མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་ཁུལ་གྱི་མཛད་འཕྲིན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཁེ་ཎ་ཌ་དང་མེ་སི་ཁོ། ཨར་ཅིན་ཊི་ཎ། སྦར་ཛིལ་བཅས་རྒྱལ་ཁབ་ཁག་བཞིའི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་རེད།  

ཉིན་འདི་འགར་༧གོང་ས་མཆོག་གིས་ཁེ་ཎ་ཌའི་ཡུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་པ་ལྟར། ཁེ་ཎ་ཌ་མཁན་ཟུར་འཇམས་དབྱངས་ཆོས་ཚོགས་ཀྱི་གདན་ཞུས་ལྟར། ༧གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཁེ་ཎ་ཌའི་མཁན་ཟུར་འཇམ་དབྱངས་མཆོག་དང་ལོང་ཝེལ་ (longueil)  གྲོང་ཁྱེར་སྤྱི་ཁྱབ་པ་གཙོས་པའི་ས་གནས་བོད་རིགས་དང་། ཝི་ཊི་ནམ་ནང་པའི་དད་ལྡན་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད། ཡུལ་དེའི་ལོང་ཝེལ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་འཇམ་དབྱངས་ཆོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཡོད་ཅིང་། ཆོས་ཚོགས་དེར་༧གོང་ས་མཆོག་གིས་བོད་དང་ཝི་ཊི་ནམ་ནང་པའི་དད་ལྡན་པ་བརྒྱ་ཕྲག་བརྒལ་བར་ནང་ཆོས་ཀྱི་རིན་ཐང་སྐོར་བཀའ་སློབ་གནང་ཡོད་འདུག་ལ། བོད་པ་ཚོར་དམིགས་བསལ་བཀའ་སློབ་གནང་ཡོད་པའི་ནང་།  “ ང་ཚོས་ནང་ཆོས་ལ་སློབ་སྦྱོང་བྱས་ཏེ་དུས་རབས་ ༢༡ པའི་ནང་པ་བྱ་དགོས་ཀྱི་འདུག ཆོས་རྒྱལ་སྐབས་དར་བའི་དཔལ་ནཱ་ལེཎྜའི་ཆོས་རྒྱུད་དྲི་མ་མེད་པ་དེ་ང་ཚོས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་སྔོན་རྒྱ་མི་གུང་ཁྲན་གྱིས་ནང་ཆོས་དེ་རྨོངས་དད་ཡིན་སྟབས་ཚན་རིག་ཡར་རྒྱས་ཕྱིན་ན། རང་བཞིན་གྱིས་ཡལ་འགྲོ་བ་རེད་ཅེས་བཤད་བསྡད་ཡོད་པ་རེད། ད་ཆར་དེ་ལས་ལྡོག་སྟེ་ཚན་རིག་པ་ཚོས་ཀྱང་ནང་ཆོས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག  ” ཅེས་གསུངས་ཡོད་པར་མ་ཟད། སྐབས་དེར་༧གོང་ས་མཆོག་གིས་ཉེ་ཆར་བོད་ཀྱི་ཆབ་སྲིད་འགན་དབང་མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་ཕྱོགས་དང་། དོལ་རྒྱལ་བསྟེན་གསོལ་བྱས་ན་ཉེས་དམིགས་ཅི་ཡོད། དེ་བཞིན། ཕྱི་རྒྱལ་དུ་སྡོད་མཁན་བོད་རིགས་རྒན་གྲས་ཚོས་རང་གི་དཀའ་སྡུག་ལོ་རྒྱུས་རྣམས་ཡིག་ཐོག་ཏུ་འགོད་སྐོར་སོགས་གསུངས་འདུག  

དེའི་རྗེས་༧གོང་ས་མཆོག་གིས་ཧྥི་ལཱ་སཱི་ཌེ་སི་ཀོང་རེ་སི་ (Palais des Congress) ཞེས་པའི་ཚོགས་ཁང་དུ། ས་གནས་གསར་འགོད་པ་ཚོར་དྲི་བ་དྲིས་ལན་གྱི་གོ་སྐབས་གནང་སྟེ། ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་གཉིས་ཁོང་གི་མཛད་འགན་གཙོ་བོ་ཡིན་སྐོར་གསུངས་པ་དང་། ད་ལྟའི་བོད་ཀྱི་ཁོར་ཡུག་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་སྐོར་སོགས་གསུངས་ཡོད་འདུག   

ཕྱི་ཚེས་༧ ཉིན་གྱི་ཉིན་རྒྱབ་མེཀ་གྷིལ་གཙུག་ལག་སློབ་གྲྭ་ (McGill University) ཆེན་མོ་དང་། མོན་ཊ་རེལ་གཙུག་ལག་སློབ་གྲྭ་ (Universite de Montreal) ཆེན་མོ། ཁེ་ཎ་ཌའི་ཏཱ་ལའི་བླ་མའི་ཐེབས་རྩ་བཅས་ཀྱི་གོ་སྒྲིག་འོག ༧གོང་ས་མཆོག་གིས་མོན་ཁྲི་རིལ་ཧྥི་ལཱ་སི་ཌེ་སི་ཀོ་རེ་སི་ཚོགས་ཆེན་མོར། ཁུལ་དེའི་མི་མང་སྟོང་ཕྲག་བརྒལ་བར་༼བཟང་སྤྱོད་ཀྱི་ཐོག་ནས་ཞི་བདེ་བསྐྲུན་ཐབས།༽ ཞེས་པའི་བརྗོད་གཞིའི་བཀའ་སློབ་གནང་ཡོད་ཅིང་། སྐབས་དེར་ཁོང་གིས།  “ དེང་དུས་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་ཁག་གི་འབྲེལ་བ་ཉེ་རུ་གཏོང་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། ངོས་རང་གང་དུ་ཕྱིན་ཀྱང་ཆོས་ལུགས་ཁག་གི་བླ་ཆེན་ཚོར་ཐུག་འཕྲད་ཀྱིས་ཆོས་ལུགས་མཐུན་སྒྲིལ་གྱི་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད། ངོས་ཀྱི་ལས་འགུལ་དེར་སྤྱི་ཚོགས་ནང་ཕན་ནུས་གང་འཚམ་ཡོང་གི་འདུག ” ཅེས་གསུངས་འདུག དེའི་རྗེས་༧གོང་ས་མཆོག་གིས་མོན་ཁྲི་རིལ་གྲོང་ཁྱེར་ནང་མང་ཚོགས་ལ་ཀུན་ཁྱབ་སེམས་ཁུར་གྱི་ཐོག་ནས་གོ་ལ་སྤྱི་ཡོངས་ཀྱི་མི་སེར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་དང་། ཁོང་གི་ཁེ་ཎ་ཌའི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཁ་སང་ཕྱི་ཚེས་ ༨ ཉིན་མཱེ་སེ་ཁོ་རུ་ (Mexico) ཞབས་སོར་འཁོད་ཡོད།

ཐེངས་འདིར་༧གོང་ས་མཆོག་ཁེ་ན་ཌ་ཁུལ་དུ་ཆིབས་སྒྱུར་མ་བསྐྱངས་སྔོན་ཏེ། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨིན་ངྷི་རཱ་གྷན་དི་གཙུག་ལག་སློབ་གྲྭ་ཆེན་མོའི་(Indira Gandhi National Open University) ལོ་འཁོར་མཐར་ཕྱིན་མཛད་སྒོ་ཐེངས་ ༢༤ པའི་སྟེང་ཆིབས་བསྒྱུར་བསྐྱངས་ཏེ། གཙུག་ལག་སློབ་ཁང་དེའི་འབུམ་རམས་པའི་མཁས་པའི་གཟེངས་རྟགས་ (Honoris Causa)ཞེས་པ་དེ་བཞེས་གནང་མཛད་ཡོད་པ་མ་ཟད། སྐབས་དེར་གཙུག་ཁག་སློབ་ཁང་དེར་གསར་འཛུགས་གནང་བའི་བོད་རིག་པའི་སྡེ་ཚན་ཞིག་ཀྱང་དབུ་འབྱེད་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

མཆན། 1

  1. Athup says:
    ལོ་ 15 སྔོན།

    ༧སྐྱབས་མགོན་༧རྒྱལ་བ་ཐམས་བཅས་མཁྱེན་པ་མཆོག་འགྲོ་དྲུག་སེམས་ཅན་ཐམས་བཅས་ཉོན་མོངས་ལས་གྲོལ་ཏེ་མཐར་པའི་གོང་འཕང་ཐོབ་ཆེད་སྐུ་ཚེ་ཞབས་པད་བསྐལ་རྒྱ་བརྟེན་འགྱུར་ཅིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese