མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་སྐྱ་བདག་ཁྲི་མཆོག་གི་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་ ༡ ཉིན་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་རྣམ་གཉིས་བཞུགས་སྒར་ར་སྤུར་ནས་ཆིབས་ཐོན་གནང་སྟེ། ཕྱི་ཚེས་ ༣ ཉིན་མཁའ་ལམ་བརྒྱུད་རྡོ་རྗེ་གླིང་དུ་ཞབས་སོར་བཀོད་ཡོད་པ་དང་། སྐབས་དེར་ཀ་སྤུགས་དང་རྡོ་རྗེ་གླིང་བཅས་ཀྱི་ས་གནས་མགོ་འཛིན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་གནད་ཡོད་མི་སྣ་བཅས་ཀྱིས་ཕེབས་བསུའི་ཁྲོད་ས་སྐྱ་ཆོས་སྒར་དུ་ཞབས་སོར་བཀོད་ཡོད་འདུག

ཕྱི་ཚེས་ ༤ ཉིན་ཆོས་སྲུང་ཁག་གི་དུས་ཆེན་དང་སྟོ་ཉིན་གང་བསྐང་གསོལ་ཚོགས་གནང་ཞིང་། ཕྱི་ཚེས་ ༥ ཉིན་རྒྱབ་ལ་ཁུལ་དེའི་ཆོས་འབྲེལ་གྱི་ཐོག་མ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་གདུལ་བྱེད་རྗེས་གནང་བསྩལ། རྗེས་གནང་གྲུབ་རྗེས་སློབ་ཕྲུག་ཁག་ཅིག་གིས་ལེགས་བཤད་ཀྱི་མཆོད་འབུལ་གནང་བ་དང་དེའི་རྗེས་ཀ་སྤུགས་ས་སྐྱ་ཆོས་སྒར་གྱི་སློབ་ཕྲུག་རྣམས་ཀྱི་ལོ་འཁོར་ཡིག་རྒྱུགས་ཀྱི་ཨང་རིམ་རྩེ་སོན་རྣམས་ལ་ལེགས་གསོའི་བྱ་དགའ་བསྩལ་ཡོད་པ་དང་། ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོར་གོང་མ་རིན་པོ་ཆེ་མཆོག་དང་ངོ་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་ད་ལྟ་ཀ་སྤུགས་སུ་གསར་བཞེངས་གནང་བཞིན་པའི་ས་སྐྱ་ཆོས་ཚོགས་ཀྱི་འདུ་ཁང་དང་གྲྭ་ཤག་སོགས་ཀྱི་ཆེད་ས་སློང་གནང་འཆར་ཡོད་འདུག

གཞན། མ་འོངས་པའི་ཉིན་འགའི་རིང་ཀ་སྤུགས་བོད་ཁྱིམ་སློབ་གྲྭས་གདན་ཞུ་ལྟར་དགེ་སློབ་ཡོངས་ལ་བཀའ་སློབ་ལམ་སྟོན་གྱི་གནང་རྒྱུ་དང་། དེའི་རྗེས་རྟ་མང་དགོན་པ་ཞིག་ཏུ་ཕེབས་ཏེ་ཆོས་འབྲེལ་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༧ ཉིན་བློ་ལྡོག་རྣམ་བཞིའི་མཚོན་པའི་ནང་ཆོས་ངོ་སྤྲོད་དང་ཀུན་རིག་གི་ལྗགས་དབང་། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་ཚེ་དབང་། ཕྱི་ཚེས་ ༩ ཉིན་སྒང་ཏོག་ཏུ་ཆིབས་ཞལ་བསྒྱུར་འཆར་ཡོད་འདུག  

 

གནས་ཚུལ་གཏོང་མཁན། ཐུབ་བསྟན་རྒྱལ་མཚན།    

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 9

  1. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    ཧེ་ཧེ་བཙན་བྱོལ་བས་རང་རྟ་མཆོག་འཛིན་དེས་ས་ཆེན་འགུལ་སོང།

    Reply
  2. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    སྲིད་དོན་དང་མ་འབྲེལ་བའི་ཆོས་ཀྱི་མཛད་འཕྲིན་སྐྱོང་མཁན་རེས་མེད་བསྟན་པོ་མངའ་བདག་ཆེན་པོ་ས་སྐྱ་གོང་མ་ཚང་དང་ཀླུ་ལྡིང་མཁན་རིན་པོ་ཆེ་རྣམ་གཉིས་ལ་སྒོ་གསུམ་གུས་ཕྱག་ཞུ།

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་༸གོང་ས་མཆོག་ཕུད་པའི་བླ་ཆེན་ཁྲོད་ནས་ཆེས་འཇོན་ཐང་ཆེ་ཤོས་དང་གུས་བཀུར་ཞུ་འོས་པ་ཞིག་ཡིན་པ་ནི་ཀུན་གྱིས་བརྗོད་བཞིན་པ་ཡིན། འདི་ནི་ངོ་དགའ་སྤྲེལ་ལས་དང་ཕྱོགས་ལྷུང་གི་གཏམ་མ་ཡིན་པར་དོན་དངོས་དང་མཐུན་པ་ཞིག་ཡིན། ཁོང་ནི་བོད་བཙན་བྱོལ་གནས་པའི་རིང་ལ་ཆོས་སྲིད་གཉིས་ཀའི་ཐད་ལ་བྱས་རྗེས་འཇོག་གནང་མཁན་ཞིག་རེད།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    འཇམ་དབྱང་འདི་སེམས་ཚོར་ཆེ་སྟངས་པ་ལྟ་ན་ས་སྐྱ་ཡིན་ཐག་ཆོད་རེད།
    དབུག་ཁ་ལྷོད་ལྷོད་དང་སེམས་པ་གུ་ཡང་གནང་རོགས།
    ཧེ་ཧེ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་༸སྐུ་ཚེ་ཡུན་དུ་བརྟན་འགྱུར་ཅིག །

    Reply
  6. འཇམ་དབྱངས། says:
    ལོ་ 15 སྔོན།

    ད་ལྟའི་བར་བཙན་བྱོལ་ནང་གི་དགོན་སྡེ་ཁག་དང་བཤད་གྲྭ་ཁག་ཧྲ་ཐག་ཧྲ་ཐག་ཡོད་པ་འདི་བླ་མ་རྣམ་པ་དང་མཁན་པོ། དགེ་བཤེས། དེ་མིན་འབྲེལ་ཡོད་རྣམ་པའི་བཀའ་དྲིན་ཉག་གཅིག་ཡིན་པས། ཁོང་རྣམ་པས་བོད་ཀྱི་ཆོས་རིག་གི་བསྟི་གནས་འདི་དག་སྲུང་སྐྱོབ་གནང་བར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་འོས་ལ། བོད་མི་རིགས་ཀྱི་འཇོན་ཐང་དུ་ཡང་ངོམ་ཆོག ཆོལ་ཁ་དང་ཆོས་ལུགས་ཀྱི་བར་ཇི་ལྟར་མཐུན་ལམ་ཡོང་ཐུབ་ཀྱི་ཐབས་ལམ་མི་འཚོལ་བར། རང་རྒྱལ་གཞན་ཕམ་གྱི་ལྕགས་སྒྲོག་ཏུ་ཚུད་པའི་མི་རྣམས་མཐར་མི་རིགས་ཀྱི་དགྲ་བོ་ཡང་ཆགས་སྲིད།

    Reply
  7. འཇམ་དབྱངས། says:
    ལོ་ 15 སྔོན།

    དད་པའི་སྟོབས་ཤུགས་ནི་གཟུགས་མེད་ཀྱི་ལྕགས་ཀྱུ་རྣོན་པོ་ཞིག་ཡིན་པས། འདི་སུ་ལ་ཐེབས་ན་དད་མོས་བྱ་ཡུལ་དེའི་ཆེད་དུ་རྒྱུ་ནོར་ལོངས་སྤྱོད་ལྟ་ཅི། རང་སྲོག་དམར་པོ་ཡང་འདོར་ཐུབ་པའི་ལྷག་བསམ་དང་སྤོབས་པ་རེ་སྐྱེ་བར་བྱེད། ལྷག་པར་བོད་ཀྱི་ནང་པའི་དད་ཤུགས་ལ་མཚོན་ན་རང་ལས་གཞན་གཅེས་པའི་སེམས་ཁམས་ཀྱིས་བརླན་ཡོད་དུས། བོད་མི་དཔའ་བོ་རྣམས་ཀྱིས་ཀྱང་རང་གི་གཅེས་པའི་སྲོག་ཕངས་མེད་དུ་འདོར་ཡང་། ཆོས་ལུགས་གཞན་གྱི་དད་མོས་པ་ལྟར་འབར་རྫས་སོགས་བཏགས་ནས་གཞན་གྱི་སྲོག་ལ་འཚེ་བའི་ལས་ལ་མི་འཇུག་པ་ཡིན། འདི་གཉིས་ནི་ཧ་ཅང་གི་མི་འདྲ་བའི་ཁྱད་པར་ཆེན་པོ་གཉིས་རེད། འདིའི་རྩ་བ་གང་ལ་ཐུག་པ་རེད་ཅེས་ན། སློབ་སྟོན་པ་ལ་རག་ལུས་ཡོད་པ་བཤད་ཅི་དགོས། སྤྱིར་བཏང་བོད་ཀྱི་བླ་མ་དང་བླ་རྫུན་ཚོའི་ནང་ན་ཀུན་སྤྱོད་མི་ལེགས་པ་དང་། ལམ་ལོག་སྟོན་མཁན་ཡོད་བདེན་པ་ཡིན་ཡང་། ས་སྐྱ་གོང་མ་ཚང་ནི་ད་བར་དྲང་བདེན་དང་ཡང་དག་པའི་ལམ་སྟོན་གནང་མཁན་གྱི་སྐྱེས་བུ་རྨད་དུ་བྱུང་བ་ཞིག་ཡིན་གཤིས། ང་ཚོས་ངོས་ནས་ཁོང་ལྟ་བུའི་བཀའ་དྲིན་ནམ་ཡང་དྲན་དགོས། ཐམས་ཅད་ལ་རྒྱུག་པ་ལེབ་བརྡུང་མི་བྱེད་པའི་སྙུག་ཐོགས་པ་ཞིག་ཡིན་ན་རང་ཉིད་གཟུར་གནས་ཀྱི་མཁས་པ་ཆགས་པའི་རེ་བ་བརྒྱབ་ཆོག

    Reply
  8. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    དཔལ་ས་སྐྱའི་བདག་ཁྲི་རིན་པོ་ཆེ་མཆོག་དང་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་རྣམ་གཉིས་གཙོ་བོར་གྱུར་པའི་སྐུ་འཁོར་རྣམས་ཀ་རྡོར་སྒང་གསུམ་དུ་ཕེབས་ཏེ་འགྲོ་བ་རྣམས་ཀྱི་དོན་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ལ་སྙིང་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    ཀ་རྡོར་སྒང་གསུམ་ལ་རྙིང་མ་བཀའ་བརྒྱུད་ཀྱི་བཟུང་ནས་དགེ་ལུགས་འཛུལ་ས་རེག་གི་ཡོད་པ་མ་རེད་ད་ས་སྐྱ་འཛུལ་འདུག་ག་བླ་མ་འདི་ཚོ་རང་དོན་ཀྱི་མཛད་པ་སྐྱོངས་དུས་སྤྱང་དྲུང་འཛོམ་པོ་ཡོད་རེད།
    བླ་མ་འདི་ཚོ་ཟེར་བ་ཆོས་བརྒྱུད་སྤྱིའི་བླ་མ་ལ་གོ་བ་ལས་ས་སྐྱ་གཅིག་པུ་ལ་གོ་གི་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese