དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་ཚོགས་གཙོའི་གསལ་བཤད་གནང་བ་ལྟར་ན། ཁ་སང་སྤྱི་འཐུས་རྣམས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བགྲོ་གླེང་གནང་སྐབས། དབུས་བོད་མིའི་སྒྲིག་འཛུགས་༼ དབུས་བོད་མིའི་གཞུང་གི་སྒྲིག་འཛུགས ༽དང་། བཀའ་བློན་ཁྲི་པར་༼ སྲིད་སྐྱོང ༽ ཞེས་པར་འགྱུར་བ་གཏོང་རྒྱུར་རྒྱབ་སྐྱོར་ཐོབ་མ་སོང་ཟེར།
དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ ༣༠ སྟེང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་གཉིས་པའི་སྟེང་། བཀའ་བློན་ཁྲི་པ་མཆོག་དང་གསར་དུ་བདམས་ཐོན་བྱུང་བའི་ཕྱག་རོགས་བཀའ་བློན་རྣམ། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་དང་ཟུར་ཉན་པ་བཅས་སྤྱི་འཐུས་ཚོགས་ཁང་དུ་འཛོམས་རྗེས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསར་དུ་བདམས་ཐོན་བྱུང་བའི་བཀའ་བློན་རྣམ་པ་གྲོས་ཚོགས་སུ་ཕེབས་པར་འཚམས་འདྲི་དང་སྤྲགས། བཀའ་བློན་ཁྲི་པས་མིང་འདོན་གནང་བའི་ཕྱག་རོགས་བཀའ་བློན་ཡོངས་ལ་གྲོས་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་གནང་བ་དེ་གྲོས་ཚོགས་ཀྱི་གཟི་བརྗིད་ཅིག་དང་། དམངས་གཙོའི་ལྟ་གྲུབ་དང་མཐུན་པར་བཀའ་ཤག་ལ་མཐུན་འགྱུར་ཞུས་པའི་རྣམ་པ་ཞིག་ཆགས་ཡོད་ཚུལ་དང་། མ་འོངས་པའི་རྩ་དོན་གྱི་འགན་འཁུར་མཁན་བཀའ་བློན་ཁྲི་པ་དབུས་པའི་བཀའ་བློན་རྣམ་པས་ཧུར་བརྩོན་དང་བོད་སྤྱི་བའི་ལས་དོན་ལ་འགན་འཁུར་ཐུབ་པའི་སྨོན་འདུན་བཅས་ཞུས་སོང་།
དེའི་རྗེས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོས་ཆེད་བཙུགས་ཚོགས་ཆུང་གི་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་གྲུབ་དོན་སྙན་ཐོ་སྒྲོག་སྦྱོང་གནང་སྐབས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསལ་བཤད་ཅིག་གནང་བའི་ནང་། དབུས་བོད་མིའི་སྒྲིག་འཛུགས་ “ དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་ ” ཞེས་པར་བསྒྱུར་རྒྱུ་དང་། བཀའ་བློན་ཁྲི་པ་ “ སྲིད་སྐྱོང་བ ” ཞེས་མཚན་བྱང་ལ་བཅོས་བསྒྱུར་གཏོང་རྒྱུའི་སྐོར་ལ། ཐེངས་འདིའི་གྲོས་ཚོགས་ནང་བགྲོ་གླེང་གི་ལས་རིམ་ཙམ་ལས། བཅའ་ཁྲིམས་དངོས་སུ་བསྐྱར་བཅོས་གཏོང་རྒྱུའི་ལས་རིམ་འགྲོ་ཐུབ་མེད་སྐོར་གསུངས་སོང་ལ། དེ་ནི་ཁ་སང་ཉིན་རྒྱབ་ཀྱི་ཆུ་ཚོད་ ༡ ནས་ ༦ པའི་བར་སྤྱི་འཐུས་ནང་ཁུལ་གྱི་བཞུགས་མོལ་ཚོགས་འདུ་ཚོགས་སྐབས། སྤྱི་འཐུས་མང་པོ་ཞིག་གིས་དགག་པ་བརྒྱབ་ཏེ་མང་མོས་ཐོབ་མེད་སྐོར་ཡང་འགྲེལ་བཤད་བསྐྱོན་སོང་།
བཞུགས་མོལ་ཚོགས་འདུའི་ནང་གི་གླེང་སློང་སྐོར་ལ། མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ སྤྱི་འཐུས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གི་གནད་དོན་གལ་ཆེ་ཤོས་གཉིས་དེ་དབུས་བོད་མིའི་སྒྲིག་འཛུགས་དེ་དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་དང་། བཀའ་བློན་ཁྲི་པ་དེ་སྲིད་སྐྱོང་བར་འགྱུར་བ་གཏོང་མིན་སྐོར་རེད། དབུས་བོད་མིའི་སྒྲིག་འཛུགས་དེ་དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་འགྱུར་བ་གཏོང་མིན་ཐད་ལ་སྤྱི་འཐུས་ནང་བསམ་ཚུལ་རིགས་གཉིས་ཡོང་གི་འདུག ཁག་ཅིག་གིས་དབུས་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་འགྱུར་བ་གཏོང་དགོས་པ་རེད། གཞོན་ལྷན་སོགས་མི་མང་ནང་ ༼ གཞུང ༽ཞེས་པ་དེ་འཇོག་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་ཡོང་གི་འདུག་གསུངས་སོང་། ཡང་ཁག་ཅིག་གིས་དེ་ལ་འགྱུར་བ་བཏང་ན་འགྲིག་གི་མ་རེད། ༧གོང་ས་མཆོག་གི་བཀའ་འབྲེལ་ཐོག་སྐུ་སྒེར་ཡིག་ཚང་གི་ལས་ཤོག་ལས་ཐམ་ཐོག་བཀོད་དེ་མར་གནང་ཡོད་པ་རེད། དེ་འདྲ་ཞིག་སྤྱི་འཐུས་གསར་པ་ཚོ་བསླེབས་མ་ཐག་འགྱུར་བ་བཏང་ན་འགྲིག་གི་མ་རེད་གསུངས་ཏེ་དགག་བྱ་གནང་སོང་།
གཞན། བཀའ་བློན་ཁྲི་པ་དེ་སྲིད་སྐྱོང་བ་ཞེས་པར་འགྱུར་བ་གཏོང་མིན་ཐད་ལའང་བསམ་ཚུལ་རིགས་གཉིས་རེད། ཁག་ཅིག་གིས་སྲིད་སྐྱོང་ཟེར་བ་དེ་༧གོང་ས་མཆོག་གིས་གསོལ་རས་སུ་བསྩལ་པ་རེད། ལྷག་པར་དུ་ད་ལྟའི་དུས་ཚོད་འདི་སྐབས་སུ་བབས་པ་ཞིག་ཡིན་སྐོར་གསུངས་སོང་། ཡང་ཁག་ཅིག་གིས་བཀའ་བློན་ཁྲི་པར་སྲིད་སྐྱོང་ཞེས་འགྱུར་བ་བཏང་ན་འགྲིག་གི་མ་རེད། བཀའ་ཁྲི་བློ་བཟང་སེང་གེ་འོས་འདེམས་བྱེད་སྐབས། མི་མང་ཚོས་བཀའ་བློན་ཁྲི་པའི་མཚན་གནས་ཐོག་བདམས་པ་རེད་མ་གཏོགས། སྲིད་སྐྱོང་བའི་མཚན་གནས་ཐོག་ལ་བདམས་ཡོད་པ་མ་རེད་གསུངས་སོང་། རྒྱུ་མཚན་གཞན་པ་ཞིག་ལ། སྔོན་མ་སྟག་བྲག་གི་སྐབས་སུ་༧གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་སུ་ཆོས་སྲིད་ཀྱི་འགན་ཡོངས་རྫོགས་བཞེས་མཁན་ཞིག་ཆགས་ཡོད་པ་རེད། ད་ལྟའི་དུས་ཚོད་ལ་༧གོང་ས་མཆོག་ཞལ་བཞུགས་བཞིན་པ་ཡིན་སྟབས། སྲིད་སྐྱོང་ཞེས་བཏགས་ན་སྔ་དྲགས་པ་རེད་གསུངས་ཏེ་དགག་བྱ་གནང་སོང་། མཐར་མང་མོས་ཡོད་མེད་ལ་བལྟས་ཡོང་སྐབས། མཚན་བྱང་དེ་གཉིས་འགྱུར་བ་གཏོང་རྒྱུར་དགག་བྱ་གནང་མཁན་ཤུགས་ཆེན་པོ་ཆགས་སོང ” ཞེས་ངོ་སྤྲོད་གནང་སོང་།
གསར་འགོད་པ། དོན་གོ
ཨ་ཁ་ཁ་་་་་་ མིང་ཞིག་འགྱུར་བ་བཏང་ཡ་ལ་ལོ་མང་པོ་འགྲོ་ཡ་ཡིན་ས་རེད། དེ་ལས་རང་འཇག་བཞག་ན་ལེགས། གཞན་མི་རེ་གི་མིང་རེ་བཏག་ན་ཧ་ཧ་ཧ་ཧ་ཧ་་་་་་
ཆབ་བྲག་ལྷ་མོ།༼མི་ཆེན་༧གོང་ས་མེད་དོ། ༧གོང་ས་མཆོག་ནི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཞིག་ཡིན་པས། ཟམ་གདོང་བླ་མ་དང་སྐུ་སྒེར་ལས་ཁུངས་ནས་གང་ཞུས་ཞུས་ཡིན།༽ ཧ་ཧ་ཧ་ཧ་ཧ། འོ་ན་ཁྱེད་ཀྱི་ཀྱང་གང་ཞུས་ཞུས་ཡིན་པ་འདྲ།
ཨ ཨ
ད་ང་ཚོས་ྋགོང་ས་མཆོག་གིས་གསུང་ཡིན་མིན་ལ་རྩོད་པ་དེ་ཙམ་གྱིས་ཆོག་པར་བྱོས། ད་དེ་ཙམ་མ་གཏོགས་ང་ཚོར་ཁོམ་ལོང་མེད། གངས་ལྗོངས་སུ་བོད་མི་ཆེས་མང་བོས་སྡུག་བསྔལ་མྱོང་བཞིན་པ་རེད།
མདོར་བསྡུས་ན་བོད་གཞུང་ཟེར་བའི་མིང་དེ་མེད་པར་བཟོས་ན་དེ་ནས་ང་ཚོ་ཚར་ཚར་བའི་མགོ་བཙུག་ཚར་བ་རེད། མིང་མི་དགོས་པར་དོན་ཡོད་པས་ཆོག་ཟེར་བ་དེ། ཟམ་གདོང་བླ་མས་རང་ཉིད་མ་འོང་པར་རྒྱ་གཞུང་གིས་མི་བྱས་རྗེས་ཅན་དུ་འཇོག་ཐབས་བྱས་པ་ལས་ཅི་ཡང་མ་རེད།
སྤྱི་མཐུས་ཚོར་དེ་ཙམ་གོ་བའི་ཆབ་སྲིད་ཀྱི་ཀླད་པ་མ་ཡོད་ནས། གལ་ཏེ་ཁོས་བསམ་ཐོག་ཏུ་ཕྱིན་ན་ཉི་མ་དེའི་ཉིན་ནས་ཕྲན་གྱིས་ནི་བོད་ཀྱི་བསྟན་པ་ཆབ་སྲིད་འཛིན་མཁན་གྱི་གཞུང་ཞིག་ཏུ་ངོས་འཛིན་མི་བྱེད་ཁོ་ཐག་ཡིན། བོད་མི་ཤེས་ལྡན་སུས་ཀྱང་ཁས་ལེན་གྱི་མིན་པས་ཡིད་ཆེས་ཡོད། དེ་ནས་རིམ་བཞིན་ང་ཚོས་སྲིད་དོན་རྩ་བླག་འགྲོ་བའི་ཉེན་ཁ་ཏན་ཏན་ཡོད། ད་ལྟ་ནས་ཉམས་ཆུང་དང་ཅབ་ཆུང་དུ་སོང་ཟིན། དགྲ་བོ་རྒྱ་དམར་ཁ་དགའ་ཁོག་འཛུམ་པ་ཞིག་བྱས་ཟིན་ཡོད། ཨ་ཤི་རེ་གོ ཨ་ཤི་རེ་གོ་ཡིན་ན། །།
ང་ཚོས་བོད་པ་ཚང་འདི་སྐབས་རེར་མགོ་རྨོངས་ནས་དངོས་གནས་ཧང་སང་བཅུག་གི་འདུག ༸གོང་ས་མཆོག་ནས་གཞུང་གི་སྲིད་འཛིན་གནང་ཚེ་༸ཁོང་གི་བློན་པོ་དང་བློན་པོ་ནང་ནས་བློན་པོ་གནས་བབས་མཐོ་ཤོས་ལ་སྲིད་འཛྀན་གྱི་བཀའ་ཡི་འཁོར་ལོ་སྒྱུར་བའི་བློན་པོ་མཐོ་ཤོས་ཤིག་ཡོང་ཆོག་པ་ལས། ༸གོང་ས་མཆོག་ནས་སྲིད་འཛིན་ནམ་རྒྱལ་པོ་མ་གནང་ཚེ་བཀའ་བློན་ཁྲི་པ་ཡོངས་སྟངས་མེད་དེ། བཀའ་བློན་ཁྲི་པ་དེ་རྒྱལ་པོ་ལྟ་བུར་གྱུར་ཚར་བས་ཁོང་གི་སྒང་ལ་གཞུང་གི་དཔོན་རིགས་སུ་ཡང་མེད་ཁོ་རང་བློན་པོ་ཡིན་ག་ལ་ཤེས། བློན་པོ་ཡིན་ན་ཁོང་གི་སྒང་ལ་ངེས་པར་གནས་བབས་མཐོ་བ་ཞིག་ཡོད་དགོས་སོ། །དེས་ན་བློ་སེང་ལགས་ནི་སྲིད་སྐྱོང་དང་གཞན་རྣམས་ནི་བཀའ་བློན་དུ་འབོད་ཆོག སྔར་བོད་དུ་རྒྱལ་ཚབ་ལ་སྲིད་སྐྱོང་ལས་སྲིད་འཛྀན་དུ་འབོད་པ་མེད་དོ། །
དམར་ཁ་ཚ་དེ་འདྲ་གསུང་ན་གནས་ལུགས་ཀྱི་དབེན།
ཅི་སྐད་དུ། མིང་དུ་སྡེགས་པར་མ་ཛད་ན། །ཆོས་རྣམས་ཐམས་ཅད་སྨོང་བར་འགྱུར། །དེ་བས་མགོན་པོ་ཐབས་མཁས་ཀྱིས། །ཆོས་རྣམས་མིང་གདགས་པར་མཛད། །ཞེས་གསུང་བ་མི་ཤེས་སམ། གཞན་ཡང་དོན་གྱི་རྒན་པོ་ཚིག་གི་མཁར་བ་ལ་བརྟེན་དགོས་པ་ནི་རྒྱུན་ཤེས་ཞིག་རེད། དེ་ཙམ་ཡང་མི་ཤེས་ན་དཔྱད་བརྗོད་བྱེད་ཁུལ་བསྐྱུར་ན་དགའ་ས་རེད། ཕུང་རྒྱང་མེད་ཁྱོད་ཀྱིས་བཤད་འདུག དོན་སྙང་མེད་པ་ཁྱོད་ཀྱིས་བཤད་འདུག ཆབ་སྲིད་ཀྱི་གོ་རྟོགས་ཅུང་ཟད་རེ་ཡོད་མིང་ལས་གལ་ཆེ་བ་མེད། ཁ་ཚུམ་ན་དགའ་ས་རེད།
བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་བོད་རྒྱལ་ཁབ་དང་། མི་རིགས། རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་། རང་དབང་བཅས་ཀྱི་ཆེད་དུ་གཟི་བརྗིད་ངང་བློས་གཏོང་བྱས་པ་རེད་མ་གཏོགས་ཚིག་སྐམ་པོ་ཞིག་གི་ཆེད་དུ་ཚོར་བའི་བར་སྣང་དུ་མཆོངས་ཀྱིན་ཡོད་པ་མ་རེད།
ཚོར་བ་ནི་ཚོར་བ་རང་རེད། བཙན་བྱོལ་ནང་གི་འཐབ་རྩོད་པ་མང་ཤོས་ནི་ཚོར་བའི་བྱ་མ་རྟ་ཙམ་ལས་ལག་ལེན་གྱིས་སྟོང་བ་དང་། དམིགས་འབེན་གྱིས་སྟོང་བ། འཐབ་བྱུས་ཀྱིས་སྟོང་པ། དོན་དངོས་ཀྱིས་སྟོང་བ་ཤ་སྟག་རེད།
༼མི་ཆེན་༧གོང་ས་མེད་དོ། ༧གོང་ས་མཆོག་ནི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཞིག་ཡིན་པས། ཟམ་གདོང་བླ་མ་དང་སྐུ་སྒེར་ལས་ཁུངས་ནས་གང་ཞུས་ཞུས་ཡིན།༽ རྒྱ་ཆེའི་མི་མང་མི་བསམ་ཞིང་མི་མཐོང་བར་གང་ཟག་བྱེ་བྲག་པ་རེའི་ཁ་ལ་ཉན་མཁན་ཞིག་ལས་ཅི་ཡང་མ་རེད་ཟེར་བ་མིན་ནམ།
བོད་མི་མང་སྤྱི་འཐུས་ཚོས་ཕུགས་རྒྱང་ལ་དགོངས་པ་བཞེས་སྟངས་ཏག་ཏག་འགྲིག་འདུག ལམ་སེང་མགྱོགས་མྱུར་གྱིས་ཐག་གཅོད་ལ་སྐྱོན་ཞིག་ཏན་ཏན་ཡོང་གི་རེད། དེ་བས་བརྟན་བརླིང་བབ་གསུམ་གྱི་མནོ་བསམ་གཏོང་རྒྱུ་ཧ་ཅང་གལ་ཆེ་བ་ཡིན།
འདི་ནི་ཁྱི་ཕྲུག་འགའ་ཤས་ཀྱིས་ཟུག་སྐད་འདོན་བཞིན་འདུག་མོད་འདི་ཚོར་འཐབ་རྩོད་ལ་ཁ་ཕྱོགས་མེད། ཕུགས་རྒྱང་མེད། མི་རིགས་ཀྱི་འདུ་ཤེས་མེད། མདོར་ན་མདུང་ཁ་ནང་ལ་བསྐོར་མཁན་གྱི་སྡར་མ་སྐོར་མ་ཞིག་ཡིན་པས་འདི་ཚོར་འཛེམས་དོགས་བྱེད་དགོས་དོན་གང་ཡང་མེད། ངའི་སྤྱི་འཐུས་ཚོ། ངའི་བཀའ་ཁྲི་ཚོ་མདུན་དུ་བསྐྱོད་རོགས།
ཨ་ཁུ་བསྟན་པ་ཁྱོད་ཀྱིས༼མི་ཆེན་གོང་ས་མཆོག་མེད་དོ༽བཤད་པ་དེ་ཁྱོད་ཀྱི་གནས་ལུགས་དང་དད་པ་བརྗེད་པ་རེད་རྩ་བ་གོང་ས་མཆོག་ལ་ཐུག་ཡོད་པ་ཧ་གོ་གོརེད།
སྤྱིར་མིང་ལས་དོན་གལ་ཆེན་དུ་གྲུབ་ཡོད་པས། ང་ཚོས་གླེང་རྙོག་འདིའི་ཐད་ཆུ་ཚོད་ངེས་མེད་དུ་གཏོང་བ་ལས། མ་འོངས་ལས་འཆར་དེ་དག་ལ་ལག་ལེན་བྱེད་འགོ་བརྩམས་རྒྱུ་ནི་ཆེས་གལ་ཆེ་བར་འདོད། བདག་གི་བསམ་ན་བཀའ་ཁྲི་དང་སྲིད་སྐྱོང་གི་མིང་ཚིག་འདི་ནི་ང་ཚོར་མཚོན་ན། མིང་ལ་ཅུང་འགྱུར་བ་སོང་བ་གང་ཞིག་ལ་དོན་གྱི་བྱེད་པ་པོའི་དམིགས་ཡུལ་དང་བྱེད་པའི་ལས་ནི་མི་རིགས་ཞིག་གི་རྩ་བའི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ངོ་བོ་གཅིག་ཏུ་བཟུང་འཛིན་གྱི་ཡོད་པས་སོ།
འོན་ཀྱང་བཀའ་ཁྲི་ཡིན་ན་བཀའ་བློན་དུ་འབོད་དགོས་ན། སྲིད་སྐྱོང་བ་ཡིན་ན་སྲིད་བློན་སོགས་མིང་གི་གྲུབ་སྟངས་ཞིག་ཡིན་པར་འདོད།
ད་དུང་བོད་གཞུང་གི་མཚན་བྱང་ནང་དུ་གཞུང་ཟེར་བ་མི་དགོས་མདོག་བྱེད་ཕྱིན། སྤྱི་མཐུས་དག་རྒྱལ་སྤྱིའི་ཆབ་སྲིད་ཀྱི་དོན་སྙིང་ཤེས་པ་པར་ཞོག ཐ་ན་བོད་མི་དམང་གི་བསམ་ཚུལ་ཙམ་ཡང་ཤེས་ཀྱི་མེད་རྟགས་གསལ་བོ་བྱུང་བ་རེད། མ་ཟད་ཆབ་སྲིད་ཤེས་ལྡན་པ་དབྱིན་སྐད་མ་སྐད་དུ་སྨྲ་བ་འགའ་གིས་ Central Tibetan Administration ཟེར་བ་ནི་སྲིད་ཀྱི་དོན་སྙིང་ཅུང་ཟད་ཕར་ཞོག ཐ་ན་དོན་ཅི་བསྟོན་རྒྱུ་མེད་པས་འོས་འཚམས་ཀྱི་མིང་ཞིག་ཡང་མ་རེད་ཟེར། Tibet Council In Exile Tibet Council In Exile བཏག་རིགས་ཤིང་། དེ་ནི་བོད་གཞུང་ཟེར་བ་བཞིན་དུ་རྒྱལ་ཁབ་དངོས་ཞིག་ལ་གོ་ཆོག་ཅིང་། མ་གོ་ནས་དགའ་དུས་གོ་མི་དགོས་པ་རྒྱལ་ཁབ་ཅིག་གིས་སྐུ་ཚབ་ལ་ཡང་གོ་ཆོག་པས་འོས་ཤིང་འཚམ། དེ་ཕྱིར་སྔར་གྱི་ནོར་འཁྲུལ་ངོས་ཟིན་ནས་ཁས་བླང་རིགས། མུ་མཐུད་ ཨུ་ཚུགས་མཐའ་སྐྱལ། འཁངས་སེམ་མཁྲག་འཛིན་འཚམས་འཇོག་རན། དེ་མིན་སྐད་ཡིག་ཆེད་མཁས་སྨྲ་བ་པོ་དང་ཆབ་སྲིད་ཆེད་ལས་མཁས་པ་དག་དང་མཉམ་དུ་གོ་བསྡུར་གནང་དགོས་པ་ལས་རང་ཁར་བབ་བཅོལ་དུ་ཐག་ཆོད་བྱེད་བླུན་པོའི་རྟུལ་ཞུགས་གོ
བོད་གཞུང་ཞེས་པའི་མིང་དེ་ནི་རྩེ་ཆས་ཞིག་མ་ཡིན། རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་ཀྱི་ཁང་ཁྱིམ་དང་། ཚེ་སྲོག་གི་ཁ་ཆེམས་ཀྱི་མར་མེ་རྐང་གཅིག་པོ་རེད། མ་འོངས་མི་རབས་རྗེས་མ་ཚོས་བདེན་དོན་འཐབ་རྩོད་ཀྱི་སྲོག་རྩ་རེད། འདི་ལ་སུ་ཞིག་གིས་ནག་ཉེས་བཟོས་ན་ལོ་རྒྱུས་ཀྱི། དེས་པ་ནི་བསིབ་དུ་མེད་པའི་རྒལ་རབ་ཏུ་འཁོད་དགོས།
ཨ་ཤེ་རེ་གོ་ཡིན། དགྲ་དགའ་གཉེན་སྡུག་གི་བྱ་ཉེས་དག་ལལྟོས་དང་། ད་དུང་གོ་བ་མ་བླང་ན་འདི་འདྲིའི་བསྒྲིག་འཛུག་ཞིག་གིས་རང་དབང་ནམ་ཡང་མི་ལོན་པ་ཐག་ཆོད་རེད། ང་འཇིགས་མེད་གོ་ཆ་ཡིན་ཡང་ཁོ་ཆད་སོང་། གྲ་གྲོགས་ཚོ་ཁྱེད་ཚོ་ཁོ་ཆད་སོང་ངམ། །
ཉེ་ཆར་རྒྱལ་ཡོངས་ཚོགས་ཆེན་སྐབས་མི་མང་རྒྱ་ཆ་ ༨༠ ཙམ་གྱི་བཙན་བྱོལ་བོད་གཞུང་ལ་འདོད་པ་བྱུང་པ་དང༌། རྒྱ་ཆ་ ༢༠ ཙམ་མ་གཏོགས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་འདོད་པ་བྱུང་མེད་ཀྱང༌། སྔར་སྐུ་དྲག་གི་རིང་ལུགས་ལྟར་ཟམ་གདོང་བླ་མ་གཙོ་བོར་གྱུར་པའི་མི་ཆེན་འགའ་ཞིག་གིས་བཙན་པོ་དབང་ཡོད་དང་ཧམ་བཤད་ཀྱིས་བོད་མིའི་སྒྲིག་འཛུགས་ཞེས་གྱུར་བ་བཏང་བ་ཡིན། ༼མི་ཆེན་༧གོང་ས་མེད་དོ། ༧གོང་ས་མཆོག་ནི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཞིག་ཡིན་པས། ཟམ་གདོང་བླ་མ་དང་སྐུ་སྒེར་ལས་ཁུངས་ནས་གང་ཞུས་ཞུས་ཡིན།༽ད་དུང་ཡང་ང་རང་ཚོའི་སྲིད་གཞུང་དེ་གྱུར་བ་མ་འགྲོ་བར་སྔར་བཞིན་ཡིན་ན་དེ་ལ་མང་གཙོ་ཞེས་པའི་ཐ་སྙད་གཏགས་པ་དེ་མི་མང་ལ་མགོ་སྐོར་བླུ་བྲིད་ཅན་ཞིག་གི་སྲིད་གཞུང་ཞིག་ཏུ་འགྱུར་བའི་ཉེན། བོད་མི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་ཞེས་པ་ལ་སྒྱུར་བ་མ་གཏང་ན། ང་ཚོ་བོད་མི་བརྒྱ་ཕྲག་གཅིག་ཙམ་ནས་དུས་ད་ནས་ཟུང་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་སྤྲོད་རྒྱུ་མིན་པའི་ཁས་ལེན་བྱེད་ཀྱི་ཡིན་ནོ། །ང་རང་ཚོའི་རང་ཉིད་ཀྱིས་རང་མེད་པ་བཟོས་བཞིན་འདུག །དཔེར་ན་བོད་གཞུང་ནས་རྒྱ་ནག་ལ་རང་བཙན་མ་དགོས་ཞེས་པ་དང༌། དེ་བཞིན་བོད་གཞུང་ཞེས་མིང་མེད་པ་བཟོས་པ་སོགས་བྱ་ངན་མང་དག་ཞིག་སྤེལ་ཡོད། ༧གོང་ས་མཆོག་ད་ནས་ཟུང་ཆོས་སྲིད་གཉིས་ཐ་དད་ཡིན་ཞལ་དྲོ་མོ་ནས་ལན་མང་གསུངས་པ་དེ་སྤྱི་འཐུས་དང་བཀའ་ཤག་ཚོས་ཐོས་ཡོད་ས་མིན་འདུག་གང་དྲག །མ་འོངས་པར་བོད་གཞུང་གང་འདྲ་ཞིག་གྱུར་བ་དེ་སྤྱི་འཐུས་དང་སྲིད་འཛིན་དེ་བཞིན་དམིགས་བསལ་གྱི་ཟམ་གདོང་བླ་མ་ལ་འགན་ཡོད། མི་བྱེད་དགུ་བྱེད་གནང་མཁན་ཚང་མ་ཟམ་གདོང་བླ་མ་ཡིན། ཟམ་གདོང་བླ་མ་དྷ་རམ་ས་ལ་གཡས་གཡོན་དུ་མ་བཞུགས་རོགས་གནང༌།
སྙིང་སྟོབས་དང་བློ་ཁོག་མེད་ངན་ཝ་དང་འདྲ་བའི་སྤྱི་འཐུས་རྣམས་ལ་ཞེན་པ་གཏིང་ནས་ལོག་སོང་། བཀའ་ཁྲི་ཡང་རྒྱ་རི་ཚང་བརླ་འོག་ཏུ་འཛིན་འདུག་ཨ་ཁཁཁ། ད་ནི་རྒྱ་ནག་པེ་ཅིང་ལ་མགོ་བཏགས་ནས་བཙམ་བྱོལ་སྤྱི་ཚོགས་འདི་མགོ་གཏིང་སློང་རྒྱུ་ཡིན། སེམས་ཐག་གཙང་མ་བཅད་ཚར།།
དམངས་གཙོའི་རང་དབང་ཕྱོགས་སུ་ཤར་བསྐྱོད་བྱེད་བཞིན་པའི་འདིར་རྒྱལ་ཁབ་དང་ཡུལ་ལུང་མང་དག་ཅིག་གིས་སྲིད་འཛིན་དང་སྲིད་བློན་བེད་སྤྱོད་གཏོང་བཞིན་སྐབས་སུ་ང་ཚོས་བཀའ་བློན་ཁྲི་བ་ཞེས་འབོད་ཀི་ཡོད་ལ་ཉེ་བའི་ཆར་༧གོང་ས་མཆོག་ནས་སྲིད་སྐྱོང་བ་ཞེས་མར་གསུངས་པ་འདི་ཡང་མདོར་བསྡུས་ནས་བཤད་ན་རྒྱལ་བའི་ལམ་ལུགས་དང་བླ་མའི་སྲིད་སྟེགས་ཤིག་གིས་ཡུལ་ལུང་སྐྱོང་བའི་
མེ་ལོང་འགྱུར་པ་རེད་དམ་བཞིན་རིས་འགྱུར་རེད། ཅེས་པ་ལྟར་ང་མ་འགྲིག་པ་རེད་དམ་སྤྱི་འཐུས་ལྷན་ཚོགས་མ་འགྲིག་རེད། ངས་ མ་བྱས་ན་བསམ་པ་དེ་བྱེད་ཀྱི་འདུག་བྱས་ན་བསམ་པ་དེ་འགྲོ་ཐུབ་ཀྱི་མི་འདུག ད་ཐེངས་ཡང་་་་་ ཨ་ཁཁཁཁཁཁཁཁཁཁ
གཅིག བཅའ་ཁྲིམས་ནང་ལ་མ་འོངས་པའི་བོད་དེ་ཡུལ་མིའི་སྲིད་སྐྱོང་ཞིག་ཏུ་མངོན་འགྱུར་བྱ་རྒྱུ་བཀོད་ཡོད།
གཉིས།༸གོངས་མཆོག་གི་ཞལ་དྲོན་མོ་ནས་ཚོགས་ཀྱི་མདུན་དུ་སྲིད་སྐྱོང་གསར་བ་ཞེས་གསུངས་ཡོད།
གསུམ། བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེས་སྲིད་སྐྱོང་དུ་སྒྱུར་འོས་ཚུལ་དེ་སྔ་ནས་གསུངས་ཡོད།
བཞི། བཀའ་བློན་ཁྲི་པའི་མཚན་རང་འཇགས་བཞག་ན་ཕྱག་རོགས་གཞན་དག་ཚོ་ཡང་བཀའ་བློན་རང་ཡིན་དགོས། ཡིན་ན་ཡང་ད་ལྟ་གོང་གི་རྒྱལ་པོ་མེད་ས་ནས་འོག་གི་བཀའ་བློན་ཞིག་ཀྱང་ཡོང་ས་མེད།
བདག་གིས་ནི་དེ་སྔ་ནས་ཁྲི་པ་ཞེས་པ་དབང་ཆའི་གཙོ་འགན་བཞེས་མཁན་ཞིག་ལ་གོ་བས་སྲིད་སྐྱོང་ཁྲི་པ་ཞེས་གསོལ་ན་ཕྱག་རོགས་གཞན་དག་ཚོར་སྲིད་སྐྱོང་བ་གསོལ་འོས།
བཀའ་ཁྲིའི་འོས་ཤོག་འཕེན་དུས་བཅའ་ཁྲིམས་ལ་འགྱུར་བ་ཆ་ཚང་སོང་མེད། ད་ལྟ་བཅའ་ཁྲིམས་ཀྱི་ངོ་བོར་འགྱུར་བ་ཆེན་པོ་ཕྱིན་པས་བཀའ་ཁྲིའི་མཚན་གནས་ཀྱང་རང་བཞིན་གྱིས་འགྱུར་དགོས་པ་ཆགས་ཡོད། མ་གཞི་སྐབས་སྔོན་མར་གནད་དོན་འདི་འཐུས་ཤོར་ཕྱིན་པའི་འགན་རང་ལ་ཡང་ཡོད།
བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་འདི་ལ་བསྐྱར་དུ་དགོངས་བཞེས་གནང་རྒྱུ་གལ་ཆེན་པོ་ཞིག་རེད།
རྒྱུ་མཚན་གཙོ་བོ་གཅིག་རང་སྟེ། བཀའ་ཁྲི་དང་བཀའ་བློན་རྣམ་པ་ཞེས་རང་འཇགས་བཞག་ན་་མིང་དོན་མི་མཚུངས་པའམ། དོན་གྱིས་སྟོང་བ་ཞིག་ཡིན་པས་སོ།
་་ཧ་་ཧ་་ད་ཡིན་ན་སྤྱི་མཐུན་ཚོ་ཁེདེ་་མཚར་རེད་་་་་སོ་སོའི་རང་ཉིད་ཀྱི་གཞུང་ལ་་་་གཞུང་་ལབ་མི་ཕོད་་་་སྲིད་སྐྱོང་བ་ལ་་་་་སྲིད་སྐྱོང་བ་ཡང་ལབ་མི་ཕོད་་་་་་་་་་་་་་་་་
དེ་འོ་ན་ག་རེ་་ལ་རྩེས་ཡོད་ན་
བོད་མིའི་་ཚོགས་གརྩོ་ལབ་རྩེས་མེད་འགྲོ་་་
ངས་བྱས་ན་སྤྱི་མཐུས་རྣམ་པ་ཚོ་ནི་ལོ་རྒྱུས་དང་རྣམ་དཔྱོད་ཀྱི་གནས་ཚད་ཅུང་ཆུང་དྲགས་པའི་བཟོ་འདྲ་པོ་འདུག གང་ཡིན་ཟེར་ན། ད་བར་དུ་ང་ཚོ་བཙན་བྱོལ་དུ་སླེབས་པ་ནས་བཟུང་བཀའ་བློན་ཁྲི་པ་མང་པོ་བྱུང་ཡོད་པ་རེད་ལ། ལྷག་པར་དུ་མི་མང་གིས་བདམས་པའི་བཀའ་བློན་ཁྲི་ཐོག་གཉིས་ཕྱིན་ཟིན་པ་རེད། གོང་གི་བཀའ་བློན་སུ་ལའང་སྲིད་སྐྱོང་སྟག་བྲག་གིས་༧རྒྱལ་བ་རིན་པོ་ཆེར་རྩིས་སྤྲོད་གནང་བའི་ཐམ་ཀ་དེ་མེད་པ་རེད། འོན་ཀྱང་ད་ཐེངས་ནས་བཟུང་གསར་དུ་བཀའ་ཁྲིར་བདམས་པའི་སྐུ་ཞབས་བློ་བཟང་སེང་གེ་ལགས་སུ་༧རྒྱལ་བ་རིན་པོ་ཆེས་ཐམ་ཀ་དེ་རྩིས་སྤྲོད་ཞུས་པ་རེད། དེ་དང་སྦྲགས་༧གོང་ས་མཆོག་གིས་ “དེ་རིང་ངོས་ནས་སྲིད་སྐྱོང་གསར་བ་བློ་བཟང་སེང་གེ་ལ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་གནང་གི་ཡོད་པ་རེད། ” ཅེས་ཧ་ཅང་གསལ་པོ་གསུངས་ཡོད།
བཀའ་བློན་ཁྲི་པ་ཞེས་པའི་ཚིག་གི་གོ་བ་ལ་ཡང་། བཀའ་ཡི་བློན་པོ་ཞེས་པ་ནི་རང་ཉིད་ཀྱི་གོང་དུ་གཞན་ཞིག་གིས་བཀའ་བཏང་ཡོད་པ་དེ་སྒྲུབ་མཁན་ལ་ཟེར་བ་ཡིན། ད་ལྟ་ཆབ་སྲིད་ཀྱི་ཐོག་དབང་ཆ་ཆེ་ཤོས་ནི་ཁྲིམས་ཐོག་ནས་སྔར་གྱི་བཀའ་ཁྲི་དེ་ཡིན་པས། དེ་འབྲེལ་གྱི་སྲིད་སྐྱོང་ཞེས་མཚན་གསོལ་ཞུ་དགོས། དེ་ནི་སྔར་བྱུང་མ་མྱོང་བའི་གསར་བཟོ་མིན་པར་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐབས་ནས་ཡོད་པ་ཞིག་རེད། སྤྱི་མཐུས་རྣམ་པ་ཚོ་དངོས་གནས་ཁྱད་མཚར་འདུག
ད་རེས་ཀྱི་བཀའ་བློན་གསར་པ་ཚོ་བསྐོ་བཞག་དེ་གྲོས་ཚོགས་ཀྱིས་བགྲོ་གླེང་མ་བྱས་པར་ཐག་གཅོད་མོས་མཐུན་བྱས་པ་རེད། གཅིག་བྱས་ན་བསམ་བློ་ཞེ་དྲག་བཏང་མེད་ཚོད་རེད། ཡང་ཀློག་པ་པོ་ཚོ་གཟིགས་ཨང་། ལོ་ལྔའི་རྗེས་སུ་བཀའ་བློན་ཚོ་བསྐྱར་འདེམས་བྱེད་དགོས་བྱུང་ཚེ། རྣམ་འགྱུར་གང་འདྲ་སྟོན་གྱི་འདུག་གཟིགས་རྒྱུ་མ་བརྗེད་པ་བྱེད་རོགས།
སྤྱི་འཐུས་ཚོས་བསམ་གཞིག་བྱས་ནས་་་དེ་ལྟར་བྱེད་ཀྱི་འདུག་་་སྒྲིག་འཛུགས་ཟེར་ཡ་དེ་སྐྱབས་མགོན་གྱིས་དགོངས་དོན་མིན་ན་་ཡིན་ཁུལ་བྱས། སྲིད་སྐྱོང་མངོན་གསུམ་ཚོགས་མང་དབུས་སུ་གསུངས་ཀྱང་དེར་བསམ་གཞིག་མི་གཏོང་བ་འདི་གང་རེད་་ཨ་ཨ་ཨ་ཨ་ཨ་
ཁེ་མཚར་ཞིག་རེད། དེ་སྔོན་ནས་༧གོང་ས་མཆོག་གིས་གཞུང་གི་མིང་ལ་གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ། གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ཞེས་བཏགས་ན་ཞེས་དང་།
དེ་རྗེས་ཡང་བཀའ་ཁྲི་ལ་སྲིད་སྐྱོང་ཞེས་དངོས་སུ་གསུངས་པ་གཞིར་བཞག་བྱས་ན་སྤྱི་འཐུས་ཁྱེད་ཚོར་གྱོང་ག་རེ་རག་ས་རེད་དམ།
དེའི་སྐོར་ལ་ཁྱེད་ཚོས་ག་རེ་བྱས་ནས་བསམ་བློ་མ་བཏང་བ་རེད་དམ།
བཀའ་དྲིན་ཆེ། ཁྱེད་ཚོ་༧གོང་ས་མཆོག་ལས་ལྷག་རེ་གང་ཡང་མ་རེད། རྒྱལ་བའི་བཀའ་ལ་ཡག་པོ་ཉན་རོགས་ཞུ།
དེ་ལ་ཉོན་དང་ང་ཚོར་གྱོང་རག་ས་མ་རེད།
རེད། རེད། ཟུངས་ཁྲིག་གིས་གསུངས་པ་དེ་ག་རང་རེད། ཡང་སྤྱི་འཐུས་འདི་ཚོས་༧གོང་ས་མཆོག་གི་གསུངས་པ་དེ་མགོ་ཚོད་ལ་མ་ཚོད་ཅིག་ཆགས་བསྡད། རྒྱབ་སྐྱོར་དགོས་ས་དེར་མ་བྱས། མི་དགོས་ས་ཞིག་ལ་བསམ་བསྡད།
བོད་མི་མང་སྤྱི་འཐུས་ཚོས་སྲིད་སྐྱོང་གསར་པ་བློ་བཟང་སེང་གེ་མཆོག་གིས་དམ་འབུལ་སྐབས་ཀྱི་གོང་ས་མཆོག་གིས་ཁོང་ལོ་བཅུ་དྲུག་ཡིན་དུས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་མདུན་ནས་ཆོས་སྲིད་ཀྱི་འགན་དབང་བཞེས་པ་དང་དེ་རིང་ངོས་ནས་སྲིད་སྐྱོང་གསར་བ་བློ་བཟང་སེང་གེ་ལ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་གནང་གི་ཡོད་པ་རེད། ཅེས་བའི་ཟབ་མོ་བཀའ་སློབ་ལ་རྡོག་རོལ་བཏང་བ་མ་རེད་དམ།