སོ་མཱ་ལེ་ཡའི་ནང་ཉིན་ལྟར་མི་བརྒྱ་ཕྲག་བརྒལ་བ་བཀྲེས་ལྟོགས་ཀྱིས་འཆི་བཞིན་ཡོད་པ་དང་། འབྱུང་འགྱུར་ཟླ་བཞིའི་ནང་མི་ ༧༥༠༠༠༠ ཙམ་ལྟོགས་ཤི་ཐེབས་ཉེན་ཡོད་སྐོར་བརྗོད།
ཨ་ཧྥི་རི་ཀའི་སོ་མཱ་ལེ་ཡ་(Somalia)རྒྱལ་ཁྱབ་ཀྱི་ལྷོ་ཕྱོགས་སུ་གྲོང་ཁྱེར་ ༨ ཡོད་པ་ལས་གྲོང་ཁྱེར་ ༦ ནང་ཉིན་ལྟར་ཡུལ་མི་བརྒྱ་ཕྲག་མང་པོ་ལྟོགས་ཤི་ཐེབས་ཀྱི་ཡོད་པ་ལས་བརྒྱ་ཆ་ ༥༠ ཙམ་བྱིས་པ་ཡིན་པ་དང་ ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུགས་བྱས་པ་ལྟར་ན། དུས་ཐོག་ཟས་རིགས་མཁོ་སྤྲོད་བྱ་མ་ཐུབ་ཚེ་འབྱུང་འགྱུར་ཟླ་བཞིའི་ནང་སོ་མཱ་ལེ་ཡའི་ཡུལ་མི་ ༧༥༠༠༠༠ ཙམ་བཀྲེས་ལྟོགས་ཀྱིས་ཚེ་སྲོག་འཆོར་ཉེན་ཡོད་པའི་གསལ་བསྒྲགས་བསྐྱངས་འདུག
མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རོགས་ཚོགས་ཁག་གིས་ཡུལ་མི་ས་ཡ་གཅིག་ཙམ་ལ་ལ་ཟས་རིགས་མཁོ་སྤྲོད་བྱེད་ཀྱི་ཡོད་ཀྱང་། སོ་མཱ་ལེ་ཡའི་ལྷོ་ཕྱོགས་ས་ཁུལ་མང་ཆེ་པ་ཨོལ་ཁ་ཊ་དང་འབྲེལ་པ་ཡོད་པའི་ཨོལ་ཤཱ་བྷབ་(al Shabaab) གྱེན་ལོག་པས་སྟངས་འཛིན་འོག་ཚུད་ཡོད་སྟབས། ཕྱི་ཕྱོགས་ཀྱི་རོགས་སྐྱོར་ཟས་རིགས་བཀག་འགོག་བྱེད་བཞིན་ཡོད་འདུག
སོ་མཱ་ལེ་ཡ་རྒྱལ་ཁབ་ནང་ཆོས་ལུགས་དང་ཚོ་ཁག་གི་རྙོག་དྲ། ཆབ་སྲིད་དབང་ཆའི་འཐབ་རྩོད། ཆར་ཆུ་དཀོན་ཞིང་མུ་གེ་ཡོད་པ་བཅས་ཀྱི་དབང་གིས་ཡུལ་མིར་བཀྲེས་ལྟོགས་ཀྱི་སྡུག་བསྔལ་འོག་ལྷུང་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
འཛམ་གླིང་འདི་ཆ་མི་མཉམ་བས་རྐྱེན་གྱིས་འདི་འདྲའི་སྡུག་བསྔལ་མྱོང་མཁན་ཡང་རྒྱུན་མ་ཆད་པར་ཡོང་དང་ཡོང་བཞིན་པ་འདི་ལ་འཛམ་གླིང་ནང་གི་མི་ཚང་མའི་དོ་སྣང་དང་བདག་སྐྱོང་བྱེད་ཅི་ཐུབ་བྱེད་རྒྱུ་འདི་བདེ་བ་འདོད་པའི་མི་བུ་ཚང་མའི་འོས་བླ་ན་མེད་པ་ཞིག་རེད་འདོད་དོ།
ཉམ་ཐག་གི་རིགས་འདི་ལྟ་བུ་ལ་ངེས་པར་དུ་རོགས་སྐྱོར་བྱ་དགོས།
འཛམ་གླིང་འདི་ཆ་མི་མཉམ་བས་རྐྱེན་གྱིས་འདི་འདྲའི་སྡུག་བསྔལ་མྱོང་མཁན་ཡང་རྒྱུན་མ་ཆད་པར་ཡོང་དང་ཡོང་བཞིན་པ་འདི་ལ་འཛམ་གླིང་ནང་གི་མི་ཚང་མའི་དོ་སྣང་དང་བདག་སྐྱོང་བྱེད་ཅི་ཐུབ་བྱེད་རྒྱུ་འདི་བདེ་བ་འདོད་པའི་མི་བུ་ཚང་མའི་འོས་བླ་ན་མེད་པ་ཞིག་རེད་འདོད་དོ།
དངོས་གནས་སྙིང་རྗེ་གོང་གི་པར་འདི་མཐོང་དུས་སེམས་སྐྱོ་ནི་བོ་ཚད་ཅིག་མེད་ཀི། བླ་མ་མཁྱེན་ད་ཅི་བྱེད་རེ།
དཀོན་མཆོག་མཁྱེན་་་་ས་དེར་དུས་ནམ་ཡིན་ཡང་འདི་འདྲའི་གནས་ཚུལ་སྐྱོ་བོ་བསྟུད་མར་འབྱུང་གི་འདུག་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟིགས་སྐྱོང་ཅི་ཡང་གཏོང་གི་མེད་པ་ཨེ་རེད།