ཨ་འདུས་མིག་ཆུ། ས་རཱ།
སྤྱིར་བཏང་བཙན་བྱོལ་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་སྤྱི་འབངས་ཤིག་ཡིན་ཚེ། སྒྲིག་འཛུགས་དེའི་ལས་ཀྱི་སྣེ་མོར་གཏོགས་པའི་མཛད་གཙོ་རྣམ་པར་གུས་བཀུར་དང་། ལས་འགན་མཉམ་འདེགས་བྱེད་པའི་ཐད་ནས་ཅི་ནུས་གང་ཅིར་འབད་དགོས་པ་ནི་སྨྲོས་ཅི་ལ་དགོས་ཨང་། བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདིའི་གྲུ་ཟུར་གཡས་གཡོན་ན། རྩང་པ་ཁ་རུལ་བཞིན་ཡིབ་བསྡད་པའི་ལས་མེད་སྐབས་འཚོལ་བའི་སྲིད་དོན་པ་དག་ནི་དུས་ནམ་ཡང་བོད་ཕྱོགས་ལ་མ་གཏོགས་པའི་སྙིང་གཟེར་བྱེད་ཀྱི་མི་སྣ་ཆེ་གེ་མོ་རྐྱང་རྐྱང་རེད་ཨང་། དུས་ནམ་ཡང་འདི་དག་གི་སྨྱུག་ཁའི་མདའ་རྩེ་ན་ཡོད་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོར་གཏོགས་པའི་མཛད་གཙོ་རྣམ་པ་ཡིན་པ་ལས། བོད་ཀྱི་རླབས་ཆེ་བའི་ཚེ་སྲོག་དུམ་བུར་གཅོད་ལ་བྲེལ་ནས་ཡོད་པའི་རྒྱ་གཞུང་གི་མགོ་ཁྲིད་རྣམས་ཡིན་ག་ལ་སྲིད། གྱང་གི་བར་གསེང་ན་ཡིབ་བསྡད་པའི་རྩང་པ་ཁ་རལ་ནི་རང་ཁོ་ནའི་ལྟོ་ངན་དེའི་ཆེད་དུ་འཚོ་ནས་ཡོད་ལ། རང་ཉིད་ཀྱི་འདོད་དོན་དེ་མ་འགྲུབ་ཚེ་དགོས་མེད་ཀྱི་ཨག་སྐད་རེ་གྱེར་ནས་འདུག་པ་ནི། འབུ་དེ་ལ་དབང་བའི་ལྡོག་མེད་ཀྱི་རང་གཤིས་དེ་རེད།
འབུ་དེའི་རང་གཤིས་དང་ཁྱད་ཆོས་འབུར་གཟུགས་སུ་དོད་པའི་སྐབས་འཚོལ་བ་དག་ནི། བཙན་བྱོལ་སྤྱི་ཚོགས་འདིའི་གཡས་ཟུར་དང་གཡོན་ཟུར་ན་བསྡད་དེ། བོད་ཕྱི་ནང་གཉིས་ཀྱི་དབུ་ཁྲིད་དུ་བཀུར་ཆོག་པའི་མཛད་གཙོ་རྣམ་པར་ཉེས་མེད་ཀྱི་ཞྭ་མོ་རེ་བསྐྲུན་ནས་སྡོད་རྒྱུར་ཤིན་ཏུ་དགའ་ཨང་། རྩང་པ་ཁ་རལ་དང་རྩང་པ་ཁ་རིལ་གྱི་རྣམ་ཐར་ཡོངས་སུ་མངའ་བའི་བཙན་བྱོལ་སྨྱུག་ཐོགས་པ་དག་གིས་བསམ་ཞིང་སྨྲས་ལ། བརྟག་ཅིང་མ་དཔྱད་པའི་གློ་བུར་རླབས་བརྡོལ་གྱི་སྐད་ཆ་དག་གིས་གསེར་གྱི་ཐར་ཐག་ལས་ལྷག་པའི་གཞུང་འབངས་ཀྱི་བར་ཐག་ཤེད་དང་སྟོབས་ཀྱིས་གཅོད་ཀྱིན་མི་འདུག་གམ། མིང་རྫུན་དེ་སྨྱུག་མིང་དུ་འབོད་པའི་གྲུབ་འོག་ན་ཡིབ་ཅིང་གནས་པའི་རྩོམ་པ་པོ་རུ་ཁས་འཆེ་བ་དག་གི་རྩོམ་ཡིག་ཏུ་གྲགས་པའི་གཏོང་ཆོག་ཆོག་གི་བྱ་རྟུག་རྣམས་ཀྱིས། བདག་ཉིད་ཀྱི་སྙིང་དང་ཡིད་ལ་སིམ་པའི་༼ བོད་ཀྱི་དུས་བབ ༽ དང་། ༼བོད་ཀྱི་བང་ཆེན༽གཉིས་ཀྱི་ངོ་གདོང་ཧར་དང་ཧྲུལ་གྱིས་བརྫད་སོང་ཨང་། བཙན་བྱོལ་བའི་དབུ་ཁྲིད་དག་ལ་ཡིད་ཆེས་མེད་ཚེ། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཞེས་གསེར་གྱིས་ཁ་རྒྱན་དུ་བྱས་པའི་དོན་མེད་ཀྱི་རྙོག་གཏམ་གང་གླེང་བ་ཐམས་ཅད། དོན་ངོ་མར་ཕྱི་རྫིག་ལ་ནང་སྟོང་བའི་ཤིང་སྡོང་ཁོག་རུལ་ཞིག་དང་ཁྱད་པར་གང་ཡང་མེད་དོ།།
སྤྱི་མི་སྒེར་གྱི་སྐྱོན་གནད་ལ་མཛུབ་རྩེ་མི་གཏོད་པར་བཙན་བྱོལ་བའི་མང་གཙོའི་ཀ་བ་གསུམ་ལ་ཐད་ཀར་ཐད་ཀར་རྒོལ་ཞིང་བསྙོན་པ་ནི། བཙན་བྱོལ་སྤྱི་འབངས་ཤིག་གི་ཀུན་སྤྱོད་མ་རེད་ལ། མི་མང་གི་སྣེ་ཁྲིད་དུ་འབོད་པའི་སྨྱུག་ཐོགས་པ་ཞིག་གི་ཁྱད་ཆོས་གཏན་ནས་མི་འདུག་གོ། བཙན་བྱོལ་མི་དཀྱུས་གཞན་གྱི་རྣ་ལ་གཟན་ཞིང་སྙིང་ལ་གཟིར་བའི་ཚིག་སྐམ་དག་ལ་གནས་ལུགས་དང་རྒྱུ་མཚན་ལྡན་ནོ་ཞེས་གང་བྱུང་དུ་སྨྲ་བ་ནི། རང་གི་རྟུག་དྲི་ཧ་ཅང་ཞིམ་ལ་མངར་རོ་ཞེས་པ་དང་ཁྱད་པར་གང་ཞིག་འདུག་ཨང་། (སྤྱི་འཐུས་ཀྱི་ལས་འགན་མ་བསྒྲུབས)ན་ཁྱེད་རང་གིས་གང་ཞིག་འགྲུབ་ཡོད་དམ། (རྡ་སའི་ཆབ་སྲིད་གྲོག་མ་)ཡིན་ཚེ། ཁྱེད་རང་གིས་འཁྲབ་བཞིན་པའི་ཆབ་སྲིད་དེ་སྡེ་ཚན་གང་ཞིག་ཏུ་གཏོགས་སམ་ཞེས་བསམ་ཞིང་བསམས་ལ་འདྲི་ཡང་འདྲི་འོ།།
མདོར་ན། མིང་ཡིག་རྫུན་མའི་འོག་གི་རྩང་པ་ཁ་རལ་དག་གིས་གང་གླེང་བ་ཐམས་ཅད་བོད་མིའི་སྒྲིག་འཛུགས་ཀྱི་མཚན་ཤས་ལ་མི་གནོད་པ་ཞིག་དང་། བཙན་བྱོལ་སྤྱི་འབངས་ཀྱི་སྙིང་ལ་མི་གཟེར་བ་ཞིག་ཅིས་ཀྱང་གལ་གནད་དུ་འཛིན་པར་ཞུ་ཞེས་སྨྲའོ།།
དྲ་གྲོགས་ཨ་འདུས་མིག་ཆུ་ལགས། ངས་བལྟས་ན། ཁྱོད་ཀྱིས་སྣང་བ་མཐོན་པོ་བོ་དེ་མར་ཕབ་ནས་རྟ་ནག་པ་སྐལ་བཟང་ལུང་རིགས་ལགས་ཀྱི་རྒྱ་རྩོམ་བསྒྱུར་མ་དག་ལ་ཞིབ་མཇལ་ཞིག་བྱས་ན་ཁྱོད་ལ་དགེ་མཚན་ཆེ་བར་སྣང་། དེ་མིན་རྩོམ་པ་པོའི་འགན་འཁྲི་ཟེར་བ་དེ་ཁྱོད་ཀྱིས་ངོ་མ་མི་ཤེས་ཀི།
སྤྱི་འཐུས་ཚོགས་གཙོ་མི་གསོད་རེད། ཟམ་གདོང་བླས་གང་ཡང་མ་འཇོན་ཐལ། ཧ་ཧ་ཁྱོད་ཀྱིོས་བཤད་བཤད་མཐར་སྐད་ཆ་འདི་འདྲ་ཐོག་ལ་འཇོག་ཁུལ་ནི་ཨུ་ཐུགས་ནས་ཡིན་རྒྱུ་རེད། ང་ལ་ཕོག་འགྲོ་ས་ཟེར་རྒྱུ་ཞིག་མེད་མོད། གལ་སྲིད་ཡོད་ཀྱང་ཁྱོད་རང་གིས་ང་ལ་ཕོག་འགྲོ་རྒྱུ་ཞིག་བཤད་མི་ཐུབ་པ་ངས་ཤེས་ཀྱི་རེད། གྲོགས་པོ།
བདག་དང་ཤ་འདྲིས་ཁྲག་འདྲིས་ཀྱི་དྲ་གྲོགས་རྣམ་པ། ཁྱེད་ཅག་གིས་ལེགས་པར་གསོན་དང་། བཙན་བྱོལ་སྤྱི་ཚོགས་ནང་གི་བོད་ཡིག་རྩོམ་པ་པོའི་ཁྲོད་ན། སྐྱོན་ཐེར་འདོན་བྱེད་མཁན་སུ་ཞིག་བྱུང་ཡོད་དམ། དུས་ནམ་ཡང་ཁྱེད་ཀྱི་ཁ་དང་ངའི་རྣ་བརྩད་ནས་བསྡད་པ་ལས། བརྟགས་ཤིང་དཔྱད་པའི་ཤེས་རབ་ལས་ཐོན་པའི་གྲུབ་དོན་ཞིག་གཏན་ནས་བསྟན་མ་མྱོང་ཟེར་ནའང་འགྲིག། སྤྱི་འཐུས་ཚོགས་གཙོ་མྱི་གསད་རེད་ཟེར་བ་དང་། ཟམ་གདོང་་བླ་མས་གང་ཡང་འཇོན་མ་སོང་། སོགས་ལ་སྐྱོན་བརྗོད་ཅེས་ནམ་ཡང་མི་འབོད་དོ། འདི་དག་ལ་ངས་ནམ་ཡང་ཁ་གཏོང་བ་དང་། བསྙོན་འཛུགས་པ་ཞེས་འཆད་བཞིན་ཡོད། འདི་ལྟར་མ་བྱེད་ཟེར་དུས་རྩངས་པ་ཁ་རུལ་ཁ་ཤས་ང་རྒྱལ་དང་བཅས་ངར་ངར་བྱེད་བཞིན་འདུག གང་ལྟར་ཁྱེད་རང་ལ་ཕོག་སོང་ན་དགོངས་དག་ཞུ། འོ་ན་ཁྱེད་རང་གིས་ཁ་ཐོངས། བསྙོན་ཚུགས། དེ་མ་གཏོགས་ང་ལ་བཤད་རྒྱུ་གང་ཡང་མེད།
གངས་ཕྲུག་ལགས་དངོས་གནས་ངས་ཁྱོད་ལ་མཐོང་ཆུང་མིན་མོད། ང་ཁྱོད་ལ་ཅུང་སྙིང་རྗེ་བསམ་སོང་། དོན་དངོས་རྟོགས་མཁན་ཁྱོད་འདྲ་ཞིག་གི་ཚད་དུ་ཡོད་ན། འུ་ཚང་ཚར་སོང་བའི་དུས་ཤིག་ལོས་ཡིན།
འཇལ་དཔལ་ལགས་སྐུ་མཁྱེན།
ཁྱོད་ཀྱིས་དངོས་མ་རྟོགས་པར་སྤྱང་ལྟོགས་གནང་གཞན་འདར་རྒྱུགས་བྱེད་བཞིན་འདུག་པའི་གཞན་གང་ཡང་ཞུ་རྒྱུ་མེད། མ་ཟད་ཁྱོད་འདྲ་བོའི་ཐོག་ལ་དུས་ཚོད་འཕྲོ་བརླགས་བཏང་ན་སྨྱོན་པ་ཡིན
གངས་ཕྲུག་ཟེར་བ་ཁྱོད་ལ་འདི་འདྲ་ཞིག་ལས་མེད་ན་དངོས་གནས་ངས་ཁྱོད་ལ་ལན་གང་འབྲི་རྒྱུ་མིན། སྐད་ཆ་འདི་ཚོ་གྲོང་མཐའི་ཤེས་མེད་བླུན་པོ་དག་གི་ཁ་ན་འུར་གྱིན་ཡོད་པའི་སྐོར་རེད།
ཨ་འདུས་མི་ཆུ་ཟེར་བ་ཁོང་གིས་འདི་ཙམ་ལ་གོ་བ་ལེན་ཤེས་ཀྱི་མེད་ན། ང་ལ་ཅིག་འབྲི་རྒྱུ་མ་དྲན།
ཁྱེད་ཚོས་ལྟོས་དང་། འོག་གི་མཆན་འདི་ངས་ཁོང་གི་རྩོམ་ཡིག་དེར་བྲིས་པ་རེད།
ཡ་ཡ་དྲ་གྲོགས་ཨ་འདུས་མི་ཆུ་ལགས།
སེམས་རྣལ་ལ་གནས་པའི་མི་བུ་ཞིག་གིས་བྲིས་པར་ཚད་འཛིན་བྱེད་ཆོག་མོད། ཉིད་ཀྱིས་བརྗོད་དོན་ཞིག་གླེང་བཞིན་པའི་སྟེགས་བུ་དེ་ནི་རྩོམ་རིག་ཅེས་པའི་གླེང་སྟེགས་འདི་ཡིན་པས། རྩོམ་རིག་བསམ་བློའི་ཁྱབ་ཁོངས་ནས་བལྟས་ན་སེམས་རྣལ་དུ་གནས་པའི་མི་བུ་ཞིག་གིས་བྲིས་པར་འཇོག་དཀའ་སེ་ཞིག་རེད་ལ། གལ་སྲིད་བཞག་ཀྱང་བསམ་བློའི་ཚད་མ་སྨིན་པའི་སྐད་ཆ་ཁོག་སྟོང་ཞིག་ཏུ་འདོད། ཉིད་ཀྱིས་ཞྭ་མོ་བཟོ་སྟངས་ཟེར་ནས་ཅིག་བཤད་ཀི་འདུག དྲངས་མོར་བཤད་ན་ཁྱོད་ལ་ཞྭ་མོ་བཟོ་རྒྱུའི་བསམ་བློ་ཅན་ཞིག་ཡོད་རྒྱུ་མ་རེད་འདོད་ཀི། ང་ལ་མཚོན་ན་ནི་ཞྭ་མོ་ཞིག་བཟོ་རྒྱུར་མི་སུ་འདྲ་ཞིག་ལ་འཕྲད་ཀྱང་མི་བཟོ་ཐག་ཆོད་ཡིན་མོད། གལ་སྲིད་བཟོ་བའི་དབང་དུ་བྱས་ཀྱང་ཁྱོད་ལྟ་བུ་ཞིག་ལ་ནི་གཞལ་ཡང་མི་སྲིད་པ་ཞིག་རེད། ངས་ཁ་སྔོན་ནས་བཤད་པ་ལྟར་གནས་ལུགས་ཟེར་བ་དེ་ནི་ཁྲི་ཐོག་གི་བླ་མ་རེད་ཟེར་ནས་མི་བཤད་རྒྱུ་ཞིག་དང་། འོག་གྲོང་མཐའི་སྤྲང་བོ་ཟེར་ནས་འཇོག་རྒྱུ་ཞིག་གཏན་ནས་མིན་པས། ཁྱོད་ལ་བཤད་རྒྱུ་ཞིག་ཡོད་ན་བཏང་སྙོམས་སུ་འཇོག་དགོས་དོན་ཅི་ཡང་ལྷག་མེད།
ཨ་འདུས་ཀྱི་ང་ལ་ལན་འདི་བྲིས་པ་རེད།
རྨེ་འཇམ་ཞེས་པ་ལགས། ཁྱེད་ཀྱིས་ཞྭ་མོ་ཟེར་དུས་ཤོག་ཞྭ་ཞིག་དང། ཡང་ན་རས་ཞྭ་ཞིག་བཟོ་དགོས་པར་བསམ་བློ་འཁོར་འདུག་ལ། དེའང་མི་ཆེན་དཔོན་ཆེན་ཞིག་མ་གཏོགས་བཟོ་མི་ཆོག་པར་དགོངས་འདུག་ཀྱང་། དེ་ནི་ཁྱེད་རང་མཐོང་རྒྱ་དམན་དྲག་པས་རེད། ཞྭ་མོ་བཟོ་སྟངས་དང་འགེབས་སྟངས་མང་པོ་ཡོད་པ་རེད་ལ། ཞྭ་མོ་འགེབས་ས་ལའང་མཐོ་དམན་ཡོད་པ་མ་རེད། དེ་ཁྱེད་རང་གིས་ཤེས་པར་གྱིས། བཙན་བྱོལ་བོད་གཞུང་གི་ལས་ཀྱི་སྣེ་མོ་གཏོགས་པ་དང་གྲོས་ཚོགས་ཀུན་ལ་ཁ་གཏོང་བ་ནི། ང་ལྟ་བུ་ལ་མཚོན་ཡག་རྟགས་ཤིག་ལ་མ་མཐོང་བར་འདི་འདྲ་ཞིག་བྲིས་པའི་ཁུལ་ཡིན་མོད། ཁྱེད་དང་ཁྱེད་ལྟ་བུ་ཚོ་ནི། གོ་བ་ལྡོག་ཕྱོགས་མ་གཏོགས་ལེན་པ་གང་ཡིན་ནམ།
ཨ་འདུས་ལགས་ཀྱི་བསམ་ཚུལ་འདི་ནི་གནད་ལ་འཁེལ་བ་ཞིག་འདུག་སྙམ། རྩོམ་
འདིས་མི་ལ་སྐྱོན་བརྗོད་བྱེད་ཆོག་དང་མི་ཆོག མང་གཙོ་ཡིན་མིན་སོགས་གསལ་བྱེད་བཤད་བྱས་པ་ཞིག་མ་རེད་སྙམ། གང་ལྟར་རང་ཉིད་བོད་པ་ཡིན་པ་དང་རང་གི་དགྲ་བོ་རྒྱ་ནག་ཡིན་པ་ཤེས་ཡོད་ན། དགྲ་དགའ་གཉེན་སྡུག་གི་བྱ་འགུལ་སྤེལ་མི་སྲིད་ལ། སྙིང་ལ་ཕོག་པའི་མདའ་མོ་ཡང་བཙན་བྱོལ་པ་ཁོ་ནར་འཕེན་དགོས་དོན་མི་འདུག་སྙམ།
རྨེ་འཇམ་ཞེས་པ་ལགས། ཁྱེད་ཀྱིས་ཞྭ་མོ་ཟེར་དུས་ཤོག་ཞྭ་ཞིག་དང། ཡང་ན་རས་ཞྭ་ཞིག་བཟོ་དགོས་པར་བསམ་བློ་འཁོར་འདུག་ལ། དེའང་མི་ཆེན་དཔོན་ཆེན་ཞིག་མ་གཏོགས་བཟོ་མི་ཆོག་པར་དགོངས་འདུག་ཀྱང་། དེ་ནི་ཁྱེད་རང་མཐོང་རྒྱ་དམན་དྲག་པས་རེད། ཞྭ་མོ་བཟོ་སྟངས་དང་འགེབས་སྟངས་མང་པོ་ཡོད་པ་རེད་ལ། ཞྭ་མོ་འགེབས་ས་ལའང་མཐོ་དམན་ཡོད་པ་མ་རེད། དེ་ཁྱེད་རང་གིས་ཤེས་པར་གྱིས། བཙན་བྱོལ་བོད་གཞུང་གི་ལས་ཀྱི་སྣེ་མོ་གཏོགས་པ་དང་གྲོས་ཚོགས་ཀུན་ལ་ཁ་གཏོང་བ་ནི། ང་ལྟ་བུ་ལ་མཚོན་ཡག་རྟགས་ཤིག་ལ་མ་མཐོང་བར་འདི་འདྲ་ཞིག་བྲིས་པའི་ཁུལ་ཡིན་མོད། ཁྱེད་དང་ཁྱེད་ལྟ་བུ་ཚོ་ནི། གོ་བ་ལྡོག་ཕྱོགས་མ་གཏོགས་ལེན་པ་གང་ཡིན་ནམ།
རྨེ་བ་འཇམ་དཔལ་ནོར་བུ་མིང་ཅན་ལ
རེད་རྩོམ་པ་པོ་ལ་རང་གི་དབུ་འཁྲིད་དང་གཞུང་ལ་དགག་པ་རྒྱབ་ཆོག་མོད་འོན་ཀྱང་ཁུང་ལུང་མེད་པའི་བསྐྱོད་ཛུགས་བྱས་བ་ག་ལ་འགྲིགས། དོན་དངོས་ཀྱི་རྩོམ་པ་པོ་ཞིག་ཡིན་ཁོང་གིས་ངེས་བར་དུ་སྐད་ཅ་མ་བཤད་སྔོན་ལ་བསམ་བློ་རྩེ་གཅིག་གི་བསྡུས་དེ་ལག་ལེན་བསྟར་ངེས་ཡིན་འོན་ཀྱང་ཡིག་ནར་ཁ་ཤས་འབྲི་ཤེས་མཁན་མི་ཁ་ཤས་ཀྱིས་རི་བོང་ཅལ་འགྲོགས་ནང་བཞིན་འདུར་རྒྱུགས་བྱེད་བཞིན་པ་ཁྱོད་འདྲ་བ་ཚོ་ལ་བཤད་པ་ཡིན། རྩོམ་པ་པོ་ཡིན་ཟེར་དུས་ངེས་བར་དུ་རང་གི་དབུ་ཁྲིད་དང་གཞུང་ལ་ཁུང་མེད་བསྐྱོན་འཛུགས་བྱེད་རེད་དམ། གལ་སྲིད་ཁྱོད་རྩོམ་པ་པོ་དང་རྣམ་དཔྱོད་ཅན་ཞིག་ཡིན་ན་བོད་ནང་རྒྱ་ནག་གིས་ཉེན་མེད་བོད་ཚོ་བཅར་བརྡུང་དང་བཙོན་འཇུག་བྱེད་པ་འདིའི་ཆེད་དུ་རྒྱལ་སྤྱིའི་ཐོགས་རྩོམ་ཡིན་འདྲ་མིན་སྤེལ་དང་སུས་ཀྱང་ཁྱོད་ལ་དགག་པ་རྒྱག་མཁན་མེད། ཁྱོད་ཀྱིས་བཤད་བསྟང་འདི་ནི་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་བསྐྱོན་འཛུགས་བྱེད་བཞིན་པ་དང་གཅིག་མཚུངས་རེད་འདུག
ཡ་ཡ་དྲ་གྲོགས་ཨ་འདུས་མི་ཆུ་ལགས།
སེམས་རྣལ་ལ་གནས་པའི་མི་བུ་ཞིག་གིས་བྲིས་པར་ཚད་འཛིན་བྱེད་ཆོག་མོད། ཉིད་ཀྱིས་བརྗོད་དོན་ཞིག་གླེང་བཞིན་པའི་སྟེགས་བུ་དེ་ནི་རྩོམ་རིག་ཅེས་པའི་གླེང་སྟེགས་འདི་ཡིན་པས། རྩོམ་རིག་བསམ་བློའི་ཁྱབ་ཁོངས་ནས་བལྟས་ན་སེམས་རྣལ་དུ་གནས་པའི་མི་བུ་ཞིག་གིས་བྲིས་པར་འཇོག་དཀའ་སེ་ཞིག་རེད་ལ། གལ་སྲིད་བཞག་ཀྱང་བསམ་བློའི་ཚད་མ་སྨིན་པའི་སྐད་ཆ་ཁོག་སྟོང་ཞིག་ཏུ་འདོད། ཉིད་ཀྱིས་ཞྭ་མོ་བཟོ་སྟངས་ཟེར་ནས་ཅིག་བཤད་ཀི་འདུག དྲངས་མོར་བཤད་ན་ཁྱོད་ལ་ཞྭ་མོ་བཟོ་རྒྱུའི་བསམ་བློ་ཅན་ཞིག་ཡོད་རྒྱུ་མ་རེད་འདོད་ཀི། ང་ལ་མཚོན་ན་ནི་ཞྭ་མོ་ཞིག་བཟོ་རྒྱུར་མི་སུ་འདྲ་ཞིག་ལ་འཕྲད་ཀྱང་མི་བཟོ་ཐག་ཆོད་ཡིན་མོད། གལ་སྲིད་བཟོ་བའི་དབང་དུ་བྱས་ཀྱང་ཁྱོད་ལྟ་བུ་ཞིག་ལ་ནི་གཞལ་ཡང་མི་སྲིད་པ་ཞིག་རེད། ངས་ཁ་སྔོན་ནས་བཤད་པ་ལྟར་གནས་ལུགས་ཟེར་བ་དེ་ནི་ཁྲི་ཐོག་གི་བླ་མ་རེད་ཟེར་ནས་མི་བཤད་རྒྱུ་ཞིག་དང་། འོག་གྲོང་མཐའི་སྤྲང་བོ་ཟེར་ནས་འཇོག་རྒྱུ་ཞིག་གཏན་ནས་མིན་པས། ཁྱོད་ལ་བཤད་རྒྱུ་ཞིག་ཡོད་ན་བཏང་སྙོམས་སུ་འཇོག་དགོས་དོན་ཅི་ཡང་ལྷག་མེད།
རྨེ་འཇམ་དང་རྨེ་འཇམ་ལ་སོགས་པ་གང་ན་སུ་བཞུགས་ཚང་མས་བདག་གི་གོང་དུ་བཤད་པའི་དགོངས་པ་དག་ལ། དྲང་དོན་དང་ངེས་དོན་གང་དུ་འགྲེལ་ཁུལ་བྱས་ཀྱང་། རང་ཉིད་ཀྱི་རྩོམ་ཡིག་དང་རང་ཉིད་ཀྱི་མཆན་གཉིས་འགལ་བ་ལྟག་ཆོད་དུ་མ་སོང་བ་ནི། སེམས་རྣལ་ལ་གནས་པའི་མི་བུ་ཞིག་གིས་བྲིས་པ་འདི་ཉིད་ཀྱིས་བདེན་དཔང་བྱེད་དོ། དེ་མིན་གྱིས་ཞྭ་མོ་བཟོ་སྟངས་མང་པོ་ཞིག་བདག་གི་རྩོམ་ཡིག་འདིའི་གཤམ་དུ་སླེབས་ཀྱང་། དེ་དག་ནམ་ཡང་བདག་ཕར་ཟད་བཙན་བྱོལ་སྒྲིག་འཛུགས་དང་། དེའི་དབུ་ཁྲིད་དག་ལ་ཞྭ་མོ་བཟོ་མཁན་རྐྱང་རྐྱང་ཡིན་པས་ང་ལ་དེ་ལྟར་སྨྲ་བ་ལ་ནི། བདག་གིས་བཏང་སྙོམས་སུ་འཇོག་ཆོག་གོ
དྲ་གྲོགས་ཚོ་ཁྱེད་ཚོས་ཨ་འདུས་མིག་ཆུ་ལགས་ཀྱི་༼རྩོམ་པོ་པོའི་མཚན་ཉིད་མི་འདུག་༽ཅེས་པའི་གུང་བཀོད་རྩོམ་ཡིག་དེ་དང་། འོག་གི་མཆན་འདི་གཉིས་གཤིབས་བསྡུར་ཞིག་གྱིས་དང་། ཧ་ཧ་་་
བདག་གི་རྩོམ་ཡིག་འདིར་དགོངས་འཆར་གནང་མཁན་དག་ལ་ཡི་རང་ཞུ་བཞིན་ཡོད། ཡིན་ནའང་རང་ངོས་ནས་རྩོམ་ཡིག་འདི་འབྲི་བའི་སྐབས་སུ་དྲང་བཞག་གིས་སྐྱོན་འདོན་བྱེད་མཁན་ལ་ནམ་ཡང་དམིགས་མེད་ལ། སྐྱོན་བརྗོད་བྱེད་མི་ཆོག་ཅེས་གང་དུའང་བཤད་མེད་ཚོད་ཡིན། ཡིན་ནའང་ངས་བཤད་པ་ནི་ཁ་མ་གཏོང། སྙོན་མ་འཛུགས་ཞུ་བཞིན་ཡོད་ལ། རང་གཞུང་ལ་རང་གཞུང་གི་འདུ་ཤེས་ཡོད་ནི་ཞིག་དང་། རང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་དབུ་ཁྲིད་ཅིག་གི་འདུ་ཤེས་ཡོད་པའི་སྟེང་ནས་རྩོམ་ཡིག་འབྲི་དགོས་ཀྱི་ཞེས་བཤད་པ་ཙམ་ལས། སྐྱོན་མ་འདོན། ངོ་བསྟོད་ཅེས་ཞེས་གཏན་ནས་བཤད་མེད་དོ།
གངས་ཕྲུག་ཟེར་བ་ཁོང་གིས་སྐད་ཆའི་ཟུར་དང་ངོས་ཀྱི་རིག་ལམ་བེད་སྤྱད་ཁུལ་བྱས་ནས་འདུག་མོད།དོན་ལ་ཅི་ཡང་ཧ་གོ་མི་འདུག
གངས་ཕྲུག་ཅིག་འདི་ལྟར་རྩོམ་པ་པོ་ཞེས་པ་གང་འདྲ་ཞིག་ཡིན་དགོས་མིན་གྱི་ཐད་ལ་རྨོངས་ནས་བསྡད་ཡོད་ན། ངས་འདི་ལ་གནས་ལུགས་གསལ་བོ་ཞིག་གི་ལམ་ནས་གོ་བརྡ་ཞིག་སྤྲོད་ལོས་དགོས། ཡང་གཅིག་བཤད་ན་གངས་ཕྲུག་ཟེར་བ་ཁྱོད་ལ་བཤད་རྒྱུ་ཞིག། ང་རྩོམ་པ་པོ་ཞིག་ཡིན་ཟེར་ནས་ངས་ཁྱོད་ལ་ལན་འདེབས་བྱས་པ་མིན། རྩོམ་པ་པོ་ཞིག་གི་འགན་འཁྲི་ནི་རི་རབ་ལས་དཔངས་མཐོ་བ་དང་།རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་ཡིན་པས།དེས་ངོས་ནས་ངས་ཁྱོད་ལ་སྐད་ཆ་འདི་བཤད་རྒྱུའི་བློ་ཁོག་བདག་ལ་མེད། འོན་ཀྱང་ཕར་བལྟས་ཚོད་ལ་རྩོམ་པ་པོ་ཞིག་ལ་ཁྱད་ཆོས་འདི་འདྲ་ཞིག་ཚང་དགོས་རྒྱུ་རེད་བསམ་པ་རེ་བདག་ལ་འཆར་རྒྱུ་ཡོད་པས། དེ་ཁྱོད་ལ་བཤད་ཀི་ཡིན། རྩོམ་པ་པོ་ཞིག་ཡིན་ན་རང་ཉིད་ཀྱི་དབུ་ཁྲིད་དང་རང་ཉིད་ཀྱི་གཞུང་ལ་དགག་རྒྱག་མི་བྱེད་པའི་ངེས་པ་མེད་ལ་བྱེད་པའི་ངེས་པའང་མེད། གཙོ་བོ་སྤྱི་ཚོགས་ཀྱི་བདེ་སྡུག་ཁུར་དུ་བླངས་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དེས་ཆེད་དུ་རང་ཉིད་ཀྱི་བསམ་བློ་གཙོར་འདོན་བྱེད་རྒྱུ་དེ་ཡིན་པ་ལས་རང་ཉིད་ཀྱི་དབུ་ཁྲིད་དང་གཞུང་ལ་དགག་རྒྱག་བྱེད་མིན་ཙམ་ནི་རྩོམ་པ་པོ་ཞིག་ལ་མཚོན་ན་གླེང་དགོས་རྒྱུའི་གནད་དོན་ཞིག་མ་རེད། རྒྱུ་མཚ་ནི་རྩོམ་པ་པོ་ལ་རང་ཉིད་ཀྱི་བསམ་བློ་ངོམ་དུ་རུང་བ་ཞིག་ཡོད་པས་ཡིན།
སྤྱིའི་ཆ་ནས་བཤད་ན་་་༧གོང་ས་མཆོག་ལ་ཁ་བཏང་གི་འདུག་ག་་་བཙན་བྱོལ་བོད་གཞུང་ལ་ཁ་བཏང་གི་འདུག་ད་་་ཞེས་པའི་མིང་ཚིག་འདི་གཉིས་ཀྱིས་ནུས་ཤུགས་འོག་ཏུ་མི་དམངས་ཀྱི་སྨྲ་བརྗོད་རང་དབང་ལོངས་སྤྱོད་ཐུབ་ཀྱི་མེད་པ་དང་། སྐུ་ཕྲེང་༡༣་པ་ཆེན་པོའི་སྐབས་ནས་དགོངས་གཞི་ཡོད་བསྡད་པའི་མང་གཙོ་ཚད་ལྡན་ཞེས་པ་ཞིག་ཡོང་ཐུབ་ཀྱི་མེད་པར་བཙན་བྱོལ་བའི་ལོ་རྒྱུས་སུ་ཕྱིར་བལྟས་བྱས་ན་ཤེས་ཐུབ།
འཛམ་གླིང་མང་གཙོའི་དེང་རབས་ནང་དུ་དམངས་མོས་སུ་གུས་བཀུར་མེད་པའི་མི་ངན་དཔོན་ངན་ཚོས་ཡུན་རིང་གོ་གནས་ཟིན་མི་ཐུབ་པ་གསལ་པོ་ཡིན་ནོ།
ཁྱོས་ཚོས་ག་འདྲ་ཞིག་པ་རྩོམ་པ་པོ་ཟེར་གྱི་ཡོད། དུས་ནམ་ཡང་༧གོང་ས་མཆོག་དང་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོ་ལ་ཟེར་དགོས་རེད་དམ།
དྲ་གྲོགས་ཨ་འདུས་ལགས།
ཁྱེད་ཀྱིས་” ཡིན་ནའང་རང་ངོས་ནས་རྩོམ་ཡིག་འདི་འབྲི་བའི་སྐབས་སུ་དྲང་བཞག་གིས་སྐྱོན་འདོན་བྱེད་མཁན་ལ་ནམ་ཡང་དམིགས་མེད་ལ། སྐྱོན་བརྗོད་བྱེད་མི་ཆོག་ཅེས་གང་དུའང་བཤད་མེད་ཚོད་ཡིན།”ཞེས་གསུང་བ་དེ་ལ་”དྲང་བཞག་གིས་སྐྱོན་འདོན་བྱེད་”ཀྱི་ཡོད་མེད་དེ་སུས་ཐག་གིས་གཅོད་དགོས། ཁྱེད་ཀྱིས་ཐག་གིས་གཅོད་དགོས་ནི་གསུང་གིན་ཡོད་ཚོད་མ་རེད། འདི་གནད་འགག་རེད།
ཡང་”རང་གཞུང་ལ་རང་གཞུང་གི་འདུ་ཤེས་ཡོད་ནི་ཞིག་དང་། རང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་དབུ་ཁྲིད་ཅིག་གི་འདུ་ཤེས་ཡོད་པའི་སྟེང་ནས་རྩོམ་ཡིག་འབྲི་དགོས་ཀྱི་ཞེས་བཤད་པ་ཙམ་ལས།”ཞེས་གསུང་པ་དེ་ལ་སྐྱོན་བརྗོད་བྱས་ན་བརྩི་བཀུར་དང་འདུ་ཤེས་མི་འཇོག་པར་གོ་དགོས་པ་ནི་དེང་རབས་དམངས་གཙོའི་གོ་རྟོགས་ཅུང་ཟད་མ་སྨིན་པ་མིན་ནམ་སྙམ། བརྟག་མིན་ཉན་པ་གསུམ་ནི་རང་གི་ཡོན་ཏན། གཞན་གྱི་སྐྱོན། ཡུག་མོའི་ཁ་བཅས་དང་། བརྟག་དགོས་པ་གསུམ་ནི་རང་གི་སྐྱོན། གཞན་གྱི་ཡོན་ཏན། ་་་་་ཅེས་བཤད་སྲོལ་ཡོད། བཤད་ན་རང་གི་སྐྱོན་བཤད་དགོས་པ་ལས་གཞན་གྱི་སྐྱོན་བཤད་མི་འོས། ཁྱོད་ཀྱིས་ཁྱིམ་མཚེས་ཚང་ལ་སྐྱོན་འདོན་ཞིག་བྱོས་དང་ཉིན་དེ་ནས་ཉིན་མཚན་དགྲ་དོགས་ཀྱིས་འཚོ་དགོས་པར་འགྱུར་བ་མཁྱེན་གྱི་ཡོད་ཚོད།
དེ་ནས་”སྐྱོན་མ་འདོན། ངོ་བསྟོད་ཅེས་ཞེས་གཏན་ནས་བཤད་མེད་དོ།”ཞེས་གསུང་པ་ནི་ཁྱེད་ཀྱི་རྩོམ་དང་རྦད་དེ་ནང་འགལ་རེད།
གྲོགས་པོ་ལགས། ཡུན་རིང་མ་མཇལ་བས་ཁྱོད་དེ་ཕྱོགས་སུ་ལུས་སེམས་གཉིས་ཀ་བདེ་མོའི་ངང་ཡོད་ཤག གུས་པའང་ད་ལྟ་སློབ་གྲྭའི་ནང་ཚུད་དེ་འཛིན་གྲྭ་འཚོགས་ལ་ཉེ་བར་ཡོད། དེ་རིང་བར་དུ་བོད་ཀྱི་དུས་བབ་མིག་གིས་ལྟ་རྒྱུ་མ་བྱུང་ནའང་། ཧོབ་ཀྱིས་རྩོམ་ཡིག་འདི་མཐོང་མ་ཐག་ཚར་གཅིག་བཀླགས་པ་ཡིན། གནད་བསྡུས་ཏེ་བཤད་ན་ཁྱོད་ཀྱིས་བཙན་བྱོལ་ནང་གི་རྩོམ་པ་པོ་ཚོས་རང་གི་གཞུང་དང་མགོ་ཁྲིད་ཚོར་ཆེ་མཐོང་ཞིག་དང་། བརྩི་བཀུར་ཞིག་དགོས་པ་རེད་ཟེར་གྱི་ཡོད་པ་འདྲ། དེ་མིན་རང་གི་སྨྱུག་ཁ་ཧྲིལ་པོ་རང་གཞུང་ལ་མཚོན་ཆའི་རྣམ་པར་གཏད་ན་དེ་ཡག་རྟགས་ཤིག་མ་རེད་གསུངས་ཀྱི་ཡོད་ཚོད་འདུག ཁྱོད་ཀྱིས་བཤད་པ་ལ་གནས་ལུགས་ཤིག་མེད་པ་གཏན་ནས་མིན་ནའང་། མང་གཙོའི་སྤྱི་ཚོགས་ནང་དུ། མཐོ་དམན་སུ་ལ་ཡང་གནས་ལུགས་དང་ལྡན་པའ་སྒོ་ནས་སྐྱོན་བརྗོད་བྱེད་པ་ནི་མང་གཙོའི་ལེགས་བྱང་ངམ་ཁེ་དབང་རང་ཡིན་པས་དེའི་ཕྱོགས་ནས་ཅུང་གུ་དོག་པའམ། སྲིད་གཞུང་ལ་དུང་ཞེན་ཆེ་དྲགས་པའི་ལངས་ཕྱོགས་ཤིག་ཏུ་སོང་མེད་དམ་སྙམ་པའི་ཚོར་སྣང་བྱུང་། འོན་ཀྱང་གཏན་ནས་མི་སྐྱོན་ཏེ། དེང་སྐབས་ལྟོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བཟེད་ཀྱང་། ཁ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་གཏོང་བའི་རྩོམ་པ་པོའི་མིང་ཅན་དག་ནི་གཏན་ནས་བསྡུར་ཐབས་མེད་པས་སོ། ། གང་ལྟར་ཀྱང་སྨྲ་བརྗོད་རང་དབང་གི་ཕྱོགས་སུ་དགོངས་པ་གུ་ཡངས་བཞེས་དགོས་པ་ནི་སྲིད་གཞུང་ཕུགས་རྒྱངཅན་ཚོའི་གཅིག་གྱུར་གྱི་བགྲོད་ལམ་བརྟན་མོ་དེ་ཡིན་པར་འདོད་དོ། །
ཨ་འདུས་མིག་ཆུ་ཟེར་བ་འདི་ཡོད་ཚད་ལ་དག་སྣང་སྒོམ་ནས་འཇིག་རྟེན་ནས་ནོར་བ་ནམ་ཡང་གླེང་མི་ཆོག་ཅེས་པའི་ཐ་ཚིག་བསྒྱགས་མཁན་ཞིག་ཡིན་རྒྱུ་མ་རེད།
འོན་ཀྱང་ཁོ་རང་གི་སྐད་ཆ་གང་བཤད་པ་དེ་སུ་ཞིག་ལ་སྤྲེལ་ལད་དང་ཁོ་རང་ལ་སྙན་གྲགས་དང་བཀུར་སྟི་ཡང་ན་དངུལ་དངོས་གང་རུང་ཞིག་འཐོབ་རེའི་ཆེད་དུ་བྲིས་བ་ལས་ཁོ་རང་གི་འདོད་ཚུལ་ངོ་མ་གང་ནས་ཡིན།
ཁོའི་རྩོམ་ཡིག་ཆ་ཚང་བཀླགས་ཡོང་དུ་ཁོ་རང་ཕྱི་རོལ་དུ་གདོང་པགས་གཞན་ཞིག་ཁུར་ཞིག་ནང་དུ་བསམ་བློ་དང་དམིགས་ཡུལ་གཞན་ཞིག་ཁུར་མཁན་གྱི་དུས་རབས་ཉེར་གཅིག་གི་མི་ངོ་མ་ཞིག་ཡིན་པར་འདོད།
རྡ་རམ་ས་ལ་འདི་ནག་པོ་སོལ་བ་འདྲ་ཞིག་རེད་བཤད་མ་ཕོད་ཀྱང་དཀར་པོ་དུང་འདྲ་ཞིག་རེད་ནམ་ཡང་བཤད་མི་ཐུབ།
རྒན་ལྷ་མོ་སྐྱབས་ཕེབས་ནས་དགོངས་ཚུལ་གསུངས་པ་ལ་ཤིན་ཏུ་དགའ་ནས་ཡོད། རྒན་མཆོག་ནམ་ཡང་བདག་ལ་ལམ་སྟོན་བྱེད་དུ་ཕེབས་པའི་རེ་བ་ཞུ།
བདག་གི་རྩོམ་ཡིག་འདིར་དགོངས་འཆར་གནང་མཁན་དག་ལ་ཡི་རང་ཞུ་བཞིན་ཡོད། ཡིན་ནའང་རང་ངོས་ནས་རྩོམ་ཡིག་འདི་འབྲི་བའི་སྐབས་སུ་དྲང་བཞག་གིས་སྐྱོན་འདོན་བྱེད་མཁན་ལ་ནམ་ཡང་དམིགས་མེད་ལ། སྐྱོན་བརྗོད་བྱེད་མི་ཆོག་ཅེས་གང་དུའང་བཤད་མེད་ཚོད་ཡིན། ཡིན་ནའང་ངས་བཤད་པ་ནི་ཁ་མ་གཏོང། སྙོན་མ་འཛུགས་ཞུ་བཞིན་ཡོད་ལ། རང་གཞུང་ལ་རང་གཞུང་གི་འདུ་ཤེས་ཡོད་ནི་ཞིག་དང་། རང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་དབུ་ཁྲིད་ཅིག་གི་འདུ་ཤེས་ཡོད་པའི་སྟེང་ནས་རྩོམ་ཡིག་འབྲི་དགོས་ཀྱི་ཞེས་བཤད་པ་ཙམ་ལས། སྐྱོན་མ་འདོན། ངོ་བསྟོད་ཅེས་ཞེས་གཏན་ནས་བཤད་མེད་དོ།
རྣོ་ངར་ལྕགས་ལས་བརྡུངས་པའི་དགྲ་སྟ་དང་།།
རང་བཞིན་ཤ་ཡིས་གྲུབ་པའི་ལག་འགོ་གཉིས།།
ཀུན་དང་ཁྱད་པར་ལས་ལ་འཇུག་པའི་ཚེ།།
སེམས་ཀྱི་བྱ་བར་འཁོལ་བ་གཅིག་ཏུ་ངེས།།
ཀུན་གྱིས་གཅེས་པར་བྱ་བའི་སྒོ་ཁྱི་དང།།
ནག་ཀླུང་འཇོམ་པའི་ལུས་ངན་ཝ་སྤྱང་གཉིས།།
གནས་དང་སྤུ་མདོག་འབྱེད་པའི་ཁྱད་ཙམ་ལས།།
གཞན་གྱི་ལུས་ཤ་ཟ་བའི་རང་བཞིན་གཅིག།།
དྲ་བདག་ལགས། དགོངས་དག་ཞུ། དོན་གཅིག་པའི་མཆན་བུ་གཉིས་ཤོར་འདུག
ངས་བལྟས་ནས་ཨ་འདུས་མིག་ཆུས་བརྗོད་པ་དེ་བདེན་པ་རེད། སྤྱིར་བཏང་སྐྱོན་བརྗོད་དང་ཐེར་འདོན་བྱེད་ཆོག་ལ། བྱེད་དགོས་ངེས་ཀྱང་རེད་མོད། ང་ཚོ་བཙན་བྱོལ་ནང་གི་དྲ་ཐོག་ཏུ་ཅིག་འབྲི་མཁན་ཁ་ཤས་ཀྱིས་ག་རེ་བྱས་ཀྱང་ཡག་པོ་མ་རེད་ཟེར་གྱི་འདུག
དཔེར་ན། དྲ་ཐོག་ཏུ་སྐྱོན་བརྗོད་བྱེད་སྟངས་འདི་འདྲ་ཞིག་རེད། ཡར་ལ་སོང་ན། མར་ལ་འགྲོ་མ་སོང་ཡར་ལ་འགྲོ་སོང་། སྡུག་ཆགས་རེད་ཟེར། མར་ལ་སོང་ན་ཡར་ལ་འགྲོ་མ་སོང་མར་ལ་འགྲོ་བ་དེ་སྤྱོད་ངན་དང་སྡུག་ཆགས་རེད། ཉན་མཁན་དེས་ག་རེ་བྱེད་དགོས་ཧ་མ་གོ་བ་ཆགས་ཀྱི་འདུག སྐྱོན་བརྗོད་བྱེད་སྟངས་དེ་ཡ་མཚན་རེད།
ཁོང་ཚོས་ཁོ་རང་སྒེར་ལ་ཁེ་ཕན་ཡོད་པའམ། ཡང་ན་ཁོ་རང་གི་ཕྱོགས་གཏོགས་ཤིག་མིན་ན། འགྲིག་མི་འདུག་བརྗོད་པ་ལས། འགྲིག་འདུག་ཟེར་ཤེས་ཀྱི་མི་འདུག
ཨ་འདུས་མིག་ཆུ་ལགས།
ང་ཚོས་མཐོ་ས་དང་གནད་སའི་སྟོང་ཆའམ་སྐྱོན་ཆ་ཅི་རིགས་སྤྱི་ཚོགས་ནང་གསལ་བརྗོད་དང་ཐེར་འདོན་གྱིས་གཙང་བཟོ་བྱེད་མ་ཐུབ་པར། སྤྲེད་སླད་དང་ཁ་ཡག་རྐྱང་རྐྱང་གིས་རང་གི་ཕོར་ཁ་ཁོ་ནར་བསམ་བློ་བཏང་ནས་མུ་མཐུད་བསྡད་ན་ད་དུང་མ་འོངས་མི་ལྔ་བཅུའི་རྗེས་སུ་ཡང་མིག་ཆུ་འགམས་ནས་སྡོད་དགོས་པ་རང་རེད།
མིག་ཆུ་ལགས། ཁྱེད་ཀྱི་སྤྲེད་སླད་དང་ཁ་ཡག་དེར་ཡང་དགོས་དབང་ཞིག་ཡོད་སྲིད་ན་ཐང་།
ཨ་འདུས་མིག་ཆུ་ལགས། ང་ཚོས་ནམ་ཡང་ཡོད་ཚད་ལ་དག་སྣང་དང་སྤྲེད་སླད་ཁོ་ནས་སྤྱི་ཚོགས་ཡར་རྒྱས་སུ་གཏོང་མི་ཐུབ་ལ། ལྷག་པར་མཐོ་ས་གནད་སའི་སྟོང་ཆ་སམ་སྐྱོན་ཆ་ཅི་རིགས་ཐེར་འདོན་དང་གསལ་བརྗོད་བྱེད་མ་ནུས་ན་ད་དུང་མ་འོངས་མི་ལྔ་བཅུའི་རྗེས་སུ་ཡང་མིག་ཆུ་འགམ་ནས་ནས་སྡོད་དགོས་པ་རང་རེད། མིག་ཆུ་ལགས།
འོན་ཀྱང་ཁྱེད་ཀྱི་སྤྲེད་སླད་དང་ཁ་ཡག་དེ་ལ་ཡང་དགོས་དབང་ཞིག་ཡོད་སྲིས་ན་ཐང་།
ལ་ལས་སྨད་པ་དོན་སྟོང་སྐུར་འདེབས་ཏེ།
ལ་ལས་བསྟོད་པའང་དོན་མེད་སྒྲོ་འདོགས་ཡིན།
གནད་ལ་མི་འཁེལ་མེ་བཙའ་འཇོག་མཁན་གྱི།
སྨན་པ་རྫུན་མ་མང་བ་མངོན་སུམ་རེད།
རྩོམ་སྒྲིག་པ་ལགས། རབ་བྱུང་ན་བདག་གིས་ཁྱེད་ཅག་གི་ལས་ཁུངས་གློག་འཕྲིན་སྟེང་ལ་སྐུར་བའི་རྩོམ་ཡིག་དེ་འགོད་རོགས། དེ་ལ་དག་བཅོས་བྱས་ཡོད། དེ་བཞིན་བརྗོད་མཚམས་རེ་རེ་ནས་བར་ཐག་ཕྱེས་ཡོད། དེ་བཞིན་ཕྱེ་ཐུབ་ན་ཡག་པོ་འདུག གང་ལྟར་བདག་གི་རྩོམ་རྙོག་དེ་འདིར་བཀོད་པར་ཐུགས་རྗེ་ཆེ་ཞུ། གཞན་འདིར་ཕེབས་པ་ཚང་མ་ལ་དགའ་བསུ་ཞུ།
སྙིང་རྗེ་ མི་འདིས་མགོ་ཞེ་དྲག་འཚོས་ཀྱི་ཡོད་ཚོད་མི་འདུག
རང་གིས་སྨྱུག་མིང་སྤྱད་དེ་གཞན་གྱི་སྨྱུག་མིང་ལ་སྡིགས་པ་དེ( རྩང་པ་ཁ་རལ་རང་ཁ་རལ་བ་བཞག་སྟེ་གཞན་ཁར་འཕྱ་ནས་འཆོལ་སོང་ ) ཟེར་བ་དེ་རེད། འདི་གཅིག་ཡིན།
གཉིས་པ། གཞུང་ལ་སྐྱོན་བརྗོད་བྱེད་ན་གཞུང་གི་དངོས་ཡོད་གནས་ཚུལ་ཤེས་དགོས་རབཟེར། གཅིག་བྱས་ན་ཁྱེད་རང་གཞུང་གི་ལས་བྱེད་ཐབ་ཆག་ཅིག་ཡིན་པ་དང་། ཡང་ན་ཉིན་འདི་གར་སྤྱི་འཐུས་གྲོས་ཚོགས་ལ་ཉན་མཁན་གྱི་འཐོམ་མ་སངས་མཁན་ཞིག་ཡིན་ཤག་རེད།
ཁྱེད་ཀྱི་གོང་གི་ཚིག་ཉོག་དེར་བལྟས་ཡོང་ན། དབྱིན་ཡིག་ནང་ Cry for missunderstand ཟེར་བ་དེ་རེད། བོད་སྐད་ནང་ཐད་བསྒྱུར་བྱས་ན། གོ་བ་ལོག་སྟེ་ངུ་བཞིན་འདུག ཟེར་བ་འདི་ཡིན་པ་འདྲ།
ཁྱེད་ཚོས་གནས་ལུགས་ཤིག་ཤོད་སོང་བསམ་ཡོད་ཐང་མོད། དེ་འདྲ་མ་རེད། གནས་ལུགས་ཟེར་བ་དེ་མཐོན་པོ་ལ་བཤད་མི་ཆོག་ནི་ཞིག་དང་། དམའ་མོའི་མགོ་བོར་གཞུ་བྱེད་ཅིག་ཡིན་ནི་མ་རེད། བོད་གཞུང་ཡག་པོ་མེད་རབས་བཤད་ན་བཤད་མཁན་ཁོ་རང་བོད་གཞུང་གི་བཀའ་དྲིན་ལས་འཚོ་ནས་ཡོད་རབས་གླེང་ཁུལ་བྱེད་པ་ནི་ཅི་ཡང་མི་ཤེས་ཁུལ་གྱི་གླེན་རྟགས་ངུ་དགོད་གཉིས་ཀ་སྐྱེད་བྱེད་ཅིག་ལས་མེད་པ་ཡིན། ད་ལྟའི་བོད་གཞུང་འདི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་ཏུ་འདོད་ན་འཁྲུལ་ནི་རེད། བོད་གཞུང་གི་དམིགས་འབེན་ཕྱི་ཡུལ་གྱི་ང་ཚོར་འཚོ་ཐབས་བདེ་བོ་ཞིག་བཟོ་རྒྱུ་ཙམ་མ་རེད། བོད་གཞུང་གི་ངོས་ནས་མ་འདང་ས་དང་མ་འཇོན་ས་མང་ནི་རེད། དེ་ཚོ་འདི་དང་དེ་ཞེས་གླེང་ན་རྨད་དུ་བྱུང་བའི་རིན་ཐང་ལྡན་པ་ལས་ཁ་ཡག་ངོ་བསྟོད་ཀྱི་སྐུ་དྲག་གི་འཚོ་བ་ལ་སྙིང་བོ་ཅི་ཞིག་ཡོད། ལོ་ངོ་མང་པོའི་ཤེས་ཡོན་འཐུས་ཤོར་དང་། བོད་ནང་ནས་ཕེབས་པའི་ཤེས་ཡོན་པ་ཚོར་ལས་ཀ་མ་སྤྲད་དེ་འང་བོད་གཞུང་གི་སྐྱོན་ལས་དགེ་ཞིག་ཏུ་གང་ནས་འཇོག
གོང་དུ་འགྱུར་མེད་བསྟན་འཛིན་འབོད་པའི་མཆན་མཁན་ཁོང་གིས། རང་ཉིད་ཀྱི་གཏམ་བཤད་ཀྱི་འགན་དེ་རང་ཉིད་ཀྱིས་འཁུར་རྒྱུ་ཡིན་ཟེར། ༼ངས་བརྡ་སྤྲོད་ཀྱི་འགྲོས་ཅུང་ཟད བཅོས་པ་ཡིན། གལ་སྲིད་ཁྲིམས་ཐོག་ལ་འགྲོ་དགོས་ཤར་ན་དར་དོན་སྔོན་ལ་བཤད་ན་བཟང་སྙམ། ༽ ཁྱོད་ཀྱི་གཏམ་དེ་མི་འབུམ་གཅིག་གིས་བཀླགས་ཡོད་ན། དེ་དག་ལ་མི་རྒྱུ་གཉིས་ཀའི་ཐད་ནས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ཚར་ན། གྲོགས་པོ། ཁྱོད་ར་བཟི་ཡོད་ཀྱི་མ་རེད། འགན་འཁུར་རྒྱུ་དེ་ཁག་ཤོས་ཡིན་རྒྱུ་རེད་འདོད། དེ་ཁྱོད་ཀྱི་སྐད་ཆ་བདེན་མིན་ཙམ་མ་རེད། བདེན་མིན་ཆ་མ་ངེས་པའི་སྐད་ཆ་དེས་སྤྱི་ཚོགས་དང་མི་སྡེ་ག་ཚོད་ཅིག་དཀྲུག་མིན་གྱི་སྐད་ཆ་རེད། མིའི་རིགས་ཀྱི་བདེ་རྩ་ལ་འགན་ལེན་ཐུབ་མཁན་ཅིག་ཡིན་ལབ་ན་ཅུང་ཐལ་མེད་འགྲོ།
རང་ཉིད་ཀྱིས་གཏམ་གང་བཤད་ཀྱི་འགན་དེ་རང་ཉིད་ཀྱི་ཁུར་ཐུབ་ནས་བཤད་པ་རེད།
དེ་ལ་ཁྱོད་རང་གིས་ཚད་བཀག་བཟོ་ཐུབ་ཀྱི་མ་རེད།
ལོ་རྒྱུས་ཐོག་གི་རྩོམ་པ་པོ་དེ་ཚོས་བསྟོད་རྩོམ་རྐྱང་རྐྱང་ལས་སྤྱི་ཚོགས་ཀྱི་དགེ་སྐྱོན་མ་གླེང་བས་འཐུས་ཤོར་སོང་ཡོད་པ་མངོལ་གསལ་རེད།ཨ་མདོ་དགེ་འདུས་ཆོས་འཕེལ་གྱིས་བོད་པའི་སྤྱི་ཚོགས་ཀྱི་དགེ་སྐྱོན་གླེང་ནས་ཚེ་སྲོག་ལ་བར་ཆད་བྱུང་བ་རེད།
སྐབས་དེར་སྤྱི་ཚོགས་ཀྱིས་དགེ་ཆོས་བསམ་བློས་རྗེས་ཟིན་མེད་པའི་དབང་གིས་ནོར་བ་དེ་ལྟར་བྱུང་བ་རེད།
རྩོམ་པ་པོ་ཚོས་དགེ་སྐྱོན་གླེང་མི་ཆོག་པའི་གོར་ཐིག་བྲི་མཁན་གྱི་ཨ་འདུས་མིག་ཆུ་ཟེར་བ་འདི་སྐུ་དྲག་གི་གཡའ་ཡོད་སེམས་ཐག་རེད་ཁོ་རང་གི་བསམ་བློ་འདི་དུས་རབས་བདུན་པའི་ནང་དུ་ཕྱིར་བཤིགས་རྒྱག་ཚར་འདུག
མི་འདིའི་རིགས་ཁ་གཏུགས་འབུར་འཇོམ་མ་བྱས་ན་ངན་པ་ལང་ཤོར་ཆགས་ནས་གང་བཤད་བཤད་ཡིན་བསམ་གྱི་རེད།
སྐྱོན་བརྗོད་ཀྱི་རྩོམ་ཡིག་ཡིན་ན་འགྲིག་གི་ཡོད་པ་རེད། སྐྱོན་ཞིག་མཐོང་གི་ཡོད་ཙང་དེ་ངེས་པར་དུ་སྟོན་དགོས་པ་རེད། སྐྱོན་གྱི་ཕྱོགས་གླེང་དགོས་པ་ལས། བཟང་གི་སྐོར་གཞན་གྱིས་གླེང་ཡོང་གི་རེད་ཅེས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནན་གྱིས་གསུངས་སོང་། དཔེར་ན། རྩོམ་པ་པོའི་མཚན་ཉིད་མི་འདུག་ཅེས་པའི་རྩོམ་ཐུང་འདི་ལྟ་བུ་རེད།
སྐྱོན་བརྗོད་པ་དང་ཁ་གཏོང་བ་གཉིས་ཁ་ཁ་རེད། ངས་བལྟས་ན་ཕྱི་མ་འདི་ཅུང་མང་པོ་ཡོད་པ་འདྲ། དཔེར་ན། རྒྱུ་མཚན་དང་ཁུངས་ལུང་མེད་པ། བློ་སྐྱེད་དང་ཡར་སེམས་མེད་པའི་རྩོམ་ཆད་དེ་ཚོའི་གྲས་རེད། འདིའི་ཐད་རྩོམ་སྒྲིག་པ་དག་གིས་ནུས་པ་འདོན་དགོས་པ་རེད་འདོད།
དངོས་ནས་ཡག་པོ་བྲིས་འདུག སྨྱུག་མིང་འདོག་ཆོག་རུང་འོན་ཀྱང་མིང་བརྫུན་བཏག་ནས་བཙན་བྱོལ་གཞུང་དང་ལྷག་པར་དུ་༧གོང་ས་མཆོག་ལ་མཚན་སྨོལ་ཞུ་མཁན་དེ་ཚོས་སོ་སོ་མཁས་པ་ཡིན་ཟེར་ནས་དུས་ནམ་ཡང་བོད་གཞུང་གི་ཁ་བཏད་དུ་ལེང་ནས་བསྡ་ནས་ཡོད། གལ་སྲིད་འགྲིགས་གི་མེད་ནས་ཁྱོད་རང་གིས་བསྒྲུབ་དང་བལྟ་ཆོག་གི་རེད། དེ་འདྲའི་མཁས་པ་ཡིན་རྒྱ་ནག་གིས་བོད་མི་དམར་བསོད་གཏོང་དང་གཏོང་བཞིན་པའི་བསྐོར་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བཅས་དང་། གལ་སྲིད་བོད་གཞུང་ཡག་པོ་མེད་ག་རེ་བྱས་ནས་འདི་རུ་བསྡད་ཡོད་དམ། བོད་གཞུང་མེད་ན་ཁྱོད་ཚོར་གཞན་ཡུལ་ནས་ལྷོད་ལྷོད་བྱས་འདུག་ཐུབ་བམ།
མི་ངན་འདི་ཚོ་དུས་ནམ་ཡང་བོད་བསྟན་སྲིད་ཀྱི་དགྲ་བོ་རྒྱ་ནག་གཞུང་ལས་ཀྱང་ཚབ་ཆེན་ཡིན།