མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མཚོའི་ཆུ་ཐིགས་ཀྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཟླ་བ་གཅིག་ཁྲོད་ཀྱི་ཉིན་གཅིག་གི་དགོང་ཟས་སྤངས་ཏེ། བོད་མི་རེ་རེས་ཟླ་རེར་ཧིན་སྒོར་སུམ་བཅུ་རེ་བོད་སྤྱི་པའི་དོན་དུ་ཞལ་འདེབས་འབུལ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་ཟེར།  

 

ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྒྱ་གར་བྱང་ཤར་ཤིས་ལོང་ས་གནས་སུ་གནས་བཞུགས་སྐུ་ཞབས་བཀྲ་ཤིས་སྟོབས་རྒྱལ་ལགས་དང་ཐུབ་བསྟན་ཡེ་ཤེས། སིམ་ལའི་ཉེ་འཁོར་ཌོ་ལན་ཇི་གནས་སྡོད་སྐུ་ཞབས་བློ་ལྡན་ཉི་མ་བཅས་གསུམ་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ནས་བཟུང་ཁོང་གསུམ་གྱིས་རང་ངོས་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཟླ་གཅིག་གི་ནང༌། ཉིན་གཅིག་གི་དགོང་ཟས་སྦངས་ཏེ། ཟླ་རེར་ཧིན་སྒོར་ ༣༠ བོད་སྤྱི་པའི་དོན་དུ་ཞལ་འདེབས་འབུལ་རྒྱུ་དང་། ཟླ་རེའི་བོད་ཚེས་བཅོ་ལྔ་ནམ་ཡིན་ལ་དགོང་ཟས་སྤངས་ཏེ། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཞལ་འདེབས་སུ་འབུལ་རྒྱུའི་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་པ་ལྟར། མ་འོངས་པར་བོད་མི་མང་པོ་མཉམ་ཞུགས་གནང་བ་དང་མ་དངུལ་མང་དུ་ཕྱིན་ཚེ། རང་གཞུང་གི་མཛད་གཙོ་རྣམ་པར་འབྲེལ་བ་གནང་སྟེ། རྒྱ་མཚོའི་ཆུ་ཐིགས་ཀྱི་ཚུལ་དུ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཆེད་གཏོང་རྒྱུ་ཡིན་འདུག

 

ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། དགོང་ཟས་སྤོང་བའི་ཉིན་མོར་ནང་མི་ཕན་ཚུན་བར་བོད་ཀྱི་འདས་དང་ད་ལྟའི་གནས་སྟངས་དྲན་གསོ་དང་སྐུལ་ལྕག བགྲོ་གླེང༌། སློབ་གསོ་བཅས་བརྒྱུད་མི་རིགས་ཀྱི་གནས་སྟངས་ངོ་འཕྲོད་པ་བྱ་རྒྱུ་དང་། མ་འོངས་པར་སོན་རྩ་རྣམ་པས་མི་རབས་རིམ་བརྒྱུད་ཀྱི་རྗེས་སྐྱོང་ཚུལ་བཞིན་ཡོང་ཆེད། རང་ངོས་ནས་རྒྱ་མཚོ་ཆུ་ཐིགས་ཀྱི་ཚུལ་དུ་དཔལ་འབྱོར་མཐུན་རྐྱེན་གལ་ཆེན་ཡིན་པ་ཤེས་པར་བྱས་ཏེ་དགོང་ཟས་ཀྱི་དོད་དངུལ་དེས་རང་རེའི་ཤེས་ཡོན་ལ་ཕན་ཐོགས་ཇི་བྱུང་དྲན་སྐུལ་ཞུ་རྒྱུ་བཅས་ཡིན་འདུག་ལ། ལས་འགུལ་འདི་ལམ་ལྷོང་ཡོང་ཆེད་རྒྱ་ཆེ་མང་ཚོགས་གང་མང་མཉམ་ཞུགས་གནང་སྟེ། ༸གོང་ས་མཆོག་གི་དགོངས་གཞི་ལྟར། བོད་ཕྲུག་ཚོའི་ཤེས་ཡོན་སྤྱི་དང་བྱེ་བྲག་རིགས་གཅིག་རྐང་འཛིན་དང་ཆེད་ལས་པ་མི་ཉུང་བ་ཞིག་བསྐྲུན་རྒྱུའི་མཐུན་རྐྱེན་བསྐྲུན་རྒྱུ། རང་རེའི་བོད་རྒྱལ་ཁབ་ཀྱི་འདས་དང་ད་ལྟའི་ཆོས་སྲིད་ལུགས་གཉིས་ཀྱིས་མཚོན་བོད་མིའི་སྤྱི་ཚོགས་གཞིས་བྱེས་གཉིས་སུ་ཇི་ལྟར་གྱེས་པ་དང་དར་རྒུད་ཀྱི་གནས་སྟངས། བུ་རབས་ཚ་རྒྱུད་ལ་ངོ་སྤྲོད་ཞུ་རྒྱུའི་ལས་འགུལ་ཞིག་ཡིན་ཅིང༌། འདི་ཡི་བརྒྱུད་ནས་འབྱུང་འགྱུར་གྱི་གྲ་སྒྲིག་ལ་སྨན་ཕྱིར་རྒྱ་མཚོ་ཆུ་ཐིགས་ཀྱིས་འབྲེལ་ཞིང༌། འོས་ཤིང་འཚམ་པའི་དཔལ་འབྱོར་མཁོ་སྒྲུབ་ཀྱི་ལས་འགུལ་ཞིག་ཡིན་འདུག

 

འབྲེལ་བ་གནང་ཡུལ་གྱི་གློག་འཕྲིན་ཁ་བྱང་། Email:gyatsochuthik@gmail.com དང་།

དྲ་རྒྱའི་ཁ་བྱང་། www.gyatsochuthik.blogspot.com

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 12

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གལ་སྲིད་ངའི་དགོང་ཟས་ཀྱི་རིན་གོང་སྒོར་༡༥ལས་མ་ཟིན་ན། ༡༥ཡིས་འཐུས་སམ།

    Reply
  2. གཡག says:
    ལོ་ 15 སྔོན།

    ཡག་པོ་རེད། ཡིན་ན་ཡང་མི་འདི་དག་གི་དམིགས་ཡུལ་ཡག་པོ་མེད་ཐག་ཆོད་རེད། གང་ཡིན་ཟེར་ན་མི་ཁོ་རང་ཚོའི་ལོ་རྒྱུས་གཙང་མ་ཡོད་མཁན་རྐྱང་བ་མ་རེད། ད་རེ་རེ་བཞིན་མི་ཞུ་དགོས་མེད་ཀྱི་གཏམ་རེད། སྒོར་རྡོག་སུམ་ཅུ་དེ་ཡང་རྟག་པར་ཕུལ་ཐུབ་མིན་ཁག་པོ་རེད།

    Reply
  3. ཨ་མིའི་བུ། says:
    ལོ་ 15 སྔོན།

    ལགས་སོ་འགོ་ནས་མཇུག་བར་ཡག་པོ་ཞིག་རྒྱུན་སྐྱོང་རྒྱུ་དང་ལྷག་པར་ཞལ་འདེབས་རིག་གོ་རྒྱུ་རིག་རྒྱུ་བྱུས་ན་ཡག་ཐོག་ཡག་བཞག་རེད་བསྙམ།
    རང་ངོ་ནས་ཞལ་དཔག་ཚོག་ཞིག་འབུལ་གི་ཡིན།

    Reply
  4. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    ཁྱེད་རྣམས་ཀྱིས་སྤེལ་བཞིན་པའི་ལས་འགུལ་དེ་ཁ་ཞེ་གཉིས་མེད་ཅིག་ཡིན་ངེས་ལ་ཡིན་ཡང་དགོས། དེས་ན་བདག་གིས་ཀྱང་རྗེས་སུ་ཡི་རངས་དང་ལྷན་ཅིག་ཏུ་ཕྱ་གྲུ་མཉམ་འདེགས་ཞུ་རྒྱུའི་ཆོད་སེམས་གཙང་མ་ཡོད།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    རྒྱ་མཚོ་ཆུ་ཐིགས་ཀྱི་ལས་འགུལ་སྤེལ་གནང་མཁན་རྣམ་པ་གསུམ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ལས་དོན་ལ་རྒྱབ་བསྐྱོར་དང་ཡི་རང་ཞུ་རྒྱུ་ཡིན་ཞལ་འདེབས་ཀྱང་གཅིག་མཐུན་འབུལ་འདུན་ཡོད། ཁྱོད་རྣམས་པས་ལས་དོན་འགོ་འཛུགས་གནང་མ་ཐག་སྐྱོན་བརྗོད་དང་ངོ་རྒོལ་བྱ་མཁན་རེ་གཉིས་ཡོངས་སྲིད་པས་དེ་དག་གིས་རྐྱོན་པས་བློ་སྟོབས་ནམ་ཡང་མ་ཞུམ་རོགས། མཉམ་མཐུན་གྱི་ལས་འགུལ་རེ་སྤེལ་དང་། གཅིག་མཐུན་གྱི་དམ་བཅའ་རེ་འཇོག་དང་། དམིགས་དོན་ཞིག་སྒྲུབ་པ་འདོན་མི་བཟའ།

    Reply
  6. རིགས་པ་སྨྲ་བ། says:
    ལོ་ 15 སྔོན།

    མི་འདི་ཚོས་དཔལ་འབྱོར་མཁོ་སྒྲུབ་བྱེད་པའི་ལས་འགུལ་གྱི་རྒྱབ་ལྗོངས་དམིགས་ཡུལ་ནི་རྒྱལ་ཁབ་དང་མི་རིགས་ཁ་ལ་གཡར་ནས་མ་དངུལ་མང་དུ་བསགས་ཏེ་རང་གི་མཐུན་རྐྱེན་བསྒྲུབ་རྒྱུ་དེ་རེད། དེང་སྐབས་བོད་ནང་གི་ཛ་དྲག་གི་གནས་བབ་ལ་བསམ་གཞིགས་ཅི་ཡང་བཏང་མེད་པ་དང་བོད་སྤྱི་བའི་ཤེས་ཡོན་ཡར་རྒྱས་དང་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་བ་གསོ་སྐྱོང་གི་ལས་འགན་ནི་བཙན་བྱོལ་གཞུང་གིས་བསྒྲུབ་དགོས་པ་ལས་མི་སྒེར་གྱི་ཚོགས་པས་ནུས་པ་འདོན་ཐུབ་ཀྱི་མ་རེད།

    Reply
  7. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    འགྱུར་མེད་སྟན་འཛིན་ཡག་པོ་མ་རེད ་ཆབ་བྲག་ལྟར་བྱུང་ན་འགྲིག་ཀ. ཐེ་ཚོམ་སེལ་ངེས་རེད. སྙུང་གནས་ངས་དྲན. ལས་ཀའི་ཞོར་ལ་ཡོང་དཀའ་. ཁོང་གསུམ་གྱིས་སྙུང་གནས་མི་ཟེར་བར་རྒྱུ་མཚན་ཡོད་སྙམ. ཧིན་སྒོར་༣༠རེ་བློས་མི་མཐོང་བ་གང་འདུག. བྱ་བ་གང་ལ་ཚོད་ལྟ་བྱོས. མི་ལེགས་ར་འཕྲོད་ཚེ་ཚམ་འཇོག་མི་ཆོག་པ་ག་ལ་སྲིད.
    བློ་སྐྱེད་དང་ཐབས་གསར. འཐུས་ཚང་ལ་རིག་པ་འདོན་རོགས. སྤྱིར་ངེས་པར་རིག་པ་འདོན་དགོས་མེད་ལ. མར་འཐེན་ལ་དེ་བས་ཀྱང་ངོ. དུས་བབ་ཀྱིས་ཀྱང་བརྗོད་གཞི་དང་འབྲེལ་བ་ཡོད་ཙམ་ལ་མི་བལྟ་བར་དགེ་མཚན་ལ་བལྟ་རོགས་. མཆན་ཉོག་མང་དྲག་འདུག

    Reply
  8. རིག་པའི་རལ་གྲི says:
    ལོ་ 15 སྔོན།

    ཆུ་ཡི་ཐིག་པ་བསགས་ན་རྒྱ་མཚོར་འགྱུར་བའི་དཔེ་དང་། མེ་སྟག་ཆུང་ངུས་རྩ་ཕུང་རི་ཙམ་སྲེག་ཐུབ་པའི་ཚུལ་ལ་བསམ་ནས། ཞུམས་པ་མེད་པའི་སྙིང་སྟོབ། དྭངས་གཙང་ཁ་དར་ལས་ཀྱང་གཙང་བའི་བརྩེ་བ་ཞིག་ཁ་བ་ཅན་ལ་བཞག་ནས་མུན་པའི་གླིང་གསལ་པོ་བྱེད་པའི་ཆེད་དུ་སྐུ་ལུས་མཆོད་མེ་རུ་ཕུལ་མཁན་དེ་རྣམས་བོད་ཀྱི་མི་རབས་རྒྱུན་མ་སྟོང་བར་བོད་མིས་མི་བརྗེད་པ་ཡོངས་པའི་ཆེད་དུ་བྱ་བཞག་སྣ་མང་སྐྲུན་དགོས་དང་དགོས། དེ་དག་གི་ཆེད་དུ་ཞབས་འདེབས་དེ་ལྟར་འབུལ་བའི་ཆོད་སེམས་ལ། ཡིད་རངས་དང་རྒྱབ་སྐྱོར་ཡོད

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དམིགས་ཡུལ་དང་ལས་འགུལ་ཡག་པོ་རེད། བསྔགས་བརྗོད་ཡོད། ཞལ་འདེབས་ཀྱང་ལོས་འབུལ། ཞལ་འདེབས་འབུལ་ས་དང་དངུལ་དོ་དམ་བྱེད་སྟངས་གསལ་བཤད་ཅིག་གནང་རོགས། བོད་མིའི་སྒྲིག་འཛུགས་རང་ལ་འབུལ་རྒྱུ་ཡིན་ན་བཟང་གི མཉམ་ཞུགས་པ་མང་པོ་ཡོང་ངེས།

    Reply
  10. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    ལས་འགུལ་འདི་རྣམ་དཔྱོད་ལྡན་པའི་བོད་སྤྱི་བའི་ཆེད་དུ་ཕན་ཐོགས་པའི་ལས་ཀ་ཞིག་མཐོང་མ་སོང།
    ལས་འགུལ་འདིའི་རྒྱབ་ལོགས་སུ་དམིགས་ཡུལ་ཅི་ཞིག་སྦས་ཡོད་ཀྱང་ཐེ་ཚོམ་གྱུར་སོང།
    བཙན་བྱོལ་ནང་ནས་བོད་སྤྱི་བ་དང་མི་རིགས་ཁ་ལ་ཁྱེར་ནས་དོན་ངོ་མའི་སོ་སོ་ལ་ཁེ་ཕན་ཞིག་ཐོབ་ཆེད་ལས་བོད་ནང་གི་མི་ཚོ་ནང་བཞིན་མི་རིགས་ཀྱི་དོན་དུ་ཡོད་ཚད་བློས་བཏང་ཐུབ་མཁན་ཞིག་མཐོང་མ་སོང།
    དོགས་པ་ཆེན་པོ་ཡོད
    ལོ་གཅིག་གི་ནང་དུ་ཚེ་བཅུ་ལྔ་ནམ་ཡིན་ལ་བོད་པ་ཚོས་ཟས་བཅད་ངོ་རྒོལ་གྱི་སྙུང་གནས་རེ་ཉིན་བརྒྱ་དུས་གཅིག་ལ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་པ་ཚོ་འདུག་ཐུབ་ན་དེས་ཤི་གསོན་གཉིས་ཀ་ལ་ཕན་ཐོགས་པའི་ལས་ཀ་ཞིག་ཆགས་ཀྱི་རེད་བསམ་གྱི་ཡོད།

    Reply
  11. ལྷག་དཀར་ལས་འགུལ། says:
    ལོ་ 15 སྔོན།

    གཞོན་སྐྱེས་ཚོས་བོད་ཡིག་ལ་དོ་སྣང་མི་བྱེད་པས། གཞོན་སྐྱེས་ཚོར་བོད་ཡིག་དང་བོད་ཀྱི་རིག་གཞུང་ལ་དབྱིངས་དབེན་པས། གཞོན་སྐྱེས་མང་པོ་ཞིག་དབྱིན་ཇི་དང་རྒྱ་ཡིག་གི་དབང་འོག་ཏུ་ཚུད་དང་ཚུད་བཞིན་པས། བོད་དོན་གྱི་ལས་འགུལ་སྤེལ་དུས་བོད་མི་ལྐུག་པའི་ཚུལ་འཛིན་མཁན་གཡས་གཡོན་ཀུན་ནས་ཡོད་པས།
    ཁྱེད་ཅག་གསུམ་གྱི་ཐབས་བཟང་དམིགས་བཟང་གི་ལས་འགུལ་དེར་བརྒྱ་ཆ་བརྒྱ་ཐམ་པར་གུས་བརྩི་དང་བསྔགས་བརྗོད་གློ་སྙིང་བྲང་གསུམ་གྱི་གཏིང་དབུས་དེ་ནས་འབུལ་ལོ། །

    Reply
  12. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ཡག་པོ་རེད་ཐུགས་རྗེ་མི་རང་ཉིད་ནས་ནུས་ཚོད་ཀྱི་རྒྱབ་སྐྱོར་གནང་པ་མཚོན་གྱི་ཡོད་པ་རེད།   གང་ལྟར་བོད་མི་ཞིག་ཡིན་པས་འགན་བླང་བ་མཚོན་གྱི་ཡོད་པ་ཡིན་པས་རླབས་ཆེན་དུ་བརྗོད་འོས་པ་ཞིག་མ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese