དེ་རིང་སྔ་དྲོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་བྱུང་མ་ཐག བཞུགས་སྒར་ངྷ་རམ་ས་ལའི་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་བཅས་ཀྱིས་གདུང་སེམས་མཉམ་སྐྱེད་དང་། རྒྱ་གཞུང་ལ་ངོ་རྒོལ་བསྒྲགས་གཏམ་གྱི་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད།
བཀའ་ཤག་གི་གསལ་བསྒྲགས་ནང་། “ དེ་རིང་སྔ་དྲོ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་པར་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་ཧ་ཅང་བློ་ཕམ་བྱུང་། བཀའ་ཤག་གིས་དགེ་འདུན་པ་གཉིས་པོའི་ནང་མི་སྤུན་མཆེད་ཚོར་སེམས་གསོ་དང་སྨོན་ལམ་ཞུ་རྒྱུ་ཡིན། ཉེ་ལམ་བོད་ནང་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་ལྟར་སྤེལ་བཞིན་པ་དེས་བོད་མི་ཚོ་དཀའ་ངལ་གྱི་གནས་སྟངས་ཇི་འདྲ་ཞིག་གི་འོག་ནས་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཐུབ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་བོད་མི་ཚོའི་དཀའ་ངལ་འཕྲལ་དུ་ཞི་བའི་ཐོག་ནས་སེལ་དགོས་པའི་རེ་འདུན་ཞུ་བཞིན་ཡོད ” ཅེས་སོགས་འཁོད་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་། “ རྒྱ་ནག་གཞུང་གིས་བོད་ནང་དྲང་བདེན་མིན་པའི་སྲིད་བྱུས་འཛིན་བཞིན་པ་དེའི་འོག་དགེ་འདུན་པ་མང་པོས་ངོ་རྒོལ་གནང་སྟེ་ཚེ་སྲོག་ཤོར་བཞིན་པའི་གནས་སྟངས་དེར་བློ་ ཕམ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ཅེས་ད་ལྟ་འཚོགས་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བརྗོད་རྒྱུ་ཡིན་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་དཔའ་བོ་དགེ་འདུན་པ་ཁོང་ལ་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཕྱོགས་མཚུང་རྨས་སྐྱོན་བྱུང་བའི་དགེ་འདུན་པ་ཁོང་མྱུར་དུ་དྲག་སྐྱེད་ཡོང་བའི་རེ་སྨོན་ཞུ་བཞིན་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་འཛིན་པ་ཚོར་བོད་ཀྱི་ས་ཁུལ་ཁྱོན་ཡོངས་སུ་འཛིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་བསྐྱར་དུ་བསམ་ཞིབ་བྱ་དགོས་པ་མ་ཟད། རྒྱལ་སྤྱིའི་ཚོགས་པ་ཁག་ནས་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་ཐེངས་འདིའི་དོན་རྐྱེན་དེའི་འགན་འཁྲི་རྒྱ་ནག་གཞུང་ལ་ཡོད་པ་ར་སྤྲོད་གནང་དགོས ” ཞེས་བཀོད་འདུག
རི་བོ་ཧི་མ་ལ་ཡའི་ཕར་ནང་ནས།།
ན་ཟུག་སེམས་ནས་འབར་བའི་གསར་འགྱུར་ཞིག
འཇིག་རྟེན་ཀུན་ཏུ་རླུང་གིས་ཁྱེར་བའི་ཚེ།།
ཁྲེལ་གཞུང་ངོ་ཚ་མེད་པའི་གཏམ་བརྒྱད་གཅིག
རྒྱལ་གར་མོན་གྱི་ཕྱོགས་ནས་འདི་རུ་འཕུར།
བཀའ་སྤྱི་གཉིས་ཀྱིས་འབོད་སྐུར་ཞུ་ཐུབ་པ་ཡག་པོ་བྱུང་ཤག་བོད་ནང་ནས་རང་གི་ཚེ་སྲོག་ཀྱང་གཏོང་ཐུབ་ཀྱི་འདུག།
ཐོ་རེངས་མིང་ཅན་འདི་ལ་ཡང་ནང་ཆོས་ཀྱི་དྲི་མ་ཙམ་མི་ཁ་བ་མ་ཟད་ལྷན་སྐྱེས་རྣམ་དཔྱོད་ཀྱི་བྲོ་བ་ཡང་ཁ་གི་མི་འདུག ང་ཚོའི་དཔའ་བོ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས་སོ་སོ་རང་ཉིད་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་ལས་རྒྱ་ནག་མི་དམངས་ས་ཡ་མང་པོར་ཆགས་སྡང་རྩ་བ་ཉིད་ནས་
གནང་གི་མེད་པ་མ་ཟད་ཁོང་ཚོར་ཆེད་ཉིན་རྟག་ཏུ་སྨོན་ལམ་བསྡོ་སྨོན་གནང་བཞིན་ཡོད། གལ་སྲིད་རྒྱ་ནག་མི་དམངས་ཐོག་འཁོན་འཛིན་དང་ཆགས་སྡངས་སོགས་བྱེད་ན་ཁ་ཆེ་ངོ་རྒོལ་བ་ཚོ་ནང་བཞིན་རང་ལུས་ལ་འགད་རྫས་མང་པོ་བཏགས་ནས་རྒྱ་མི་ས་ཡ་མང་པོའི་དཀྱིལ་ལ་སོང་ནས་འཐོར་ངེས་ཡིན། དེ་ནི་རང་ལུས་མེར་བསྲེག་བཏང་བ་ལས་བལྡབ་འགྱུར་ཆིག་སྟོང་གི་ལས་སླ་བ་རེད། འོན་ཀྱང་དེ་འདྲ་རྩ་བ་ནས་གནང་གི་མེད་པ་དེ་ལས་ཤེས་ནུས། བོད་ཀྱི་བསྟན་སྲིད་ཆེད་རང་སྲོག་བློས་བཏང་མཁན་ཚོས་བོད་རིགས་གཅིག་པོའི་ཆེད་མ་རེད། འཛམ་གླིང་མི་དམངས་ཚང་མས་ཆེད་རེད། དེ་ཡང་དེ་གཅིག་པོ་ཆེད་མ་རེད། ནམ་མཁའ་དང་མཉམ་པའི་མཐའ་ཡས་པའི་སེམས་ཅན་ཆེད་རེད། དེ་ཡིན་པ་ཡང་སོ་སོ་ལ་དེ་འདྲའི་ཀུན་སློང་མེད་ན་ཡང་བོད་ཀྱི་ཐེག་པ་ཆེན་པོའི་ནང་ཆོས་དང་
འབྲེལ་བ་ཆགས་པ་སོང་ཙང་རང་བཞིན་གྱིས་ཆགས་པ་ཞིག་རེད་དོ། ཁོ་རེ། མཚན་ཉིད་རིག་པའི་གཞུང་ལ་སློབ་སྦྱོང་གནང་ཚར་ན་ད་བཟོད་ཚིག་དེ་ཚོ་གོ་ཐུབ་ཀི་རེད།
ང་ཡི་བོད་སུ་ཞིག་གིས་མེ་མདའ་དང་ལྕག་སྒྲོག་དབར་ནས་ཤུལ་མེད་ལུས་མེད་བཟོ་མི་ཐུབ་པའི་དཔང་བོ་འདི་ནས་བྱས་སོང་། མེ་ལྕེ་འདི་དག་པོ་ཏྭ་ལའི་སྤྱི་གཙུག་ནས་འབར་ཏེ་གནམ་བདེ་སྒོ་མོ་ཆེའི་ནམ་མཁའ་སྦར་ཡོད། ང་ཡི་སེམས་ཀྱི་མེ་ལྕེ་འདི་དག་
བོད་གཞུང་གི་ངོས་ནས་ཕྱག་ལས་གང་ཞིག་གནང་ཡང་འགའ་རེས་དེ་ལ་དགག་པ་རྒྱག་ཅི་ཐུབ་བྱ་སྟངས་ལ་གཞིག་ན་དམར་ཤོག་པའི་འཐབ་ཕྱོགས་གཅིག་གྱུར་གྱི་དམིགས་ཡུལ་དང་ལྷ་སའི་ཉིན་རེའི་གསར་ཤོག་སྟེང་གི་ཚིག་དོན་འགའ་སྟེ་ཁ་བྲལ་རིང་ལུགས་པའི་ཚོགས་པ་རྩ་མེད་དུ་བཟོ་དགོས་ན་ངེས་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་དང་མཉམ་འབྲེལ་དགོས་ཅེས་པ་དེ་ཡིད་ལ་འཆར་ཡོང་གི
སྤྱིར་འཐེར་འདོན་ཅེས་པ་དེ་དགོས་ངེས་ཅིག་རེད་མོད། རང་དབང་ལུང་པ་རེད་སྨྲ་བརྗོད་རང་དབང་རེད་ཅེས་གནས་ལུགས་ཀྱི་ཕོངས་པའི་དཀྲོག་གཏམ་ཁོ་ན་ལ་གོམས་ན་བོད་པའི་སྤྱི་ཚོགས་ལ་གནོད་པ་ལས་ཕན་པ་ཏིལ་འབྲུ་ཙམ་ཡོད་པ་མཐོང་གི་མི་འདུག
བསམ་ཚོད་ལོངས་དང་མ་ལོང་མཚམས་ཀྱི་ལོ་ན་ཧ་ཅང་ཕྲ་བའི་གྲྭ་གཞོན་འདི་ཚོས་འདི་ལྟར་ལོ་རྒྱུས་ཀྱི་རི་མོ་བརྐོ་རུང་བའི་ལས་འགུལ་ཞིག་སྤེལ་ཡོང་དུས་སེམས་གཏིང་ན་འཚེར་ཤེད་ཅིག་གིས་མནན་ནས་སྡོད་ཚུགས་མི་འདུག
རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་འདི་ལྟར་བློས་བཏང་བྱས་པར་སྙིང་དབུས་ནས་རྗེས་དྲན་གུས་འདུད་ཞུ།
མི་རིགས་ལ་ཞེན་པའི་ན་གཞོན་འདི་ཚོས་ལས་འགུལ་འདི་བཞིན་དུས་ཚོད་སྐར་མ་འགའི་ནང་རྫོགས་ནས་འགྲོ་ན་ཇི་འདྲའི་ཡིད་ཕངས་པ་ཞིག་མ་ཡིན་ནམ།
ང་ཚོས་ང་མ། ངེས་པར་དུ་གྲྭ་གཞོན་འདི་ཚོར་མི་་རིགས་ལ་ཞེན་འཁུར། ཆབ་སྲིད་ཀྱི་གནོན་ཤུགས་བླང་སྟངས། ཕུགས་ཕེར་གྱི་རང་ཚུགས་གཟུང་སྟངས་ཡན་ནས་སློབ་གསོ་དུས་ཐོག་གནང་མ་ཐུབ་ན། གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་འདུག་པས།
མདོར་ན། ང་ཚོ་ཆབ་སྲིད་པའི་ལས་འགུལ་སྤེལ་སྟངས་ཀྱི་གོམ་ཁ་ཐམས་ཅད་འདི་ཕྱོགས་ཀྱི་སློབ་གསོ་ལ་ཞུགས་དགོས་པར་མཐོང་། ཛ་དྲག་ལ་ཛ་དྲག་ཏུ་བསམ་བློ་གཏོང་མ་ཐུབ་ན་རྫེས་ལུས་རང་མ་རེད་དམ།
ལྷག་པར་འབྲེལ་ཡོད་དགོན་པའི་བླ་གྲྭ་རྒན་གྲས་ནས་སློབ་གསོ་མི་འགྱང་དུས་ནས་དུས་སུ་གནང་གལ་འདུག་པས་སྐུ་མཁྱེན། ཕངས་ང་ལ་༌༌༌༌༌ཨང་། རྒྱལ་འགྱུར་ཅིག
བོད་མི་རིགས་ཀྱི་དཔའ་བོ་འདི་ཚོའི་སྙིང་སྟོབས་ལ་ཡིད་རངས་ཞུ།
རྡ་སའི་སྐུ་ངོ་ཚོས་ཡང་ཁྱབ་བསྒྲགས་རྫུན་མ་ཞིག་བྱས་པ་འདིས་ཡང་བསྐྱར་བོད་ནས་རྒྱལ་གཅེས་ལ་རྒྱ་ལ་ཚོས་ཚེ་སྲོག་གཅོད་པའི་མཐུན་རྐྱེན་ཆགས་ཀྱི་རེད།
ད་ལྟའི་བར་འདི་འདྲ་རྐྱང་རྐྱང་བྱས་ནས་དོན་རྐྱེན་འདི་ལྟར་བྱུང་བ་རེད།
བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་ལ་མི་ཚང་ཆེན་ཁག་ཁ་ཤས་ཀྱི་གནས་དོན་འགྲིག་མིན་དང་ཆུ་སྒང་གསར་རྙིང་གི་ས་འོག་གི་དར་ཐག་འཐེན་རིས་བྱེད་ནས་བསྡད་པ་ལས་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་དོན་སྙིང་ལྡན་པ་གང་ཡང་བྱེད་ཀྱིན་མི་འདུག བོད་ནང་ལ་གཟིགས་དང་།
ཀིརྟིའི་དགེ་འདུན་པ་གཉིས་ཀྱིས་སླར་ཡང་བོད་བསྟན་སྲིད་ཀྱི་བདེན་མཐའ་སེལ་ཕྱིར་རང་ལུས་མཆོད་མེར་སྒྲོན་པ་ནི། བསམ་ཡུལ་ལས་འདས་པའི་དོན་དག་ཅིག་རེད་ལ། སྐད་ཆ་འདིས་བོད་མི་མང་པོ་ཞིག་གི་སེམས་ཁམས་གྲང་ཤུར་ཤུར་བྱས་ཡོད་པ་སྨོས་མེད་རེད། འོན་ཀྱང་ས་མཐའ་ན་ཡོད་པའི་ང་ཚོས། ཁོང་གི་ཆེད་དུ་བྱེད་ཐུབ་པ་ནི་སླར་ཡང་དོན་ལྡན་གྱི་མི་ལུས་ཤིག་ཐོབ་སྟེ་བོད་ལྗོངས་རང་དབང་གཙང་མའི་དགའ་སྟོན་ལ་མཉམ་དུ་སྤྱོད་པའི་སྨོན་འདུན་ཞུ་རྒྱུ་ཙམ་མ་ཡིན་པར། མི་རེ་ངོ་ངེ་ནས་རྒྱལ་སྤྱི་དང་། རྒྱལ་ནང་། ཐ་ན་རང་ཉིད་ཐེ་བའི་སྤྱི་ཚོགས་གང་སར་བོད་ཀྱི་བདེན་པར་རྒྱབ་སྐྱོར་འཚོལ་རྒྱུ་དེ་མ་བརྗེད་པ་གྱིས་ཤིག་ཅེས་ཞུ་རྒྱུ་ལགས། མཐའ་དོན་བོད་ཀྱི་བདེན་པ་རྒྱལ་ལོ། །
དྲགས་པོས་མཚོན་བྱའི་སོ་ཁ་སྙིང་ལ་གཏད་ན་ཡང་།
ཞུམ་མེད་དཔའ་བོའི་རྒྱལ་གཅེས་བློ་སྟོབས་སྲིད་རྩེར་འགྲེངས།
རླབས་ཆེན་མི་རིགས་རིག་གཞུང་སྲིད་འདིར་གསོན་ཐབས་སུ།
སྲོག་གིས་མཆོད་པ་འབུལ་བའི་དཔའ་བོ་གང་དེར་རྒྱལ།
མིའུ་ཕྲུག་ལགས་ཁྱོད་ཁག་མེད་འདུག
བུ་ཆུང་ང་ཡང་་་་་་་་བཀའ་སྤྱི་གཉིས་ནས་བློ་ཕམ་ཡོད་་་་་་ཅེས་པའི་ཚིག་དེར་གོ་བ་ཡག་པོ་ཅིག་ལོན་མ་ཐུབ་ནས་འགྲེལ་བརྗོད་བྱས་མེད།
ད་བྱེད་དུས་ང་གཅིག་པོ་ཡིན་ས་མ་རེད། དེ་ཡིན་དུས་འགོ་བརྗོད་དེ་ལ་སྐྱོན་གཅིག་གཏན་གཏན་ཡོད་ས་རེད། ཡིན་ནའང་གོ་བ་འདི་ལྟར་བླངས་ཡིན། གྲྭ་བ་དེ་གཉིས་ཀྱིས་ལུས་སྲོག་བློས་བཏང་བྱས་པ་དེར་་་་་བཀའ་སྤྱི་གཉིས་བློ་ཕམ་ཆེན་པོ་བྱུང་ཞེས་པར་གོ་བཞིན་འདུག
འབོད་སྐད་ཞུས་པ་ཙམ་གྱིས་ཟམ་གདོང་བཀའ་ཤག་ལས་ཡག་པོ་ཡོད་པ་མཐོང་གི་འདུག ཡིན་ནའི། བཀའ་ཤག་དང་སྤྱི་ལྷན་གཉིས་ཀྱིས་མཉམ་དུ་གསལ་བསྒྲགས་སྤེལ་སྟངས་འདིས་གོ་བ་གཞན་པ་ཞིག་སྤྲད་ཡོང་གི་འདུག རྡ་རམ་ཤཱ་ལ་ན་སྲིད་གཞུང་གཉིས་ཡོད་པ་ལྟ་བུ་ཞིག་རེད། མ་གཞི་སྤྱི་ལྷན་ནས་བཀའ་ཤག་གིས་དོན་རྐྱེན་འདིའི་ཐད་ཇི་ལྟར་ལས་ཀ་གནང་དགོས་པའི་གྲོས་ཆོད་ཅིག་འཇོག་གལ་ཆེ་བ་ལས་འཛིན་སྐྱོང་གི་བྱེད་དགོས་པ་ཞིག་སྤྱི་ལྷན་གྱིས་གནང་བ་ཡིན་ན། ཁྲིམས་བཟོ་དང་ལག་བསྟར་མཉམ་སྤྱོད་ཆགས་ཡོད་པས། ཚང་མ་ལོས་དོ་སྣང་དང་དག་ཐེར་ཞུ་གལ་ཆེ་སྙམ།
ལྷག་བསམ་སྙིང་སྟོབས་འགྲན་ཟླ་བྲལ་བ་མི་རིགས་འདི་ཡི་གཟི་བྱིན་ཞིག
བཙན་གནོན་མནར་གཅོད་རྒྱུན་ཆད་མེད་པ་མི་རིགས་འདི་ཡི་སྐྱོ་གར་ཞིག
ད་ནི་རང་སྲོག་མཆོད་མེར་བསྒྲོན་པའི་དཔའ་བོའི་བརྟུལ་ཞུགས་མཚམས་འཇོག་གིས།
རྣམ་དཔྱོད་རིག་པའི་དཔལ་འབར་བསྒྲེངས་ནས་སྲོག་གི་རྡོ་རིང་གནམ་ལ་ཚུགས།
བཀུར་འོས་དྲ་གྲོགས་རྣམ་པ་ལགས། གནས་ཚུལ་འདི་ལ་བོད་མའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ནས་བློ་ཕམ་ཡོད་ཅེས་པའི་ཚིག་འདི་གོ་ཇི་ལྟར་ལེན་དགོས། བློ་ཕམ་ཞེས་པའི་ཚིག་འདི་དོན་ཐད་ཀར་གང་ཞིག་བསྟན་པ་འགྲེལ་བརྗོད་ཅིག་མཛད་རོགས། ངོ་མ་ཚིག་འདི་ངས་གོ་བ་མི་ལེན་དུ་ཡ།
རྒྱལ་གཅེས་དཔའ་བོ་གཉིས་ལ་སྙིང་དབུས་ནས་གུས་བརྩི་དང་རྗེས་དྲན་ཞུ་གིན་ཡོད། ད་ལྟ་གཏམ་མགོ་ཅི་ཞིག་ནས་གླེང་དགོས་མིན་མི་ཤེས།
འབོད་སྐུལ་ཞུས་པ་ཙམ་གྱིས་ག་ལ་འགྲིག ང་ཚོ་བོད་མི་ཚོས་་ངོས་ནས་ལས་འགུལ་རིམ་གྱིས་སྤེལ་དགོས་པ་ཧ་ཅང་གལ་ཆེན་ཡིན།