སྐབས་བཅུ་བདུན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་དེ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་སུ་ཚོགས་གཏན་འཁེལ་འདུག
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་འོག་ལོ་ལྟར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོ་འགྲན་བསྡུར་གོ་སྒྲིག་གནང་བཞིན་པ་ལྟར། འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཐེངས་ ༡༧ པ་དེ་ཟླ་འདིའི་ཕྱི་ཚེས་ ༢༥ ནས་འཆར་ཟླའི་ཕྱི་ཚེས་ ༣ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཚོགས་གཏན་འཁེལ་ཡོད་ཅིང་། ཐེངས་འདིའི་འགྲན་བསྡུར་ནང་རུ་ཁག་ ༡༤ མཉམ་ཞུགས་གནང་ཡོད་པ་དག་ནི། རྒྱ་གར་བྱང་ཤར་ཤི་ལོང་གངས་ལྗོངས་རུ་ཁག་དང་ཀ་ལོན་མན་གྲུ་དོན་འགྲུབ་གླིང་རུ་ཁག ལྷོ་ཕྱོགས་སྤེལ་ཀོལ་བོད་ཁྱིམ་རུ་ཁག ཧོན་སུར་རབ་རྒྱས་གླིང་རུ་ཁག ཀོ་ལི་གྷལ་དོན་ལྡན་གླིང་རུ་ཁག ལྷོ་ཕྱོགས་ཅི་ནེལ་རུ་ཁག གྷོ་ཝ་ཁུལ་གྱི་རུ་ཁག ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག ཝ་ར་ནཱ་སི་རུ་ཁག ཞུགས་སྒར་ངྷ་རམ་ས་ལ་དང་བལ་ཡུལ་སོགས་ཡོད་འདུག
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་སྐལ་བཟང་དོན་འགྲུབ་ལགས་ཀྱིས་བརྗོད་པ་ལྟར་ན། ཐེངས་འདིའི་འགྲན་ནང་དམིགས་བསལ་གྱི་སྒྲིག་གཞི་གསར་འཛུགས་གནང་མེད་ཀྱང་། འགྲན་ཞུགས་རུ་ཁག་མང་ཆེ་བ་ས་ཐག་རིང་པོ་ནས་ཡོང་ཡོད་སྟབས། གོ་སྒྲིག་ཚོགས་པའི་ངོས་ནས་རུ་ཁག་ཚང་མར་ཐེངས་གཉིས་རེར་རྩེད་འགྲན་གྱི་གོ་སྐབས་འབུལ་གྱིན་ཡོད་འདུག་ལ། ད་ལྟའི་བར་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་ལྟར། ལོ་གཉིས་ཀྱི་འགྲན་བསྡུར་དེ་གཞིས་ཆགས་ཁུལ་ནས་ཚོགས་ཡོད་སྟབས། ༢༠༡༢ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་དེ་བཞུགས་སྒར་ནས་ཚོགས་འཆར་ཡོད་སྐོར་བརྗོད་བྱུང་།
བོད་རྒྱལས་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོ་འགྲན་བསྡུར་དེ་ཕྱི་ལོ་ ༡༩༨༡ ལོར་ཐོག་མར་དབུ་འཛུགས་གནང་བ་ཞིག་ཡིན
གསར་འགོད་པ། དོན་གོ
ར྄ྩེད་འག྄ྲན་ལེགས་པོ་དང་ཚག་ཚུབ་ཡོང་བར་ས྄ྨོན་འདོན་ཡོད
ཨ་ར་དཀར་པོ་ལགས། ཁྱེད་ཀྱིས་གསུངས་པར་ངོ་མ་རྒྱུ་མཚན་ལྡན་འདུག
དེ་ནི་རྩེད་ཡུལ་གྱི་ཁྱད་པར་མིན། འགྲན་ཞུགས་པའི་སྤྱོད་ཚུལ་ལ་རག་ལས།
སྐབས་འདིར་རྒྱ་ནག་གིས། མཛའ་བརྩེ་དང་པོ་དང་། འགྲན་སྡུར་གཉིས་པ་ཞེས་པའི་ལུས་རྩལ་ར་བའི་ནང་གི་ཁ་གཡང་འདི་སེམས་ལ་ངེས་རྒྱུ་གལ།
རྡ་སར་ཚོགས་དུས་རྒྱག་རེས་ཆེན་མོ་ཟེར། གཞན་དུ་ཚོགས་ན་རྒྱལ་ཡུམ་ཆེན་མོ་ཡིན།
རྡ་སར་མ་འཚོགས་དེ་ཧ་ཅང་ཡག་པོ་རེད། རྡ་ས་ནས་རྙོག་དྲ་ཞིག་ལས་ཅི་ཡང་མེད། བྷི་རིའི་རུ་ཁག་དང་མི་མང་གིས་རྟག་པར་དཔུང་ཤེད་ངོམ་ནས་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་སྐྱིད་པོ་གཏོང་ཐུབ་ཀྱི་མེད