འདས་པའི་ཟླ་ཕྱེད་ཙམ་གྱི་རིང་༧གོང་ས་མཆོག་གིས་ཁེ་ཎ་ཌ་དང་སེག་སི་ཁོ། ཨར་ཅིན་ཊི་ཎ། བྷར་སིལ་བཅས་རྒྱལ་ཁབ་ ༤ ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་བསྐྱངས་རྗེས། དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༤༠ ཙམ་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་གཞུང་དང་གཞུང་འབྲེལ་བའི་མིན་པའི་ཚོགས་པ་སྐུ་ཚབ་དང་། དེ་བཞིན་ངྷ་སའི་བོད་རིགས་མང་ཚོགས་ཀྱི་བཅས་ཀྱི་ཕེབས་བསུའི་ཁྲོད། ༧གོང་ས་མཆོག་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
ཕྱི་ཟླ་ ༡༠ པའི་ཚེས་ ༡ ནས་ ༤ ཉིན་བར་དུས་ཡུན་ཉིན་བཞིའི་རིང་༧གོང་ས་མཆོག་གིས་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་དད་ལྡན་མི་མང་ལ་བཀའ་ཆོས་བསྩལ་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
༸་གོང་ས་མཆོག་ནི་བོད་ཙམ་དུ་མ་ཟད་འཛམ་གླིང་ཡུལ་གྲུ་ཀུན་གྱི་མགོན་སྐྱབས་ཅིག་པུར་འགྱུར་ཡོད་པ་ནི་ཚང་མའི་མཁྱེན་གསལ་རེད།།་དེ་འདྲ་སོང་ཙང་ང་ཚོའི་འདི་དང་བར་དོ་ཕྱི་མ་ཐམས་ཅད་དུས་དང་རྣམ་པ་ཀུན་ཏུ་དམ་པ་ཁོང་གི་མདུན་དུ་སྐྱེ་བའི་སྨོན་ལམ་ངེས་པར་རྒྱབ་དགོས་ངེས་རྣམ་རྒྱུན་ནས་དེ་འདྲ་དྲན་གྱིན་འདུག
༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག །།
༧སྐུ་ངལ་གསོ་རོགས། ལྷོད་ལྷོད་བཞུགས་རོགས། སྤྱི་འཐུས་ནས་གཙོས་པའི་མི་ཆེན་མི་ཆུང་རྣམས་ཀྱིས་༧མགོན་པོ་ཁྱེད་ཀྱི་གསུངས་ལ་ལྗི་ཡང་བཀྱག་པའི་དུས་ཤར་འདུག ངོས་གངས་ཅན་པ་རྣམས་བསོད་ནམས་མེད་པ་ནས་མེད་པར་གྱུར་བཞིན་འདུག ངོ་མ་སེམས་སྡུག་ཐལ། ཡིད་མུག་ཐལ།