དེ་རིང་ཞོགས་པར་བཞུགས་སྒར་དུ་ཆོས་ཚོགས་ཐེངས་ ༡༡ པ་དབུ་འཛུགས་ཀྱིས་དམངས་གཙོའི་ཀ་བ་གསུམ་གྱི་གཙོ་རྣམ་པ་མཛད་སྒོར་ཕེབས་ཡོད་ལ། ཉིན་གསུམ་གྱི་ཆོས་ཚོགས་རིང་ཆོས་དོན་ལྷན་ཚོགས་དང་དཔལ་རྒྱལ་བ་ཇོ་ནང་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་ཐག་གཅོད་གནང་རྒྱུ་ཡིན་འདུག
དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་། ཉིན་གསུམ་རི་ཚོགས་འཆར་གྱི་༼ བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་བཅུ་གཅིག་པ ༽ཞེས་པ་དེ་བཞུགས་སྒར་ངྷ་ས་སུརྱ་མགྲོན་ཁང་དུ་ཚོགས་ཡོད་ཅིང་། ཚོགས་འདུའི་དབུ་འབྱེད་མཛད་སྒོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་གཙོས་པའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རྒྱལ་བལ་འབྲུག་གསུམ་དུ་བཞུགས་པའི་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་ཆོས་ལུགས་སྤྱི་འཐུས་བཅས་ཁྱོན་མི་ ༥༠ ལྷག་འདུ་འཛོམས་བྱུང་སོང་།
མཛད་སྒོའི་ཐོག་མར་ཚོགས་བཅར་བ་ཡོངས་ནས་དུས་ཡུན་སྐར་མ་གཅིག་རིང་། སྐུ་གཤེགས་དམ་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ལ་མྱ་ངན་ངག་བཅད་ཞུས་རྗེས། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཉེ་ཆར་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འཛིན་སྐྱོང་འགན་དབང་མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་ཕྱོགས་སྐོར་ངོ་སྤྲོད་དང་། བཀའ་ཤག་སྐབས་བཅུ་བཞི་པའི་ངོས་ནས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་ཀྱི་ལྟ་གྲུབ་གསུམ་གཞི་རྩར་བཟུང་སྟེ། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་འཁྱོངས་དང་། ༧གོང་ས་བོད་དུ་གདན་འདྲེན་ཞུ་ཐབས། བོད་མིའི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐོག་འབད་བརྩོན་གནང་རྒྱུ་ཡིན་སྐོར། ཁོང་གིས་སྣེ་འཁྲིད་པའི་བཀའ་ཤག་དང་བཀའ་བློན་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལས་དོན་ཁག་ཚགས་ཚུད་ཡོང་བ་དང་། ༧གོང་ས་མཆོག་གི་སྐུ་ཕྱཱའི་ལས་དོན་ལ་བསྐྱར་ཞིབ། ལམ་དབུ་མའི་སྲིད་བྱུས་རྒྱུན་འཁྱོངས། རྒྱལ་སྤྱིའི་འབྲེལ་ལམ་ཐོག་ཤུགས་སྣོན། བོད་ཀྱི་ཁོར་ཡུག་གནད་དོན་ཐོག་སྔར་ལས་དྲིལ་བསྒྲགས་བྱ་རྒྱུ་ཡིན་སྐོར་བཅས་གསུངས་སོང་།
དེའི་རྗེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོའི་བཀའ་དྲིན་ལ་བརྟེན་ཏེ། ད་ཆར་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་གང་ལེགས་བྱུང་ཡོད་སྐོར་བརྗོེད་དེ། རྒྱ་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐོག་སྲིད་བྱུས་གསར་པ་གཏན་འབེབས་བྱས་ཡོད་པ་དེར་གདོང་ལེན་གནང་ཕྱོགས་དང་། རྒྱ་བལ་འབྲུག་གསུམ་གྱི་བོད་ཀྱི་གྲྭ་ཚང་བཤད་གྲྭ་ཁག་ཏུ་དགེ་འདུན་པའི་སློབ་སྦྱོང་ཡར་རྒྱས་གཏོང་ཕྱོགས། བཙུན་དགོན་ཁག་ཏུ་བསླབ་པ་མཐར་ཕྱིན་མཁན་ཚོར་ལག་འཁྱེར་སྤྲོད་སྟངས་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་གྲོས་ཆོད་ལྟར་ལག་ལེན་བསྟར་དགོས་སྐོར་གསུངས་སོང་།
ཐེངས་འདིར་གྲོས་གཞི་ ༩ ཡོད་པ་དག་ནི། དང་པོ། ཆོས་ཚོགས་ཐེངས་སྔ་མའི་གྲོས་ཆོད་ཁག་ལག་བསྟར་ཐུབ་ཡོད་མེད་བསྐྱར་ཞིབ། གཉིས་པ། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཚོགས་ཆུང་ཟུར་འཛུགས་ཀྱིས་དགོན་སྡེ་ཁག་གི་སློབ་གཉེར་གོང་འཕེལ་ཡོང་ཐབས་ཀྱི་སྙན་ཐོའི་ནང་གི་དོན་ཚན་ཁག་ལག་ལེན་འཁེལ་ཡོད་མེད། གསུམ་པ། ཆོས་བརྒྱུད་ཁག་གི་བཙུན་མ་སློབ་གཉེར་མཐར་སོན་རྣམས་ལ་མཚན་གནས་འབུལ་ཕྱོགས། བཞི་བ། གདན་སའི་བཤད་གྲྭ་ཁག་ཏུ་ཚན་རིག་གི་སློབ་ཁྲིད་གནས་སྟངས། ལྔ་པ། ༼ ཆོས་དོན་ལྷན་ཚོགས ༽ འཛུགས་ཕྱོགས་སྐོར་ལ་ད་བར་གང་བྱུང་དང་། མ་འོངས་པར་གང་གནང་དགོས་པ་ཐག་གཅོད། དྲུག་པ། རྒྱལ་སྤྱིའི་ནང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་མཁན་པོ་དང་། དགེ་བཤེས་སོགས་ཆོས་པའི་མཚན་གནས་འཛིན་མཁན་ཚོར་མཚན་དོན་མཚུངས་མིན་གླེང་སློང་སྣ་ཚོགས་ཡོང་གི་ཡོད་པའི་ཐད་གནང་ཕྱོགས་གང་ཡོད། བདུན་པ། དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་མ་འོངས་པར་གནང་ཕྱོགས་གང་ཡོད། བརྒྱད་པ། ཆོས་ཚོགས་ཐེངས་དགུ་པའི་གྲོས་ཆོད་ལྟར། ཆོས་རིག་ལས་ཁུངས་ཀྱིས་ཇོ་ནང་པའི་སྐོར་ལ་འབྲེལ་ཡོད་བླ་ཆེན་རྣམ་པའི་སྐུ་ཚབ་བསྐོ་བཞག་གནང་བའི་གྲུབ་དོན་ཐག་གཅོད་གནང་རྒྱུ་སོགས་རེད།
དུས་ཡུན་ཉིན་གསུམ་རིང་གི་ཚོགས་ཆེན་སྟེང་། དཔལ་རྒྱལ་བ་ཀརྨ་པ་དང་ས་སྐྱ་བདག་ཁྲི་རིན་པོ་ཆེ། སྨན་རིའི་ཁྲི་འཛིན་མཆོག དགའ་ལྡན་ཁྲི་པ་མཆོག་དང་ཤར་བྱང་ཆོས་རྗེས་རྣམ་གཉིས། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། སྨིན་གླིང་མཁན་ཆེན་རིན་པོ་ཆེ། འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན། སྟག་ལུང་མ་སྤྲུལ་རིན་པོ་ཆེ། གོང་དཀར་སྤྲུལ་སྐུ་རྡོ་རྗེ་གདན་པའི་སྐུ་ཚབ་མཁན་པོ་འཇམ་དབྱངས་ཆོས་སྦྱིན། མཚོ་སྣ་སྤྲུལ་སྐུ་རིན་པོ་ཆེ། ལོ་ཆེན་སྤྲུལ་སྐུ་རིན་པོ་ཆེ། རྣམ་གྲ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ། རྟོག་ལྡན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་རང་གྲོལ། ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་ཐུབ་བསྟན་འཇིགས་སྒྲོལ། རི་བོ་དགེ་ལུགས་པའི་ཤེས་ཡོན་ལྷན་ཚོགས་ཀྱི་འཐུས་མི་ཨཅརཱ་བསྟན་འཛིབ་བླ་མ། མཁན་པོ་སངས་རྒྱས་རང་བྱུང་སྐུ་ཚབ་ཨཅརཱ་ནོར་བུ་ཤར་པ། ནམ་མཁའི་སྙིང་པོ་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ཀརྨ་དབང་ཕྱུག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་བཅས་ཡིན་འདུག
སང་ཉིན་གྱི་ཚོགས་འདུའི་ཐོག་༧གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་གཉིས་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་ཞིང་། ཐེངས་འདིའི་ཚོགས་ཆེན་སྟེང་བོད་རྒྱ་བལ་འབྲུག་གསུམ་གྱི་བླ་སྤྲུལ་མཁན་པོ་ ༢༢ ཙམ་ཕེབས་ཡོད་འདུག
གསར་འགོད་པ། དཔལ་ལྡན།
མི་ཉག་བཙན་པོ་གས་།སྐུ་སྒེར་ཡིག་ཚང་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་རྒྱལ་དབང་ཀརྨ་པ་ཕེབས་བཞུགས་རང་དབང་མེད་པར་བཟོས་བ་རེད་ངས་བཤད་མེད་ལ་དེ་ལྟར་ཡིན་མི་སྲིད་པ་རེད།རྒྱུ་མཚན་ནི་རྒྱལ་དབང་ཀརྨ་པ་འཛམ་གླིང་གང་དུ་ཕེབས་ཀྱས་མཚན་སྙན་གྲགས་ག་ཚོད་རྒྱས་ཀྱས་དེས་བོད་མི་རིགས་དང་ནང་བསྟན་ཆོས་ལུགས་ལ་ཕན་པ་ལས་དེས་གཏན་ནས་གནོད་ཀྱི་མ་རེད།ཡིན་ན་ཡང་གཞུང་འཛིན་མི་སྣའི་ནང་དུ་ཕྱོགས་རེ་མ་གཏོགས་མ་གཏོགས་མི་མཐོང་ཞིང་ཕྱི་ལག་ནང་སྦྲེལ་བྱེད་པའི་མི་་ངན་རེ་ཟུང་མེད་ཅེས་ངས་བཤད་ཤེས་ཀྱི་མེད།དེས་ཚོ་རྒྱལ་དབང་ཀརྨ་པའི་ཕེབས་བཞུགས་རང་དབང་ལ་འགོགས་རྐྱེན་བཟོ་གི་མ་རེད་ཅེས་ངས་བཤད་མི་ཤེས།
འགྱུར་མེད་བསྟན་འཛིན་ལ་ཞུ་རྒྱུ།
རྒྱལ་བ་ཀརྨ་པ་མཆོག་ལ་སྐྱབས་བྱོལ་གྱི་ཕྱག་འཁྱེར་དང་རྒྱལ་ཁབ་ཁག་མང་པོ་ལ་
ཕེབས་ཆོག་པའི་ཆོག་མཆན་ཆ་ཚང་ཡོད་ན་ཡང་ཕེབས་མི་ཐུབ་པའི་གནས་ཚུལ་ཞིག་ཡོད་པ་ནི་མངོན་བདེན་རེད།ཕེབས་བསྐྱོད་རང་དབང་ཆ་ཚང་མེད་པ་ཡང་བདེན་པ་རེད།
གནས་ཚུལ་དེ་འདྲ་ཞིག་འཕྲད་དགོས་པའི་རྒྱུ་མཚན་དངོས་མ་དེ་ཁྱོད་ལ་ཤེས་
འདོད་ཡོད་ན་རྒྱ་གར་གཞུང་གི་ནང་སྲིད་དང་བདེ་སྲུང་གསང་བའི་ལས་ཁུངས་
གསུམ་ལ་སྐད་ཆ་དྲི་ན་ཁྱོད་ཀྱི་དོགས་འཆར་དེ་སེལ་ཐུབ་པའི་ཡིད་ཆས་ཡོད་ཅེས་ཞུ་རྒྱུ་ཡིན།བོད་བཙན་བྱོལ་སྒྲིག་འཛུགས་དང་སྐུ་སྒེར་ཡིག་ཚང་སོགས་ལ་ཞྭ་མོ་ནག་པོ་གཡོག་ཐབས་མ་བྱས་ན་ལེགས་ཞུ་རྒྱུ་དང་གལ་སྲིད་ཁྱོད་ལ་རྒྱ་དམར་གཞུང་གིས་དེ་འདྲའི་ལས་དོན་སྒྲུབ་དགོས་པའི་བསྐུལ་མ་དང་སྒོར་དམར་པོ་ལེན་ཟིན་པ་ཡིན་ན་ཁྱོད་ལ་ཐུག་ཁག་མེད། སྙིང་རེ་རྗེ།
ཚང་མ་ལགས།་་་་་་་་་་་་་་ཁྱོད་དང་ལྟ་བ་མ་མཐུན་ན་ལྟ་ལོག་དང་་་་་་་་་རྒྱ་མི་ཉུལ་མ་ཡིན་པས་ཁྱབ་ཀྱི་མ་རེད་་་་་་་་དེང་སང་རྒྱུ་དང་དབང་ཡོད་ན་དམ་ཆོས་འདུལ་བ་ཟེར་བ་རྒྱངས་རིང་པོ་བཞགས་ཤིང་ནག་ཆང་བགས་མེད་ལོངས་སུ་སྤྱོད་ནས་ད་དུང་དམར་སེར་ངུར་སྨྲིག་གྱོན་མཁན་དེ་ཚོ་ལ་ངས་གྲྭ་ཆས་གྱོན་པའི་སྤྱང་ཀི་ཞིས་མིང་འདོགས་ཀྱི་ཡོད་ཁྱོད་རང་མ་དགའ་ན་ཡང་ངས་དེ་ཁོང་ཚོ་ལ་མིང་དེ་འདོགས་ཀྱི་ཡིན།ཆོས་ལུགས་ནང་དུ་བྱས་རྗེས་ཅན་ཙོ་ཁྱོད་ཀྱིས་མ་བཤད་ཀྱང་ངས་ཤེས་ཀྱི་ཡོད་་་་་་་་་་་་་་་དམ་པའི་ཆོས་ཀྱི་གཞུང་ལུགས་མདོ་སྔགས་གང་གི་ནང་དུ་ཡང་རྒྱུ་དང་དབང་ཡོད་ན་རང་སྣང་གང་ཤར་བྱ་ཆོག་པའི་དགོངས་པ་སུ་ལ་ཡང་སྟོན་པ་ཤཀྐྱ་མུ་ནེས་སྤྲད་ཡོད་པ་མ་རེད།དེང་སང་རྒྱུ་དང་དབང་ཡོད་ན་གང་བྱ་ཆོག་ཆོག་དེ་འགྲིག་གི་མི་འདུག་ཁོང་ཚོས་ནང་བསྟན་ཆོས་ལུགས་ཀྱི་མགོ་རྣ་ཐུར་ནས་ཐུར་དུ་ཁྲིད་ཀྱི་འདུག་ཞུ་གི་ཡོད།གནས་ཚུལ་འདིའི་རིགས་མ་འོངས་པར་མི་ཡོང་བའི་ཆེད་དུ་ད་ཐེངས་ཀྱི་ཆོས་ཚོགས་ཐོག་ལ་བགྲོ་གླེང་དང་གྲོས་ཆོད་བཞགས་དགོས་བ་ཞིག་རེད་ཞུག་གི་ཡོད།
ད་ཐང་འདིའི་ཚོགས་འདུ་ཐོག་ལ་ཇོ་ནང་ཆོས་རྒྱུད་སྐོར་གྱི་དོན་དག་ཏེ་ཐག་ཆོད་བྱས་ན་ཡག་པོ་རེད། ཐག་ཆོད་མ་བྱས་ན་དོན་དག་ཁྱེད་ཚོ་ལ་རྗེས་ནས་གོ་རྒྱུ་ཡོད་། སྐད་འབོད་བྱས་གྲོགས་པོ་ཚོ།
མི་ཉག་བཙན་པོ་ལགས།རྒྱལ་དབང་ཀརྨ་པ་གནས་ཆེན་ཁག་དང་ནུབ་ཨ་རིའི་ཕྱོགས་སུ་ཕེབས་ཐུབ་པ་དེ་དེང་སང་འཛམ་གླིང་འདི་རྒྱལ་ཁབ་ཕྱི་ནང་འགྲོ་འོང་སྟབས་བདེ་ཡོད་པ་དང།རྒྱལ་དབང་ཀརྨ་པ་ལ་ཨ་རི་ཕྱོགས་དད་ལྡན་སློབ་མ་ཚོས་བཀའ་ཆོས་གསུང་དུ་ཕེབས་བསུ་བྱས་ཡོད་པའི་རྒྱུ་མཚན་གྱིས་བྱུང་བ་རེད།ད་དུང་རྒྱལ་དབང་ཀརྨ་པ་མཆོག་ལ་འཛམ་གླིང་ས་ཕྱོགས་གང་ས་ནས་སློབ་མ་ཁྲི་འབུམ་མང་པོས་ཕེབས་སྒུགས་བྱེད་བཞིན་ཡོད་པ་མ་ཚད་སྐྱབས་བཅོལ་ལག་དེབ་དང་རྒྱལ་ཁབ་གཞན་ལ་འགྲོ་ཆོག་པའི་ཆོག་མཆན་ཆ་ཚང་ཡོད་ཀྱང་ད་དུང་ཕེབས་བཞུགས་རང་དབང་མེད་པར་མང་པོ་ཆགས་ཡོད་གནས་ཚུལ་དེ་ཚོ་ཞིབ་འཇུག་དང་དོ་སྣང་བྱ་དགོས་བ་ལས་རི་བོང་ཅལ་གྲོགས་དང་ཕྱོགས་རིས་མིག་གཅིག་གིས་ལྟ་ནས་སྐད་ཆ་བཤད་མི་ཉན་ཞིང་སྤྱི་ཚོགས་གཏོར་བཤིགས་བཏང་བའི་སྐད་ཆ་དེ་འདྲ་བཤད་མི་ཉན།སེམས་ཚོར་ཙམ་གྱི་རྗེས་སུ་འབྲང་ནས་གནས་ལུགས་མེད་པའི་སྐད་ཆ་རང་སྣང་གང་ཤར་དེ་འདྲ་བཤད་མི་ཉན།
༧རྒྱལ་དབང་ཀརྨ་པ་རྒྱ་གར་གྱི་གནས་ཆེན་ཁག་དང་ཨ་རི་སོགས་སུ་ཕེབས་ཐུབ་པ་དེ་དུས་རབས་ཉེར་གཅིག་པར་མི་ཚང་མ་རྒྱལ་ཁབ་ཕྱི་ནང་ལ་འགྲོ་ཡོང་སྟབས་བདེ་ཡོད་པའི་རྒྱུ་མཚན་གྱིས་བྱུང་བ་རེད།འོན་ཀྱང་ད་དུང་རྒྱལ་དབང་ཀརྨ་པ་འཛམ་གླིང་གི་ས་ཕྱོགས་གང་ས་ནས་དད་ལྡན་སློབ་མ་ཁྲི་འབུམ་མང་པོས་འཛམ་གླིང་གང་ས་ནས་ཕེབས་སྒུག་དང་མགྲོན་འབོད་བྱ་བཞིན་པ་ཡིན་ཡང་ཕྱི་ནང་སུ་ཡིན་མི་ཤེས་པའི་བར་ཆད་མང་པོ་ཞིག་གིས་ད་དུང་ཕེབས་བཞུགས་རང་དབང་ཆ་ཚང་ཐོབ་མེད་པ་འདིས་མི་ཁྲི་སྟོང་མང་པོའི་སེམས་ཁམས་ལ་ན་ཟུག་དང་རྨ་ཁ་བཟོས་ཡོད།་་་་་་་་་མི་ཉག་བཙན་པོ་ལགས་ད་ཐེངས་ཚོགས་ཆེན་ཐོག་ལ་༧རྒྱལ་དབང་ཀརྨ་པ་མཆོག་ལ་སྐྱབས་བཅོལ་ལག་དེབ་དང་རྒྱལ་ཁབ་ཕྱི་ནང་གི་ཆོག་མཆན་ཆ་ཚང་ཡོད་ཀྱད་ད་དུང་ཕེབས་བཞུགས་རང་དབང་མེད་པ་དེ་གང་ཞིག་ནས་བྱུང་འདུག་ཞིབ་འཇུག་བྱ་དགོས་བ་ཞིག་ཆགས་ཡོད།
དེང་རིང་གི་ཚོགས་འདུ་ཐོག་ངེས་པར་དུ་ཐག་གཅོད་གནང་དགོས་པའི་དོན་ཚན་ཁག་ལ་གཟིགས་པར་ཞུ།
1་ཇོ་ནང་ལ་ཆོས་ལུགས་སྤྱི་འཐུས་ཀྱི་ཐོབ་ཐང་མི་སྤྲོད་རྒྱུའི་ཐག་གཅོད། 2་སྤྱིར་བཏང་ཆོས་ལུགས་སྤྱི་འཐུས་མི་དགོས་པའི་ཐག་གཅོད།
3་སྤྱི་མཐུས་དང་བཀའ་ཤག་ནང་གྲྭ་པ་ནམ་ཡང་མི་དགོས་པའི་ཐག་གཅོད།
4་གྲྭ་པ་རྣམས་ཀྱི་བོད་ཀྱི་སྲིད་དོན་གྱི་མགོ་ཁྲིད་བྱེད་མི་ཆོག་པའི་ཐག་གཅོད།
5་རྒྱལ་བ་ཀརྨ་པ་མཆོག་རྒྱ་གར་ནང་བཞུགས་ཆོག་པའི་ཆོག་མཆན་སུ་ཡིས་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད་མེད་ཐག་གཅོད།
6་རྒྱལ་བ་ཀརྨ་པ་མཆོག་རྒྱུད་སྟོད་གྲྭ་ཚང་ནང་གནས་ཚང་གཡར་བ་དེ་སུ་
ཡིས་བཀའ་དྲིན་ཡིན་མིན་ཐག་གཅོད།
7་རྒྱལ་བ་ཀརྨ་པ་རྒྱ་གར་ནང་གི་གནས་ཆེན་ཁག་དང་ཨ་རི་སོགས་ལ་ཕེབས་ཐུབ་པ་དེ་སུ་ཡིས་བཀའ་དྲིན་ཡིན་མིན་ཐག་གཅོད།
8་རྒྱལ་བ་ཀརྨ་་པ་མཆོག་མཚན་སྙན་གྲགས་དང་མཛད་འཕྲིན་གང་མཚམས་རྒྱས་པ་དེ་སུ་ཡིས་བཀའ་དྲིན་ཡིན་མིན་ཐག་གཅོད།
གོང་ཞུས་དོན་གནད་ཁག་ཐག་གཅོད་གནང་མ་ཐུབ་ཚེ་མི་རྣམས་ཀྱི་ཐོབ་ཐང་རྩོད་རྒྱུ་ལས་གཞན་གལ་ཆེ་བའི་གནས་ཚུལ་རྣམས་མི་ཤེས་པར་བརྟེན་ནས་ཕོངས་པ་ཤིན་ཏུ་མང་བས་རེ་འབོད་དེ་སྒྲོགས་དགོས་ཐལ་ལོ།
སྤྱིར་དམངས་གཙོའི་ལམ་ལུགས་ལྟར་ན་འགྲོ་མིའི་ཐོབ་ཐང་རིགས་གང་རུང་ལ་ཐོབ་ཐང་དགོས་མིན་མི་དམངས་ཀྱི་ངོས་ནས་རྩོད་ལེན་དགོས་པ་ཞིག་རེད། དཔེར་ན་རྒྱལ་ཁབ་གང་ལ་བུད་མེད་ལ་ཐོབ་ཐང་མེད་ན་བུད་མེད་ཀྱི་རྩོད་ལེན། བྱིས་པ་ལ་ཐོབ་ཐང་མེད་ན་བྱིས་པའི་དྲང་ཕྱོགས་ལ་ལངས་རིགས་ཀྱིས་བྱིས་པའི་ཐོང་ཐང་རྩོད་ལེན་སོགས་ཅི་རིགས་བྱུང་དང་འབྱུང་བཞིན་པ་དངོས་ཡོད་ཡིན་དང་། དེ་དག་མཐར་ཐུག་གི་འབྲས་བུ་སྨིན་ས་ངོ་མ་དེ་ཁྲིམས་བཟོ་སྡེ་ཚན་ལ་རག་ལས་པ་ལས་གཞན་གཞུང་སྒེར་གང་རུང་ལ་ཐོབ་ཐང་སྤྲོད་རྒྱུའི་དབང་ཆ་ཡོད་པ་མ་རེད། ཇོ་ནང་པས་ཐོབ་ཐང་རྩོད་ལེན་དེར་གཞིག་ན་ཇོ་ནང་པའི་ལྷ་སྡེ་ཡོངས་ལ་དམངས་གཙོ་ཡི་གོ་རྟོགས་ཡོད་པས་རྟགས་མཚན་ཞིག་རེད་ལ། གནད་དོན་དེར་ཁྲིམས་ཐོག་ནས་རྒྱབ་སྐྱོར་དགོས་མིན་གྲོས་ཚོགས་ཀྱི་དབང་ཆ་ཡིན་པ་ལས། སྐུ་སྒེར་ལ་ཁྲིམས་ལག་བསྟར་བྱེད་པ་ལས་ཁྲིམས་འགལ་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད། ཡིན་ན་སྒེར་གྱི་ཚོགས་པ་མི་སྒེར་གྱི་ངོས་རྒྱབ་སྐྱོར་བྱེད་འོས་འདོད་ན་བྱེད་ཆོག་གི་རེད་འདོད་ཀྱིན།
འགྱུར་མེད་བསྟན་འཛིན་མིང་ཅན་འདིས་རྒྱ་མི་གུང་བྲན་གྱིས་དུས་རྒྱུན་དུ་བེད་སྤྱོད་བྱེད་པའི་ཚིག་དཔེར་ན་གྲྭ་ཆས་གྱོན་པའི་སྤྱང་ཀི་ཟེར་བ་དང་། སངས་རྒྱས་དང་བྱ་ཆུབ་སེམས་པའི་སྐུ་སྐྱེའི་མིང་ཁུར་མཁན་མང་པོ་ཞིག་གིས་ནག་ཆང་བག་མེད་ལོངས་སྤྱོད་ཅིང། ཟེར་བ་སོགས་བཤད་ནས་བོད་ཀྱི་བླ་སྤྲུལ་དང་དགེ་འདུན་པའི་ཐོག་བསྐུར་འདེབས་མང་དག་ཞིག་བྱེད་འདུག་པ་ནི། བོད་ཀྱི་གཏམ་དཔེར། རང་སྐྱོན་རི་འདྲ་བཞག་ནས།། གཞན་སྐྱོན་ཁབ་ཀྱིས་བཙལ་ཟེར་བ་དང་གཉིས་སུ་མ་མཆིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་སྐྱེའི་མིང་ཁུར་མཁན་མང་པོ་ཞིག་གིས་བོད་ཀྱི་ཆོས་དང་རིག་གཞུང་། བསྟན་སྲིད་བཅས་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པ་རྒྱལ་རབས་ལོ་རྒྱུས་སོགས་སུ་ཀུན་ལ་ཡོངས་གྲགས་ལྟ་བུ་རེད། བོད་ཀྱི་མི་མང་སྤྱི་ཡོངས་ནས་བོད་ཀྱི་བླ་སྤྲུལ་དགེ་འདུན་སྤྱི་ཡོངས་ལ་དད་གུས་བླ་མེད་ཞུ་བཞིན་པ་ཡང་རྒྱུ་མཚན་དེ་ཡིན། དེ་མིན་རྒྱལ་ཁབ་གཞན་ལྟར་གོང་རིམ་ལ་གོ་རྒོལ་སོགས་བྱེད་ངེས། འོན་ཀྱང་ད་བར་བོད་ལ་དེ་འདྲ་བྱུང་མེད་པ་དེ་ལ་བསམ་བློ་རེ་གཏོང་དགོས། བླ་སྤྲུལ་དང་དགེ་འདུན་པ་ཁྲི་ཕྲག་ཡོད་ས་ནས་ཞབས་འདྲེན་བྱེད་མཁན་རེ་ཟུང་ཡོང་རྒྱུ་ཡོད་པ་ཆོས་ཉིད་ལྟ་བུ་རེད། དེ་ལ་ཧ་ལས་ཧོན་འཐོར་མི་དགོས། སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་ཡང་ཞབས་འདྲེན་བྱེད་མཁན་རེ་ཟུང་ཡོད་པ་འདུལ་བའི་གླིང་གཞི་སོགས་ན་ཤིན་ཏུ་གསལ། སྤྱི་ཡོངས་ནས་མ་བསམ་པར་རང་གི་མདུན་གྱི་དམར་པོ་གྱོན་མཁན་གྱིས་ཞབས་འདྲེན་བྱས་པ་རྒྱུ་མཚན་དུ་བྱེད་ནས་དམར་པོ་གྱོན་ཚད་ཚང་མ་ལ་སྡང་ཟུག་བྱེད་པ་ནི་རང་གི་ཀླད་པ་སྟོང་པ་ཡིན་པ་དང་། སྨོན་ལམ་ལོག་པའི་སྡིག་ཅན་ཞིག་དང་། ཞི་པ་ནིའི་གླང་གོག་གི་སྐུ་སྐྱེ་ཡིན་པ་གསལ་སྟོན་བྱེད་པ་ཙམ་རེད། བོད་ཀྱི་རིག་གཞུང་ཞེས་འཛམ་གླིང་འདིའི་སྒང་མཚན་སྙན་ཉི་འོད་ལྟར་འབར་བཞིན་པ་འདི་ལོ་ངོ་སྟོང་ཕྲག་རིང་ཉར་ཚགས་བྱས་ནས་མི་ཉམས་རྒྱུན་འཛིན་བྱེད་མཁན་ནི་ཁྱེད་རང་གིས་སྐུར་བ་འདེབས་ས་བླ་སྤྲུལ་དགེ་འདུན་དེ་ཚོ་རེད།
དྲང་པོ་ཞུས་ན་བཀའ་བློན་རྣམས་བོད་ཡིག་ཀློག་ཤེས་མཁན་དཀོན་འདུག
དེབཞིན་སྐུ་བཅར་རྣམ་གྲྭ་དགེ་འདུན་པ་རྣམས་དང་ཕྲོམ་ཐོག་བླ་མ་བཅས་ལ་ཞུ་རྒྱུ་འདུལ་ཁྲིམས་ཤེས་ན་སྲུང་རོགས་གནང་། དེ་བཞིན་ཌོར་ལར་ལ་མགོ་འཁོར་ནས་མ་བཞུགས་རོགས་ལྷ་ཡིས་ཕྱག་མཚན་རྣམས་ཤེས་པ་གནང་རོགས་ ཁ་སྔོན་དུས་འཁོར་སྐུ་འདྲ་དེ་ལ་གཟིགས་དང་ སེམས་པ་སྐྱོ་བ་འདུག ཚང་མ་ཡིད་བཞིན་ནོར་བུ་ལ་ཁག་མ་དཀྲིས་རོགས། ཚང་མ་ཁོང་གིས་དཀའ་ཨེ་ཡིན་ནམ།
ཕན་བདེའི་འབྱུང་གནས་བསྟན་པ་དར་ཞིང་རྒྱས། །
བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་། །
ལུས་ཅན་ཀུན་ལ་བདེ་སྐྱིད་འབྱུང་བའི་གནས། །
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
བླ་ཆེན་འདི་ཚོ་ལོ་རྒྱུས་ཀྱི་འགན་ཁུར་ཡོད་པའི་གོ་རིམ་མ་སྒྲིག་པར་རང་སྣང་གར་ཤར་བྱས་ན་མ་འོངས་བློ་འགྱོད་དགོས་བའི་རྙོག་གླེང་ཡོང་ངེས་པས་ངེས་པས་དུ་གནས་ཚུལ་འདི་ལ་ཡིད་གཟབ་དགོས་བ་ཞིག་ཆགས་འདུག་སྐད་ཆ་འདི་ཕྱོགས་མང་པོ་ཞིག་ལ་ཉམས་ཞིབ་དང་རྒྱུས་ལོན་བྱས་ནས་བཤད་པ་པ་ལས་གཡམ་རྒྱུགས་བྱས་ནས་བཤད་མེད།ངའི་སྐད་ཆ་འདི་མི་གཅིག་གི་བསམ་ཚུལ་མ་ཡིན་པར་མི་ཁྲྲི་སྟོང་མང་པོས་བསམ་ཚུལ་ཡིན།
ཨོ་ད། ཁྱེད་ཚོས་ཚེ་མཆོག་གླིང་གི་སྤྲུལ་སྐུ་དང་། ཁོང་གི་ནག་མོ། དགོན་པ་བཅས་ཀྱི་སྐོར་ལ་དགོངས་པ་རེ་བཞེས་རན་ཡོད།
ཁོང་རྣམ་པ་མཇལ་སོང་། ཡིན་ན་ཡང་ང་ཧང་སང་མ་སོང་། ཁོང་རྣམ་པས་ང་ཆེ་ཁྱོད་ཆེས་སྟག་འགྱིང་གཡག་འགྱིང་འདྲ་ཞིག་གནང་ངེས་རེད། དེའི་བར་ནས་ཆོས་ལུགས་སྤྱི་འཐུས་མགོ་བདེ་ཞིག་གམ། དྲུང་ཡིག་མགོ་བདེ་ཞིག་གིས་རང་བསམ་གྱིས་གྲོས་ཆོད་ཡིག་ཆ་ཆ་ཚང་རང་འདོད་ལྟར་བྲིས་ཏེ། ཁོང་ཚོ་མགོ་སྐོར་བཏང་བཞག་ངེས་རེད། མཇུག་དེར་བོད་ཡིག་མི་ཤེས་པའི་ཆོས་བློན་པདྨ་ཆོས་འབྱོར་གྱིས་གྲོས་ཆོད་ཡིག་ཆ་རྫུན་མ་དེ་དག་བློ་སེང་གི་སར་ཁུར་འགྲོ་ངེས་རེད།
དགོན་སྡེ་འགའ་ཤས་ཀྱི་ཕྱག་མཛོད་ཚོས་ཀློག་ཏུ་གྲྭ་པ་རྒྱུགས་ཁྱི་འགའ་དངུལ་གྱིས་ཐབས་ཤེས་སྣ་ཚོགས་སྒོ་ནས་བསླུ་ཁྲིད་བྱས་ནས་གྲྭ་རྐྱང་ཚོའི་དཀོར་ནོར་འཕྲོག་བཞིན་པའི་གནས་སྟངས་འདི་བཏང་འཛིན་ཐུབ་པའི་ཆེད་དུ་གྲོས་ཆོད་ཅིག་ངེས་པར་འཇོག་གལ་མཐོང་།
སྐུ་སྒེར་ཡིག་ཚང་གིས་མི་མངོན་པའི་འཆིང་ཐག་དག་བླ་ཆེན་མི་ཆེན་ཚོ་སྟག་སེང་ཁ་འཐབ་པའི་བར་ནས་བཀའ་ཁྲི་དང་བཀའ་བློན་སྤྱི་འཐུས་འདི་ཚོ་ནར་མ་སོན་པའི་བྱིན་ཞིག་གི་ནུས་ཤུགས་ཙམ་ལས་གང་ཡང་མེད།འདི་ཚོ་ལ་ཇོ་ནང་ལ་ཐོབ་ཐང་སྤྲད་པའི་དབང་ཆ་གང་ཡང་མེད།རྒྱལ་བ་ཇོ་ནང་པ་ལ་ཡང་ཆོས་ལུགས་ཀྱི་ཐོབ་ཐང་ལོས་དགོས།དེ་མ་ཚད་བོད་པ་ཁ་ཆེ་དང་བོད་པ་ཡེ་ཤུ་ལ་ཡང་ཐོབ་ཐང་གཅིག་མཚུང་དགོས་བ་རེད།དེ་ནི་སྐུ་སྒེར་ཡིག་ཚང་དང་བླ་ཆེན་མི་ཆེན་ཚོས་སྤྲད་དགོས་བ་ཞིག་ལས་གཞན་ཞུ་གཏུགས་བྱས་ན་གྲུབ་འབྲས་གཏན་ནས་ཡོད་པ་མ་རེད།དོན་ངོ་མར་སྐུ་སྒེར་ཡིག་ཚང་གིས་བཀའ་ཡིག་གཅིག་གནང་ན་དེ་མ་ཐག་ཏུ་ཇོ་ནང་ལ་ཐོབ་ཐང་རེག་ཚར་བ་རེད།གཞན་དེའི་དབང་ཆ་སུ་ལ་ཡང་ཡོད་པ་མ་རེད།
སངས་རྒྱས་དང་བྱ་ཆུབ་སེམས་པའི་སྐུ་སྐྱེའི་མིང་ཁུར་མཁན་མང་པོ་ཞིག་གིས་ནག་ཆང་བག་མེད་ལོངས་སྤྱོད་ཅིང།རྒྱུད་དང་དབང་ཡོད་ན་དམ་ཆོས་འདུལ་བ་ཟེར་བ་དེ་རྒྱངས་རིང་པོར་བཞགས་མཁན་གྱི་སྐུ་སྐྱེ་སྤུལ་སྐུ་དང་མཁན་བླ་དགེ་བཤེས་མང་པོ་ཞིག་གིས་བོད་ནང་བསྟན་ཆོས་ལུགས་ཀྱི་མིང་དང་མགོ་ཐུར་དུ་ཁྲིད་བཞིན་ཡོད་པས་གནས་ཚུལ་འདི་ཚོས་ངེས་པས་དུ་བགྲོ་བགྲོ་གླེང་དང་གྲོས་ཆོད་བཞགས་དགོས་བ་ཞིག་རེད།ད་དུང་རྒྱལ་ཁབ་ཕྱི་ནང་དུ་ཁྱི་བཞིན་འཁྱམ་ཉུལ་བྱེད་བཞིན་པའི་གྲྭ་ཆས་གྱོན་པའི་སྤྱང་ཀི་མང་པོ་ཞིག་ཉིན་མོ་ཞབས་བསྟན་གྱི་དངུལ་དེ་མཚན་མོ་གཞང་ཁང་ནང་དུ་ཞལ་འདེབས་བྱ་མཁན་ཉུང་ཉུང་གཏན་ནས་མ་རེད་འདི་ཚོ་རིགས་ལ་ཕྱིན་ཆད་གང་འདྲ་ཞིག་བྱ་མིན་ཆོས་བརྒྱུད་སོས་སོས་འགན་ཁུར་ནས་གང་འདྲ་བྱ་དགོས་མིན་ཐད་ལ་ཐག་གཅོད་དང་བགྲོ་གླེང་ངེས་པར་དུ་བྱ་དགོས།
ད་བག་ཆགས་ཞོག་བསྡད་རྒྱུ་དང་གསར་གཏོད་བྱེད་རྒྱུ་དང། གྲོས་ཆོད་བཞག་སྟེ་གྲུབ་འབྲས་ཐོན་རྒྱུ་ཅང་མེད་པ་རེད། ཚོགས་འདུ་མང་ཙམ་ཚོགས། གྲོས་འཆར་གྲོས་ཆོད་མང་ཙམ་བཞག། གཏམ་བཤད་རྫིག་ཙམ་རེ་བཤད། རྒྱ་ནག་གི་ངོ་གདོང་དུ་རྣམ་འགྱུར་འདྲ་བསྟན་ཙམ་བྱེད། དེ་མིན་ཅང་ལས་རྒྱུ་མེད་པ་རེད།
གྲོས་ཆོད་ལེགས་པོ་རེ་འཇོག་ཐུབ་ན་ཇོ་ནང་པ་ལ་ཆོས་རྒྱུད་སྤྱི་འཐུས་དང་བླ་ཆེན་གྱི་གོ་གནས་ཞིག་གནང་ཐུབ་ན་དཔེ་མི་སྲིད་པའི་གྲུབ་འབྲས་ཡིན། དེ་མིན་ཐག་ཆོད་གང་ཡང་མེད་པར་ཇོ་ནང་གི་སྐོར་ལ་གླེང་ཙམ་རེ་བྱེད་པ་ནི་ས་ཇོ་གཉིས་འཁྲུགས་བྱེད་རང་རེད། ངས་ནི་ཇོ་ནང་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་ཚོགས་འདི་འདིར་ཁག་སེ་རེད།
གོང་མ་རིན་པོ་ཆེ་ཕེབས་དབུ་བླར་བཞུགས། གུས་བཀུར་བཟོ་འདྲ་བྱེད་ཁུལ་བྱེད། དེ་ནས་ཉིན་མ་འཁྱོལ་ཚར་པ་རེད། ཡང་ཚོགས་འདུ་གཞན་ཞིག་ཏུ་གྲོས་འཆར་འདྲ་སྟོན་དེ་འདྲ་རང་བྱེད་དེ་འགྲོ་རྒྱུ་རེད་དོ།
ཨོ་ཡ་་་་་་ལྷ་མོ་སྐྱབས་ལགས་་་་ཁྱོད་འཇིགས་་་་ཟེར་བ་ངོ་མ་ཡིན་ནམ། བོད་ཀྱི་སྤྱི་ཚོགས་ནང་དུ་ཤ་འདྲེས་རུས་འདྲེས་ཡིན་པའི་སེར་མོ་བའི་སྡེ་འདི་ལ་ཁྱོད་འཇིགས། རེད་རེད། རང་རང་འཇིགས་ས་རེ་ཡོད་པར་བདེན་པ་རེད།
ང་ནི་སྔོན་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་ཟེར་མཁན་ཞིག་ཡིན་ལ་་་་དགོས་པ་དང་རྒྱུ་མཚན་ཡོད་ནས་ལབ་ཀྱི་ཡོད། དེ་རིང་ཡང་འདི་ནས་ཇོ་ནང་པ་དང་ཁ་ཆེ། ཡེ་ཤུ། དགེ་མ། སོགས་སུ་ཆོས་ལུགས་ཀྱི་སྤྱི་འཐུས་ཡོང་ཆོག་པའི་ཐོབ་ཐང་སྤྲོད་དགོས་ཀྱི་ཡོད་ཞེས་ཞུ་རྒྱུ་ཡིན།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ནང་དུ་ཡང་ཆོས་ལུགས་ཀྱི་དབྱེ་འབྱེད་བྱེད་མི་ཆོག་ཞེས་བཀོད་ཡོད་པ་རེད། གཅིག་རེད། གཉིས་ནས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་དུ་འགན་ཁུར་མཁན་ཉུང་དྲག་འདུག་བསམ་ནས་སེམས་འཁྲུལ་བྱས་བསྡད་པ་མ་གཏོགས་་སྤྱི་དོན་འགན་ཁུར་མཁན་མང་དྲག་པ་དང་སྤྱི་འཐུས་མང་དྲག་འདུག་བསམ་མྱངས་མེད།
གོང་གི་ཆོས་རྒྱུད་དེ་དག་གིས་བོད་སྤྱི་པའི་སྤྱི་འཐུས་བྱེད་སའི་ཐོབ་ཐང་དགོས་གསུངས་ཀྱི་ཡོད་ན་ཡག་པོ་རེད་འདོད། བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ཚོ་ལ་གླ་ཕོག་ནི་ཆུང་ཆུང་མ་གཏོགས་མེད། སྤྱི་ཚོགས་ནང་དུ་མཐོང་ནི་མེད། དེ་འདྲ་བའི་ལས་ཀ་ཞིག་བྱེད་ཀྱི་ཡིན་ཟེར་མཁན་ཀ་ཚོད་མང་ནའང་དགའ་བསུ་ཞུ་ན་དགའ་གིན་མ་རེད་པས།
བོད་ཀྱི་སེར་མོ་བའི་སྤྱི་ཚོགས་དང་མི་སྐྱའི་སྤྱི་ཚོགས་གཉིས་ཁ་ཁར་ཕྱེས་ནས་མཉམ་ལས་མི་དགོས་པར་གངས་ཅན་པ་སྐྱོང་ཐུབ་པར་འདོད་ན་ནོར་འཁྲུལ་རེད་ལ་་་་་དངོས་ཡོད་སྤྱི་ཚོགས་མ་ཤེས་པའི་སྐྱོན་ཆེན་པོ་རེད།
ཆོས་ལུཊ་ཚོགས་ཆེན་ཐེངས་བཅུ་གཅིག་པ་མགོ་འཛུགས་གནང་བ་ཡག་པོ་འདུག་ཐུགས་རྗེས་ཆེ་ཞུ། འོན་ཀྱང་ཐེངས་འདིར་གྲོས་གཞི་ ༩ ཡོད་པ་དག་གིས་ནང་དོན་ཚན་བཞི་བ། གདན་སའི་བཤད་གྲྭ་ཁག་ཏུ་ཚན་རིག་གི་སློབ་ཁྲིད་གནས་སྟངས་ཟེར་བའི་བརྗོད་གཞི་འདིའི་ཐོག་བསམ་ཚུལ་ཞིག་དང་།མྱོང་ཚོར་ཞིག་བཤད་འོད་བྱུང་།གདན་ས་སེར་བྱེས་གྲྭ་ཚང་དུ་ཚན་རིག་འཛིན་གྲྭ་གསུམ་བཙུགས་ཡོད་ཀྱང་སྒྲིག་གཞི་མེད་པ་མ་ཟད་འཛིན་སྐྱོང་ཡང་ཁོངས་གང་དུ་གཏོག་མེད་པ། དམིགས་ཡུལ་༸གོང་ས་མཆོག་གི་བཀའ་འདྲི་བྱས་ཚེ་ལན་འདེབས་བྱེད་ཀྱི་གཞི་འཛིན་ས་ཞིག་ལས་མེད་པས་དོན་དངོས་ཐོག་རང་གི་རང་ལ་མགོ་སྐོར་རང་ལས་མེད་པ་གསལ་པོ་ཡིན། འདི་དང་འདི་འདྲ་བ་མང་བས་འབྲས་བཟང་རེ་ཡོངས་པའི་རེ་བ་ཡོད།
ཇོ་ནང་ཚང་གི་དོན་དག་ད་ཐེངས་ཆོས་ཚོགས་ཐོག་ནས་ཐག་གཅོད་བྱས་ན་ཡག་གི དེ་མིན་ཁོང་ཚང་གིས་ལས་འགུལ་སྤེལ་སྲིད་པ་རེད། བསྟན་འཛིན་བློ་གསལ་ལགས་ཀྱིས་ཡག་པོ་གསུང་འདུག དྲང་མོ་རེད། བདེན་པ་རེད། རྒྱབ་སྐྱོར་ཡོད། ཁྱེད་ཚང་གིས་ལས་འགུལ་སྤེལ་མི་དགོས་པའི་རེ་བ་ཡོད།ཆོས་ལུགས་ཚོགས་ཆེན་ཐོག་ཇོ་ནང་ཚང་ཞུགས་ཀྱི་མ་བཅུག་པ་མ་ཟད། ཐ་ན་ཟུར་ཉན་དུ་ཡོང་མ་བཅུག་པ་དངོས་གནས་བློ་ཕམ་གྱི་གནས་རེད། ཆོས་རྒྱུད་ཁག་གི་བླ་ཆེན་ཁག་གིས་ད་ཐེངས་དྲང་མོ་ཞིག་གནང་རྒྱུའི་རེ་བ་དང་སྨོན་ལམ་ཡོད།
ཆོས་ཀྱི་ཁྲི་ལ་བརྗིད་པའི་བླ་སྤྲུལ་ཚོ། །ཆོས་ཀྱི་ཉམ་ལེན་རྣལ་མ་ལོས་མཁྱེན་པས། །ཆོས་ཀྱི་སྙིང་བོ་འཛིན་པའི་ཇོ་ནང་བར། །ཆོས་ཀྱི་ཆེ་བའི་གོ་འཕང་གནང་རོགས་མཁྱེན། །
འཁོར་ལོ་གསུམ་དང་རྒྱུད་རྒྱལ་དུས་འཁོར་གྱི། །བསྟན་ལ་བྱ་ར་ཅུང་ཙམ་བྱེད་འོས་པས། །ཇོ་ནང་བ་ལ་ཞབས་འདེགས་ཕྲན་ཙམ་གནོང་། །དུས་ཀྱི་འཁོར་ལོའི་ངེས་གསང་ནོམ་དུ་ལོང་། །
ཆོས་སྲིད་ཟུང་འབྲེལ་བྱེད་ལ་བློ་སྨོང་བ། །འགའ་རེས་མ་དག་ངན་ཇུས་བྱས་པ་ལ། །སྙིང་རྗེས་འཁྲོས་པའི་ཤེས་རབ་རལ་གྲི་ཡིས། །ནང་སོང་སྲོག་རྩ་ཆོད་ལ་ཐར་བར་འདྲེན། །
ད་ཡིན་ན་བོད་པ་ཚང་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་མི་ཆེན་དང་བླ་ཆེན་ཚོ་ཡིན་དུས་འུ་ཚང་གི་ཁ་ཆག་སྣ་རལ་ཏུ་སོང་བའི་མཐུན་སྒྲིལ་གྱི་ལམ་བུ་ཞིག་གསོ་དང་མདུན་སྐྱོད་ཀྱི་བདེ་དོན་ལ་ཐུགས་ཁུར་ཆེར་བཞེས་གནང་ན་མ་གཏོགས་དེ་མིན་ང་ཆེ་ཁོ་བཙན་གྱི་ནང་ཁུལ་ཁ་ཕོར་ཙམ་ལ་ང་རྫིག་ཁོ་རྫིག་གི་གཏམ་འཆལ་རེ་བཤད་ན་གཤམ་འོག་ལ་ཡོད་མཁན་གྱི་འབངས་མི་ཚོ་སེམས་ཤུགས་ཡིད་ཆེས་རྩ་ཡལ་དུ་འགྲོ་སྲིད་པས་སྤྱིར་ལ་ཕན་པའི་ཐུགས་བསམ་རེ་མ་བརྗེད་རོགས།
༡ཆོས་ལུགང་ཚོགས་ཆེན་འདི་ལ་བཟང་ཕྱོགས་ཀྱི་རེ་བ་གང་ཡང་མེད། གང་ཡིན་ཟེར་ན་ཚོགས་འདུ་བ་མང་ཆེ་བ་གསར་གཏོད་དང་འགྱུར་བ་ལ་ཞེན་སྣང་དང་སྐྲག་སྣང་སྐྱེས་མཁན་རྐྱང་ཡིན་པའི་ཕྱིར་རོ། ༢ ད་བཀའ་བློན་ཁྲི་པའི་གང་བཤད་ཀྱིད་ཡོད་པ་རེད་ཆོས་ལུགས་ཚོགས་འདུ་སར་ཆབ་སྲིད་ཀྱི་སྐད་ཆ་འདྲ་བོ་ཞེས་བཤད། གྲོས་ཚོགས་རྭ་བའི་ནང་ལ་ཆོས་ལུགས་ཀྱི་སྐད་ཆ་འདྲ་བོ་ཞེས་བཤད་ཀྱིད་འདུག།
སྟག་ཕྲུག་ལགས། དགོན་སྡེ་ཁག་གི་གྲྭ་བཙུན་གྱི་སྤུས་ཚད་ལོ་རེ་བཞིན་ཉམས་ཞན་དུ་འགྲོ་བཞིན་ཡོད་ཞེས་པ་དེའི་རྒྱུ་ཚན་གསལ་པོ་གནང་རོགས།
༸སྐྱབས་རྗེ་བསྟན་པའི་བདག་ཆེན་རྣམས་ལ་འདུད།
བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་པར་བསྔགས།
ཆོས་སྲིད་ལུགས་གཉིས་ཉི་ཟླའི་རྣ་ཆ་ཅན།
བཙན་བྱོལ་དམངས་གཙོའི་རི་དབང་བླ་ན་མཐོ།
ཆོས་ལུགས་དག་ནི་ཕན་པའི་སྨན་ལགས་ཀྱང།
སྙིགས་དུས་ཆོས་པ་མུན་པའི་གོས་ཅན་དག
སྲིད་ཀྱི་གྲོས་ལ་འཇུག་པའི་ངང་ཚུལ་འདི།
བསྟན་འགྲོའི་མཛེས་རྒྱན་ལགས་མིན་གཟིགས་པར་འཚལ།
བསྟན་པའི་སྙིང་བོ་འཚོལ་སྙེག་མི་བྱེད་པར།
ཆེ་གྲགས་དབང་ཐང་གཉེར་དུས་ཡིད་རེ་སྐྱོ།
ཆོས་བྱེད་རང་དབང་ཐོབ་ཐང་ངོ་མ་སྟེ།
གོ་མིང་བདག་རྐྱེན་རྩོད་པ་བསྟན་པའི་གེགས།
དཀར་ནག་ཚོན་མདངས་སོ་སོར་མཛེས།
གཅིག་ཏུ་བསྡེབས་ན་གཞན་དུ་འགྱུར།
དེ་བཞིན་ཆོས་སྲིད་ལུགས་གཉིས་ཀྱང།
འཛིན་སྐྱོང་ལོགས་སུ་དབྱེ་བར་རིགས།
ཤཱ་ཀྱ་ཐུབ་པས་རྒྱལ་སྲིད་བློས་བཏང་ནས།
ཆོས་ཀྱི་རྒྱལ་ས་ཞི་བའི་ནགས་སུ་བཅས།
རྗེས་འཇུག་རྣམ་པས་དེ་བཞིན་མི་ནུས་ཀྱང།
བསྟན་པ་སྲིད་ཀྱིས་བསླད་པ་མེད་པར་མཁྱེན།
བསྟན་ལ་དད་པའི་་བྱིས་པ་ཞིག
བསྟན་འགྲོའི་མགོན་པོ་གང་དག་མདུན།
སེམས་པ་དག་པས་ཞུ་བ་འདི།
ངང་གིས་ཐལ་ལ་གནང་བ་ཞིག
བླ་སྤྲུལ་མཁན་པོ་དང་འབྲེལ་ཡོད་ཚང་མར་གུས་ཕྱག་ཞུ།
བརྗོད་གཞི་དགུ་ཡོད་པའི་གཉིས་པ། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ཚོགས་ཆུང་ཟུར་འཛུགས་ཀྱིས་དགོན་སྡེ་ཁག་གི་སློབ་གཉེར་གོང་འཕེལ་ཡོང་ཐབས་ཀྱི་སྙན་ཐོའི་ནང་གི་དོན་ཚན་ཁག་ལག་ལེན་འཁེལ་ཡོད་མེད། དང་དྲུག་པ། རྒྱལ་སྤྱིའི་ནང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་མཁན་པོ་དང་། དགེ་བཤེས་སོགས་ཆོས་པའི་མཚན་གནས་འཛིན་མཁན་ཚོར་མཚན་དོན་མཚུངས་མིན་གླེང་སློང་སྣ་ཚོགས་ཡོང་གི་ཡོད་པའི་ཐད་གནང་ཕྱོགས་གང་ཡོད། ཅེས་པའི་གནད་དོན་འདི་གཉིས་ཤིན་ཏུ་གནད་འགག་ཆེན་པོ་རེད། ལྷག་པར་དུ་དོན་ཚན་དྲུག་པ་དང་འབྲེལ་ནས་དགོན་སྡེ་ཁག་གི་གྲྭ་བཙུན་གྱི་སྤུས་ཚད་ལོ་རེ་བཞིན་ཉམས་ཞན་དུ་འགྲོ་བཞིན་པ་འདིའི་རྐྱེན་རྩ་གང་ལ་ཐུག་ཡོད་མེད་ཞིབ་འཇུག་ཐེལ་ཕྱིན་པ་ཞིག་གནང་ནས་ངེས་པར་དུ་དག་ཐེར་དུ་གཏོང་རྒྱུ་ཁ་རྩ་སྒོར་གཏུགས་སུ་གྱུར་ཡོད་པ་ཁྱེད་རྣམས་ཀྱི་ཐུགས་ནས་མ་འདོར་རོགས།
བསླབ་གསུམ་ཡོན་ཏན་ནོར་གྱི་རབ་མཛེས་ཞིང་
འཆད་རྩོད་རྩོམ་པའི་ཅང་ཤེས་ལ་ཞོན་ནས
མདོ་སྔགས་གཞུང་ཆེན་ཡངས་པའི་ཐང་ཆེན་ལ
རྟག་ཏུ་རྒྱུགས་མཛད་བླ་མ་རྣམས་ལ་འདུད