ཁ་སང་ངྷ་ས་ཉིན་མོའི་སློབ་གྲྭ་རུ་ཕ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར་གྱི་སྔོན་འགྲོ་ཚོགས་ཏེ། གཞས་པ་བརྒྱད་དངོས་གཞིའི་འགྲན་བསྡུར་ནང་བདམས་ཐོན་བྱུང་ཡོད་པ་རེད།
ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག བཞུགས་སྒར་ངྷ་རམ་ས་ལའི་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་བོད་སྐད་ཡིག་རྒྱུད་འཛིན་ཚོགས་པའི་གོ་སྒྲིག་བྱས་པའི་༼ ཕ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར ༽ གྱི་སྔོན་འགྲོའི་འགྲན་བསྡུར་དེ་ཚོགས་ཡོད་ཅིང་། ཐེངས་འདིར་ཁྱོན་བསྡོམས་གཞས་པ་གཞས་མ་ ༢༤ མཉམ་ཞུགས་གནང་འདུག
འགྲན་བསྡུར་ཁྲོད་དཔྱད་འདེམས་པ་ཚོས་གླུ་ཚིག་གི་ནང་དོན་དང་སྐད་ངག་གི་འགྱུར་ཁུག ལས་ཀྱི་ཉམས་འགྱུར། གདེང་སྤོབས། གསར་བྱུང་རྒྱུན་བཀོལ་གྱི་བོད་པའི་ཐ་སྙད་ངོས་འཛིན་བཅས་རྣམ་གྲངས་ཁག་ཅིག་བརྒྱུད་དེ་གཞས་པ་ ༨ མཐའ་མའི་དངོས་གཞིའི་འགྲན་བསྡུར་ནང་བདམས་ཐོན་བྱུང་སོང་ལ། དངོས་གཞིའི་འགྲན་བསྡུར་དེ་ཟླ་རྗེས་མའི་ནང་ཚོགས་འཆར་ཡོད་སྐོར་གོ་སྒྲིག་པས་གསུངས་སོང་། འགྲན་བསྡུར་སྐབས་ཞུགས་སྒར་ཁུལ་གྱི་མི་མང་ ༢༠༠ ལྷག་མཉམ་འཛོམས་བྱུང་ཡོད།
ཐེངས་འདིའི་འགྲན་བསྡུར་ཁྲོད་ཀྱི་གཞས་པ་མང་ཆེ་བ་ངྷ་རམ་ས་ལ་ཉེ་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་ཡིན་ཞིང་། གཞས་ཚིག་དང་གཞས་གདངས་ཀྱང་ཕལ་ཆེ་བ་བོད་ཕྱི་ནང་གི་གླུ་བ་ཚོས་སྔར་བཏང་ཡོད་པ་རྐྱང་ཆགས་ཡོད། ཐེངས་འདིའི་འགྲན་བསྡུར་ཁྲོད་བུད་མེད་གཞས་མ་ ༣ ལས་བྱུང་མེད་པ་དང་། དངོས་གཞིའི་འགྲན་བསྡུར་ཁྲོད་གཅིག་ཀྱང་ཚུད་མེད།
གླུ་གཞས་འགྲན་བསྡུར་གྱི་དཔྱད་འདེམས་པ་དག་ནི། བོད་གཞུང་ཟློས་གར་ཚོགས་པའི་དགེ་རྒན་བློ་བཟང་བསམ་གཏན་ལགས་དང་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་རོལ་དབྱངས་དགེ་རྒན་འཕྲིིན་ལས་རྣམ་རྒྱལ་ལགས། མཚན་ཉིད་རིག་པ་དང་རོལ་མོ་ཆེད་མཁས་པ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས། ཡོངས་གླིང་སློབ་གྲྭའི་ཟློས་གར་དགེ་རྒན་བསྟན་འཛིན་དཔལ་མོ་ལགས། ན་གཞོན་གླུ་བ་ངག་དབང་འབྱུང་གནས་ལགས་བཅས་རེད།
གསར་འགོད་པ། དོན་གོ
ལེགས་པོ་འདུག འགྲན་ཞུགས་པ་རྣམས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་དང་ཆབས་ཅིག་ཕ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར་དངོས་སུ་དབུ་འཛུགས་གནང་བར་ཐུགས་རྗེ་ཆེ།
ངོ་མ་དགའ་སོང་། འབྲེལ་ཡོད་ཡོང་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། ཟུང་ཁྲགས་ལགས་ནས་བཤད་པ་བདེན་ན། གསར་འབྱོར་བ་ལས་གཞིས་ཆག་དེ་ཚོ་ཕ་སྐད་ལ་དོ་སྣང་མེད་པའི་རྣམ་པ་གསལ་པོ་ཐོན་པ་རེད། དེ་ནི་ངོ་མ་སེམས་པ་ན་དགོས་པ་ཞིག་རེད།
ཕ་སྐད་གཙང་མིའི་ལས་འགུལ་འདི་བོད་སྤྱིའི་གོ་ཐུབ་པའི་ཡིག་སྐད་གཙང་མ་ཞིག་ལས་འགུལ་དུ་ཤུགས་རྒྱག་ཐུབ་པའི་རེ་བ་ཡོད། དེང་སྐབས་ཞེན་ཁོག་འདྲ་བྱས་ནས། སོ་སོའི་ལུང་ཚན་གྱི་སྐད་ཡིག་ཐོག་ཏུ་འབྲི་མཁན་མང་དུ་འགྲོ་བཞིན་པ་འདིས། མ་འོངས་པར་བོད་ཀྱི་ཡི་གེ་འདི་བསྲེ་ལྷད་ཆེ་བའི་འབྲུག་པའི་ཡི་གེ་ལྟར་འགྱུར་ཉེན་འདུག
འབྲུག་གི་ཡི་གེ་ནི་བོད་ཡིག་ཡིན་མོད། རྗེས་སུ་ཁོང་ཚོའི་སྐད་དང་མཐུན་ཐབས་བྱས་ཏེ་ཡི་གེ་བྲིས་ནས། ད་ལྟ་འབྲུག་པས་ཡི་གེ་དེ་ཚོ་ཁོ་རང་ཚོའི་ཁ་སྐད་ཤེས་མཁན་ཞིག་མིན་གོ་མི་ཐུབ་པར་གྱུར་ཟིན་འདུག
བོད་ཡིག་ཡང་དེ་ལྟར་མི་ཡོང་བའི་རེ་བ་ཡོད།
ཕ་སྐད་གཙང་མའི་གླུ་གཞས་འགྲན་ཚོགས་ཐོག་ལ་ངའི་འདི་ནས་བཀྲིས་བདེ་ལེགས་ཞུ་གི་ཡོད། འོན་ཀྱང་། གླུ་གཞས་འདྲན་ཚོགས་ཀྱིས་འགྱུར་ཁུག་དང་དབྱངས་རྟ་ལུས་ཀྱི་བྱ་སྤྱོད་ཚིག་གི་ནང་དོན་སོགས་ལ་དཔྱད་སྟགས་ཨང་གྲངས་སྤྲད་མཁན་ཚོའི་མིང་དེ་རིང་མ་རྟོག་མཐོང་ཐོས་མེད། བོད་བཙན་བྱོལ་ནང་ལ་འདི་འདྲིའི་གཞས་གདངས་ལ་དཔྱད་པ་མཁས་ཆེན་ཡོད་པ་གོ་ཐོས་མེད། ད་ཡིན་ན་ཡང་གླུ་བ་ཚོའི་གཞས་འགྲན་བསྡུར་སྐབས་སུ་དྲངས་བདེན་བྱེད་རྒྱུ་ངའི་རེ་བ་ཉག་གཅིག་ཡིན།
ཡག་པོ་རེད། ལས་འགུལ་དེ་ལྟ་བུ་སྤེལ་བ་ལ་བསྔགས་བརྗོད་བརྒྱ་ཆ་བརྒྱ་ཐམ་པ་ཡོད། གོ་ཐོས་ལ་སྤྱི་མཐུས་ཤར་གླིང་ཟླ་སྒྲོན་ལགས་ཀྱང་གླུ་གཞས་འགྲན་བསྡུར་སྤྲོ་ཚོགས་ལ་ཞུགས་ཡོད་ཚོད་འདུག་ཀྱང་། གསར་འགྱུར་ཁོངས་སུ་སྤེལ་མིན་འདུག དེང་སང་སྤྱི་མཐུས་ཁོང་ནི་སྤྱི་མཐུས་ཁོངས་ནས་སྤྱི་ཚོགས་ནང་ལྷག་བསམ་རྣམ་དག་གི་ཕྱག་ལས་གནང་མཁན་ཞིག་ཏུ་མཐོང་སོང་། དཔེར་ན། ཉེ་འཆར་དྷ་སར་སྲང་ལམ་ཟུར་གྱི་ཚོང་ཁང་ཙག་ཙིག་གི་ས་ཆ་རག་ཐབས་ལ་ཁོ་མོས་ལས་ཁུངས་ཁག་ལ་ཡར་རྒྱུགས་མར་རྒྱུགས་ཀྱིས་ཐབས་ཤེས་གང་དྲག་བྱེད་ཡོད་ྲབས་གོ་སོང་། དེང་སང་ཁོང་གི་ངོ་དེབ་ལ་དོ་སྣང་སྤྲད་མཁན་ཇེ་མང་རེད་འདུག འདིར་ཁོང་གི་ངོ་དེབ་ཁ་བྱང་ཡོད། http://www.facebook.com/profile.php?id=506841006
མི་རིགས་དང་རྒྱལ་ཁབ་ཀྱི་སྲོག་རྩ་ལྟ་བུའི་སྐད་ཡིག་གྱི་ཆེད་དུ་ལས་འགུལ་འདི་འདྲ་ཞིག་སྤེལ་བར་སྙིང་ནས་དགའ་བསུ་དང་ཡི་རིང་ཞུ་བཞིན་ཡོད། འོན་ཀྱང་མི་རྒྱུ་གཉིས་ཀྱི་འགྲོ་སོང་བཏོང་ཚར་བའི་རྗེས་ལ་དཔྱད་འདེམས་པ་སོགས་གང་ཅིའི་ཐད་ནས་ཚད་ལྡན་ཞིག་ཡོང་བར་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད་སྙམ།
ང་ཚོའི་སྤྱི་ཚོགས་ནང་དུ་འདི་འདྲའི་བྱ་འགན་མང་པོ་སྤེལ་དགོས་ཀྱིན་འདུག དཔྱད་འདེམས་པ་དང་གཙོ་སྐྱོང་བ་ཚང་མ་ཐུགས་རྗེ་ཆེ་ཞུ།
དཔྱད་འདེམས་པ་ཟེར་བ་དེ་སུས་བྱས་བྱས་ཡིན་ནམ། འདི་ནི་གནད་འགག་ཡོད་པའི་དྲི་བ་ཞིག་ཡིན།་་་་་་་་་་ཐུགས་བཞེས་རོགས་ཞུ།
ང་ནི་ཡ་མཚན་ཆེན་པོ་སྐྱེ་གི་འདུག དེ་སྔོན་གངས་ལྗོངས་གེ་སེར་ཚང་རྩོམ་ཡིག་འགྲན་བསྡུར་སྐབས་ཨ་རིག་དགེ་མཐོང་དང་བསོད་ནམ་ཚེ་རིང་ཟེར་བ་སོགས་ནམ་རྒྱུན་སྤྱི་ཚོགས་ཁྲོད་དུ་ཤེས་ལྡན་པའི་གོ་ཐོབ་ཅི་ཡང་མེད་མཁན་དག་གི་ལག་ལ་བཞག་སོང་། ད་ཡང་གླུ་གཞས་འགྲན་སྡུར་དཔྱད་འདེམས་པར་(ན་གཞོན་གླུ་བ་ངག་དབང་འབྱུང་གནས་) ཟེར་ད་ལྟ་བར་དུ་གོ་མྱོང་མེད་པའི་དཔྱད་འདེམས་པ་ཞིག་ཐོན་འདུག འདི་འདྲ་ག་རེ་ཡིན་ནམ་་་་་་་་་་་་་་་་་་་ད་ཤེས་ཀྱི་མི་འདུག་
དྲ་གྲོགས་རྣམ་པ། ཐེངས་འདིར་ང་ཚོས་གླུ་གཞས་ཀྱི་ནུས་པ་རང་གི་ཐོག་བལྟས་ནས་ཐག་གཅོད་བྱས་པ་ཡིན། དེ་བཞིན་བུད་མེད་ཚོར་ཡང་དམིགས་བསལ་ཞེས་པའི་ང་ཚོའི་སྤྱི་ཚོགས་ནང་རྒྱུན་འབྱམས་སུ་སོང་བའི་མིང་དོན་དེ་གཡུགས་ནས་ཚང་མ་འདྲ་མཉམ་དང་རང་རང་གི་ངག་གི་འགྱུར་ཁུག་དང་ལུས་ཀྱི་ཉམས་འགྱུར་སོགས་ཀྱི་ནུས་པའི་ཐོག་སྐར་གྲངས་སྤྲད་པ་ཡིན་པས་ཐེངས་འདིར་ཁོང་མོ་ཚོར་མཚོན་ན་བློ་སྤོབས་སྐྱེས་འོས་པ་དང་མགོ་བོ་དགྱེ་ཆོག་པའི་གོ་སྐབས་ཤིག་ཡིན་པས་བློ་ཕམ་དང་འགྱོད་སེམས་རྩ་བ་ནས་སྐྱེས་དགོས་པའི་འོས་སུ་མ་མཐོང་པས་དེ་དོན་དགོངས་འཇགས་ཡོང་བར་ཞུ།
ཕ་སྐད་གཙང་མའི་སྔོན་འགྲོའི་གླུ་གཞས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་བོད་ཁྱིམ་སུ་ཇཱ་སློབ་གྲྭ་ནས་ཕེབས་པའི་གླུ་བ་ཚེ་རིང་དབང་རྒྱལ་ལགས།
ཨང་གཉིས་པ་ཐོབ་མཁན། བཞུགས་སྒར་དྷ་ས་ནས་ཕེབས་པའི་གླུ་བ་གདུགས་བྷེ། ཨང་གསུམ་པ་ཐོབ་མཁན། སྨན་རྩིས་ཁང་ནས་ཕེབས་པའི་གླུ་བ་བསྟན་འཛིན་དགེ་ལེགས།
བཞི་བ། གྷོ་པལ་པུར་སློབ་གྲྭ་ནས་ཕེབས་པའི་གླུ་བ་རྟ་མགྲིན་ཐར།
ལྔ་བ། དྷ་ས་ནས་ཕེབས་པའི་གླུ་བ་བསྟན་འཛིན་དར་རྒྱས།
དྲུག་པ། དྷ་ས་ནས་ཕེབས་པའི་གླུ་བ་རྣམ་མཁྱེན།
བདུན་པ། དྷ་ས་ནས་ཕེབས་པའི་གླུ་བ་བློ་བཟང་མཐར་ཕྱིན།
བརྒྱད་པ་དྷ་ས་ནས་ཕེབས་པའི་གླུ་བ་རིན་ཆེན་བཟང་པོ་བཅས་ཡིན་འདུག
བོད་པའི་བུད་མེད་ཚོས་ཐོབ་ཐང་རྩོད་ལེན་བྱས་དང་བྱ་བཞིན་སྣང་འཆར་བཞིན་པར་དགའ་བསུ་ཡོད་ལ་རྒྱབ་སྐྱོར་ཡང་ཡོད། ཡིན་ན་འཇོན་ཐང་མངོན་དགོས་ས་ཞིག་ན་སྐལ་མེད་པ་ལྟ་བུ་འདིར་ངོ་མ་ཁོ་ཆད་ནི་ཞིག་རེད།
མི་སྣ་བརྒྱད་པོའི་མིང་དང་ང་ཕ ཡུལ་ལས་གནས་སོགས་རེའུ་མིག་ཅིག་བཟོས་ནས་འགོད་ཆོག་གམ།
འགྲན་ཞུགས་པ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།
ལས་མཇུག་ལེགས་འགྲུབ་ཡོང་བར་སྨོན།
ཕ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར་ནང་དུ་བུད་མེད་གསུམ་འཛུལ་ཞུགས་བྱས་ནས་རྒྱལ་ཁ་མ་ལོན་པར།དྲྭ་འབུ་མགོ་མེད་ཚོས་ངན་སྨད་བྱས་འདུག་མོད།དེ་ནི་བློ་རྒྱ་ཁབ་མིག་ལས་དོག་པའི་རང་རྟགས་ཙམ་ལས་ཅི་ཡང་མིན་པས།
གྲོགས་མོ་ཚོ།རྒྱལ་ཕམ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པའི་གནས་ལུགས་དེར་ཐུགས་བསམ་བཞེས་རོགས།སེམས་ཤུགས་མ་ཆགས།
དེ་ལས་ལས་ཀྱི་ཉམས་འགྱུར་འགྲན་པ་མི་མཚར་རམ།ཧ་ཧ་ཧ་་་་་་་་་་་་་་་་
འགྲན་ཚོགས་ལ་རྟེན་འབྲེལ་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ།
ཕ་སྐད་གཙང་མའི་གླུ་གཞས་འགྲན་ཚོགས་ལ་རྟེན་འབྲེལ་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ།
མི་མཉམ་གོང་ནས་གོང་དུ་སྤེལ་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ།
བུད་མེད་ཚོ་འཇོན་ཐང་མེད་པ་མ་ཡིན། བོད་ཀྱི་འཛང་ལྟ་བུའི་བོད་ཀྱི་སྐད་ཡིག་མི་ཤེས་མཁན་དག་མ་ཡོང་ནས་བཟང་། ཕ་སྐད་གཙང་མ་ལ་གཙང་མ་དགོས།
བུད་མེད་ཚོའི་སྒེག་གཉམ་ངོམ་ཐབས་ལ་འབད་བརྩོན་བྱས་ན་་་་མི་རིགས་ཞིག་གི་སྐད་ཡིག་ཕར་ཞོར།
ཕ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར་ཁྲོད་ཀྱི་གཞས་བ་རྣམས་བོད་ནང་ནས་སྐྱེས་བ་ཤར་སྟག་རེད་ལ་འགྲན་ཚོགས་ཀྱི་བལྟ་མོ་བ་ཡང་གསར་འབྱོར་བ་རྐྱང་རེད། བསམ་བློ་བཏང་ན་སེམས་པ་ན་རོ་རེད
བཀྲིས་བདེ་ལེགས་ཁྲི་མ་འབུམ་གྱིས་མདུན་བསུ་ཡོད། བོད་ཀྱི་བུད་མེད་དག་གི་འཇོན་དགོས་ས་ཞིག་ན་འཇོན་གྱི་མི་འདུག
བྷང་ལོར་དང་ལྡི་ལི་གསར་བའི་ཁྲོམ་ན་འདར་རྒྱུགས་ལ་བེྲལ་དགོས་ན་ཡོད་པ་རེད།
ཨེ་བདེན་མིན་བདེན་མཚན་གཅིག་ལ་འཆམ་འཆམ་ལ་འགྲོ་དང་གསལ་བར་མཐོང་ངེས་རེད།
ཕ་སྐད་གཙང་མའི་གླུ་གཞས་འགྲན་ཚོགས་ཀྱི་གཙོ་སྐྱོང་བ་ཨ་རིག་འགྱུར་མེད་ལགས་དངོས་གནས་མི་འཇོན་པོ་ཕ་སྐད་གཙང་མ་སྐྱོན་མཁན་ཞིག་རེད་འདུག་པས་དེ་རིང་ནས་གཟུང་ཁོང་གི་མིང་ལ་སྐད་རིག་འགྱུར་མེད་ཞེས་འབོད་ན་བཟང་། །