མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦར་སིལ་དོན་གཅོད་བསྐོ་འཐེན་གྱི་དྲི་བ་དྲིས་ལན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ ༡༣ པ། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་དྲི་བ་དྲིས་ལན་གྱི་ལས་རུམ་དབུ་འཛུགས་གནང་མ་ཐག སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ཉེ་ལམ་ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་དོན་གཅོད་དུ་བསྐོ་འཐེན་གྱི་གནད་དོན་ཐོག བཀའ་བློན་ཁྲི་པ་མཆོག་ལ་དྲི་བ་ཞིག་བཏང་སོང་ལ། དེར་བཀའ་ཁྲི་མཆོག་གིས་ལན་འདེབས་གནང་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གནད་དོན་དེའི་ཐོག་བགྲོ་གླེང་དང་འཕྲོས་དོན་དྲི་བ་མེད་པའི་ཐག་གཅོད་གནང་སོང་།

སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ “ ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་པ་ཐུབ་བསྟན་རྒྱ་མཚོ་ལགས་ནི་ལོ་མང་རིང་ཧྥ་རན་སིའི་བོད་རིགས་ཚོགས་པ་དང་། དེ་བཞིན་བོད་དོན་ཐད་ལྷག་བསམ་རྣམ་དག་གིས་དང་བླངས་ལས་འགུལ་བ་ཞིག་རེད། ཉེ་ལམ་ཕྱི་ཟླ་ ༥ པའི་ནང་ཁོ་རང་སྦར་སིལ་དོན་གཅོད་དུ་བསྐོ་བཞག་གནང་པའི་ཡོངས་ཁྱབ་གསལ་བསྒྲགས་གྲུབ་པ་རེད། ཉིན་ཤས་རྗེས་སུ་དོན་གནད་ཁ་གསལ་མེད་པའི་ཐོག་ཁོ་རང་དོན་གཅོད་ལས་གནས་ནས་ཕྱིར་འཐེན་བྱེད་དུ་བཅུག་འདུག་ན། ཐུབ་བསྟན་རྒྱ་མཚོ་ལགས་སུ་དོན་གཅོད་ཀྱི་ཆ་རྐྱེན་གང་ཞིག་མ་ཚང་བའི་གནས་བབ་གསལ་བཤད་ཡོང་བ་ཞུ ” ཞེས་དྲི་བ་བཏོན་སོང་། 

གོང་གསལ་དྲི་བའི་ལན་དུ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས “ ཧྥ་རན་སི་བཅའ་བཞུགས་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་བཅའ་ཁྲིམས་བསྐྱར་བཅོས་མ་ཟིན་གོང་གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞི་དོན་ཚན་ ༡༩ པའི་ནང་གསེས་དང་པོའི་ནང་གསལ་ལྟར་བསྐོ་གཞག་གནང་བའི་གནད་དོན་དང་འབྲེལ་ཆགས་ལ་བརྟེན་གསལ་བཤད་ཞུ་བདེ་མ་མཆིས ” ཞེས་བཀའ་ལན་གནང་སོང་།

 

དེའི་རྗེས་སུ་སྤྱི་འཐུས་གྲོས་ཚོགས་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་བུད་མེད་ཀྱི་ཐོབ་ཐང་དང་གནས་བབ་སྤྱི་དང་འབྲེལ་ཏེ། ཉེ་ལམ་བསྟན་འཛིན་སྒང་དུ་བྱུང་བའི་གནས་ཚུལ་ཐོག་བགྲོ་གླེང་མགོ་འཛུགས་གནང་སོང་། ༼ ཞིབ་ཕྲའི་གནས་ཚུལ་རྗེས་སུ་འགོད་རྒྱུ ༽

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༨ སྔོན་ལ།

མཆན། 28

  1. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    ལྷ་མོ་སྐྱབས་ཀྱིས་བཤད་པ་དེ་ག་རང་རེད། མི་འདི་ཚོར་གནས་ལུགས་ལ་དཔྱོད་པའི་རྣམ་རིག་མེད་པར་མ་ཟད་དཔྱོད་འདོད་ཀྱི་འདུན་པའང་མི་འདུག དྲ་ཐོག་ཏུ་འོང་ཐེངས་རེར་གཉིད་སད་པ་ལྟ་བུའི་གློ་བུར་བའི་ཚོར་སྣང་རེ་འགན་འཁྲི་མེད་པར་བཤད་རྗེས་ཁུ་སུམ་མེར་བརླགས་འགྲོ། དོན་དངོས་ཐོག་གནས་ཚུལ་འདི་དེ་འདྲའི་དཀའ་གནད་ཅིག་མིན་པར་མ་ཟད། ཤེས་འདོད་ཡོད་མཁན་ཞིག་ཡིན་ན་ལས་སླ་བོ་རེད། མི་མང་ཅལ་འདྲོགས་མི་འོངས་ཆེད་ངས་ཀྱང་མཆན་ཐུང་ཐུང་ཞིག་བྲིས་རྗེས་ཟུར་དང་ངོས་གང་ལ་འང་བལྟ་ས་ཡོད་པ་ཞིག་བྱས་ཡོད་མོད། ཕལ་ཆེར་ངལ་བ་འབྲས་མེད་རེད། རྣམ་རྟོག་ཟ་ཡུལ་སྐོར་ཞིག་གིས་སྐུ་སྒེར་གྱིས་ཅིག་འགྲིག་མ་སོང་། བཀའ་ཤག་གིས་འགྲིག་མ་སོང་ཅེས་གོ་སྐབས་འདི་བཟུང་ནས་དམིགས་ཡུལ་གཞན་ཞིག་ལ་ལག་པ་འཆང་གིན་ཡོད་པ་གསལ་བོ་རེད། དེས་ཕྱིར་ང་ཚོས་ངོས་ནས་མཆན་འདེབས་མཁན་དག་ལ་སྒོ་གང་ཐད་ནས་ཞིབ་འཇུག་བྱ། ནམ་ཞིག་ལྷང་ལ་འབུད་ཀི་རེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གྲོས་ཚོགས་ནང་བགྲོ་གླེང་བྱས་ནས་ཐག་ཆོད་པ་ཞིག་དང་གཅོད་འོས་པ་ཞིག་ཡིན་ན་སྤྱི་འཐུས་རྨོག་རུ་ལགས་ཀྱིས་གསུངས་པ་ལྟན་ཡིན་ད་ཡིན། ཡིན་ན་ཡང་གནད་དོན་འདི་དེ་འདྲ་མ་རེད། འདི་ཐབས་ལམ་གཞན་ནས་གཙང་སེལ་བྱེད་དགོས་པ་ཞིག་རེད། དེའི་གཙང་སེལ་གྱི་འགན་གཙོ་བོ་དོ་བདག་ལ་ཡོད་པར་ངས་ངོས་འཛིན་གཙང་མ་ཞུ་གིན་ཡོད། རྒྱུ་མཚན་དོ་བདག་རང་ཉིད་ཧྥ་རན་སི་ན་ཡོད་པས་འདི་ནས་བཟོས་པའམ་བྱུང་བའི་གནས་ཚུལ་ཡང་དོ་བདག་རང་གིས་གསལ་བོ་རྩད་གཅོད་ཐུབ་པ་རེད། མི་ཞིག་དཀར་འདོན་ནམ་དག་སེལ་བྱེད་དགོས་ན་གཙོ་བོ་རང་ཉིད་དང་དེ་ནས་ཧ་ཅང་རྒྱུས་ཡོད་དག་དང་ཡང་ན་བརྟག་དཔྱད་ཞིབ་འཇུག་ཆ་ཚང་བྱས་པ་དག་ཡིན་པ་ལས་ཚོར་སྣང་སྨྲ་བ་དག་ནི་མུན་ནག་མདའ་འཕེན་ཡིན། དེས་སུ་གསོད་དང་སུ་རྨས་མི་ཤེས། ཕྱིར་འཁོར་ནས་རང་ཉིད་གསོད་ན་ཡང་ཐང།
    ངས་ཡང་བསྐྱར་ཞུ་འདོད་པ་ནི། དོ་བདག་གིས་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཚོགས། སྐུ་སྒེར་ཡིག་ཚང་དང་བཅས་པར་དག་འབུལ་སྙན་ཞུ་ཕུལ་ཡོད་པས་དེ་ལ་རྩད་གཅོད་གཙང་སེལ་གནང་ནས་གནས་ཚུལ་སྔ་ཕྱི་ཚང་མ་ཕྱི་གསལ་ནང་གསལ་གནང་རོགས། དེ་མིན་མེ་སྟག་ཆུང་ངུས་ཆེན་པོ་བསྲེག་ན་ཐང་གི་ཟེར་བ་ཡིན།

    Reply
  3. དམར་ཁ་ཚ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོས་འགྱུར་མེད་བསྟན་འཛིན་ལ་དོགས་ཟོན་གནང་རོགས། མི་འདིའི་གོ་སྐབས་ཡོད་ཚད་བཙལ་ནས་མཆོངས་རྒྱག་བྱེད་བཞིན་འདུག་པས། དྲ་བདག་གིས་ཀྱང་ཐུགས་སྣང་གནང་རོགས།

    Reply
  4. ཐུབ་བསྟན། says:
    ལོ་ 14 སྔོན།

    ཆབ་བྲག་ལགས་ཀྱིས་བཀའ་ཁྲི་ལ་པེ་ལེ་འདྲ་ཞིག་འཁྲབ་བཞིན་ཡོད་ས་རེད། ག་ཚོད་འཁྲབ་ཀྱང་བློ་སེང་གིས་ལེན་ས་མ་རེད།

    གྲོས་ཚོགས་ནང་བདེན་རྫུན་དབྱེ་འབྱེད་མ་བྱས་ན་གང་ནས་བྱེད། སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་དྲི་བ་ཡག་པོ་བྱུང་།
    འོན་ཀྱང་ལན་དེ་ཧ་ཅང་སྐྱོ་པོ་ཞེ་དྲག་རེད།
    བློ་བཟང་སེང་གེ་བཀའ་ཁྲིར་སླེབས་པར་ཐུབ་བསྟན་རྒྱ་མཚོ་ཉིན་རྒྱུགས་མཚན་རྒྱུགས་ཤུགས་རྒྱག་མཁན་ཞིག་རེད།
    ད་བློ་སེང་གིས་བཟང་ལན་ངན་དང་ཇ་ལན་གཅིན་ཟེར་བ་དེ་ཡིན་ས་རེད།

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྤྱི་ཟུར་ལྷ་མོ་སྐྱབས་ཀྱི་སྐད་ཆ་ལ་བརྒྱ་ཆ་བརྒྱ་བརྒྱབ་སྐྱོར་ཡོད།གྲོས་ཚོགས་ནང་དུ་དྲི་བ་དང་བསམ་ཚུལ་གང་དྲན་དྲན་བཤད་ནས་སྤྱི་ཚོགས་ནང་དུ་རྙོག་དྲ་བོཟ་གི་རེད།བཀུར་འོས་སྤྱི་འཐུས་ཚོས་རང་སྣང་གང་ཤར་སེམས་ཚོར་གྱི་རྗེས་སུ་འབྲང་ནས་སྐད་ཆ་མ་བཤད་རོགས།

    གཡུ་དྲུང་དཀར་ལགས།
    སྒུ་སྒེར་ཡིག་ཚང་དང་ཡམ་གཞིས་ཡང་ན་སྐུ་དྲག་མི་དྲག་ཚོ་སྟག་སེང་ཁ་འཐབ་པའི་བར་ནས་ཡང་ན་ཁོང་ཚོས་མི་མངོན་པའི་འཆིང་ཐག་བར་ནས་བཀའ་བློན་དང་སྤྱི་འཐུས་འདི་ཚོ་ས་འབུ་གྲོག་མའི་ནུས་ཤུགས་ཙམ་རེད་ཅེས་ངས་བཤད་དོན་ཁྱེད་ཀྱི་བཤད་པའི་སྐད་ཆ་གནད་འགག་འདི་ལ་ཐུག་ཡོད།རྗེས་བཙུན་པདྨའི་བཀའ་འོག་ལས་ལས་ཁུང་གང་རུང་ཞིག་ཐར་ཐུབ་མི་འདུག་ཨ།
    མི་མངོན་པའི་འཆིང་ཐག་འདི་ཚོ་མཇུག་མ་སྒྲིལ་བར་དུ་དམངས་གཙོ་ཟེར་བ་དེ་ཏག་ཏག་བསྡད་མེ
    ད།

    Reply
  6. ལུང་རྟོགས། says:
    ལོ་ 14 སྔོན།

    གཡུ་དྲུག་དཀར་གྱིས་སྐད་ཆ་ལ་རྒྱ་ཆ་རྒྱ་རྒྱབ་སྐྱོར་ཡོད། ང་ཚོའི་མི་འདི་ཚོ་ནམ་ཡིན་རུང་ཁ་ནང་ལ་བསྐོར་ནས་ནང་ཁུལ་ལ་ཁ་རྡུང་གཏོང་རྒྱུ་ལས་གང་ཡང་ཤེས་ཀྱི་མ་རེད། ད་དུང་གནས་ལུགས་ཡོད་པའི་སྐད་ཆ་ཡིན་ན་ཡག་པོ་རེད་སྟེ། དེ་ཡང་ཡོད་པ་མ་རེད་ཐམས་ཅད་མུན་ནག་མདའ་འཕེན་རྐྱང་རེད། མི་འདི་ཚོས་སུན་བཅུག་བྱུང་།

    Reply
  7. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པའི་བགྲོ་གླེང་མང་ཙམ་གནང་བར་བཀའ་དྲིན་ཆེ།
    ཁ་སང་གྲོས་ཚོགས་ནང་རང་གི་ལྟ་ཚུལ་འདི་ལྟར་བཤད་པ་ཡིན། རྒན་ཆབ་བྲག་སོགས་ཀྱི་ཐུགས་ལ་འབབ་རྒྱུ་མ་རེད། གང་ལྟར་ང་རང་ཉིད་ལ་འགན་འཁུར་ཞིག་ཡོད་པ་དེ་ངོས་ནས་གང་ཐུབ་བསྒྲུབ་ཐག་ཆོད་ཡིན།

    དཔལ་ལྡན་ཚོགས་གཙོ་མཆོག
    མི་རེ་རེར་ཁམས་དང་བསམ་པ་སྣ་ཚོགས་ཡོད་པའི་ཆ་ནས་བསམ་ཚུལ་སྣ་ཚོགས་ཤིག་ཡོད་བསྡད་པ་རེད། བཀུར་འོས་སྤྱི་འཐུས་རེ་ཟུང་ཞིག་གིས་སྤྱི་ཚོགས་ཀྱི་ཟ་དང་ཟུར་ན་ལྷག་པའི་ཚོགས་སྡེ་དང་མི་སྒེར་གྱི་དཀའ་ངལ་དང་། བསམ་ཚུལ། བདེ་སྡུག་གྲོས་ཚོགས་རྭ་བའི་ནང་གླེང་བར་འདོད་པ་བྱེད་ཀྱིན་མི་འདུག གྲོས་ཚོགས་རྭ་བ་འདི་ཉིད་ཡག་ས་བཟང་ས་དང་། འཇམ་ས་བདེ་ས་ཞིག་གིས་འགྲོ་ཐུབ་ན་འགྲིག་པར་དགོངས་ཀྱིན་ཡོད་པ་རེད།
    ང་རང་ཆ་བཞག་ན་སྤྱི་ཚོགས་ནང་གི་མི་སྒེར་དང་ཚོགས་སྡེ་གང་འདྲ་ཞིག་གི་དཀའ་ངལ་དང་། བསམ་ཚུལ་རིགས་གླེང་དགོས་པ་གལ་ཆེན་པོར་མཐོང་གིན་ཡོད། དཀའ་ངལ་དང་རྙོག་དྲ་གང་འདྲ་ཞིག་ཡིན་ཀྱང་གླེང་སློང་བྱས་པ་ལ་བརྟེན་ནས་ཕྱི་གསལ་ནང་གསལ་ཆགས་ཀྱིན་ཡོད་པ་རེད། དེ་ལ་བརྟེན་ནས་དཀའ་ངལ་རིགས་གཙང་སེལ་བྱེད་ཐུབ་ཀྱིན་རེད་བསམ་གྱིན་འདུག
    མི་མང་གི་དཀའ་ངལ་དང་བདེ་སྡུག བསམ་ཚུལ་གླེང་དགོས་པར་ང་ལ་འགན་ཞིག་ཡོད་པ་ཡིན། ཁས་ལེན་དམ་བཅའ་གཉིས་ཡོད།a སྤྱི་འཐུས་སུ་མ་སླེབས་པའི་སྔོན་ལ་མ་འོངས་པར་སྤྱི་འཐུས་ཆགས་སོང་ན་མི་མང་ཉམ་ཆུང་དང་། ཚོགས་སྡེ་ཉམ་ཆུང་གི་མགྲིན་ཚབ་བྱེད་རྒྱུའི་ཁས་ལེན་དྲིལ་བསྒྲགས་བྱས་ཡོད།
    སྤྱི་འཐུས་གྲོས་ཚོགས་སུ་སླེབས་རྗེས་གྲོས་ཚོགས་རྭ་བའི་ནང་འཇིགས་ཞུམ་ཆགས་སྡང་མེད་པར་མི་མང་གི་བདེ་སྡུག་དང་། སྤྱི་བའི་རྩ་དོན་གླེང་སློང་བྱེད་རྒྱུའི་ཁས་ལེན་བྱས་པ་མ་ཟད་གནའ་སྐྱེལ་དམ་བཅའ་བྱས་མཁན་གྱི་གྲས་ཡིན།
    དེ་འདྲ་ཞིག་གི་ངོ་བོའི་ཐོག་ནས་བཤད་དགོས་པའི་སྤྱི་དོན་དང་། དྲང་བདེན་གྱི་དོན་གནད་ཁག་ངེས་པར་དུ་བཤད་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད་ཡོད།

    Reply
  8. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    ཁྱེད་ཚོས་གནས་ཚུལ་རྩད་གཅོད་གཅིག་ཀྱང་མ་བྱས་པར་བོད་གཞུང་དང་ཟམ་གདོང་བླ་མར་སྐྱོན་བརྗོད་རྐྱང་རྐྱང་བྱས་ནས་བསྡད་པ་རེད། ངས་བལྟས་ན་གནས་ཚུལ་དངོས་རྩད་གཅོད་མཁན་མི་འདུག ད་ལྟའི་བར་དུ་བཟོད་པ་སྒོམ་ནས་བསྡད་པ་ཡིན་མོད། ད་ནི་རང་གཞུང་དང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལ་ཁ་རྡུང་མང་དྲགས་སོང་བས་གསལ་བཤད་མ་བྱས་རང་བྱས་ཆགས་སོང་། དོན་དངོས་ཐོག་ཐུབ་བསྟན་རྒྱ་མཚོ་དོན་གཅོད་ཀྱི་འོས་མིའི་གྲས་སུ་འཇུག་མཁན་ལྕམ་སྐུ་རྗེ་བཙུན་པདྨ་ལགས་རེད། རྗེ་བཙུན་པདྨའི་བཀའ་ལ་གྱེན་ལྡོག་བྱེད་མི་ཐུབ་མཁན་དེ་བཀའ་ཤག་མ་རེད། ལས་ཁུངས་གཞན་ཞིག་རེད། དོན་དངོས་ཤེས་འདོད་མཁན་ཡོད་ན་གནས་ཚུལ་འདིའི་སྒང་ནས་ཞིབ་འཇུག་བྱོས། བོད་གཞུང་དང་བཀའ་ཁྲི་མཆོག་གིས་མི་སྒེར་གྱི་མཚང་འབྱིན་མ་འདོད་པར་འདི་ལྟར་རྣ་བ་ལྕགས་ཀྱིས་བཀབ་ནས་བསྡད་པ་རེད། ངའི་རེ་བ་ལ། དོན་དངོས་མ་ཤེས་པར་རང་གཞུང་ལ་ཁ་མ་གཏོང་རོགས།

    Reply
  9. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    གྲལ་མགོ་ལ་སྡོད་མཁན་དེ་ཚོས་ཀྱང་ཡིག་འབྲེལ་དབྱིན་ཡིག་ཐོག་བྱེད་ཀྱི་ཡོད་པ་འདྲ། ངེད་གངས་ཅན་པའི་བོད་ཡིག་དེ་ད་གང་དྲག ངོ་མ་ཡིད་སུན་འཇུག་གི་འདུག

    Reply
  10. ཁྱུང་དཀར says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོས་དོན་དག་དེ་རིགས་གྲུབ་འབྲས་ཐོན་ཡ་མེད་པའི་སྒང་ལ་གཞུང་དམངས་བར་ལ་འགལ་ཟླ་བཟོ་ཀི་ཡོད་པའི་མདོག་འདྲ་ཞིག་སྟོན་ཀི་འདུག སྐུ་ཚབ་ལ་བསྐོ་ན་བསྐོ་ཆོག་ཆོག་དང་མར་ཕབ་ན་ཕབ་ཆོག་ཆོག་དེ་འདྲ་རང་ད་ཨེ་ཡིན་ན། འདི་ནི་དམར་ཕྱོགས་སྒེར་གཅོད་ཀྱི་དབང་ཤུགས་དང་མཚུངས་སེ་འདུག་ག ཉེ་ཆར་སྤེན་པ་ཚེ་རིང་གིས་ཚོགས་ཐོག་ཏུ་རྨོག་རུ་བའི་དྲི་བར་དམ་དྲགས་བྱས་པ་ཇི་འདྲའི་སྒེར་གཅོད་ཐབས་སྡུག་ཅིག་རེད་ཨང་། འབྲེལ་འདྲིས་མེད་ལ་མཐོང་མྱོང་ཡང་མེད་པའི་མི་བུ་ཐུབ་བསྟན་རྒྱ་མཚོ་འབོད་པ་གོང་རིམ་ནས་གསལ་བཤད་ཡང་དག་ཅིག་མ་གནང་ཚེ་བཀའ་སྤྱི་གཉིས་ལ་གང་ཐུབ་ཀྱིས་ཁབ་རྩག་འབིགས་རྕེག་རེ་བྱ་ངེས་ཡིན།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཕན་ཐོགས་པའི་ལས་ཀ་བྱེད་དགོས་རེད། ཕན་མི་ཐོགས་པའི་དྲི་བ་དང་ལན་འདེབས་ཀྱིས་ཅི་ལ་ཕན་སོང། ཅང་ཐག་གིས་ཆོད་སོང་ངམ། དེ་ཆུ་དཀྲོགས་ནས་མར་མ་ཐོན་པ་རེད།
    འོ་མ་དཀྲོག་མཁན་ངོ་མ་དེ་ཐུབ་བསྟན་རྒྱ་མཚོ་ཁོང་རང་ཉིད་རེད། གནད་དོན་འདི་ཐག་གཅོད་ཇི་ལྟར་བྱེད་མིན་གྱི་འགན་ནུས་གཙོ་བོ་དེ་དོ་བདག་རང་ཉིད་ལ་ཡོད། ངས་བལྟས་ན་བཀའ་ཤག་གིས་ད་གསང་དང་མ་གསང་མི་འདུག ཁོང་ལ་སྐྱོན་བརྗོད་ཀྱི་ཡིག་ཆ་གང་ཡོད་ཆ་ཚང་ཕྱི་གསལ་ནང་གསལ་གནང་རོགས། དོ་བདག་གིས་ཡར་ལ་རང་ཉིད་དཀར་གཙང་གཙང་ཡིན་ཚུལ་ཞུས་དང་ཞུ་བཞིན་པ་རེད། གལ་ཏེ་ཁུངས་མེད་ཡི་གེ་རེ་ལ་བཀའ་ཤག་གིས་ཡིད་ཆེས་སམ་དོགས་འདྲོགས་ཀྱིས་ནོར་འཛོལ་བྱུང་ཡོད་ན་དགོངས་དག་ཞུ་དགོས། དེ་མིན་ན་མིན་ཚུལ་གསལ་བོ་མ་བཟོས་ན་ད་འདི་ཉོག་གྲ་ཆེ་རུ་འགྲོ་ས་རེད།
    སྤྱི་ཟུར་་གསེར་རྟ་ཚུལ་ཁྲིམས་འོད་ཟེར་་ལགས་ནས་ཐུབ་བསྟན་རྒྱ་མཚོས་ཡར་ཕུལ་བའི་ཡི་གེ་ཆ་ཚང་འདིར་བཀོད་འདུག ད་བཀའ་ཤག་གིས་ཀྱང་བཀའ་ལན་གསལ་བོ་ཞིག་གནང་ན་རེད།

    Reply
  12. ནོར། says:
    ལོ་ 14 སྔོན།

    ཧ་ཧ་ཧ་་་་་་་་་”མཆིས་མ་བདེ་ཞུ་བཤད་གསལ”གོ་སོང་ངམ་་་་་་་་་་་
    ཧ་ཧ་ཧ་་་་་་་་་་”གསལ་བཤད་ཞུ་བདེ་མ་མཆིས”ཤེས་སོང་ངམ་་་་་་་་

    Reply
  13. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    བཀུར་འོས་དྲ་གྲོགས་ལྷན་རྒྱས་ལགས།
    གཤམགསལ་སྙན་ཞུ་འདི་ནི་ཉེ་སྔོན་ཐུབ་བསྟན་རྒྱ་མཚོ་མཆོག་རང་ཉིད་ཀྱིས་བཀའ་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་བའི་ངོས་བཤུས་ཤིག་རེད། ཀུན་ཀྱིས་གཟིགས་རོགས་ཞུ། ——————————————————————————–
    From: thuptengyatso@hotmail.com
    To: samdhongr@yahoo.com; ohhdl@dalailama.com; kadrung@gov.tibet.net; katri-pa@gov.tibet.net; diirkalon@gov.tibet.net; diir-pa@tibet.net; tibetanparlianment@gov.tibet.net; tibetoffice@orange.fr; security@tibet.net
    Subject: Lettre of deny from Mr Jean François Buliard about Thupten Gyatso.
    Date: Tue, 13 Sep 2011 13:27:48 +0200

    Dear Kalon Trisur Prof. Samdhong Rinpoche la,

    I would like to share with you a certain number of informations regarding my nomination at the post of the Representative in Brussels and so called reasons behind the withdraw from the nomination by your Kashag.

    I have met with His Holiness the Dalai Lama on 12 August 2011, in the eastern France during an inaugural ceremony of a Buddhist center and I did not want to talk about the problem in link with my nomination at the post of the His Holiness the Dalai Lama’s representative in Brussels. Because I did not want to disturbe His Holiness the Dalai Lama with these fabricated politics.

    Until that day, I was not aware of who did carry the initiative of my nomination and for what I have been accused so on to justify the revocation. His Holiness the Dalai Lama in person told me that he did suggested to you my nomination at the post of Representative when you had a discussion about the different candidats. His Holiness has shared with me, what you had submitted to him regarding so called reasons of the withdraw of me from the nomination. He said that ” Rinpoche told me that there is a letter from a French Police officer which contains a certain number of issues. That is why he did revocate you from the nomination”. His Holiness has asked me not to discourage and he feel sorry for me etc. I was quiet sad to learn that the basis for such important decision is founded on a fake letter.

    After my returning from my Dharamsala trip in last may 2011, I was told from a reliable source that there was a alleged letter from a french police officer which would have some critical issue about me. I have contacted immediately my partenaire from French police authorities, with whom I used to deal the issues concerning the Tibet. His name is Laurent Maq and he did reacted with dismay.

    He told me that It can not comes from Prefecture department because he is only one affected by the authorities who has legal mandate to treat all the matters regarding Bureau du Tibet and Tibetan Community of France. He has advised me to get a copy of that letter then he will give me an official letter of deny. I have managed to have the letter but no result. If you want that the truth should be shined that please send me a copy of the letter. I have been told that the author of the letter would be a french police officer who did marry with a Tibetan woman, having two kids etc.

    It is very easy for me to know who might be this person because there is only one french police officer in Paris, who has a Tibetan woman. He is a friend of me rather than an enemy. His name is Jean François Buliard. He told me that he had never sent a such letter. He was quiet angry over the situation. I do believe him and he believes that there would be a third person who manipulated the situation.

    Anyway at the end of may 2011, Kashag has sent me a letter of revocation on 30th of may and I met with Kalsang Gyaltsen on 8th of June 2011. He told me that Kashag asked him to inform me that they did not reconsider their decision of the revocation. He asked me to take the resignation from the job but I told him that I have no any valid reason to resign from the nomination. At the end of our meeting, he told me that It was his personal suggestion.

    Since then for me, the nomination and its revocation are over. But when I met with His Holiness the Dalaï Lama. He told me reasons behind the revocation so I feel the need to make somes clarifications over the situation. I came back to Paris at the end of August 2011 and I called Mr. Jean François. We met together at his flat. He told me that Mr. Kalsang Gyaltsen had spoken about the letter with him and he wanted know whether this letter comes from Jean François or not. Mr. Jean François told him that he was not the author of the letter.
    Mr. Kalsang Gyaltsen told him that he speaks such good English so he can not be the author of the letter.

    Because the alleged letter was written in a very bad English etc. Jean François told me that according to the Kalsang Gyaltsen remarks about containing of the letter, there would be three key points: “Thupten Gyatso would have a bank account in Singapore with a huge amount of money and second point is he would doing human traffic business and lastly he would had a violent conflict with his wife and her sister. for that he would have a lawsuit in the court”. Of course these are nonsense and out of pure fabricated by jalousy and regionalism sectarian. All these elements are a defamatory actions.

    I told him even he was asserting that did not wrote any such letter against me and I would be the first person to believe him. But the Kashag of Samdhong Rinpoche took the matter seriously without any thorough investigation and I told him that you knew the consequences. Therefore I have asked him to give me a written letter of deny of this so called letter which been sent to Dharamsala in his name to the private office of His Holiness the Dalai Lama and Kashag.

    Therefore, he gave me this letter, which is very clear. Please find a good translator and go through It. I send you the letter in Its original forme in French.

    The searched purpose of this letter is to clarify the situation and I do not want be accused for nothing.

    Your sincerely

    Thupten Gyatso, Paris

    A copy to His Holiness the Dalai Lama’s private Office
    Kashag
    DIIR
    Departement of security
    Tibetan parliament.

    Reply
  14. ངག་དབང་རབ་རྒྱས། says:
    ལོ་ 14 སྔོན།

    གནད་དོན་འདི་ནི་༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་མ་གནང་བའི་གོང་ནས་ཡིན་པ་དང་དེ་ཡང་སྐབས་དེ་དུས་ནི་སྐུ་ཚབ་དོན་གཅོད་ཚང་མ་༸གོང་ས་མཆོག་གི་བཀའ་འབྲེལ་ངོ་བོའི་ཐོག་བསྐོ་བཞག་བྱེད་ཀྱི་ཡོད་པས།་ཐོགས་མ་བསྐོ་བཞག་དང་ཕྱིར་བསྡུ་གཉིས་ཀ་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བ་ཆགས་ཡོད་རེད།་སྤྱིར་ང་ཚོའི་སྐྱབས་བཅོལ་སྒྲིག་འཛུགས་འདི་ཕྱི་གསལ་ནང་གསལ་རེད་དེ་གསང་དགོས་པ་གསང་རྒྱ་བྱེད་ངེས་རེད་ལ་དེ་ཡང་བོད་སྤྱི་པའི་རྩ་དོན་དང་འབྲེལ་བ་ཆགས་ཡོད་རེད་བསམ་གྱི་འདུག་དོན་མེད་གསང་རྒྱ་དགོས་དོན་མེད་པ་རེད།་ཚང་མས་འགན་འཁུར་ཡོད་པའི་མཆན་དང་བསམ་ཚུལ་བྲིས་ན་ཡག་པོ་རེད།

    Reply
  15. དམར་ཁ་ཚ། says:
    ལོ་ 14 སྔོན།

    ཟམ་གདོང་བླ་མའི་རྒྱ་ལ་ཁ་འཁོར་ནས་ཕྱི་གསལ་ནང་གསལ་དང་། བདེན་པ་སོགས་ཀྱི་སྲིད་བྱུས་ཀྱི་ཐ་ཚིག་བསྒྲགས་ཡོད།
    སོ་སོའི་ནང་ལ་ཁ་འཁོར་ནས་ལྐོག་ལྐོག་སུལ་སུལ་གྱི་ལས་ཀ་འདི་འདྲ་བྱས་པ་རེད། མི་ལ་དོན་དག་མེད་པར་བརྡབས་གསིག་བཏང་ནས་ག་རེ་ཡིན་པ་རེད། མི་རྩེད་མོ་རྩེ་ནས་ག་རེ་བྱས་པ་རེད། དྲང་བདེན་མ་ཡིན་པའི་ལོ་རྒྱུས་ཀྱི་ནག་ཉེས་འདི་ཚོ་ང་ཚོས་ངོས་འཛིན་ཐུབ་དགོས་པ་དེ་གལ་ཆེན་པོ་རེད།

    Reply
  16. རྒྱ་རྙི། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ཀྱིས་མགོ་ཚོས་ལ་མི་ཚོས་པའི་སྐད་ཆ་རྐྱང་རྐྱང་གླེང་ནས་སྐབས་བཅོ་ལྔ་བའི་སྤྱི་འཐུས་ནང་ནས་མི་མང་གིས་བཏོན་པ་རེད།
    མི་མང་གི་བདེ་སྡུག་དང་། ཉམ་ཆུང་གི་གནས་སྟངས་གླེང་ས་སྤྱི་འཐུས་གྲོས་ཚོགས་ནང་རེད། དེ་མི་འགྲིག་ཚུལ་བཤད་ན་སུས་ནོར་འཁྲུལ་རེད།

    Reply
  17. མི་ཆུང་། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་ཟུར་དམ་པ་ཟམ་གདོང་བླ་མས། ང་ཚོའི་གཞུང་འདི་ཕྱི་གསལ་ནང་གསལ་ཡིན། ཐོག་སྟེང་དུ་བྱ་ཞིག་བབས་ཀྱང་གྲོས་ཚོགས་ནང་དུ་ཚོར་གྱིན་ཡོད། ཅེས་གསུངས་པ་ལྟར། སྐབས་འདིར་བཀའ་ཁྲི་མཆོག་གིས་སྤྱི་བམ་གྱི་ལན་འདིས་མི་དམངས་ཚོར་སྔར་ལས་ལྷག་པར་དོགས་གཞི་བསླངས་ཡོད་ན། གང་གི་ཕྱིར། ཇི་ལྟར་ཡིན། ལན་གསལ་པོར་གསུངས་དགོས།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ལྷ་མོ་སྐྱབས་ལགས་་་ཐུབ་བསྟན་རྒྱ་མཚོའི་གནད་དོན་འདི་ཆུ་ཞིག་ཡིན་པའི་དབང་དུ་བཏང་ཀྱང་དེར་འཐུང་མཁན་ཧྥི་རན་སི་ཡི་བོད་རིགས་མི་དམངས་རེད། མི་དམངས་ཀྱིས་ཐུབ་བསྟན་རྒྱ་མཚོ་ལགས་སུ་རྒྱབ་སྐྱོབ་ཡོད་པ་གསལ་པོ་དག་པོ་རེད།

    དང་པོ་སྐུ་ཚབ་ཡིན་ཟེར་ནས་ཡར་བསྐོས། དེ་ནས་ནག་ཉེས་ཡོད་པའི་བསམ་འཆར་འདུག་ཟེར་ནས་མར་ཕབ། ཐུབ་བསྟན་རྒྱ་མཚོ་་་རྩེ་མོ་རྩེད་སྤྱོད་བྱས་པ་ཡག་པོ་རེད་པས། ད་དུང་གྲོས་འཚོགས་ནང་དུ་བཤད་ནའང་མི་འགྲིག་མདོག་མདོག་དང་སྒེར་གཅོད་བྱས་ཀྱི་འདུག་ག

    ལྷག་བསམ་ཡོད་པ་དང་བོད་ཕྱི་ནང་གཉིས་སུ་རྒྱུས་མངའ་ཡོད་མཁན་ཐུབ་བསྟན་རྒྱ་མཚོ་ལགས་སུ་རྡོག་རོལ་བཏང་བ་འདི་ཡག་པོ་རེད་པས།

    Reply
  19. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    མ་གཞི་ནས་འདིའི་སྐོར་ལ་བྱེད་འོས་པ་དང་དགོས་པ་ཚང་མ་བྱས་ཚར་བ་རེད། ཆུ་དཀྲོགས་ནས་མར་ཐོན་ཡ་མེད་པ་ཞིག གྲོས་ཚོགས་ནང་ལ་དྲིས་ནས་ཅི་བྱེད། དེ་ལ་དོན་ཕན་གང་ཡང་མེད་པ་ལོས་ཤེས། ཤེས་བཞིན་དུ་ཆེད་དུ་འདི་ལྟར་བྱེད་དགོས་དོན་ཅི། དེ་དག་གི་མཇུག་འབྲས་ནི་འོག་གི་མཆན་འདེབས་ཚོའི་སྐད་ཆས་མཚོན་གྱིན་ཡོད། གཞུང་དམངས་བར་ལ་དོན་མེད་འགལ་བ་མ་བསླངས་ན་ཡག་གི་རེད།
    འདི་ལས་རིམ་ཚོགས་ཆུང་གི་ཞན་ཆ་ཡིན་པར་མ་ཟད་བཀའ་འདྲི་དང་བཀའ་ལན་གནང་མཁན་གཉི་གའི་ཞན་ཆ་ཡང་རེད། བློ་ཕམ་བྱུང།

    Reply
  20. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ༡། བཅའ་ཁྲིམས་ཀྱི་ནང་དུ་བཀོད་ཡོད་ཀྱི་མ་རེད། བཀོད་དགོས་དོན་ཡང་མི་འདུག འདི་སྲིད་བྱུས་ཤིག་རེད་མ་གཏོགས། བཅའ་ཁྲིམས་ཤིག་མ་རེད།
    ༢། སྐུ་ཚབ་ཅེས་པ་དེ་བོད་མི་རིགས་ཀྱི་སྐུ་ཚབ་ཡིན་དང་ཡིན། དེ་བས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཡིན་པར་དོགས་པ་ཡོད་དགོས་དོན་མི་འདུག
    ༣། བཙན་བྱོལ་སྒྲིག་འཛུགས་ཀྱི་རེད།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་ལ་དྲི་བ་ཞིག་ཡོད་པས་ལན་རེ་ཡོད་ན་གསུང་རོགས་གནང་།
    ༡་་སྐུ་ཚབ་དོན་གཅོད་འདི་་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྲིམས་ལུགས་འོག་གི་ལས་ཁུངས་ཤིག་རེད་དམ།
    ༢་་་སྐུ་ཚབ་ཞེས་པ་འདི་་་་དེང་སང་་༧གོང་ས་མཆོག་གི་སྐུ་ཚབ་རེད་དམ། སྲིད་སྐྱོང་བ་བཀའ་ཁྲི་བློ་བཟང་སེང་གེའི་སྐུ་ཚབ་རེད།
    ༣་་་སྐུ་ཚབ་དོན་གཅོད་ཁང་འདི་་་་བཙན་བྱོལ་སྒྲིག་འཛུགས་ཀྱི་རེད་དམ་་་སྐུ་སྒེར་ཡིག་ཚང་གི་རེད།

    འདི་དག་ཐམས་ཅད་༧གོང་ས་མཆོག་གིས་སྲིད་དབང་བརྩིས་སྤྲད་གནང་རྗེས་ཀྱི་གནད་དོན་རྣམས་ཀྱི་རེད།

    Reply
  22. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྤྱི་ཚོགས་ནང་གི་མི་རྙོག་དྲ་ཅན་འདི་ཚོ་གྲོས་ཚོགས་ནང་དུ་བསྐྱལ་གཞགས་དུས་གྲོས་ཚོགས་ཀྱང་རང་བཞིན་དུ་དང་པོ་རྙོག་དྲ་ཅན་དེ་ཡང་བསྐྱར་རྙོག་དྲ་ཅན་ཞིག་ཆགས་ཀྱི་རེད།
    དོན་གཅོད་ཀྱི་གནས་ཚུལ་འདི་དྲི་དགོས་ན་ཟམ་གདོང་བླ་མ་དང་སྐུ་སྒེར་ཡིག་ཚང་ལ་དྲིས་དང་ཐག་ཆོད་རྒྱུ་རེད།
    བཙན་བྱོལ་ནང་དུ་སྒུ་སྒེར་ཡིག་ཚང་གི་མི་མངོན་པའི་འཆིང་ཐག་མང་པོ་ཞིག་ཡོད་པ་རེད་དེ་ཚོ་སྤྱི་འཐུས་ལགས་ཀྱིས་རྟོགས་མི་འདུག་ཨ།

    Reply
  23. གནས་ཚང་། says:
    ལོ་ 14 སྔོན།

    ད་གང་འདྲ་འདུག མདོ་སྨད་ཀྱི་མི་སེར་དཀྱུས་མར་ཡ་བྱེད་ཀྱི་མི་འདུག་གཱ སྤེན་ཚེ་ལགས་མདོ་སྨད་ཀྱིས་སྤྱི་འཐུས་འདེམས་པ་དེ་ཟམ་གདོང་བླ་མ་སྲུང་སྐྱོབ་ཀྱི་ཆེད་དུ་རེད་མ་གཏོགས་མི་སེར་དཀྱུས་མའི་སྐྱིད་སྡུག་གི་ཆེད་དུ་མ་རེད།

    Reply
  24. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    མང་གཙོའི་གྲོས་འཚོགས་ནང་དུ་སྒེར་གཅོད་ཀྱི་ལམ་ལུགས་ལག་ལེན་སྟར་གྱི་ཡོད་པ་འདི་ཡག་པོ་མ་རེད་འདོད། ཚོགས་གཙོ་སྤེན་པ་ལགས་ཀྱིས་གནད་དོན་དེའི་ཐོག་ཏུ་བགྲོ་གླེང་དང་དྲི་བ་མེད་པའི་ཐག་བཅད་གནང་བ་འདི་སྒེར་གཅོད་བྱས་སྟངས་ཤིག་རེད་འདོད།

    བཀའ་བློན་བསྐོས་དུས་ཀྱང་ཚོགས་གཙོ་སྤེན་པ་ལགས་ཀྱིས་བཀའ་བློན་གྱི་འོས་མི་དང་སྤྱི་འཐུས་རྣམས་གྲོས་འཚོགས་སུ་མཉམ་འཛོམས་སྐབས་སུ་བཀའ་བློན་འོས་མི་ཅིག་ཅིག་མ་ལ་དགག་བྱ་ཡོད་པས་་་ཞེས་དྲི་བ་བཏང་མཚམས་སུ་ཅིག་ཅིག་མ་ལ་དགག་པ་རྒྱབ་མཁན་དངུས་སུ་ལག་པ་འཕྱར་མཁན་མེད་ན་སྤྱི་མོས་བྱུང་ཞེས་ཆགས་པ་བཞག་པ་རེད། དེ་འདྲའི་མང་གཙོ་ཡི་དབུ་ཁྲིད་བསྐོས་སྟངས་ཤིག་ཡོད་པ་ནི་སྒེར་གཅོད་ཁོ་ན་རེད་མ་གཏོགས་མང་མོས་ཡོད་མེད་བལྟས་མེད་པ་ཞིག་རེད་ཞེས་ཁས་ལེན་ཆོག

    གསང་བའི་འོས་བསྡུ་བྱས་དགོས་པ་ལ་ཡང་རྒྱུ་མཚན་ཞིག་ཡོད་པ་རེད། མ་གཏོགས་མང་ཚོགས་ཀྱིས་གསང་བ་མི་དགོས་པའི་ཐོག་ནས་འོས་མི་ལ་འགྲིག་མིན་གྱི་དགག་སྒྲུབ་བྱེད་ན་ནང་ཁུལ་འགལ་ཟླ་འགྲོ་བ་ལས་མང་ཚོགས་འདོད་མོས་འགྲུབ་ཐབས་མེད་པ་རེད། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་བཀའ་བློན་བསྐོས་བཞག་བྱེད་སྟངས་སྐོར་དུ་བཅའ་ཁྲིམས་སུ་འགྱུར་བ་གཏོང་དགོས་པའི་གྲོས་འཆར་བཏོན་པར་གནད་འགག་རེད་འདོད།

    ད་ལན་གཅིག་པོ་མ་རེད། མ་འོང་ཕུང་རྒྱང་རིང་པོའི་ཐོག་གི་གནས་ཚུལ་ཞིག་རེད། བོད་མི་རིགས་འདི་ལ་༧གོང་ས་མཆོག་གིས་མང་གཙོ་ཞིག་གསོལ་རས་གནང་ཡོད་ཀྱང་འོག་གི་དཔོན་ངན་ཚོའི་ཇུས་ངན་འོག་ཏུ་མང་གཙོ་ཚད་ལྡན་ཞིག་ལ་ལོངས་སྤྱོད་ཐུབ་ཀྱི་མེད་པ་རེད། གནས་ཚུལ་འདི་ཚོའི་ཐོག་ཏུ་ཚོགས་གཙོ་སྤེན་པ་ལགས་བསམ་ཤེས་བྱ་དགོས་ངེས་རེད་དོ།།།། སྒེར་གཅོད་བྱེད་ཀྱི་མཚམས་བཞག་བ་དགའ་གིན་རེད་ད། ང་ཚོས་ཁས་ལེན་གྱི་མིན་ཞུ་རྒྱུ་ཡིན། དེ་དང་དེ་འདྲ་བའི་མང་ཚོགས་ཀྱི་བསམ་ཚུལ་ལ་གུས་བཀུར་མེད་པར་་་སྐུ་སྒེར་བརྒྱུད་ནས་ཁ་དཔར་བསླེབས་བྱུང་བའི་བཙན་བྱོལ་བོད་གཞུང་གི་མཚན་བྱང་མེད་པ་བཟོ་གི་ཡིན་ཟེར་བ་ལ་སོགས་པ་མང་ཚོགས་ཀྱི་འདོད་མོས་སུ་བལྟ་གི་མེད་པ་རེད།
    སྒེར་གཅོད་པ་ཚོ་་་་་་གཞུང་ཞེས་པ་མེད་ནས་སྐྱིད་པོ་འདུག་གམ། འདོད་དོན་འགྲུབ་སོང་ངམ།

    Reply
  25. མྱི་ནག་ཚང་། says:
    ལོ་ 14 སྔོན།

    འོ་ཡ། བཀའ་ཁྲིའི་ལན་ལས་ཀྱང་། ཚོགས་གཙོའི་སྟངས་འཛིན་དེ་འཇིགས་ག ནམ་རྒྱུན་ཡིན་ན་དྲི་བ་འདིའི་རིགས་སྲིད་བྱུས་ཀྱི་འོག་ནས་ཡོང་གི་ཡོད་སྟབས། དྲི་བ་ཁ་ཉིན་ཕྱིན་ཚར་བ་རེད། དྲི་ལན་དེའི་རིང་ལ་གྲ་སྒྲིག་བྱེད་གི་ཡོད་པ་རེད། ཡིན་ཡང་། མ་མཐར་གསལ་བཤད་རེ་ཡོད་པ་རེད། ད་ཐབས་ཟད་ནས་འདིའི་རིགས་ལ་ལན་མི་རག་ན་ངས་གསལ་བཤད་བྱ་ཆོག ཞེ་དྲག་སྙིང་རྗེ་མོ་དེ་འདྲ་ཡོད་པ་མ་རེད།

    Reply
  26. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ནམ་ལངས་ལངས་ཉི་མ་ཤར་ཤར་རེད། བཀའ་ཤག་གིས་ལན་གང་ཡང་བཏབས་མི་འདུག དེ་ལས་ལྡོག་སྟེ་བསྐྱར་དུ་སྤྱི་ཚོགས་ལ་དོགས་སློང་རི་འདྲ་ཞིག་བཟོས་སོང་།
    “གསལ་བཤད་ཞུ་བདེ་མ་མཆིས་”ཟེར་བ་འདིའི་དོན་ཅི་རེད། ཞུ་མ་བདེ་བ་དེ་དོན་གྱིས་བཀའ་ཤག་རྙིང་པར་ཕོགས་ཏེ་ཞུ་མ་བདེ་བ་རེད་དམ། ཐུབ་བསྟན་རྒྱ་མཚོར་ཕོགས་ཏེ་ཞུ་མ་བདེ་བ་རེད། ཡང་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཀྱང་འདེགས་མི་ཐུབ་པའི་ལྕི་ཁོག་ཅན་གྱི་ཚོགས་སྒེར་སྟོབས་པོ་ཆེ་གང་རུང་ཞིག་ལ་ཕོགས་ཏེ་ཞུ་མ་བདེ་བ་རེད་དམ། དོན་གྱིས་འདི་ལྟར་ཁྲིམས་དང་སྒྲིག་གཞི་གཏོར་ནས་ས་གསང་རྡོ་གསང་བྱེད་དགོས་པའི་གསང་བ་དགུ་སྒྲིལ་གྱི་ཕུར་བུ་དགུ་ཟུར་མ་འདིའི་འདོགས་ཐག་ཡང་སྙིང་སུ་ཞིག་གི་རུལ་དྲི་འཐུལ་བའི་བྲང་གཞུང་ལ་ལྷུང་ཡོད་དམ། སུ་ཞིག་གི་ཆགས་སྡང་གི་མེ་ལྕེ་འབར་བའི་མིག་ཟུང་གི་གཏིང་རིམ་ལ་སིམ་ཡོད་དམ། སུ་ཞིག་གི་འཇིགས་དངངས་ཀྱི་སྲོག་རྩ་འདར་བའི་སྙིང་ཆུང་གི་འཕར་ལྡིང་ལ་འཐོག་ཡོད་དམ། གསལ་བཤད་མེད་པའི་གསང་བ་འདི་དག་ནི། གནའ་བོའི་དུས་སུ་རྒྱ་སོག་གི་ཆོ་ལོ་བཟུང་ནས་བཙན་པོའི་རལ་གྲི་གཅོགས་མཁན་གྱི་ཡར་ལུང་གི་སྐྱ་མིན་སེར་མིན་ཚོའི་ལྟོ་ཕོར་ལ་སྦྲེལ་བའི་ས་འོག་གི་དར་སྐུད་ཕྲ་མོ་དེ་ཡིན་ནམ། ཡང་ན། འབྱོར་མེད་གྲལ་རིམ་གྱི་ངོ་སོ་ཕྱར་ཏེ་ཁ་བ་རི་བའི་བུ་རབས་ཚ་རྒྱུད་དང་རི་ཆུ་ནགས་གསུམ་ཡོད་ཚད་ལ་ཟོར་བ་དང་ཐོ་བས་ལེབ་རྡུང་བྱེད་མཁན་གྱི་རྒྱལ་འཚོང་སྐབས་འཚོལ་བའི་དབུགས་རྔ་ཡིན་ནམ། གསལ་བཤད་ཐུང་ངུ་ཞིག་གི་ཆེད་དུ་དེ་འདྲའི་གསང་བ་རྫོགས་མེད་ཅིག་སྒྲིག་དགོས་ཨང་། གསལ་བཤད་ཐུང་ངུ་ཞིག་གི་ཆེད་དུ་འདི་འདྲའི་དོགས་འདྲི་མང་པོ་ཞིག་སྤུངས་དགོས་ཨང་།

    Reply
  27. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གི་གསལ་བཤད་ལ་མཇལ་ན། ( བཅའ་ཁྲིམས་ཀྱི་ནང་གསལ་ལྟར་བསྐོ་གཞག་གནང་བའི་གནད་དོན་དང་འབྲེལ་ཆགས་ལ་བརྟེན་གསལ་བཤད་ཞུ་བདེ་མ་མཆིས ) ཐུབ་བསྟན་རྒྱ་མཚོའི་སྐོར་ལ་གསང་བ་ཆེན་པོ་ཞིག་ཡོད་པའ་བཟོ་འདྲ་ཞིག་གསུངས་འདུག གལ་སྲིད་གནད་དོན་འདི་གྲོས་ཚོགས་ནང་གསལ་བཤད་གནང་རྒྱུ་བདེ་བོ་མེད་ན་ཐོག་མར་སྤྱི་འཐུས་སྒེར་ལ་གསལ་གསལ་ཐང་ཐང་བཟོ་དགོས་པ་རེད། སྤྱི་འཐུས་རྣམ་པར་ངེས་པར་དུ་འདིར་ལས་འགན་ཡོད་པ་རེད། སྤྱི་འཐུས་སུ་བཞེངས་སྐབས་རྒྱ་ཆེའི་མང་ཚོགས་ལ་དམ་བཅའ་ཞིག་བཞག་ཡོད་ལ། གྲོས་ཚོགས་ནང་ཐོག་མར་ཕེབས་ཉིན་ཡང་དམ་བཅའ་ཞིག་ཕུལ་ཡོད་པ་རེད།

    Reply
  28. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    གནད་དོན་དེར་དེ་རིང་མི་མང་མང་པོ་ཞིག་གིས་དོ་སྣང་ཤུགས་ཆེར་བྱེད་ཀྱི་ཡོད་ཅིང་། དེའི་ཁྲོད་ནས་ང་རང་གཅིག་རེད། རྒྱུ་མཚན་གང་གི་ཕྱིར་དུ་ཚོགས་གཙོ་མཆོག་གིས་འཕྲོས་དོན་དྲི་བ་གཏན་འགོག་གནང་བ་ནི་ཡ་མཚན་ཞིག་རེད། སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ཀྱང་ཚོར་ཤུགས་ཆེན་པོས་འགྲེལ་བརྗོད་གནང་སོང་། ཡིན་ནའང་། ཚོགས་གཙོས་གནད་དོན་སྦས་ནས་བཀབ་ནས་སྐད་ཆ་སྤྱི་སྦོམ་ཅན་གསུངས་སོང་། ད་དུང་ཚོགས་གཙོ་གཉིས་ལ་ཡིད་ཆེས་མེད་པའི་གྲོས་འཆར་ཁྱེར་ཡོང་དགོས་པའི་ཚད་དུ་བསྐྱལ་བ་ནི་བཙན་བཀའ་བཏང་བ་རང་རེད།

    ཅི་སྟེ། ཐུབ་བསྟན་རྒྱ་མཚོ་དེ་འདྲའི་ནག་ཉེས་བཤད་མི་ཆོག་པ་ཞིག་ཡོད་པར་ང་ཚོས་ངོས་འཛིན་བྱེད་ཀྱི་མེད་ལ། ཁྱེད་ཅག་གིས་ཁོང་མི་སྒེར་བ་ནག་པོ་ནག་རྐྱང་བཟོ་འདོད་བྱེད་པ་འདི་ལ་མོས་མཐུན་བྱེད་ཐབས་མེད། གོ་ཐོས་སུ་ཉེ་སྔོན་༧གོང་ས་མཆོག་གིས་སེམས་གསོ་གནང་འདུག་པ་རེད་ཟེར། ༧གོང་ས་མཆོག་གིས་སེམས་གསོ་གནང་ཡུལ་གཅིག་དང་བློས་འགེལ་སའི་མི་གཅིག་འདི་ལྟར་གསལ་ཁ་མེད་པའི་དོན་དག་ཅིག་གི་གནས་བབ་འོག་ལྷུང་ན་ཤིན་ཏུ་མ་འོས་པ་ཞིག་རེད།

    དེ་བས་སྤྱི་འཐུས་མཆོག་གིས་རྒྱུན་འཁྱོངས་དགོས་རྒྱུ་གལ་ཆེན་རེད་ལ། དོ་བདག་རང་ངོས་ནའང་གསལ་བཤད་ཡོང་རེ་ཤིན་ཏུ་ནས་ཆེ་བ་འདུག་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese