མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་སྒང་གི་གསང་བ་ལྐོག་གྱུར།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཨ་རིའི་༼ ཚན་རིག་དུས་དེབ ༽ ཅེས་པའི་སྟེང་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཚན་རིག་པ་ཞིག་གིས་མཐོ་སྒང་བོད་ཡུལ་ནས་བསེ་རུ་ཞིག་གི་ཐོད་རུས་གསར་རྙེད་བྱུང་ཡོད་པ་དང་། ཞིབ་འཇུག་གྲུབ་དོན་ལྟར་ན། སྲོག་ཆགས་དེ་ནི་རིགས་རྒྱུད་སྟོང་ཟིན་པའི་ཆེས་གནའ་བོའི་འཁྱགས་རོམ་དུས་སྐབས་སྔོན་གྱི་བསེ་རུ་ཞིག་ཡིན་ཞིང་། དེའི་གཟུགས་བོངས་ད་ལྟའི་གླང་ཆེན་དག་ལས་ལྡབ་འགྱུར་གྱིས་ཆེ་ཞིང་ལུས་ལ་བལ་རྩིད་ཀྱིས་ཁེངས་པ། ར་ཅོ་གཉིས་དང་ལྡན་པ་ཞིག་ཡིན་འདུག

སྲོག་ཆགས་དེ་རིགས་ནི་ལོ་ངོ་ས་ཡ་གཉིས་དང་ཕྱེད་ཀ་ཙམ་གྱི་སྔོན་དུ་གནའ་བོའི་སྤུ་ལྡན་གླང་ཆེན་དང་།  དོམ་ཆེན་སོགས་འཁྱགས་རོམ་གྱི་དུས་རབས་ནང་གླིང་ཆེན་ཨེ་ཤ་ཡ་དང་ཡུ་རོབ་གླིང་དུ་འཚོ་གནས་བྱས་མྱོང་བ་ཞིག་ཡིན་ཞིང་། གནས་ཚུལ་འདི་ཨ་རིའི་ཚན་རིག་དུས་དེབ་ཀྱིས་ཕྱིར་བསྒྲགས་བྱས་མ་ཐག བརྙན་འཕྲིན་དང་དྲ་རྒྱ་སོགས་གསར་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་ཏེ། བོད་ཡུལ་གྱི་གསང་བ་ལྐོག་གྱུར་ལ་བསྐྱར་དུ་གདེང་འཇོག་བྱེད་བཞིན་ཡོད་འདུག

ཨ་རིའི་ལོ་སིན་ཇི་ལེ་སི་ཡི་རང་བྱུང་ལོ་རྒྱུས་འགྲེམས་སྟོན་ཁང་གི་ཞའོ་མཱིན་ཝང་གིས་བཤད་རྒྱུར། “ མཐོ་སྒང་བོད་ཡུལ་ནས་ལོ་ངོ་ས་ཡ་ ༣ ,༥ ཡར་སྔོན་གྱི་བལ་ལྡན་བསེ་རུ་ཞིག་གི་ཐོད་རུས་རྙེད་པ་འདིས་ཁོ་རང་རེ་ཞིག་ཧང་སང་དུ་བཅུག་སོང་། སྲོག་ཆགས་འདི་དག་འཁྱགས་རོམ་དུས་རབས་མགོ་མ་ཚུགས་པའི་ཡར་སྔོན་ནས་མཐོ་སྒང་གི་ཡུལ་གྲུ་དེར་ཡོད་པའི་དོན་དངོས་ར་འཕྲོད་པ་ཞིག་རེད ” ཟེར།  

དོན་དངོས་ཐོག་ལོ་ཚིགས་དེ་ནི་འཁྱགས་རོམ་དུས་རབས་མགོ་མ་ཚུགས་སྔོན་གྱི་ལོ་ངོ་ས་ཡ་གཅིག་གི་ཡར་སྔོན་ཡིན་ཞིང་། ཝང་གི་འདོད་ཚུལ་ལྟར་ན་ཁོང་གི་གསར་རྙེད་འདིས་བསྟན་པ་ནི་ཉུང་མཐར་ཡང་སྲོག་ཆགས་རིགས་རེ་ཟུང་གིས་འཁྱགས་རོམ་དུས་རབས་ཐོན་རྒྱུར་གྲ་སྒྲིག་བྱས་ཡོད་པ་དེ་རེད། “བལ་ལྡན་བསེ་རུའི་གནད་དོན་འདིའི་ཐོག་ནས་བཤད་ན། མ་མཐར་ཡང་ཁོང་ཚོས་འཁྱགས་རོམ་དུས་རབས་མགོ་མ་ཚུགས་པའི་ཡར་སྔོན་ནས་མཐོ་སྒང་བོད་ཡུལ་གྱི་གྲང་རེག་ཆེ་བའི་ཁོར་ཡུག་ལ་བསྟུན་འགྱུར་བྱུང་ཡོད་པ་དེ་རེད” ཟེར།

ཁ་ལི་ཧྥོར་ནྱི་གཙུག་ལག་སློབ་གཉེར་ཁང་གི་གདོད་མའི་སྲོག་ཆགས་རིག་པ་བ་ཨཱན་ཐོ་ནེ་ཡིས་བཤད་པ་ལྟར་ན། “ འཕེལ་འགྱུར་རིག་པར་མཚོན་ན་ས་གཤིས་ཀྱིས་ཁེར་རྐྱང་དུ་བཅད་པའི་གནས་ཡུལ་འདི་དག་ནི། ད་ལྟའི་དུས་འདིར་ཡང་ཆེས་གལ་གནད་ཆེན་པོ་ཆགས་ཡོད་པ་དང་། དེ་བས་ཀྱང་ངོ་མཚར་བའི་གནད་དོན་གཅིག་ནི། དེ་རིང་གི་གོ་ལ་འདིའི་ཐོག་ཏུ་སྐྱེ་དངོས་གྱེས་འཕེལ་ཁེར་རྐྱང་དུ་བཅད་པའི་ས་ཁུལ་རེ་ཟུང་ཡོད་པ་དང་། འཇིག་རྟེན་འདིའི་སྣོད་ཀྱི་བཀོད་པར་འཕོ་འགྱུར་ཆེན་པོ་ཞིག་འགྲོ་ངེས་པའི་གནས་སྐབས་དེར།  ཁེར་རྐྱང་དུ་བཅད་ནས་ཡོད་པའི་ས་ཁུལ་གང་ཞིག་མ་འོངས་འཕེལ་འགྱུར་གྱི་ས་གནས་སུ་འགྱུར་མིན་ད་དུང་ཤེས་ཀྱི་མེད་པ་དེ་རེད” ཟེར།


བསྟུན་འགྱུར་སྨྲ་བའི་རིགས་ལམ་ནང་། བལ་རྩིད་དང་ལྡན་པར་གྱུར་པ་དེ་ཡང་ཚུད་ཡོད་ཅིང་། དེ་བཞིན་དུ་གཟུགས་པོའི་བོངས་ཚད་དེ་གྲང་རེག་ཆེ་བའི་ཁོར་ཡུག་ནང་ཧ་ཅང་ལེགས། གང་གིས་ཟེར་ན་ཁྱེད་ཀྱིས་ལུས་པོ་གང་རུང་ཞིག་གི་བོངས་ཚད་ཆེ་རུ་གཏོང་དུས། དེའི་ནང་ངོས་ཆེར་བསྐྱེད་པ་ལས་ལུས་པོ་དེའི་ཕྱི་ངོས་ཀྱི་རྒྱ་ཁྱོན་དེ་ཙམ་གྱིས་ཆེར་མི་བསྐྱེད་པ་རེད། བོངས་ཚད་ཅིག་ལ་ཕྱི་ངོས་ཀྱི་རྒྱ་ཁྱོན་ཆུང་ངུ་ལས་མེད་ཚེ་དེས་དྲོད་ཉར་ཚགས་ཡག་པོ་བྱེད་ཐུབ་པ་རེད། དེ་ནས་བསྟུན་འགྱུར་རིམ་པ་གཉིས་པ་ནི་བལ་ལྡན་བསེ་རུ་དེའི་རྭ་ཅོ་སྟེ། རིང་ཚད་ལ་ཁྲུ་གསུམ་ཡོད་ཅིང་ཞེང་ཚད་ཆེ་བའི་ངོས་ལེབ་ཅིག་རེད།

སྲོག་ཆགས་དེས་རང་གི་རྭ་ཅོ་བེད་སྤྱད་ནས་གངས་ཕྱག་པ་དང་། གངས་དང་ཁ་བའི་འོག་གི་སྔོ་རྩྭ་འཚོལ་བ་རེད། ཝང་གིས་མུ་མཐུད་ནས་ངོ་སྤྲོད་བྱས་པ་ལྟར་ན་ཁོ་ལ་བོད་ཡུལ་མཐོ་སྒང་ནས་རྙེད་སོན་བྱུང་བའི་གནའ་བོའི་ལུག་སྔོན་པོའི་རིགས་ཀྱི་འགྱུར་རྡོ་ཡོད་པ་དང་། རྩ་བའི་ཆ་ནས་དེ་ནི་ར་མ་ཡིན་ཞིང་འཁྱགས་རོམ་དུས་རབས་སུ་འཚོ་སྡོད་བྱས་མྱོང་བའི་དུས་རབས་དེའི་སྲོག་ཆགས་ཤིག་ཡིན་པ་རེད། དེར་བརྟེན། ཝང་གིས་འདོད་པ་ལྟར་ན་མཐོ་སྒང་བོད་ཡུལ་ནི་གྲང་རེག་ཆེ་བའི་གནས་ཀྱི་སྲོག་ཆགས་དག་གི་ཕ་ཡུལ་ཡིན་ལ། ས་ཁྱོན་གངས་འཁྱག་གིས་འཐིམ་པ་དང་དུས་མཉམ་དུ་ཁོང་ཚོ་བོད་ཡུལ་ནས་ཐོན་ཏེ་རིམ་བཞིན་ས་ཆ་གཞན་དུ་ཁྱབ་པ་རེད།

མཐོ་སྒང་བོད་ཡུལ་ནི་འཛམ་གླིང་ཐོག་གི་ཆེས་མཐོ་བའི་ཡུལ་གྲུ་ཞིག་ཡིན། དེའི་རྒྱ་ཁྱོན་ལ་ཧྥ་རན་སི་རྒྱལ་ཁབ་ཀྱི་ལྡབ་བཞི་ཡོད་ཅིང་། འཇིག་རྟེན་འདིའི་ཐོག་གི་ཆེས་མཐོ་བའི་རི་བྲག་ཕལ་ཆེ་བའི་ཕ་ས་ཕ་ཡུལ་ཡང་ཡིན།

ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 4

  1. རོ་ལངས། says:
    ལོ་ 15 སྔོན།

    འོན་ཀྱང་ཚན་རིག་གི་ཞིབ་འཇུག་འདི་ནི་བོད་མི་ཕལ་མོ་ཆེས་ད་དུང་ལྷ་སྒྲུང་བཤད་བཤད་བྱེད་ཀྱིན་འདུག ད་ཐེངས་འདི་ཡང་ལྷ་སྒྲུང་དང་སྦྱར་ནས་བཤད་སྲིད།
    དེ་ནི་བོད་མི་དག་ལྷ་སྒྲུང་ལ་གོམས་ཆེ་བས་མིན་ནམ་སྙམ་མོ།

    Reply
  2. མངའ་རིས་བུ། says:
    ལོ་ 15 སྔོན།

    བོད་མཐོ་སྒང་འདི་རྒྱ་དཀར་ནག་གི་ཡུལ་གྲུ་ཆགས་ཤིང་ཤེས་རིག་དར་རྒྱས་བྱུང་བའི་རྗེས་ནས་བྱུང་བ་ཞིག་མིན་པར་ཐག་ཆོད་བྱས་འདུག
    བོད་ཀྱི་ལོ་རྒྱུས་ཤེས་རིག་གི་རྣམ་པ་དེ་ཇེ་གསལ་ནས་ཇེ་གསལ་དང་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་ཡོད་འདུག
    དགའ་འོས་པའི་གཏམ་བཟང་ཞིག་ཏུ་མཐོང་ངོ།

    Reply
  3. བསེ་རུ། says:
    ལོ་ 15 སྔོན།

    ངའི་ཆེས་དགའ་ཤོས་ཀྱི་རི་དྭགས་བསེ་རུར་དེ་རིང་གཞི་ནས་ཞིབ་འཇུག་གི་རིན་ཐང་ལྡན་པའི་སྐད་ཆ་ཞིག་བཤད་ཡོང་དུས། ཅི་འདྲའི་དགའ་འོས་པ་ཞིག་མ་རེད་དམ།
    མཐོ་སྒང་གི་བསེ་རུར་བཟོད་བསྲན་དང་། སྙིང་རྗེ། བྱམས་སེམས་ལྡན་པ་དེ་ནི་ཁོ་བོ་མཆེ་ལྡན་ཞིག་ཡིན་ནའང་ཟས་སུ་རྩྭ་རིགས་ཁོ་ན་ཟ་བ་ལས་གཞན་དམར་ཟས་རིགས་རྩ་བ་ན་མི་ཟ་བ་དེ་ཡང་བསྔགས་འོས་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་རེད།

    འོན་ཀྱང་ད་དུང་ཞིབ་འཇུག་བྱེད་དགོས་པ་ཞིག་ལ། འཁྱག་རོམ་དུས་རབས་ནང་གི་བསེ་རུའི་རིགས་དེས་ཟས་སུ་རྩྭ་རིགས་ཟ་གིན་ཡོད་མེད་དེ་ཡིན། །

    རི་དྭགས་བསེ་རུ།
    ངའི་ཆེས་དགའ་ཤོས་ཀྱི་རི་དྭགས་དང་།
    ངའི་རང་གཤིས་ཀྱང་ཁྱེད་ཀྱིས་མཚོན་ཐུབ་ལ།
    ངའི་འཚོ་བའི་རྒྱབ་ལྗོངས་ཀྱང་ཁྱེད་ཀྱིས་མཚོན་ཐུབ།
    ད་དུང་། གཞན་མང་པོ་ཞིག འགྲེལ་མི་ཐུབ་པའི་གནད་དོན་མང་པོ་ཞིག།

    བསེ་རུ། བསེ་རུ། བསེ་རུ། བསེ་རུ། བསེ་རུ། བསེ་རུ།
    ཁེར་རྐྱང་དུ་ལྷག་པའི་བསེ་རུ།
    འཛམ་གླིང་གིས་བསྐྱུར་བའི་བསེ་རུ་་་་་་་་་་་་་

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཞིབ་འཇུག་ཡག་པོ་གནང་སྟེ་གྲུབ་དོན་གཏན་ལ་ཕབས་ནས་འཛམ་གླིང་མི་མང་གིས་གདོན་མའི་བོད་ཁམས་འདིའི་ཆགས་རིམ་ལ་ཕྱིར་མིག་ཅིག་བལྟས་པ་ནི་ཧ་ཅང་གི་ཡག་པོ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese