མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་འདི་གཉིས་ངར་༧པཎ་ཆེན་རིན་པོ་ཆེ་དྲན་དུ་བཅུག་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

ཕོ་རོག་དཀར་པོ་ཆགས་ན་སྔོན་ཐོན་པ་ཞེས་འཕྱ་སྟངས་ཤིག་གངས་ཅན་སྐྱིད་གཞོངས་ན་དར་ནས་བསྡད་ཡོད་ཁར། ད་ཐེངས་ཁ་བཙུམས་ནས་མ་བསྡད་པ་ཨམ་གཤིས་སུ་བསྒྲགས་ནས་འཕྱ་སྨོད་ཀྱང་བྱེད་སྲིད་མོད། བསམ་བློ་ག་ལེར་བཏང་དུས། དངོས་གནས་ཤ་མཆིན་པའི་སྟེང་འོག་བརྗེས་པ་ཟེར་བའི་སེམས་པ་སྐྱོ་ཕྱོགས་དེ་དབང་མེད་དུ་ཡ་ཆུང་ལ་མ་ཤོང་བར་ཁ་ནས་ཤོར་འགྲོ་བ་ཞིག་ནི་ཆགས་སོང་།

དེ་ཡང་༧པཎ་ཆེན་རིན་པོ་ཆེས་དབུ་ཁྲིད་པའི་གཞིས་ལུས་མི་མང་ལོ་ངོ་ ༥༠ ལྷག་གི་རིང་ལ་མགོན་དཔུང་དབུ་ཁྲིད་གཞུང་དང་བཅས་པ་བྲལ་རྗེས། གཞན་གྱི་གནོན་བཙུར་དྲག་ཤུགས་འོག་སྟབས་བསྟུན་གྱིས་ཉི་མཚན་རྩིས་ན་མི་འགྲོ་བའི་ངང་མི་ཚེ་བསྐྱལ་དགོས་བྱུང་ཡང་། བོད་ཀྱི་རིག་གནས་སྐད་ཡིག་དང་བཅས་པ་མུན་ནག་གི་མཁའ་ལ་སྐར་མ་བཞིན་བྲིས་ནས། བོད་ཀྱི་འཆི་གསོན་ལ་བླ་ན་མེད་པའི་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ་ཡིན། ངས་ད་ལྟ་ཡི་གེ་འདི་འབྲི་བཞིན་པའི་སྐབས་སུའང་། བོད་ནང་དུ་སྐུ་གཞོགས་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱིས་རང་གི་ཚེ་སྲོག་མེ་ལ་སྲེག་དང་སྲེག་བཞིན་པའི་སྒང་རེད། ཁོང་ཚོའི་ན་ཟུག་དང་གཏོང་ཕོད་ཀྱིས་ངས་ཡང་ཡང་༧པཎ་ཆེན་རིན་པོ་དྲན་ལ། པཎ་ཆེན་རིན་པོ་ཆེས་ཚེ་སྲོག་བློས་བཏང་གི་དཀའ་སྤྱད་ཀྱིས་ཁོང་ཚོ་རྣམས་ཀྱིས་བོད་དང་བོད་ཀྱི་དྲི་མ་དངོས་གནས་དེ་རྟོགས་ཡོད་ལ། བོད་དྲི་ཡོད་པའི་བོད་ཀྱི་མདུན་ལམ་གྱི་ཆེད་དུ་རང་གི་ཚེ་སྲོག་ནི་མེ་སྒྲོན་ཆོག་ཆོག་གི་མར་མེ་ཅིག་དང་གཉིས་མེད་བསྒོམས་བཞིན་ཡོད།

ཡིན་ནའང་། རང་ཅག་བཙན་བྱོལ་བ་རྣམས་ལ་ད་ལོ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་དབུ་ཁྲིད་ཁག་ཅིག་བྱུང་སོང་བ་སྟེ། ཕ་སྐད་བོད་ཡིག་ཀློག་འདོན་ཙམ་ཡང་མི་འཁྱོང་མཁན་གཅིག་མིན་གཉིས་སུ་བྱུང་དང་འབྱུང་བཞིན་པ་རེད། ང་ལ་གྲོགས་བོན་རྒྱས་བོད་ནང་སྐུ་གཞོགས་རྣམ་གཉིས་ཀྱིས་རང་སྲོག་བློས་བཏང་བའི་བརྡ་འབྱོར་སྐབས། ངས་བཀའ་ཁྲི་མཆོག་དང་ཕྱི་དྲིལ་བཀའ་བློན་གྱི་ལས་སྡོམ་སྙན་སྒྲོན་ལ་ཉན་བསྡད་ཡོད། ང་སེམས་སྐྱོ་ནས་ཟུག་འདར་ལངས་ནས་སྡོད་པའི་སྐབས་དེ་ཤེད་དུ་སྐུ་གཞོགས་རྣམ་གཉིས་ཀྱིས་ང་ཡང་བསྐྱར་པཎ་ཆེན་རིན་པོ་ཆེ་དྲན་དུ་བཅུག་སོང་།  ང་ལ་ཞེད་སྣང་དང་དངངས་སྐྲག་ལངས་སོང་། སྐུ་གཞོགས་རྣམ་གཉིས་གཙོ་བོར་གྱུར་བའི་ཁོང་ཚོ་སེམས་བསམ་པའི་དཀྱིལ་ནས་སྙིང་རྗེ་སོང་།

འབྲི་ཀློག་གལ་ཆེན་མ་རེད། དོན་དག་གལ་ཆེན་རེད་ཅེས་ཅིག་ཤེས་མདོག་མདོག་བྱེད་མཁན་དག་གིས་སྨྲ་སྲིད་ཀྱང་། བཙན་བྱོལ་ནས་ལོ་རྒན་ལྔ་བཅུ་ཕར་ལ་གཡུགས་ནས་དྲུག་ཅུའི་ཁའང་བཀང་ལ་ཉེ་ནས་འགྲོ་དུས། བཙན་བྱོལ་སྒྲིག་འཛུགས་ནང་བོད་ཡིག་བོད་སྐད་མི་དགོས་པའི་ཚད་རིམ་ཐ་ན་དབུ་ཁྲིད་རིམ་པའི་སྟེང་དུ་བསླེབས་སོང་། ༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་སྲིད་དབང་རྩིས་སྤྲོད་གནང་ཚར་བ་དང་། བོད་ཡིག་འབྲི་ཀློག་ཙམ་ཡང་མི་འཁྱོང་བས་བཀའ་བློན་འདི་གཉིས་ཀྱིས་གྲོས་ཚོགས་སུ་ཀློག་སྟངས་ཆ་མ་ཆག་ཅིག་བཏོན་པ་ན། བཤད་ཡ་གང་ཡང་མེད་པར། ཐོལ་ཐོལ་ལ་སེམས་པ་སྐྱོ་ཞིང་། སྐད་ཡིག་གལ་ཆེན་ཡིན་པའི་རིགས་པའི་གཞུང་ལུགས་དག་གི་གལ་གནད་བསྐྱར་ཟློས་བྱེད་འདོད་ཀྱང་མི་འདུག་ལ། ཞལ་རས་འཛུམ་ཞིང་ལག་གཉིས་ཐལ་མོ་སྦྱོར་བའི་བོད་ཀྱི་སློང་མོ་བ་གྲགས་ཅན་སྐྱབས་མགོན་༧ཏཱ་ལའི་བླ་མ་མཆོག་གི་རེ་བཞག་ཀྱང་ས་ལ་བསྲེས་བཞིན་པ་ཚོར་ཞིང་། ཞིང་གཤེགས་བཀའ་དྲིན་ཟླ་མེད་༧ཚོང་པ་རྒྱག་པ་གང་དེ་ཉིད་དེ་བས་ཀྱང་དྲན་པས་མནར་འགྲོ་བ་ཞིག་བྱུང་།

ད་ནི་བསམ་བློ་གང་བཏང་དང་བསམ་ཚུལ་གང་ཞུས་ཀྱང་། བོད་སྐད་ཡིག་གི་ཚེ་སྲོག་རྨང་ནས་འགྱེལ་བཞིན་འགྱེལ་བཞིན་འགྲོ་དུས། བོད་ཀྱི་ལས་བྱེད་ནས་དབུ་ཁྲིད་རིམ་པའི་ནང་བོད་ཀྱི་སྐད་ཡིག་མི་དགོས་པའི་གནས་སྟངས་ཇེ་གསལ་ཇེ་གསལ་འགྲོ་བཞིན་པའི་སྐབས་སུ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བསྐྱངས་པའི་བོད་སྐད་ཡིག་གི་ལྗིད་ཚད་ཀྱང་རྒྱ་མར་འཇོག་རིན་ཡང་ཡོད་པ་འདྲ་ཞིག་མཐོང་ལ། གལ་སྲིད་མི་རིགས་འདིའི་སྐད་ཡིག་འདི་ལྟར་ཉམས་སོང་དུས། འདིའི་ནག་ཉེས་རྒྱ་ནག་གཞུང་གཅིག་པུ་ཡེ་ནས་མིན་པའང་གསལ་ཞིང་གསལ་བོར་ཤེས་ཀྱི་འདུག འོན་ཀྱང་བོད་སྐད་ཡིག་གི་སྲོག་རྩ་བཙན་བྱོལ་ལ་ཐུག་ཡོད་མེད་ཀྱང་ད་ལྟ་ཤེས་ཚོད་དཀའ་བ་འདྲ་ཞིག་ཏུ་ཚོར།

༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེའི་དགོངས་གཞི་ལྟར་མ་སོང་བར། བོད་སྐད་ཡིག་གི་ཆེད་དུ་བོད་མི་ནང་ཁུལ་ལ་ལྟ་ཚུལ་འབྱུང་བཞིན་པའི་སྐབས་སུ། གཅིག་བྱས་ན་བོད་མི་རིགས་ལ་ཞེན་ཁོག་བྱེད་སྟངས་ཀྱི་ཆ་ནས་བོད་ཕྱི་ནང་གཉིས་ཀྱི་བར་ལ་རིང་ཐུང་ངེས་ཅན་ཞིག་ཤོར་སྲིད་ལ། དེས་༧གང་གིས་བྱས་པ་མཐའ་དག་ཀྱང་ནག་བསུབ་མི་གཏོང་བའི་ངེས་པ་མེད་པས་ན། ལར་ནས་བཀའ་བློན་དག་གི་འོས་ཆོས་སུ་བོད་པའི་སྐད་ཡིག་ལ་རང་ཚུགས་ཐུབ་པ་ཟེར་བའི་ཆ་རྐྱེན་ཞིག་བཀོད་ཐུབ་པ་ཡིན་ན་ཉི་མ་དེ་རིང་གི་གནས་ཚུལ་འདི་འདྲ་འབྱུང་མི་སྲིད་པ་རེད་ལ། བོད་ནས་གཅིག་གི་གཅིག་འཕྲོར་རང་སྲོག་མེ་ལ་སྦར་དུས། འདི་ནས་དབུ་ཁྲིད་ཚོས་བོད་ཡིག་ཀློག་མ་ཤེས་པར་བསྡད་ན་དངོས་གནས་པཎ་ཆེན་བླ་མ་ལྟ་བུའི་བོད་སྐད་ཡིག་གི་ཀ་ཆེན་ཚོ་དྲན་པ་ཞིག་རེད་ལ། གཟིམ་ཆུང་སྦུག་ན་ཐམས་ཅད་ལག་མཐིལ་གྱི་རི་མོ་བཞིན་གཟིགས་དང་གཟིགས་བཞིན་པའི་༧གོང་ས་མཆོག་དེའང་། པཎ་ཆེན་རིན་པོ་ཆེ་ལྟར་གངས་སྐྱིད་ལས་ཁུངས་དག་ཏུ་སྐུ་རླུང་ལངས་ནས་རྡུང་གི་མི་ཕེབས་ཀྱང་། ཐུགས་བསམ་ང་ཚོ་བོད་ཡིག་ལ་དགའ་མཁན་ཚོ་ལྟར་སྐྱོ་ནས་བཞུགས་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད།

གཞན་ཡང་སྐད་ཆ་འདི་ཙམ་གྱིས་ཁོ་བོ་དེ་ནས་དེ་རུ་སྤྱུགས་ཀྱི་ཡིན་ཞེས་དབང་ཆེན་པོ་ཁྲེད་ཀྱིས་ཚད་རུང་། རྩ་དོན་བརླག་པའི་མི་སྨྲའི་རྟུལ་ཞུགས་དེར་རྟག་ཏུ་འགྲོ་ཐུབ་པ་ཞིག་རེད་མི་འདུག་གོ།

 

གནད་དོན་གཉིས་ཁ་སྦྱར་ནས་ཐོན་པས་ཤར་མར་སྦྱར།

༢༠༡༡། ༩།  ༢༦།

འབྲེལ་ཡོད་གསར་འགྱུར།

Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

སྐར་མ ༡༧ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣

མཆན། 60

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    འབྱུང་འགྱུར་བསུ་བའི་རེ་བ་མག་མོག་དེས།།
    སྦོམ་བཤད་གཏམ་གྱི་དང་ག་འགག་འགྲོ་བས།།
    དགྲ་མེད་ཐང་གི་གླེན་པའི་ཀི་རིང་དེ།།
    གཡུལ་ལས་རྒྱལ་བའི་དཔའ་སྐད་ཡིན་ཚོད་མེད།།

    འོལ་ཚོད་གཏམ་དང་ཚོར་བའི་གཤོག་ཟུང་ཅན།།
    སྐད་ཅིག་མཐོན་པོའི་ཁྲི་ལ་སླེབས་པ་ན།།
    སྒམ་བརླིང་སྲ་བརྟན་སྲོང་བཙན་སྒམ་པོའི་དྲི།།
    ཅུང་ཙམ་ཡོད་པ་འཁྲིས་ནས་མ་མཐོང་བས།།

    ལུང་པའི་བྲག་ཆ་འབྲུག་སྒྲ་མིན་པར་རྟོགས།།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟའི་གཤོག་འགྱུར་རེ་རེ་ན།
    དུངས་ཞེན་ཟབ་མོའི་སྐྱོ་སྣང་ལྗིད་ཏིག་ཏིག
    ཕྱིར་དྲན་སྨོན་པའི་རྨི་ལམ་ལྗང་ཐིང་ཐིང།
    འབྱུང་འགྱུར་བསུ་བའི་རེ་སྐུལ་གྲང་ཤུར་ཤུར།

    བྱ་རྒྱལ་ཁུ་བྱུག་གསུང་སྐད་འདའ་ར་ར།
    སྨྲ་མཁན་ནེ་ཙོའི་མཆུ་ཏོ་སྒུ་རུ་རུ།
    ཁྭ་ཏ་ནག་པོའི་ཨག་སྐད་ཆ་ལ་ལ།
    མགོན་པོའི་ལྷ་བྱའི་གྲོག་སྐད་གང་ན་མཆིས

    Reply
  3. འཇིག་རྟེན་ says:
    ལོ་ 14 སྔོན།

    གྲོགས་པོ་ཤེས་རབ་དེ་འདྲ་མ་གསུང་བོད་ཀྱི་སྐད་དང་ཡི་གེ་བོད་ཀ་ྱི་རྩ་དོན་ཡིན་ད་ཡིན་འོན་ཀྱང་ངས་གན་སྟངས་དེ་མ་ཤེས་བ་མ་ཟད་ད་རོང་བཀའ་བློན་སོགས་ཀྱིས་ཀྱང་མཁྱེན་གྱིན་ཡོད་དམ་གལ་སྲིད་མེད་ན་མི་འདུག་ཞེས་ནས་སྐོྱན་འཛུག་བྱེད་པ་ལས་རྒྱབ་སྐྱོལ་བྱེད་ན་དགའ་དྲང་མོ་ཡིན་འཇོན་མི་འཇོན་དང་ཇུས་གཏོགས་མི་གཏོགས་ཞིག་མ་རེད།

    Reply
  4. ཤེས་རབ། says:
    ལོ་ 14 སྔོན།

    འཇིག་རྟེན་འདི་ཡང་མྱི་མི་འཇོན་ཇུས་གཏོགས་ཚ་བོ་ཞིག་ཡིན་ཁོ་ཐག་རེད། བོད་སྐད་ཡིག་བོད་ཀྱི་རྩ་དོན་མིན་པའི་གནས་སྟངས་ཤིག་ཡོང་ཤེས་ཀྱི་རེད་དམ།

    Reply
  5. འཇིག་རྟེན་ says:
    ལོ་ 14 སྔོན།

    གྲོགས་པོ་ཁུག་རྟ་ལགས་ངས་ཁྱེད་ལ་འཇིགས་སྐུལ་བྱེད་པ་མིན་བརྒྱ་བཤད་སྟོང་བཤད་ཀྱང་ང་ཚོ་བཙན་བྱོལ་བ་ལ་ཁོ་མ་གཏོགས་ཀྱང་མི་འདུག་མོད་ཁྱེད་ཀྱིས་ཁོ་ལས་ལྷག་པ་ཞིག་རྙེད་ཡོད་ན་གྲོགས་པོ་ང་ལ་གསུགས་རོགས་མེད་ན་ད་ཁོ་ལ་རྒྱབ་སྐྱོལ་བྱེད་ན་ཡག་པོ་མ་རེད་དངོས་གནས་ཡིན་ངས་གཞན་པ་གྱང་མཐོང་མ་སོང།ཡིན་ན་ཡང་སྔོན་གྱི་བཀའ་བློན་དག་ཀྱང་འདྲེའི་ཡ་མཚན་པ་གཅིག་ཀྱང་མེད་ཟེར་ན་ཆོག་མོད།

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    འོ་རྒྱ་ནག་གི་མའོ་ཙེ་ཏུང་ནས་ད་ལྟའི་ཧུའུ་ཅིན་ཐོའི་བར་གྱིས་ཨིན་ཡིག་ཤེས་ཀྱི་ཡོད་པ་མ་རེད། ཁོང་ཚོས་སྐད་བསྒྱུར་ཁྲིད་གནང་གི་ཡོད་པ་རེད།

    དེ་བཞིན་སྐུ་ཞབས་ཨའོ་པ་མས་ཀྱང་རྒྱ་སྐད་ཤེས་ཀྱི་ཡོད་པ་མ་རེད། ཁོས་ཀྱང་སྐད་བསྒྱུར་ཁྲིད་ཀྱི་ཡོད་པ་རེད།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    དབུ་ཁྲིད་རྣམས་པ་མང་ན་ལོ་བཅུ་དང་ཉུང་ན་ལོ་ལྔ་རེད། ལོ་ཉུང་ཉུང་དེ་ཙམ་གྱིས་ལོ་སྟོང་ཕྲག་ཡོད་སྐད་ཡིག་སྣང་མེད་དུ་བཞག། ཇི་སྲིད་སེམས་ཅན་གནས་པ་དེ་སྲིད་དུ་གནས་དགོས་པའི་བོད་ཀྱི་སྐད་ཡིག་གི་རེ་བ་རྔུལ་ནག་ལ་བསམས་ན། སེམས་སྐྱོ་ནས་མི་ངུ་མཁན་སྲིད་ན་དཀོན་པོ་རེད།

    Reply
  8. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    འཇིག་རྟེན་ལགས་ཀྱིས་འཇིགས་སྐུལ་ཉེན་བརྡ་གང་ཡིན་མི་ཤེས་པ་ཞིག་བཏང་འདུག་སྟེ། འཇིགས་སྐུལ་གནོན་ཤུགས་སྤྲད་སྤྲད་ནས་ད་འུ་ཐུག་སོང་། ག་རེ་གནང་རྒྱུ་ཡོད་ན་གནང་རོགས།
    བོད་སྐད་ཡིག་བོད་ཀྱི་སྲོག་ཡིན། དབུ་མའི་ལམ་གྱི་སྒྲུབ་བྱའི་གཙོ་བོ་ཡིན། ༧རྒྱལ་པཎ་རྣམ་གཉིས་གཙོས་བོད་ཀྱི་དཔའ་བོ་དག་གིས་ཚེ་སྲོག་གིས་བསྐྲུན་པའི་རིན་ཆེན་ནོར་བུ་ཡིན། འདི་འུ་ཚོའི་དུས་རབས་འདིར་ཡལ་སོང་ན་ག་འདྲ་འདུག། འུ་ཚོའི་དུས་རབས་འདིའི་བོད་ཀྱི་དབུ་ཁྲིད་རིམ་པར་བོད་སྐད་བོད་ཡིག་མ་དགོས་པའི་ཚད་དུ་སླེབས་སོང་བ་འདི་ཡ་ང་ཞིང་ཡིད་སྐྱོ་བ་ཞིག་རེད།

    Reply
  9. འཇིག་རྟེན་ says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས་གནམ་འཕང་མ་སྐྱོད་མ་གཏོགས་དཀའ་ལས་ཁག་ཡོང་ཁུག་རྟ་རེད་མོད་བྱེ་དྲག་འཕུར་ཐུབ་གི་མ་རེད་སྒོ་ཁྱིམ་པར་ནས་འཕུར་སྐྱོད་བྱེད་ནས་སྐད་རྒྱབ་ན་སྐྱིད་པོ་ཡོ་བ་རེད།

    Reply
  10. འཇིག་རྟེན་ says:
    ལོ་ 14 སྔོན།

    ཁུག་རྟ་ལགས་ཁྱེད་ཀྱིས་བཤད་པ་བདེན་པ་རེད་་དཔེ་སྣང་བ་འགྲོ་སོང་ཡིན་ན་ཡང་ཁྱེད་ཀྱི་གཤིས་ལུགས་པ་གལ་ཆེ་ཞིང་གལ་སྲིད་རྒྱུ་རྐྱེན་གཞན་ཞིག་ཡོད་ན་དྲ་གྲོགས་དག་གི་ལག་པ་ན་བ་རིང་རེད་དེ་མིན་ན་ངས་ཡང་ཁྱེད་ལ་རྒྱབས་སྐྱོར་མཐའ་ཅིག་དུ་ཡོད་མ་གཞི་ང་ཡང་བཀའ་ཁྲི་མཆོག་གི་མཚན་ཐོག་ན་ཡོད་པའི་མཁས་དབང་ཞེས་བའི་ཚིག་འབྲི་གཉིས་པོ་མེད་ན་ཡག་པོ་རེད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese