མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལིར་ཟས་བཅད་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp
དེ་རིང་སྔ་དྲོ་ལྡི་ལི་ས་གནས་གཞོན་ནུའི་གོ་སྒྲིག་འོག  བུ་མོ་ ༣ དང་བུ་ ༥ ཡིས་ཅན་དྷིར་མཱན་དྷིར་ས་གནས་སུ་བདུན་ཕྲག་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་མགོ་འཛུགས་བྱས་འདུག
དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ སྟེང་ལྡི་ལི་ས་གནས་གཞོན་ནུའི་གོ་སྒྲིག་འོག བུ་མོ་ ༣ དང་བུ་ ༥ ཡིས་ལྡི་ལི་ཅན་དྷིར་མཱན་དྷིར་ས་གནས་སུ་བདུན་ཕྲག་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་མགོ་འཛུགས་བྱས་འདུག ཁོང་ཚོའི་ཟས་བཅད་ངོ་རྒོལ་གྱི་དམིགས་ཡུལ་དང་དགོས་འདུན་གཙོ་བོ་ནི།  རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་ཏེ་ཆོས་དད་རང་དབང་ལ་བཀག་སྡོམ་དང་། དགེ་འདུན་པ་རྣམས་ལ་ཉེས་རྡུང་བཙོན་འཇུག་བྱེད་བཞིན་པ་འཕྲད་དུ་མཚམས་འཇོག་དགོས་པ་དང་།  པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་བོད་ནང་གི་བཙོན་པ་རྣམས་གང་མགྱོགས་གློད་གྲོལ་གཏོང་དགོས་པ། བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད་རྒྱལ་སྤྱིའི་ཚོགས་སྡེ་དང་གསར་འགོད་པ་བོད་ནང་གཏོང་དགོས་པ་བཅས་དགོས་འདུན་དོན་ཚད་གསུམ་བཏོན་ཡོད་པ་རེད།

བདུན་ཕྲག་གཅིག་རིང་ཟས་བཅད་ངོ་རྒོལ་གནང་མཁན་བུ་མོ་ ༣ ་དང་བུ་ ༥ ནི། བསྟན་འཛིན་སྒྲོལ་དཀར། བསྟན་འཛིན་བྱང་ཆུབ། བསོད་ནམས་བདེ་སྐྱིད། ཚུལ་ཁྲིམས་རྡོ་རྗེ། བསྟན་འཛིན་ནོར་བུ། ཕུན་ཚོགས་ཆོས་འཕེལ། རྡོ་རྗེ་ཚེ་བརྟན། དཔལ་ལྡན་བསོད་ནམས་བཅས་ཡིན་འདུག  

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༤ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 14

  1. གྲགས་བསོད་ says:
    ལོ་ 14 སྔོན།

    དམར་ཁ་ཚ་ཁྱོད་ཀྱིས་འགྱུར་མེད་བསྟན་འཛིན་རྒྱ་གཞུང་གི་མགྲིན་ཚབ་པ་དང་བོད་ནང་ཁུལ་དུ་གཏོར་གཤིས་གཏོང་མཁན་གྱི་གྲི་གྲྭ་འབུ་ཞིག་ཡིན་ཚུལ་རྒྱུ་མཚན་དང་ཅན་བཤད་འདུག་དངོས་གནས་རང་གི་བསམ་ཚུལ་འབྲི་ས་དང་བཤད་ས་འདི་འདྲ་ཞིག་ཡོད་པ་དེ་རང་དབང་གི་ཐོབ་ཐོང་རྩ་ཆེན་ཞིག་རེད་བསམ་ནས་ཡག་བྱུང་ཞུ་རྒྱུ་ཡིན། ཡི་ན་ཡང་ངས་བལྟས་ན་ཁྱོད་རང་གནས་ལུགས་དང་དད་པ་གཉིས་ཀྱི་ནང་ནས་དད་པ་བདམ་མཁན་ཞིག་ངོས་འཛིན་གྱི་ཡིན།

    Reply
  2. གཟེར་མ། says:
    ལོ་ 14 སྔོན།

    མཐོ་རིམ་སློབ་ཕྲུག་ལྔ་ཡི་སེམས་ཤུགས་ལ་ཡིད་རངས་དང་བསྔགས་བརྗོད་ཞུ་དང་། བོད་རིགས་ཡིན་རིན་ཆོག་པ་རེད་ཐུགས་ཆེ་ཞུ་གི་ཡིན།

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཧེ་ཧེ་དམར་ཁ་ཚ་ཁྱོད་དྲང་བདེན་འཐབ་རྩོད་པ་ངོ་མ་ཞིག་རེད་ཤག་ཁྱོད་ཀྱི་ལྟ་གྲུབ་དང་མ་མཐུན་ལ་དྲང་བདེན་མ་ཡིན་པ་ཁས་ལེན་མཁན་གྱི་དྲང་བདེན་འཐབ་རྩོད་པ་ཞིག་རེད་ཤག་ཧེ་ཧེ་ཁྱོད་རང་གི་རང་སེམས་གྱོང་པོ་དེ་ཐུལ་དང་ང་ལ་བྱུས་གཏོགས་བྱ་དགོས་མེད།
    སེམས་ཚོར་ཁོ་ན་བཤད་པའི་མི་དེ་ཚོ་ལ་ངས་རྩོད་པ་རྒྱགས་འདོད་མེད།
    ངས་བྲིས་པའི་མཆན་གྱི་ནང་དོན་རྣམས་ང་གཅིག་པུའི་བསམ་ཚུལ་ཡིན་ན་འགྲིགས་ཀྱི་རེད།
    རྒྱ་ནག་སྟོབས་ཅེན་རྒྱལ་ཁབ་དེའི་མགྲིན་ཚབ་པ་དེའི་དངུལ་དངོས་ཟ་རྒྱུ་རྙེད་པའི་མི་དེ་ཚོ་ཅུང་སྤྱང་དྲུང་འཛོམ་པོ་ཞིག་མེད་ན་ཁྱོད་དང་ངེད་གཉིས་ལྟ་བུ་བོང་བུ་འདྲ་བོ་གང་ཡང་མི་ཤེས་མཁན་དེ་ཚོས་རྒྱ་ནག་གི་དངུལ་ཟ་རྒྱུ་མི་ཚེ་འདིའི་ནང་དུ་་རེག་གི་མ་རེད།
    ཁྱོད་རང་གི་ལྟ་གྲུབ་ཁུར་མཁན་འདྲ་བའི་གུ་དོགས་ཅན་དེ་ཚོའི་རིགས་ན་ནམ་རྒྱུན་ང་རང་སྙིང་རྗེ་གི་ཡོད།

    Reply
  4. དམར་ཁ་ཚ། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ཟེར་བ་ཉོན། དྲང་བདེན་བཤད་དགོས་ན་ང་རང་ཡང་དྲང་བདེན་དང་རང་དབང་རྩོད་ལེན་པ་ཞིག་ཡིན། ཡིན་ནའང་ངས་ཁྱོད་ལྟར་དྲང་བདེན་བཤད་ཀྱིན་མེད། ལྷག་པར་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས། དེ་བཞིན་གཞུང་གི་མཛད་གཙོ་ཁག ཆོས་ལུགས་ནང་ཁུལ་གྱི་མཐུན་སྒྲིལ་གཏོར་གཤིག་གཏོང་གིན་མེད།
    ཁྱོད་ཀྱིས་འབྱོན་འདུག བཙན་བྱོལ་དཀྱིལ་འཁོར་ནང་སླེབས་ཏེ་༸གོང་ས་སྐྱབས་མགོན་ཆེན་པོའི་ཞལ་མཇལ་གསུང་ཐོས་ན་འདི་ལས་ལྷག་པས་འབྱོན་རྒྱུ་མེད། རྒྱ་དམར་གྱི་མགྲིན་ཚབ་པ་ངོ་མ་ཞིག་ཆགས་འདུག་གཱ
    ཁྱོད་ཀྱིས་རང་གིས་བྲིས་པའི་མཆན་དེ་ཚོར་དབྱེ་ཞིབ་ཞིག་བྱོས་དང་། ཤ་ཞེན་དང་ལ་རྒྱ་ཡིན་ན་ཕུགས་ལ་ཕན་སེམས་དགོས་པ་རེད། ཁྱེད་ཀྱི་མཆན་ངན་དེ་དག་དཀྲུགས་ཤིང་དང་། དམའ་འབེབས། ཁྱད་བསད་ཁོ་ན་རེད་མ་གཏོགས་ཕན་སེམས་སྣ་གཅིག་འདུག་གམ།
    བོད་པའི་ཤ་ཁྲག་ལས་གྲུབ་པའི་བུ་སྡུག་ཁྱོད་ཀྱིས་འདི་ལྟར་རྒྱ་གཞུང་གི་ཞབས་ཞུ་བསྒྲུབ་ན་ཁྱོད་རང་གི་དྲིན་ཆེན་ཕ་མ་གཉིས་ལ་ངོ་མི་ཚའམ།
    ཁྱོད་ཀྱིས་དྲིན་ལན་ལོག་མཇལ་བྱས་པ་འདིས་ཁྱོད་རང་ཤི་རྒྱུ་ཡོད་པ་མ་བརྗེད་རོགས།
    དངུལ་ཁ་ཤས་ཀྱིས་འཕྲད་སེལ་ཁྱོད་ལ་ཕན་ཙམ་ཡོད་ཀྱང་མིག་བཙུམ་པའི་ཉིན་མོར་ལས་རྒྱུ་འབྲས་ཀྱིས་ཁྱོད་ལ་ཉེས་ཆད་ཏག་ཏག་གཅོད་ངེས་ཡིན།
    དེ་རིང་ནས་ཁྱོད་ཁ་ནང་ལ་བསྐོར་རྒྱུ་མཚམས་འཇོག་རོགས།
    གལ་སྲིད་མུ་མཐུད་ཁོར་ཡུག་འདིའི་ནང་ལས་འགུལ་སྤེལ་རྒྱུ་ཡིན་ན་ངས་ཁྱོད་རང་བོད་ཀྱི་དུས་བབ་ནས་ཕྱིར་འཕུད་གཏོང་དུ་འཇུག་རྒྱུ་དང་། གལ་སྲིད་ཕྱིར་འཕུད་མ་བཏང་ཚེ་ཁྱོད་རང་སུ་ཡིན་ཁོ་རང་ཚོར་ཁོངས་སྐྱེལ་ར་སྤྲོད་དགོས་པ་རེད།
    རྒྱ་གུང་ཁྲན་གྱིས་བོད་པར་རྒོལ་བ་དང་། བོད་མི་ནང་རུལ་བས་བོད་པར་རྒོལ་བ་གཉིས་ལ་ཁྱད་པར་ཁྱོན་ནས་མི་འདུག
    བུ་ངན། དྲིན་ལན་ལོག་མཇལ་མཁན། རང་སེམས་ནང་དུ་བཀུག་ནས་བསམ་བློ་རེ་ཐོངས་དང་། ཁྱོད་ལྟ་བུ་ནང་རུལ་བ་མང་པོས་རྐྱེན་གྱིས་བོད་མི་རིགས་འདི་འདི་ལྟར་ཕམ་པ་རེད།
    བརྡ་ལན་འདི་ལ་བརྟེན་ནས་ཁྱེད་ཀྱིས་བསམ་ཤེས་ཐུབ་པའི་རེ་བ་ཡོད།

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དམར་ཁ་ཚས་ངའི་སྔ་མོ་ཞིག་ནས་བྲིས་པའི་མཆན་ཡོད་ཚད་མཉམ་དུ་སྤུང་ནས་བསྡིགས་ར་གང་བྱ་གི་ཡོད།
    ཁྱོད་དང་ལྟ་བ་མ་མཐུན་ན་རྒྱ་མི་ཉུལ་མ་དང་ཤུགས་ལྡན་ཚོགས་པ་ཡིན་པ་བཤད་མི་ཐུབ།
    རྒྱ་མི་ཉུལ་མ་བྱེད་མཁན་དེ་ཁྱོད་དང་ངེད་གཉིས་འདྲ་བོ་མི་ནུས་མེད་དེ་ཚོ་འཇོན་གྱི་མ་རེད།

    ལས་རྒྱུ་རྒྱ་འབྲས་དང་དངོས་ཡོད་གནས་ཚུལ་ཟེར་བ་དེས་སྟོན་པ་ཤཀྱ་མུ་ནེ་ལ་ཡང་དམིགས་བསལ་སྤྲད་མེད་པས་།
    ལས་རྒྱུ་འབྲས་དང་དངོས་ཡོད་གནས་ཚུལ་ལ་སུ་ཞིག་གི་རྡོག་བརྫིས་བྱས་སོང་ཀྱང་ང་རང་དེའི་ཁ་གཏད་དུ་ལངས་ཀྱི་ཡིན།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཟིལ་ཁྲོམ་གྱིས་བཤད་ལ་ལྟ་བུ་ཞིག་ཡིན་མིན་མི་ཤེས་མོད། ངོ་མ་སྐད་ཆ་བཤད་སྟངས་ཐད་ནས་ཐལ་ཆ་མང་པོ་ཤོར་ཡོད་པས། ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ན་ཡང་་སྙན་པོ་མེད་པ་དེ་ལ་ཡང་རིན་ཐང་ཆེ་ཞིག་ལྡན་དགོས།

    Reply
  7. ཟིལ་ཁྲོམ། says:
    ལོ་ 14 སྔོན།

    དེ་རིང་གསེར་རྟ་རྫོང་དུ་བོད་མིས་ཁང་པ་ཐོག་རྩེག་བཞིའི་ཐོག་བོད་ཀྱི་རྒྱལ་དར་དང་༸གོང་ས་མཆོག་གི་སྐུ་པར་བཤམས་ནས་ངོ་རྒོལ་བྱས་འདུག་ཟེར།

    Reply
  8. དམར་ཁ་ཚ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པ་ལགས། འགྱུར་མེད་བསྟན་འཛིན་ཟེར་བ་འདི་ནི་རྒྱ་གཞུང་གི་མགྲིན་ཚབ་དང་། བོད་པ་ནང་ཁུལ་དང་ཆོས་ལུགས་ནང་ཁུལ་ལ་གཏོར་གཤིག་གཏོང་བའི་རྒྱ་དམར་གཞུང་གི་མགྲིན་ཚབ་བྱེད་བཞིན་པའི་དྲ་འབུ་ཞིག་ཡིན།
    ཁོ་བོས་བཀོད་པའི་མཆན་འདི་དག་ལས་དོན་གནད་ཆེན་པོ་བཞི་ཡི་ཕྱོགས་ནས་དཀྲུགས་ཤིང་བརྒྱབ་ཡོད།
    ༡༽ཏཱ་ལའི་སྐུ་ཕྲེང་བཅོ་ལྔ་ཞེས་རྒྱ་དམར་གྱི་མགྲིན་ཚབ་པའི་ཚིག་བེད་སྤྱོད་བཏང་སྟེ་༸གོང་ས་མཆོག་གི་མཛད་མཛད་དང་། སྐུ་སྒེར་ཡིག་ཚང་ལ་སོགས་ལ་དམའ་འབེབ་མཐོང་ཆུང་སྣ་ཚོགས་ཤིག་བྱས་ཡོད།
    ༢༽བོན་པོ་ནང་པ་མ་ཡིན་པ་དང་། ཇོ་ནང་ས་སྐྱའི་ཁོངས་ཡིན་ཚུལ། ༸རྒྱལ་དབང་ལྔ་བའི་སྐབས་ཀྱི་གོ་རིམ་སྒྲིག་སྟངས་བཞིན་བླ་ཆེན་ཚོས་བཞུགས་གྲལ་ཆ་སྙོམས་མིན་པ་སོགས་བཤད་དེ་ཆོས་ལུགས་ནང་ཁུལ་གྱི་མཐུན་ལམ་གཏོར་གཤིག་དང་། འགལ་ཟླ་སྣ་ཚོགས་ཤིག་བཤད་ཡོད་ཡོད།
    ༣༽བཀའ་ཁྲི་དང་སྤྱི་འཐུས་ལྷན་ཚོགས་ནི་ནར་མ་སོན་པའི་བྱིས་པ་ཡིན་ཚུལ་གྱིས་གཞུང་གི་མཛད་གཙོ་རྣམ་པར་དམའ་འབེབས་ཁྱད་གསོད་སྣ་ཚོགས་ཤིག་བཤད་ཡོད།
    ༤༽རང་ཉིད་བཙན་བྱོལ་ནང་ཐང་ཆད་ཚུལ་དང་། ཕ་ཡུལ་ལ་ལོག་གི་ཡིན་སོགས་གཞིས་ལུས་བོད་མི་བསམ་མེད་ཚོ་བཙན་བྱོལ་སྤྱི་ཚོགས་ལ་བློ་ལོག་ཏུ་འཇུག་པའི་ངན་གཏམ་སྣ་ཚོགས་ཤིག་སྨྲས་ཡོད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༢ ཉིན་འདོན་སྤེལ་བྱས། སྐུ་སྒེར་ཡིག་ཚང་དང་བླ་ཆེན་མི་ཆེན་ཚོས་སྟག་སེང་ཁ་འཐབ་ཀྱི་བར་ནས་བཀའ་ཁྲི་དང་སྤྱི་འཐུས་ཟེར་བ་དེ་ནར་མ་སོན་པའི་བྱིན་པ་ཉམས་ཆུང་ཞིག་རེད།དྲ་གྲོགས་ཚོས་གནས་ཚུལ་འདི་མ་ཤེས་ན་བཙན་བྱོལ་ནང་གི་ཆབ་སྲིད་དང་འགྲོ་སྟངས་མ་ཤེས་པ་རེད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༡ ཉིན་འདོན་སྤེལ་བྱས། སྐུ་སྒེར་ཡིག་ཚང་དང་བླ་ཆེན་མི་དྲག་ཚོས་ས་འོག་དར་ཐག་བར་ནས་བཀའ་ཁྲི་མི་གཅིག་གིས་ཆོས་ལུགས་རིས་མེད་ཟེར་བ་དེ་ཚིག་སྐམ་པོ་རང་རེད།བློ་སེང་བཀའ་ཁྲི་ལ་བསླེབས་ནས་བཟུང་ཆོས་ལུགས་དད་པ་རང་དབང་ཤོར་བ་རེད།དོན་དམ་པའི་ཆོས་ལུགས་དད་པ་རང་དབང་ཟེར་བ་འདི་ཚིག་སྐམ་པོ་རང་རེད།ཁོང་ལ་ཁག་ཡོད་པ་མ་རེད།ཡུལ་ལྷ་གཞི་བདག་མང་པོའི་ངོ་སྲུང་དགོས་དུས་ཆོས་ལུགས་དད་པ་རང་དབང་ཤོར་བ་རེད།ཁག་མེད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༡ ཉིན་འདོན་སྤེལ་བྱས། སྐུ་སྒེར་ཡིག་ཚང་གི་མི་མངོན་པའི་ས་འོག་དར་ཐག་དེ་མ་ཆད་བར་དུ་ཆོས་ལུགས་རིས་མེད་ཟེར་བ་དེ་གཏན་ནས་ཡོང་རྒྱུ་མེད་པའི་སྐད་ཆ་ཞིག་རེད།ཚོགས་འདུ་ཚོགས་ཤིང་སྐད་ཆ་བཤད་བ་ཙམ་གྱིས་ཆོས་ལུགས་རིས་མེད་ཟེར་བ་ཞིག་ཡོང་གི་མ་རེད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༡ ཉིན་འདོན་སྤེལ་བྱས། ཆོས་ལུགས་རིས་མེད་ཟེར་བ་འདི་རྣ་ཡི་ཐོས་དུས་ཡིད་སུན་ཚར་སོང།དེ་རིང་ཆན་ཆད་དུ་ཆོས་ལུགས་རིས་མེད་བྱས་པའི་ལོ་རྒྱུས་ཤིག་ཡོད་མ་རེད།ད་དུང་ཡང་ཁག་པོ་རེད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༥ ཉིན་འདོན་སྤེལ་བྱས། དུས་བབ་རྩོམ་སྒྲིག་ཁང་ནོར་མི་འདུག་ནང་པའི་ཆོས་ཀྱི་གཞུང་ལུགས་ནས་ལྟ་ན་བོན་པོ་ཚང་བོད་བརྒྱུད་ནང་བསྟན་གཏན་ནས་ཆགས་ཀྱི་མ་རེད།ནང་པའི་མཚན་ཉིད་བཞགས་དུས་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་རིགས་སུ་གནས་བ་དེནང་པའི་མཚན་ཉིད་རེད།དཀོན་མཅོག་གསུམ་གྱི་ནང་ནས་སངས་རྒྱས་དཀོན་མཆོག་དེ་རྒྱལ་བ་ཤཀྐྱ་མུ་ནེ་རང་ལ་གོ་དགོས་བས་བོན་པོ་ཚང་གིས་སྟོན་པ་སངས་རྒྱས་དཀོན་མཆོག་དེ་བོན་སྟོན་པ་གཤེན་རབ་ལ་བཞགས་ཀྱི་ཡོད་པས་རྒྱུ་མཚན་དེས་བོན་པོ་ནང་པ་ཆགས་མེད་པས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་བརྗོད་པ་དེ་རིགས་པ་ཡང་དག་གིས་དོན་ལ་གནས་པ་ཞིག་རེད།ངས་བོན་པོ་ནང་པ་མ་རེད་ཟེར་བ་དེས་བོན་པོ་སྡུག་ཆགས་ཤིག་རེད་བཤད་ཀྱི་མེད།ནང་པ་ཡག་པོ་ཡིན་པ་དང་བོན་པོ་སྡུག་ཆགས་ཡིན་པའི་ལྟ་གྲུབ་དེ་ང་ལ་ཆ་མཚོན་ན་གཏན་ནས་མེད།འོན་ཀྱང་ནང་པ་ཚོས་གཞུང་ལུགས་ནས་ཕྱི་ནང་གི་ཁྱད་པར་བཞགས་ཡོང་དུས་དེ་འདྲ་ཞིག་རང་བཞིན་དུ་ཆགས་ཡོད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༤ ཉིན་འདོན་སྤེལ་བྱས། ཏཱ་ལི་སྐུ་ཕྲེང་བཅོ་ལྔ་པ་དེ་དྲུང་པ་ཚང་དབྱངས་རྒྱ་མཚོ་ནང་བཞིན་སྤྱོད་པ་འཁྱལ་སོང་བ་ཞིག་མི་ཡོང་བའི་རེ་བ་ཡོད
    སྤུལ་སྐུ་དེ་ཚོ་སྐུ་ཕྱེང་སྔོན་མདེ་བཞིན་རེ་བ་ཆེ་པོ་རེ་བྱ་ནས་ཡང་སྲིད་རེ་ངོས་འཛིན་བྱ་དུས་མཚམས་རེ་དེ་ངོས་འཛིན་མ་བྱས་ན་ཏག་ཏག་ཡིན་བསམ་པའི་ཞབས་འདྲེན་བཞགས་མཁན་གྱིས་ཁེང་ཚར་ཡོད།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༤ ཉིན་འདོན་སྤེལ་བྱས། གནའ་སྔ་མོ་འདྲ་ཡིན་ན་བླ་མ་སྤུལ་སྐུ་ལ་དད་པ་དག་སྣང་ཡོད་ཀྱང་དེང་སང་སྤྲུལ་སྐུ་ཚོས་ཁྱིམ་པ་མི་ནག་ལས་སྡུག་པའི་མཛད་པ་སྐྱོངས་སྟངས་ལ་མཇལ་དུས་རྦད་དེ་ཞེན་པ་ལོག་སོང།
    སྔོན་མ་བཀའ་གདམ་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་འཇིག་རྟེན་ཆོས་བརྒྱད་ཟེར་བ་དེ་རྒྱབ་ལ་གཡུགས་འདུག་ཅིང་ཁོང་ཚོས་སྒྲུབ་བྱ་ངོ་མ་དེ་ཐར་པ་དང་ཐམ་ཅད་མཁྱེན་པའི་ལམ་ཁ་རེད་འདུག
    དེང་སང་བླ་མ་སྤུལ་སྐུ་འདི་ཚོས་འཇིག་རྟེན་ཆོས་བརྒྱད་དད་དུ་ལེན་ཞིང།
    ཁོང་ཚོས་འཐོབ་བྱ་དང་དམིགས་ཡུལ་ངོ་མ་དེ་རྒྱུ་དང་དབང་སྙན་གྲགས་དང་ཐོབ་ཐང་ཁོ་ན་རེད་འདུག
    ད་དངོས་གནས་བླ་མའི་ཡང་སྲིད་དང་སྤུལ་སྐུ་ལམ་ལུག་ལ་རྦད་དེ་ཞེ་ལོག་ཚར་སོང།
    ཁོང་ཚོས་སྟོན་པ་ཤཀྐྱ་མུ་ནེའི་མཛད་པ་དེ་ལྡོག་ཕྱོགས་ནས་སྐྱོངས་ཀྱི་འདུག
    ད་དངོས་གནས་ཞེ་ལོག་ཚར་སོང།
    ཁོང་ཚོ་ལ་རྒྱུ་དང་དབང་ཡོད་ན་ལས་རྒྱུ་འབྲས་དང་ངོ་ཚ་ཟེར་བ་དེ་རྒྱངས་རིང་པོ་ཆགས་འདུག
    ང་དངོས་གནས་ཞེ་ལོག་ཚར་སོང།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༤ ཉིན་འདོན་སྤེལ་བྱས། རྒྱལ་དབང་ལྔ་པའི་དུ་ཀུ་ལིའི་གོས་བཟང་ནང་དུ་།འདི་གའི་ཁྲིའི་ལྔ་ཆའི་ཐོག་ཏུ་མགྲོ་མགོན་འཕགས་པ་རིན་པོ་ཆེ་དང།བཞི་ཆའི་ཐོག་ཏུ་ཕག་གྲུ།སུམ་ཆའི་ཐོག་ཏུ་ཀརྨ་པ་ཞྭ་ནག་དང་དམར།དེ་འོག་ཏུ་འབྲུག་དང་དང་།འབྲི་གུང་དགའ་ལྡན་ཁྲི་པ་ཞེས་འཁོད་ཡོད།དེང་སང་བླ་ཆེན་ཚོ་ལོ་རྒྱུས་ཀྱི་འགན་ཁུར་མེད་པའི་གོ་རིམ་སྒྲིག་སྟངས་གཞན་ཞིག་གི་ཐོག་ནས་འགྲོ་བཞིན་འདུག་པས།གནས་ཚུལ་འདི་རྒྱུ་མཚན་གང་ཞིག་ལ་ཐུག་ཡོད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། དབང་དང་རྒྱུ་ཡོད་མཁན་ཚོས་སེར་གོས་གྱོན་ནས་ནག་ཆང་བགས་མེད་ལོངས་སུ་སྤྱོད་ནས་ནང་བསྟན་ཆོས་ལུགས་ཀྱི་མགོ་རྣ་ཐུར་ནས་ཐུར་དུ་མ་ཁྲིད་རོགས་ཞུ་གི་ཡིན།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། ཇོ་ནང་ལོ་རྒྱུས་ཐོག་ནས་ས་སྐྱ་ཆགས་ཀྱི་ཡོད་ཀྱང་དུས་རབས་འདི་ནང་དུ་ཇོ་ནང་རང་རྐང་ཕེར་བའི་ཆོས་བརྒྱུད་གཞན་ཞིག་ཆགས་ན་བཟང་ཕྱོགས་ཀྱི་འགྱུར་བ་ཡིན་པ་ལས་སྡུག་པོ་གང་ཡང་མ་རེད།སྔོན་མ་རྒྱ་གར་ནས་བོད་དུ་ནང་བསྟན་ཆོས་ལུགས་དར་དུས་བཀའ་རྙིང་ས་དགེ་ཟེར་བ་ཞིག་ཁ་ཁ་ཡོད་པ་མ་རེད།འོན་ཀྱང་བོད་དུ་བཀའ་རྙིང་ས་དགེ་ཟེར་བ་ཞིག་བརྒྱུད་པ་མི་འདྲ་བའི་དབང་གིས་བྱུང་བ་རེད་།དེ་ལ་ངོ་བོའི་ཐོགས་ནས་ལེགས་ཆ་མ་གཏོགས་ཉེས་ཆ་གང་མེད་ཀྱང།མཚམས་རེ་ཆོས་ལུགས་མི་སྣས་མ་འགྲིགས་པ་བྱས་ནས་ལོ་རྒྱུས་ཐོག་ལ་ནག་ཐིག་ཀྱང་བྲིས་མྱོང་ཡོད་དེ་ཚོ་ཆོས་ལུགས་མི་སྣ་སྒེར་གྱིས་ཉེ་རིང་ཆགས་སྡང་རྩོད་ནས་མ་འགྲིགས་པ་བཟོས་བ་རེད།ལེགས་ཆ་བྱུང་ན་བོད་ལ་བོད་བརྒྱུད་བརྒྱ་ཡོད་ཀྱང་མང་སྐྱོན་ཡོད་པ་མ་རེད།ཉེན་ཁ་བྱུང་ན་ཆོས་ལུགས་གཅིག་ཡིན་ཀྱང་རྙོག་དྲ་ཆགས་ཀྱི་རེད།དེ་ཚོ་ནི་འཛིན་སྐྱོངས་བྱ་མཁན་ཚོས་འགྲིགས་མ་གྲིགས་ཀྱི་ཆ་གཉིས་ཀ་ཡོང་ཆོག་བ་རེད།བོད་པའི་ཆོས་བརྒྱུད་གཞན་ཚོའི་ནང་དུ་ཡང་འགྲིགས་མ་འགྲིགས་ཀྱི་ཆ་གཉིས་ཀ་ཡོད་པ་རེད།ཇོ་ནང་ལ་ཡང་དེ་དེ་བཞིན་ཡོང་རྒྱུ་རེད།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། བླ་ཆེན་ཚོ་ལོ་རྒྱུས་ཀྱི་འགན་ཁུར་ཡོད་པའི་གོ་རིམ་མི་སྒྲིག་པར་རང་སྣང་གང་ཤར་བྱས་ནས་གོ་རིམ་སྒྲིག་ན་བོད་མི་རིགས་ཁ་འཐོར་དུ་འགྲོ་བའི་ཉེན་ཁ་ཆེ་བས་གཟབ་པར་འཚལ།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། གནའ་སྔ་མོ་ལྟར་ན་སྤུལ་སྐུ་ལམ་ལུགས་ཀྱི་བྱས་རྗེས་བཤད་ན་བཤད་མི་ཚར་བ་བཤད་རྒྱུ་ཡོད་ཅིང་དེང་སང་ལྟར་ན་སྤུལ་སྐུ་ཚོས་ནོར་འཁྲུལ་་གླེང་ན་གླེང་མི་ཕོད་པར་ཆགས་ཡོད།སྤུལ་སྐུ་ལམ་ལུགས་འདི་མུ་མཐུད་ནས་གནས་དགོས་ན་སྤུལ་སྐུ་ལམ་ལུགས་ལ་དག་ཐེར་བྱ་དགོས་བ་ཞིག་ཆགས་ཡོད།སྤུལ་སྐུ་ཚོས་ཆོས་ལུགས་སྦྱང་ཤིང་སྤུལ་སྐུ་ཚོས་ནང་པའི་ཆོས་ཀྱི་ལྟ་གྲུབ་དང་གནས་སྟངས་ཆ་ཚང་སློབ་སྦྱོང་བྱ་ནས་ཤེས་དགོས་བ་ཞིག་ཆགས་ཡོད།ཕྲུག་གུ་ལོ་གཉིས་གསུམ་ཅན་བྱིས་པ་སྣབ་ལུད་དེ་ཚོ་སངས་རྒྱས་ཀྱི་སྤྲུལ་བ་རེད་ཅེས་འགྲེལ་བཤད་བརྒྱབ་ནས་ཁོ་ཚོ་ལ་སློབ་སྦྱོང་གང་ཡང་མེད་ཀྱང་དབང་དང་གོ་ས་ཡོད་ན་རང་སྣང་གང་ཤར་བྱ་ནས་བསྟན་བ་མགོ་ནས་བཤིགས་ཀྱི་ཡོད་པའི་གནས་ཚུལ་འདི་ཚོ་ངེས་ངས་དུ་ད་ཐེངས་ཞིབ་འཇུགས་དང་བགྲོ་གླེང་བྱ་ནས་སྒྲིག་གཞི་དང་གྲོས་ཆོད་བཞགས་དགོས་བ་ཞིག་ཆགས་ཡོད།འདི་ལྟར་སྤུལ་སྐུའི་ཡང་སྲིད་ལམ་ལུགས་ལ་དག་ཐེར་མ་བྱས་ན་མི་རིངས་པར་སྤུལ་སྐུ་ལམ་ལུགས་འདི་མི་ཡུལ་ནས་མཇུག་སྒྲིལ་རྒྱུ་ཐེ་ཚོམ་མེད་པར་བཤད་ཐུབ།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། བླ་ཆེན་ཚོ་འཛོམ་དུས་རྒྱལ་དབང་ལྔ་པས་གདན་ཐོབ་ནང་བཞིན་གོ་རིམ་སྒྲིག་ན་ལེགས་པོ་འདུག་སྒྲིག་གཞི་དང་ལོ་རྒྱུས་ཀྱི་འགན་ཁུར་མེད་པའི་རང་སྣང་གང་ཤར་གྱི་གོ་རིམ་སྒྲིག་ན་ཏག་ཏག་ཆགས་ཀྱི་ཡོད་པ་མ་རེད།ངས་བསམ་ན་བླ་ཆེན་མང་པོ་ཞིག་ཚོགས་འདུ་ལ་ཕེབས་དཀའ་ཡོད་པ་དེ་ལོ་རྒྱུས་ཀྱི་འགན་ཁུར་མེད་པའི་གོ་རིམ་སྒྲིག་པའི་རྐྱེན་གྱིས་བྱུང་བར་འདོད།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། དབང་དང་རྒྱུ་ཡོད་ན་ནག་ཆང་བག་མེད་ལོངས་སུ་སྤྱོད་བཞིན་པའི་མཁན་སྤྲུལ་དགེ་བཤེས་གྲྭ་པ་མི་ཉུང་བ་ཞིག་གིས་ངུར་སྨྲིག་ལུས་ལ་གྱོན་ནས་ནག་ཆང་བག་མེད་དུ་ལོངས་སུ་སྤྱོད་ཅིང་རྒྱལ་ཁབ་ཕྱི་ནང་ལ་རང་དབང་གིས་རྒྱུ་ནས་དད་པས་ཕུལ་བའི་དངུལ་དངོས་ཡོད་ཚད་བག་མེད་ལོངས་སྤྱོད་ཁོ་ན་བྱ་ནས།དམ་ཆོས་འདུལ་བ་ཟེར་བ་དེ་རྒྱངས་རིང་པོ་ཞིག་ལ་བཞགས་པའི་ཞབས་འདྲེན་དེའི་རིགས་མ་འོངས་པར་མི་ཡོང་བའི་ཐབས་ལམ་གང་ཡོད་སྐོར་ལ་བླ་ཆེན་རྣམས་ཀྱིས་དགོངས་པ་ནན་པོ་བཞེས་དགོས་བ་ཞིག་ཆགས་ཡོད།གྲོས་ཚོགས་འདིའི་ཐོག་ཏུ་དེའི་སྐོར་བགྲོ་གླེང་བྱ་དགོས་བ་ཞིག་ཆགས་ཡོད།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༢ ཉིན་འདོན་སྤེལ་བྱས། སྐུ་སྒེར་ཡིག་ཚང་གིས་མི་མངོན་པའི་འཆིང་ཐག་དག་བླ་ཆེན་མི་ཆེན་ཚོ་སྟག་སེང་ཁ་འཐབ་པའི་བར་ནས་བཀའ་ཁྲི་དང་བཀའ་བློན་སྤྱི་འཐུས་འདི་ཚོ་ནར་མ་སོན་པའི་བྱིན་ཞིག་གི་ནུས་ཤུགས་ཙམ་ལས་གང་ཡང་མེད།འདི་ཚོ་ལ་ཇོ་ནང་ལ་ཐོབ་ཐང་སྤྲད་པའི་དབང་ཆ་གང་ཡང་མེད།རྒྱལ་བ་ཇོ་ནང་པ་ལ་ཡང་ཆོས་ལུགས་ཀྱི་ཐོབ་ཐང་ལོས་དགོས།དེ་མ་ཚད་བོད་པ་ཁ་ཆེ་དང་བོད་པ་ཡེ་ཤུ་ལ་ཡང་ཐོབ་ཐང་གཅིག་མཚུང་དགོས་བ་རེད།དེ་ནི་སྐུ་སྒེར་ཡིག་ཚང་དང་བླ་ཆེན་མི་ཆེན་ཚོས་སྤྲད་དགོས་བ་ཞིག་ལས་གཞན་ཞུ་གཏུགས་བྱས་ན་གྲུབ་འབྲས་གཏན་ནས་ཡོད་པ་མ་རེད།དོན་ངོ་མར་སྐུ་སྒེར་ཡིག་ཚང་གིས་བཀའ་ཡིག་གཅིག་གནང་ན་དེ་མ་ཐག་ཏུ་ཇོ་ནང་ལ་ཐོབ་ཐང་རེག་ཚར་བ་རེད།གཞན་དེའི་དབང་ཆ་སུ་ལ་ཡང་ཡོད་པ་མ་རེད།
    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༢ ཉིན་འདོན་སྤེལ་བྱས། སངས་རྒྱས་དང་བྱ་ཆུབ་སེམས་པའི་སྐུ་སྐྱེའི་མིང་ཁུར་མཁན་མང་པོ་ཞིག་གིས་ནག་ཆང་བག་མེད་ལོངས་སྤྱོད་ཅིང།རྒྱུད་དང་དབང་ཡོད་ན་དམ་ཆོས་འདུལ་བ་ཟེར་བ་དེ་རྒྱངས་རིང་པོར་བཞགས་མཁན་གྱི་སྐུ་སྐྱེ་སྤུལ་སྐུ་དང་མཁན་བླ་དགེ་བཤེས་མང་པོ་ཞིག་གིས་བོད་ནང་བསྟན་ཆོས་ལུགས་ཀྱི་མིང་དང་མགོ་ཐུར་དུ་ཁྲིད་བཞིན་ཡོད་པས་གནས་ཚུལ་འདི་ཚོས་ངེས་པས་དུ་བགྲོ་བགྲོ་གླེང་དང་གྲོས་ཆོད་བཞགས་དགོས་བ་ཞིག་རེད།ད་དུང་རྒྱལ་ཁབ་ཕྱི་ནང་དུ་ཁྱི་བཞིན་འཁྱམ་ཉུལ་བྱེད་བཞིན་པའི་གྲྭ་ཆས་གྱོན་པའི་སྤྱང་ཀི་མང་པོ་ཞིག་ཉིན་མོ་ཞབས་བསྟན་གྱི་དངུལ་དེ་མཚན་མོ་གཞང་ཁང་ནང་དུ་ཞལ་འདེབས་བྱ་མཁན་ཉུང་ཉུང་གཏན་ནས་མ་རེད་འདི་ཚོ་རིགས་ལ་ཕྱིན་ཆད་གང་འདྲ་ཞིག་བྱ་མིན་ཆོས་བརྒྱུད་སོས་སོས་འགན་ཁུར་ནས་གང་འདྲ་བྱ་དགོས་མིན་ཐད་ལ་ཐག་གཅོད་དང་བགྲོ་གླེང་ངེས་པར་དུ་བྱ་དགོས།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༣ ཉིན་འདོན་སྤེལ་བྱས། མི་ཉག་བཙན་པོ་གས་།སྐུ་སྒེར་ཡིག་ཚང་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་རྒྱལ་དབང་ཀརྨ་པ་ཕེབས་བཞུགས་རང་དབང་མེད་པར་བཟོས་བ་རེད་ངས་བཤད་མེད་ལ་དེ་ལྟར་ཡིན་མི་སྲིད་པ་རེད།རྒྱུ་མཚན་ནི་རྒྱལ་དབང་ཀརྨ་པ་འཛམ་གླིང་གང་དུ་ཕེབས་ཀྱས་མཚན་སྙན་གྲགས་ག་ཚོད་རྒྱས་ཀྱས་དེས་བོད་མི་རིགས་དང་ནང་བསྟན་ཆོས་ལུགས་ལ་ཕན་པ་ལས་དེས་གཏན་ནས་གནོད་ཀྱི་མ་རེད།ཡིན་ན་ཡང་གཞུང་འཛིན་མི་སྣའི་ནང་དུ་ཕྱོགས་རེ་མ་གཏོགས་མ་གཏོགས་མི་མཐོང་ཞིང་ཕྱི་ལག་ནང་སྦྲེལ་བྱེད་པའི་མི་་ངན་རེ་ཟུང་མེད་ཅེས་ངས་བཤད་ཤེས་ཀྱི་མེད།དེས་ཚོ་རྒྱལ་དབང་ཀརྨ་པའི་ཕེབས་བཞུགས་རང་དབང་ལ་འགོགས་རྐྱེན་བཟོ་གི་མ་རེད་ཅེས་ངས་བཤད་མི་ཤེས།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༠༩/༢༩ ཉིན་འདོན་སྤེལ་བྱས། ཨ་འདུས་མིག་ཆུ་ཟེར་བ་འདི་ཡོད་ཚད་ལ་དག་སྣང་སྒོམ་ནས་འཇིག་རྟེན་ནས་ནོར་བ་ནམ་ཡང་གླེང་མི་ཆོག་ཅེས་པའི་ཐ་ཚིག་བསྒྱགས་མཁན་ཞིག་ཡིན་རྒྱུ་མ་རེད།
    འོན་ཀྱང་ཁོ་རང་གི་སྐད་ཆ་གང་བཤད་པ་དེ་སུ་ཞིག་ལ་སྤྲེལ་ལད་དང་ཁོ་རང་ལ་སྙན་གྲགས་དང་བཀུར་སྟི་ཡང་ན་དངུལ་དངོས་གང་རུང་ཞིག་འཐོབ་རེའི་ཆེད་དུ་བྲིས་བ་ལས་ཁོ་རང་གི་འདོད་ཚུལ་ངོ་མ་གང་ནས་ཡིན།
    ཁོའི་རྩོམ་ཡིག་ཆ་ཚང་བཀླགས་ཡོང་དུ་ཁོ་རང་ཕྱི་རོལ་དུ་གདོང་པགས་གཞན་ཞིག་ཁུར་ཞིག་ནང་དུ་བསམ་བློ་དང་དམིགས་ཡུལ་གཞན་ཞིག་ཁུར་མཁན་གྱི་དུས་རབས་ཉེར་གཅིག་གི་མི་ངོ་མ་ཞིག་ཡིན་པར་འདོད།
    རྡ་རམ་ས་ལ་འདི་ནག་པོ་སོལ་བ་འདྲ་ཞིག་རེད་བཤད་མ་ཕོད་ཀྱང་དཀར་པོ་དུང་འདྲ་ཞིག་རེད་ནམ་ཡང་བཤད་མི་ཐུབ།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༡༠/༠༡ ཉིན་འདོན་སྤེལ་བྱས། སྤྱི་ཟུར་ལྷ་མོ་སྐྱབས་ཀྱི་སྐད་ཆ་ལ་བརྒྱ་ཆ་བརྒྱ་བརྒྱབ་སྐྱོར་ཡོད།གྲོས་ཚོགས་ནང་དུ་དྲི་བ་དང་བསམ་ཚུལ་གང་དྲན་དྲན་བཤད་ནས་སྤྱི་ཚོགས་ནང་དུ་རྙོག་དྲ་བོཟ་གི་རེད།བཀུར་འོས་སྤྱི་འཐུས་ཚོས་རང་སྣང་གང་ཤར་སེམས

    Reply
  9. གྲགས་བསོད་ says:
    ལོ་ 14 སྔོན།

    ན་གཞོན་ཟས་བཅད་ངོ་རྒོལ་བ་ཚང་མའི་ལྷག་བསམ་དང་སྙིང་སྟོབས་ལ་བསྔགས་བརྗོད་དང་རྗེས་སུ་ཡིད་རང་ཡོད་འོད་ཀྱང་ཁྱེད་ཚོས་ལས་འགུལ་གྱི་དམིགས་ཡུལ་འཐད་ནས་བཤད་ན་སྐྱོན་ཆ་ཧ་ཀྱང་ཆེན་པོ་ཡོད་པས་བསྔགས་བརྗོད་མི་བྱེད་པ་མ་ཚད་ང་རང་བློ་ཕམ་ཤུན་ཏུ་ཆེན་པོ་ཡོད། གནད་དོན་འདིའི་ཐད་ལ་ངས་ཁྱོད་ཚོར་དྲི་བ་གཅིག་བཏང་གི་ཡིན་ལས་འགུལ་ཆེན་པོ་འདིའི་དམིགས་ཡུལ་དེ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་བདེ་སྡུག་དང་ལོ་རྒྱུས་རང་བཞིན་ཅན་གྱི་ཐབ་བརྩོད་མི་བྱེད་པ་གང་ཡིན་ནམ།

    Reply
  10. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    སྤྱིར་བཤད་ན་་་་ལས་འགུལ་ཅི་ཞིག་སྤེལ་ཀྱང་ཡི་རིང་ཞུ་དགོས་ངེས་རེད། ཁྱེད་རྣམས་པ་ཡང་དེ་མཚུངས་ཡི་རིང་དང་སྔགས་བརྗོད་བྱེད་བཞིན་ཡོད། འོན་ཀྱང་འདི་ཤེས་ཡོན་པའི་བྱེད་ལུགས་ཞིག་དུ་མི་འདོད།

    དེ་གར་ཅིག་བྱེད་ཀུན་འདུག་ཟེར་བ་ཙམ་ལས་་་ཕན་ནུས་ཆེར་མེད་པའམ་མི་ཐོན་པ་གསལ་བོ་མ་ཡིན་ནམ།
    གང་ལྟར་ལོ་ཆུང་ཤེས་ཡོན་པ་ཚོ་སྔགས་བརྗོད་ཡོད།

    Reply
  11. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 14 སྔོན།

    ཟས་བཅད་ངོ་རྒོལ་བ་ཚང་མར་ཐུགས་རྗེ་ཆེ་ཞུ།

    Reply
  12. དབང་འདུས། says:
    ལོ་ 14 སྔོན།

    ན་གཞོན་ཚོའི་བྱ་འགུལ་ལ་བསྔགས་བརྗོད་རྒྱབ་སྐྱོར་དང་། ལས་འགུལ་ལ་བར་ཆད་མེད་པར་བསམ་དོན་བཞིན་མཇུག་སྐྱོང་ཐུབ་པའི་སྨོན་འདུན་ཞུ།

    Reply
  13. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཁྱེད་རང་ཚོས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དེ་ཚོས་རང་ལུས་མེ་ལ་བསྲེགས་པའི་གནས་ཚུ་དེ་ཚོ་གསར་འགོད་པའི་མདུན་དུ་བཤད་དགོས་གནས་ཚུལ་དེ་གླེང་དགོས་དེ་མ་གླེང་ན་གཏན་ནས་མི་འགྲིགས་པ་ཞིག་རེད།
    ཁོང་ཚོས་མི་རིགས་ཤིག་གི་བདེ་སྡུག་གི་ཆེད་དུ་ཤིབ་བ་ཡིབ་པས་ཁྱོད་ཚོས་ཀྱང་ཁོང་ཚོ་ལ་རྦྱབ་སྐྱོར་ཡིན་ཞེས་བཤད་དགོས
    དེའི་སྐོར་མ་གླེང་ན་ཁྱེད་ཚོས་འཐུས་ཤོར་ཡིན།
    ཁྱེད་ཚོས་དྲ་ངོས་ལ་ཐད་ཀར་ལྟ་ཡོད་རྒྱུ་རེད་འབོད་བསྐུལ་འདི་ལ་དོ་སྣང་གནང་རོགས།

    Reply
  14. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    མཐོ་རིམ་སློབ་ཕྲུག་ལྔ་ཡི་སེམས་ཤུགས་ལ་ཡིད་རངས་བསྔགས་བརྗོད་ཡོད།
    ངའི་ངོ་ཤེས་ཀྱི་བུ་མོ་བསྟན་འཛིན་སྒྲོལ་དཀར་ལ་བཀྲ་ཤིས་བདེ་ལེགས་ཁྱོད་རང་གི་རྒྱལ་སྤྱི་གནས་སྟངས་དང་རྒྱ་གར་དང་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་མང་པོ་ང་ཚོ་ཁ་ལག་ཟ་ས་ནས་བཤད་མྱོང་ཡོད།དེ་དུས་ནས་ངས་ཁྱོད་རང་བུ་མོ་ཤེས་ཡོན་ཅན་ཞིག་ལ་ངོས་འཛིན་ཐོབ་སོང་བཀྲ་ཤིས་བདེ་ལེགས།
    བོད་མི་རིགས་ཀྱི་མ་འོངས་པའི་རེ་བ་དེ་མཐོ་རིམ་སློམ་མ་དང་སློབ་ཐོན་པ་ཚོ་ལ་བཅོལ་ཡོད་པས་ཁྱེད་ཚོས་ནམ་ཡང་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་གནང་རོགས།མ་འོངས་པར་བོད་ཀྱི་སྐད་དང་རིག་གཞུང་མི་ཤེས་པའི་བོད་མི་རིགས་ཤིགས་ཆགས་ན་དེ་དུས་ང་ཚོ་མི་ཡུལ་དུ་གཟུགས་ཕུང་སྐམ་པོ་ཞིག་ལྷག་ཡོད་མེད་ཁྱད་པར་མེད་པས།ཆབ་སྲིད་ལས་ལྷག་པའི་ཆོས་དང་རིག་གཞུང་ཡ་རབས་གོམས་གཤིས་ལ་མུ་མཐུད་ནས་ཡར་རྒྱས་བཏང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese