས་ “ ཡག་པོ་འདུག ” ཅེས་པ་ལས་བོད་སྐད་ཚིག་གཅིག་ཀྱང་བཤད་ཐུབ་མ་སོང༌། ཁོང་གིས་དབྱིན་སྐད་ཐོག་བརྗོད་རྒྱུར། “ ང་ཨ་རིར་སྐྱེས་པ་ཞིག་ཡིན་སྟབས་དེ་སྔ་རྒྱ་གར་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་མཐོང་མྱོང་མེད་པས་ལྟ་འདོད་ཆེན་པོ་སྐྱེས་བྱུང༌། ཐེངས་འདིར་བོད་ཁྱིམ་དུ་ཡོང་ནས་ང་ལྟ་བུའི་བྱིས་པ་མང་པོ་ཞིག་བོད་ནས་ཇི་ལྟར་བྲོས་བྱོལ་དུ་ཡོང་པའི་སྐད་ཆ་མང་པོ་ཞིག་གོ་སོང༌། དེ་ལ་ང་ཧང་སངས་ཀྱི་འདུག ” ཟེར།

 

ཉི་མ་སྤུན་མཆེད། ལོ་ ༩། འཛིན་རིམ་ ༥། ཨེ་ཌི་ལེ།

ཉི་མ་སྤུན་མཆེད་གཉིས་ཀ་ཐེངས་འདིའི་དབྱར་ནང་གི་ལས་རིམ་ནང་ཞུགས་ཡོད་ཀྱང༌། ཁོང་གཉིས་ཀྱིས་བོད་སྐད་དང་དབྱིན་སྐད་གང་ཡང་ཤེས་ཀྱི་མི་འདུག སློབ་བུ་ཉི་མ་ལགས་ཀྱི་ཨ་མ་ཚེ་བརྟན་ཁོང་གཉིས་དང་ལྷན་དུ་ཐེངས་འདིར་ཡོང་སྟེ། མེག་གྷན་༼ པདྨ་ཐང་མགྲོན་ཁང༽ དུ་བསྡད་འདུག ཨ་མ་ཚེ་བརྟན་ལགས་ཀྱིས་བརྗོད་དོན། “ ཕྲུ་གུ་གཉིས་ཀྱིས་བོད་སྐད་ཕྲན་བུ་ཤེས་ཐུབ་ན་བསམ་ཏེ། ཐེངས་འདིར་རྒྱ་གར་ལ་འཁྲིད་ཡོང་བ་ཡིན། ལོ་འགའི་གོང་དུ་རྒྱ་གར་ནས་ཀྱང་ང་ཚོའི་སྤུན་མཆེད་ཅིག་ཕར་འཐེན་ཏེ་བྱིས་པ་གཉིས་ལ་བོད་ཡིག་བོད་སྐད་བསླབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད ” ཟེར།

 

གོ་སྒྲིག་པའི་སྐད་ཆ།

དབྱར་གནང་གི་ལས་རིམ་གོ་སྒྲིག་འགན་འཛིན་དགེ་ཚེ་དབང་དོན་ལྡན་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་དོན། དང་ཐོག་ ༡༩༩༠ ལོར་ཨ་མ་རྗེ་བཙུན་པདྨ་མཆོག་གིས་བོད་ཁྱིམ་སློབ་ཕྲུག་ཚོ་ནི་ང་ཚོའི་འགན་ཆགས་ཡོད། བོད་པའི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་དེ་ཡང་ང་ཚོའི་ལས་འགན་ཡིན། རྒྱལ་བལ་འབྲུག་གསུམ་ནང་གང་འཚམ་འདིའི་ཐད་ནས་འགྲིག་བསྡད་ཡོད་སྟབས། ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་ཕྲུག་ཚོར་བོད་ཁྱིམ་ངོས་ནས་གང་ཐུབ་ཐུབ་ཅིག་བྱ་དགོས་རེད་ཅེས་གསུངས་པར་བརྟེན། ༢༠༠༠ ལོ་ནས་སློབ་ཕྲུག་གཅིག་གཉིས་རེ་བོད་ཁྱིམ་དུ་གོང་སེང་ལ་བླངས་ཏེ་བོད་ཡིག་བསླབ་པ་སོགས་བྱས་ཡོད། ༢༠༠༥ ལོ་ནས་དངོས་སུ་དབྱར་ནང་གི་ལས་རིམ་འདི་མགོ་འཛུགས་བྱས་པ་ཞིག་དང༌། ༢༠༠༨ ལོ་ནས་སློབ་ཕྲུག་མང་དུ་ཕྱིན་ཏེ་ད་ལྟའི་ལས་རིམ་འདི་ལྟར་རྒྱ་ཆེ་རུ་བཏང་པ་ཞིག་ཆགས་ཡོད། ཅེས་དང༌།

            ཁོང་གིས་མུ་མཐུད་དུ། སློབ་ཕྲུག་རྣམས་འབྱོར་འཕྲལ་ཕྱོགས་གང་ཐད་ནས་གོམས་འདྲིས་མ་ཐུབ་པའི་དཀའ་ངལ་གང་འཚམ་འཕྲད་ཀྱི་ཡོད་ཀྱང༌། ཁོང་ཚོ་ཁྱིམ་ཚང་ཁག་ལ་བགོ་འགྲེམས་དང་ཁྱིམ་ཚང་གི་འཆར་ཅན་ལས་རིམ་ཁྲོད་སློབ་ཕྲུག་གཞན་དག་དང་གཅིག་མཚུངས་ངང་བྱེད་སྒོ་ཁག་ནང་མཉམ་ཞུགས་བྱེད་བཅུག་སྟབས་རིམ་བཞིན་གོམས་འདྲིས་ཆགས་ཡོང་གི་འདུག དཔེར་ན། དང་པོ་རྔན་པ་ཞིག་ཡིན་ན་སོ་སོ་གཅིག་པུས་ཟ་བཞིན་འདུག རིམ་བཞིན་གཞན་ལ་སྤྲོད་རྒྱུའི་གོམས་སྲོལ་ཞིག་ཆགས་ཡོང་གི་འདུག

            སློབ་ཕྲུག་འགའ་རེ་ཡི་ཕ་མ་དང་ས་གནས་འཐུས་མི་ ༡༡ ཙམ་སློབ་ཕྲུག་དང་མཉམ་དུ་ཕེབས་འདུག ཁོང་ཚོ་མགྲོན་ཁང་སོགས་སུ་སྒེར་ངོས་ནས་བསྡད་ཡོད་པ་དང༌། ཉིན་རེའི་ལས་རིམ་ཁག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེ་ཡག་པོ་རེད།  ཁོང་ཚོར་ཕྱོགས་གང་ཐད་ནས་འཐུས་ཤོར་དང་ཡར་རྒྱས་གཏོང་ཕྱོགས་ལ་བསམ་ཚུལ་འདོན་རོགས་ཞེས་ཀྱང་ཞུས་ཡོད། སྡོམ་ཞིག་བརྒྱབ་ན་དང་པོ་ཁོང་ཚོ་བསླེབས་པ་ནས་ཐོན་འགྲོ་སྐབས། སློབ་ཕྲུག་ཚོ་ཞི་འཇམ་ཆགས་ཡོང་གི་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད་ཟེར།

 

ཕ་མའི་བསམ་ཚུལ།

ཐེངས་འདིའི་དབྱར་གནང་གི་ལས་རིམ་ཆེད་སོ་སོའི་ཕྲུ་གུ་འཁྲིད་ཡོང་མཁན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ལོ་སྔོན་མར་ཡང་སོ་སོའི་ཕྲུ་གུ་ཁྲིད་དེ་དབྱར་ནང་གི་ལས་རིམ་ལ་ཡོང་མྱོང་སྟབས། ད་ལོ་སུད་སིའི་སློབ་ཕྲུག་དག་གི་ཕ་མའི་འཐུས་ཚབ་བྱས་ཏེ་སློབ་ཕྲུག་རྣམས་ཁྲིད་ཡོང་འདུག ཐུབ་བསྟན་ལགས་རྡོར་གླིང་ནས་སློབ་གྲྭ་དང་མཐོ་སློབ་ཐོན་རྗེས། བོད་གཞུང་ལས་ཁུངས་ཁག་ཅིག་ནང་ཞབས་ཞུ་བསྒྲུབས་མྱོང་ཞིང༌། སུད་སིར་ཕྱིན་རྗེས་ད་ལྟའི་བར་ལོ་ ༢༨ རིང་ས་གནས་བོད་ཕྲུག་ཚོར། གཟའ་ལྷག་པའི་ཉིན་བོད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་འདུག 

            ཁོང་གིས་བརྗོད་དོན། “ བོད་ཁྱིམ་གྱི་གོ་སྒྲིག་བྱེད་ཀྱིན་པའི་དབྱར་ནང་གི་ལས་རིམ་འདི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་སློབ་ཕྲུག་ཚོར་ཕན་ཐོགས་ཆེན་པོ་བྱུང་གི་འདུག སུད་སིར་མཚོན་ན་ལས་རིམ་འདིར་མཉམ་ཞུགས་བྱས་ཏེ་ལོ་གསུམ་པ་འགྲོ་བཞིན་པ་དང༌། ལོ་རེ་བཞིན་སློབ་ཕྲུག་ཡོང་མཁན་ཇེ་མང་རེད། སུད་སི་ནས་ཡོང་མཁན་ཚོའི་ཁྲོད་ཀྱི་སློབ་ཕྲུག་ ༡༠ འགྲོ་གྲོན་གྱི་ཕྱེད་ཀ་ས་གནས་བོད་རིགས་ཚོགས་པས་གཏོང་གི་ཡོད། འགྲོ་གྲོན་དེ་དག་ཤ་བག་ལེབ་དང་མོ་མོ་བཙོང་སྟེ་ཐབས་ཤེས་བྱེད་ཀྱི་ཡོད། སློབ་ཕྲུག་ཚོ་འདིར་གཏོང་དགོས་དོན་ནི། གཅིག་ནས་བོད་སྐད་བོད་ཡིག་ཅུང་ཙམ་ཤེས་ན་བསམ་པ་དང༌། གཉིས་ནས་བཙན་བྱོལ་བོད་གཞུང་སོགས་འདི་ཕྱོགས་ཀྱི་གནས་སྟངས་ལ་ཤེས་རྟོགས་ཡོད་ཆེད། གསུམ་ནས་སུད་སིར་ཡོད་པའི་བོད་ཕྲུག་ཚོའི་གནས་བབ་གང་འཚམ་ཡག་པོ་ཡོད་སྟབས། རྒྱ་གར་ནང་དང་བོད་ཁྱིམ་སློབ་ཕྲུག་ཚོ་དང་མཉམ་དུ་བཞག་ན་ཉམས་མྱོང་དང་སློབ་གསོ་ཞིག་འཐོབ་ངེས་ཡིན་པ་བཅས་ལ་དམིགས་པ་ཞིག་ཡིན” ཞེས་བརྗོད་བྱུང༌།

 

དགེ་རྒན་གྱི་མྱོང་ཚོར།

དབྱར་གནང་གི་ལས་རིམ་ལ་དགེ་རྒན་གནང་མཁན་རྣམ་རྒྱལ་བསྟན་འཛིན་ལགས་ཀྱིས་བྱིས་པ་དེ་དག་ལ་ཞོགས་པའི་ལུས་རྩལ་སློབ་ཀྱིན་ཡོད་པ་དང༌། དེ་བཞིན་ལས་རིམ་གྱི་མགོ་མཇུག་བར་གསུམ་དུ་སློབ་ཕྲུག་ཚོ་དང་མཉམ་འགྲོ་མཉམ་འདུག་གིས་ལྟ་རྟོགས་བྱེད་ཀྱི་ཡོད་འདུག ཁོང་གིས་བརྗོད་དོན། “ ཟླ་གཅིག་ཙམ་གྱི་རིང་བོད་ཡིག་དང་བོད་པའི་རིགས་གཞུང་ཧ་ལས་པ་ཞིག་ཤེས་རྒྱུ་ཁག་པོ་རེད་དེ། བོད་པའི་ཁ་རྒྱུན་ལ། ཞེད་སྣང་མེད་ན་འཚེར་སྣང་ཞེས་པ་ལྟར། ཁོང་ཚོར་འཚེར་སྣང་ཡོད་པ་ཞིག་ཆགས་ཡོང་གི་འདུག དང་པོ་སློབ་ཕྲུག་ཕན་ཚུན་ཁ་རྩོད་འདྲ་བྱུང་སྐབས་གཅིག་གིས་གཅིག་ལ་དགོངས་དག་ཞུ་པའི་ལུགས་སྲོལ་རྩ་བ་ནས་མི་འདུག རིམ་བཞིན་རྩོད་པ་འདྲ་བྱུང་སྐབས་དགོངས་དག་ཞུས་ཏེ་ཕན་ཚུན་ལ་བརྩི་བཀུར་བྱེད་སྟངས་ཡག་པོ་གོམས་ཡོང་གི་འདུག བོད་པའི་ཁ་རྒྱུན་ལ། ཟ་སྟངས་འགྲོ་སྟངས་སྡོད་སྟངས་གསུམ་དྲིན་ཆེན་ཕ་མའི་བསླབ་བྱ་ཡིན། ཟེར་སྲོལ་ཡོད་པ་ལྟར། ཕྲུ་གུ་འདི་དག་གི་ཕ་མ་ཚོས་སོ་སོའི་ཕྲུ་གུར་གསོ་སྐྱོང་བྱེད་སྟངས་ཅུང་ནོར་གྱི་ཡོད་པའི་ཚོར་སྣང་ཡོང་གི་འདུག

 

སློབ་ཕྲུག་མང་པོ་ཞིག་གིས་བོད་སྐད་བཤད་ཤེས་ཀྱི་མེད་པར་བལྟས་ན། ཕ་མས་འགན་ཁུར་ཏེ་བོད་སྐད་བོད་ཡིག་བསླབ་རྒྱུ་ཕར་ཞོག མཐའ་ན་ཁོ་རང་ཚོ་སོ་སོའི་ནང་དུ་ཡང་བོད་སྐད་བཤད་ཀྱི་ཨེ་ཡོད་ན་བསམ་པ་འདུག ཕྲུ་གུའི་ཕྱི་ནང་གི་འཚར་ལོངས་ལ་ཕ་མས་འགན་འཁུར་རྒྱུ་དེ་གལ་ཆེན་པོ་རེད། ཕྱི་རྒྱལ་གྱི་ཚིག་རེ་ཟུང་བེད་སྤྱོད་མི་གཏོང་ཐབས་མེད་ཡིན་ཡང༌། ནམ་རྒྱུན་གྱི་འཚོ་བའི་ནང་དང༌། ལྷག་པར་དུ་སོ་སོའི་ནང་དང་ཕྲུ་གུར་འབྲེལ་འདྲིས་བྱེད་སྐབས་བོད་སྐད་ཐོག་ནས་ཁ་བརྡ་བྱ་རྒྱུར་འབད་བརྩོན་བྱ་རྒྱུ་དེ་བོད་རིགས་ཕ་མ་ཞིག་གི་ལས་འགན་རེད་དྲན་གྱི་ཡོད། སེམས་འཚབ་ཆེ་ཤོས་ཤིག་ནི། སློབ་ཕྲུག་འདི་དག་མང་ཆེ་བས་བོད་སྐད་གཙང་མ་བཤད་ཐུབ་ཀྱི་མི་འདུག འདི་དག་འཚར་ལོངས་བྱུང་སྟེ་ཕ་མ་ཆགས་ཡོང་སྐབས། ཁོང་ཅག་གི་ཕྲུ་གུ་ཚོས་བོད་སྐད་ནང་“ཨ་མ་”ཙམ་ཡང་འབོད་མི་ཤེས་པ་ཆགས་ངེས་རེད། ཅེས་ཧ་ཅང་བློ་ཕམ་གྱིས་བརྗོད་བྱུང༌།

 

གསར་འགོད་པ། བནྡེ་སྐྱབས།

༼ གོང་བཀོད་གསར་འགྱུར་འདི་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༥༢༨  སྟེང་བཀོད་འགྲེམས་བྱས་ཡོད། ༽

 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 8

  1. རུ་གསར་ཚང་། says:
    ལོ་ 15 སྔོན།

    བོད་ཁྱིམ་གྱིས་བོད་སྐད་ཤེས་མཁན་བོད་ཕྲིག་ཚོ་མི་ལོ་བཅུ་གཉིས་ཀྱི་རིང་འབྲི་དང་གཡག་གི་ཁྱད་པར་ཙམ་ཡང་ཤེས་འཇུག་མ་ཐུབ་པར་ཟླ་གཅིག་གི་རིང་བོད་སྐད་དང་བོད་ཡིག་རྩ་ནས་མི་ཤེས་མཁན་རྐྱང་ལ་བོད་ཀྱི་རིག་གཞུང་དང་། བོད་ཀྱི་སྤྱི་ཚོགས། བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་སོགས་དེ་འདྲའི་མང་པོ་ཞིག་སྤྲུལ་བ་བསྟན་ནས་བསླབ་རྒྱུ་ཡིན་ནམ།

    Reply
  2. ལུང་རྟོགས། says:
    ལོ་ 15 སྔོན།

    སྤྱིར་འདི་འདྲ་ཞིག་གཉེར་བ་ཡག་པོ་རེད། འོན་ཀྱང་བོད་ཁྱིམ་སློབ་གྲྭས་ཕྱིའི་བོད་ཕྲུག་ཚོར་བོད་སྐད་ཡིག་སློབ་རྒྱུའི་ཚབ་ལ། བོད་ཁྱིམ་རང་གི་སློབ་ཕྲུག་ཚོ་བོད་སྐད་ཡིག་རང་སྐྱ་འཕེར་བ་ཞིག་བཟོས་ན་མི་ལེགས་སམ། བོད་ཁྱིམས་སློབ་གྲྭ་ཁག་ནང་ལ་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་མ་བཅུག་པ་ནི་བོད་སྐད་ཡིག་ལ་བཀའ་འགོག་བྱེད་པ་ལས་གཞན་ཅི་ཡིན། ང་ནི་འདི་ཚོ་མཐོང་དུས་སེམས་དགའ་རྒྱུའི་ཚབ་ལ་སེམས་སྐྱོ་སོང་། མདོར་ན་དགེ་རྒན་རྣམ་རྒྱལ་བསྟན་འཛིན་ལགས་ཀྱི་གསུང་པ་དེ་ལ་མངོན་པར་བསྟོད་དོ།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལྷ་མོ་སྐྱབས་ལགས།
    བོད་ཕྲུག་འདི་ཚོ་མ་འོང་བོད་རྒྱལ་ཁབ་ཀྱི་བདག་པོ་རེད། ཕྱིའི་པགས་པ་དཀར་ནག་དང་སྐྲའི་ཚོན་མདོག་ལ་ཁྱད་པ་མེད། གལ་ཆེ་ཤོས་རྒྱལ་ཞེན་དང་བོད་ཞེན་ཡོད་མེད་ཀྱི་གནད་འགག་ཆེ།

    བུ་ཕྲུག་འདི་ཚོ་བོད་པ་གསོན་པོ་རེད་ལ་མ་འོང་པ་ཡང་བོད་མིའི་ངོ་བོ་གནས་ཀྱི་རེད། མ་གཏོགས་ཁྱེད་ནང་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྕ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་རྒྱ་མི་གསོན་པོ་བྱ་འདོད་མེད་པ་རེད། བྱས་ཙང་་་བོད་ཀྱི་རྒྱལ་དར་ལུས་སུ་གྱོན་ནས་བོད་ཀྱི་སྐད་ཡིག་ལ་སློན་སྦྱོང་གནང་གི་ཡོད་རེད། ལྕགས་གདོང་ཁྱོད་རང་ཚོས་ཐུགས་འཁྲུལ་དགོས་པ་ཡོད་མ་རེད།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཨཨཨཱ་་་ད་ཕྱེད་ཀ་ཕྱེད་ཀ་མང་གི་ཡ་་་་ཕ་མ་ཚོས་བསམ་བློ་མ་བཏང་ན་མི་རིགས་ཕྱེད་ཀ་བའི་ཕྲུ་གུ་ཚོར་སེམས་ཁྲལ་འཕར་ཞིག་སྤྲོད་ཀྱི་ཡོད་ཁོ་ཐག་རེད། ཧཧཧ

    སྤྱིའི་ཆ་ནས་བཤད་ན་ལས་རིམ་འདི་ཧ་ཅང་གི་ཡག་པོ་ཞིག་རེད་་་་འོན་ཀྱང་དེང་སང་གི་བོད་པ་ཚོའི་སེམས་ཁམས་དང་རེ་བ་བྱེད་ཡུལ་བརྒྱ་ཆའི་དགུ་ཅུ་ལྷག་གིས་དབྱིན་ཇི་སྐད་ཡིག་ཡག་པོ་ཞིག་དམིགས་སུ་བཟུང་འདུག་པས་ཁེ་བཟང་ཡག་པོ་ཞིག་གམ་གོ་སྐབས་ཤིག་འཚོར་འདོད་ཡོད་ན་མ་གཏོགས་འདིར་ཡོང་རྒྱུ་ཁག་པོ་རེད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཡག་གི་ཟེར་དགོས་རྒྱུ་རེད། གང་ལགས་ཤེས་ན། ང་བོད་པ་གསོན་པོ་ཞིག་བྱེད་འདོད་ཡོད་ཟེར་བའི་རྣམ་འགྱུར་ཞིག་ཡོང་གི་ཡོད་པས། འོན་ཀྱང་འདི་རིགས་ཀྱིས་འཕྲལ་ཙམ་དང་ཕྱིའི་རྣམ་པ་ཙམ་ལས་དོན་གྱི་བོད་སྐད་ཡིག་གི་སྲོག་ཤིང་ཡོད་པ་ཞིག་ཏུ་སྐྱེད་བསྲིང་བྱེད་དཀའ།
    འདིའི་སྐོར་ལ་སྐུ་ཞབས་ཆུང་ཚེ་རིང་གི་གདོང་དེབ་ནང་དུ་གླེང་མོལ་རྒྱས་པ་འགྲོ་བཞིན་ཡོད་པས་དོན་གཉེར་ཅན་ཚོ་དེ་རུ་ཕེབས་རོགས་ཞུ།
    Chung Tsering

    Reply
  6. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    ཆར་གཞི་ཡག་པོ་འདུག་བོད་མི་རིགས་ཐོར་ཞིག་འགྲོ་ཉེན་ཡོད་པའི་དུས་ཚོད་འདིར་ལས་འགུལ་དེ་འདྲ་ངེས་པར་དུ་དགོས་ངེས་རེད་དེའི་བོད་ཀྱི་སྐད་ཡིག་དང་ཆིག་བསྒྲིལ་གཉིས་ཀ་ལ་ཕན་ཐོག་ཡོད་ངེས་རེད་གོ་སྒིག་པ་ཚོ་ཐུགས་རྗེ་ཆེ་ད་དུང་རྒྱུན་སྲིང་བྱེད་རོགས།།

    Reply
  7. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    ཆར་གཞི་ཡག་པོ་འདུག་བོད་མི་རིགས་ཐོར་ཞིག་འགྲོ་ཉེན་ཡོད་པའི་དུས་ཚོད་འདིར་ལས་འགུལ་དེ་འདྲ་ཁ་ཚ་དགོས་གཏུགས་ཡིན་པ་འདྲ་ད་དུང་རྒྱུན་སྲིང་བྱེད་ཐུབ་ན་སྐད་ཡིག་དང་ཆིག་བསྒིལ་གཉིས་ཀ་ལ་ཕན་ཐོག་ཡོང་རྒྱུ་ཡིན་པ།།

    Reply
  8. ས་འཛིན་དཀར་པོ། says:
    ལོ་ 15 སྔོན།

    དངོས་ནས་ཡག་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese