མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་ལ་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཏེ་རྔ་པ་ཁུལ་དུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་སྔ་ཕྱིར་འབྱུང་བཞིན་པ་དེ་དག་ལ་འགན་འཁུར་དགོས་ཟེར།

ཁ་སང་ཕྱི་ཚེས་ ༡༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་སྤེལ་མཁན་རྣམས་ལ་དྲག་གནོན་རབ་དང་རིམ་པ་བྱེད་བཞིན་པ་རྣམས་ཀློད་གྲོལ་དང་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་ཆེད། རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་འདུག

གསལ་བསྒྲགས་དེའི་ནང་། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་གྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༢ སྲུང་གཙི་བྱས་པ་ནས་བཟུང་། བོད་བྱང་ཤར་རྔ་པ་ཁུལ་དུ་བོད་མི་ ༦ དང་དཀར་མཛེས་ཁུལ་དུ་བོད་མི་ ༡ བཅས་བསྡོམས་བོད་མི་བདུན་གྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་བཙན་བཟུང་བྱས་པར་ངོ་རྒོལ་དང་བོད་མི་ཚོར་རང་དབང་སྤྲོད་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་འབྱུང་བཞིན་པའི་དོན་རྐྱེན་སྟངས་འཛིན་བྱེད་ཕྱོགས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱེད་རྒྱུ་ཡིན་ལ། བོད་མིའི་དངོས་ཡོད་དཀའ་ངལ་གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་ཚབ་ཏུ་ཉེན་རྟོག་པ་དང་དམག་མིས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོ་འཛིན་བཟུང་བཀག་ཉར་དང་རྡུང་རྡེག་བྱས་པའི་གནས་ཚུལ་ཐོན་ཡོད། ཅེས་བཀོད་འདུག



གསལ་བསྒྲགས་ནང་མུ་མཐུད་དུ། རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་དག་གཞི་རྩའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཙམ་མ་ཟད། རང་གི་ཡུལ་ཁྲིམས་དང་ཡང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྨས་སྐྱོན་ཕོག་པ་རྣམས་འཕྲལ་མར་ཀློད་གྲོལ་བཏང་སྟེ་ཁོང་ཚོར་སྨན་བཅོས་ཚུལ་ལྡན་གནང་རྒྱུའི་འབོད་སྐུལ་དང་། བོད་མི་ཚོ་དང་ལྷག་པར་འཛམ་གླིང་ཡུལ་ཕྱོགས་གང་སར་ཡོད་པའི་བོད་མིར་སེམས་ཐག་ཉེ་བའི་མཛའ་གྲོགས་ཚོས་རྔ་པའི་མི་མང་ཚོར་གདུང་སེམས་མཉམ་སྐྱེད་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་བཞིན་རྒྱལ་སྤྱིའི་སྟེང་གསལ་སྟོན་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཡོང་སླད་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 11

  1. འཇམ་བཟང་། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་ཞུ་རྒྱུ། ད་ལྟའི་ང་ཚོའི་བོད་ཀྱི་གནས་སྟངས་དེ་ཛ་དྲག་གི་ཐོག་ལ་ཡོད་པ་ཁྱེད་ཀྱིས་ལོས་ཤེས། འོན་ཀྱང་ཁྱེད་རང་ཁུང་སིམ་མེ་ག་རེ་གནང་སོང་། བོད་མི་ཚོའི་ཁྱེད་རང་ལ་གཞན་ལས་ཁྱད་དུ་འཕགས་པའི་མཁས་དབང་ཞིག་གཞོན་སྐྱེས་འཇོན་ཐང་ཅན་ཞིག་ལ་ངོས་འཛིན་བྱས་ནས། ང་ཚོ་བོད་མི་ཚོའི་ཁྱེད་རང་ལ་འོས་བླུགས་པ་རེད། ད་དུང་ཁྱེད་རང་འདི་འདྲ་ཞིག་བསྡད་ན་འགྲིག་གམ། ཁྱེད་ཀྱིས་ཅི་ནས་ཀྱང་གཞིས་བཞུགས་སྤུན་ཟླ་ཡོངས་ལ་ཐུགས་བསམ་བཞེངས་ནས། འབོད་སྐུལ་དང་དྲིལ་བསྒྲགས་ཙམ་མ་ཡིན་པ། དོན་ཕན་ལྡན་པའི་ལས་འགུལ་ཞིག་སྤེལ་དགོས་པ་སྙམ། ཁོང་རྣམས་ནི་ཉིན་རེ་ཉིན་རེ་བཞིན་སྡུག་བསྔལ་ཆེ་རུ་འགྲོ་བ་དང་། རྒྱ་གཞུང་གིས་དྲག་གནོན་དང་སྡུག་རྩུབ་ཆེ་རུ་འགྲོ་གི་ཡོད། ཁྱེད་ཀྱིས་ཅི་ནས་ཀྱང་ཐུགས་བསམ་བཞེངས་རོགས་ཞུ་རྒྱུ་ཡིན།

    Reply
  2. རིན་འཕེལ། says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ་ག྄ཞུང་འཛིན་མི་སྣ་ཚོས་མ་འཇོན་རབ་དང་ཐོས་ཤོར་སོང་རབ་རྐྱང་རྐྱང་བཤད་ནས་དགེ་མཚན་ཞིག་ཡོད་དམ།. དཔེར་ན་ཀླུ་མཁར་དང་ལྷ་བཟང་སོགས་མང་པོས་བོད་དོན་བརྩོད་དགོས་ན་ཁྲག་དང་རྣག་གི་འགྲོ་སོང་མ་བཏང་ན་ཡོང་ཐབས་མེད་རབ་བཤད་མཁན་ཚོ་ལ་གཅིག་ལྟོས་དང་གོ་ཐོས་ཙམ་ཡང་མི་འདུག་གོ། ་་་ངོ་མ་ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་ཚོ་ལ་རྒྱུས་ལོན་ཡག་པོ་བྱུང་ཚོད་ཡིན། ་་་གང་ལྟར་བཙན་བྱོལ་གཞུང་ལས་རེ་བ་རྒྱག་ས་ཞིག་མེད་པ་གསལ་བོ་ཆགས་ཡོད། ་

    Reply
  3. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    རྒྱབ་སྐྱོར་དང་ཡི་རངས་རོད།

    Reply
  4. རུ་གསར་ཚང་། says:
    ལོ་ 15 སྔོན།

    དྲང་མོར་བཤད་ན་བོད་མིའི་སྒྲིག་འཛུགས་གིས་འབོད་སྐུལ་ཙམ་དོན་ཕན་ལྡན་པའི་ལས་འགུལ་ཞིག་སྤེལ་ཤེས་ཀྱི་མེད་པ་དེ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གིས་འཆར་ཅན་གྱི་ལས་འགུལ་རབ་དང་རིམ་པ་མང་པོ་ཞིག་སྤེལ་ཡོང་དུས་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་རྣམ་འགྱུར་ཞིག་མ་བསྟན་རང་སྟོན་ཆགས་པ་ཙམ་རེད། དེ་ཡང་འཆར་ཅན་གྱི་ཚིག་རིས་ཙམ་བརྗོད་དེ་རྣམ་འགྱུར་ཉམ་ང་བ་ཞིག་བསྟན་པ་རེད། ཡང་གཅིག་བསམ་ན། བྱེ་མ་བཙུར་ནས་ཆུ་ཡི་དཔེ་ལྟར་ཡིན་པ་འདྲ། དེ་མིན་མི་རབས་གསར་བའི་སྒྲིག་འཛུགས་གཞུང་འཛིན་པ་རྣམ་པའི་ཁྱད་དུ་འཕགས་པའི་རྣམ་དཔྱོད་དེ་བེད་སྤྱོད་གཏོང་བའི་དུས་ལ་སླེབ་ཡོད་འདུག གཞན་དུ། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ་ཞེས་ཀྱང་ཞུ་བར་ཐལ་ལོ།།

    Reply
  5. གདོང་ཕྲུག says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ།

    Reply
  6. གདོང་ཕྲུག says:
    ལོ་ 15 སྔོན།

    རྒྱལ་ཁབ་དང་རྒྱལ་ཁབ་བར་ལ་གྲོས་མོང་མང་དྲག་པ་འགྲོ་གི་མ་རེད།

    Reply
  7. ཨ་མིའི་བུ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚོ་ཁ་བརྒྱག་པ་མ་གསུངས་ན་ཡག་གི་རེད། ལོ་རྒན་ལྔ་བཅུའི་ནང་དུ་འབོད་བསྐུལ་དང་གྲོས་མོལ་སོགས་བརྒྱུད་ནས་བོད་དོན་འདི་དེང་སྐབས་འཛམ་གླིང་གི་སྒང་ཐོན་ཐུབ་པ་བྱུང་བ་ནི་གྲུབ་འབྲས་ནང་གི་གྲུབ་འབྲས་ཆེས་ཤོས་རེད།
    དེ་མིན་ད་དུང་་ཡང་་དེ་ལྟར་བྱེད་རྒྱུ་ལས་གནས་སྐབས་ཐབ་གཞན་ཅི།
    ལས་འགུལ་འདི་དག་ཧ་ཅང་ཡག་པོ་རེད། མཁས་དབང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་འགའ་ཁྲི་ལ་ཐོན་ནས་ད་བར་ལས་འགུལ་གང་ཞིག་སྤེལ་དང་སྤེལ་བཞིན་ཡིན་པ་བོད་མས་བསྒྲིག་འཛིག་གྱི་དྲྭ་བ་ལ་གཟུགས་དང་། ་དེ་མིན་དགྲ་དཀའ་གཉེན་སྡིག་གི་བཀའ་མོལ་མ་གསུངས་ན་ཡག་གི་རེད། རྒྱུན་དུ་ཕལ་ཕྱོགས་ཀྱི་མ་ཐོན་རབ་སྐྱང་སྐྱང་གསུངས་པ་ལས་རང་ཉིད་ཀྱི་ཉིན་གཅིག་ཀྱང་བོད་མི་རིག་གྱི་རྩ་དོནལ་ཕན་པ་གང་ཞིག་བསྒྲུབ་ཡོད་མེད་ཀྱང་ཐུགས་བསམ་ཐོང་། འོས་ལང་ས་ལགས་ཁྱེད་རང་བཀའ་ཁྲི་མཆོག་ལ་སྒེར་གྱི་ཞེ་མཁོན་ཡོད་ཀྱང་དེང་སྐབས་ཁོང་བོད་མི་ས་ཡ་དྲུག་གི་ཆབ་ཁྲིད་ཀྱི་དབུ་འཛིན་རེད། དེས་ན་ཁྱེད་ཀྱི་ཁོང་ལ་རྒྱ་དམར་གོང་ཁྲན་གི་མིང་འདོག་བཞིན་བློ་སེང་ཞེས་བོས་ན་དགྲ་དགའ་གཉེན་སྡིག་ལས་གཞན་གང་ཡང་མེད། དེས་ན་རང་ཉིད་བོད་མིའི་ཡུལ་མི་ཞིག་ཡིན་པ་ནམ་ཡང་མ་བརྗེད་ཅེས་གུས་པས་འབོད་བསྐུལ་ཙམ་ཞུས་ན་ཞུ་ཧམ་དུ་མི་དགོངས་པ་མཁྱེན་ལགས།

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    འབོད་སྐུལ་འདི་སྤྱིར་བཏང་བ་ཞིག་རེད། ཉམ་ཆུང་ཞིག་རེད། འཛིན་སྐྱོང་བཀའ་ཤག་ནས་རང་གི་དབང་ཚད་སྤྱད་ནས་དོན་གཅོད་ཁང་དང་བོད་རིགས་ཚོགས་པ་ཁག་ལ་ལས་འགུལ་སྤེལ་དགོས་པའི་བཀའ་ཁྱབ་གཏོང་མི་ཐུབ་པ་ག་རེ་ཡིན་ན། ག་དུས་ཡིན་ན་རེ་འབོད་་རེ་སྐུལ། ང་ཚོ་ལྟ་བུའི་ཚོགས་པ་ཆུང་ཆུང་དང་མི་སྒེར་བ་དག་གིས་རེ་སྐུལ་མ་གཏོགས་ཞུ་ཐུབ་རྒྱུ་དཀའ། བཀའ་ཁྲི་བློ་སེང་དང་ཁོང་གི་བཀའ་ཤག་ཀྱང་ང་ཚོ་འདྲ་བོ་ཞིག་ཆགས་སོང་རེད་དམ།

    Reply
  9. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    ཁ་སང་དེ་རིང་ཨ་མདོ་རྔ་བ་ས་ཁུལ་མི་དམངས་རྣམས་སྡུག་བསྔལ་གྱི་གནས་སུ་ལྷུང་ཡོད་ལ། རྒྱལ་གཅེས་དཔའ་དག་གི་ཚེ་སྲོག་རིན་ཐང་ཅན་པོ་དེ་བསམ་ན་རྔ་བའི་མི་དམངས་ལ་དངོས་གནས་ཁག་ཅི་ལ་ཡོད། གོ་ཐོས་ལྟར་ན་ཁ་སང་དེ་རིང་རྔ་བའི་ཁྲོམས་གཞུང་ན་ར་མ་མང་པོའི་སྐེ་ལ་བོད་ལ་རང་དབང་དགོས་སྐོར་ཡིག་བྱུང་བཏགས་ནས་ཡོད་པས། ཉེན་རྟོགས་པ་དག་གིས་ར་མ་མང་བོ་དེ་ཡང་འཛིན་བཟུང་བྱེད་ཀྱིན་ཡོད་པས་གནས་ཚུལ་འདུག ཅིག་གིས་མཐོང་ན་དགོད་སྐྱེད་ཅིག་ཡིན་ས་རེད་ལ། དམངས་ཀྱི་གཉའ་བ་ཞོན་མཁན་གྱི་སྲིད་གཞུང་ཞིག་གི་ཇུས་ཀ་ངོ་མ་འདི་འདྲ་ཞིག་རེད། གནས་ལུགས་ཞུ་བ་དེ་རྡོག་འོག་ན་ཡོད་ཡོད་པའི་སྲིད་གཞུང་དེའི་འོག་ནས་དངོས་གནས་མི་དམངས་ཀྱིས་དཀའ་ངལ་མྱོངས་བ་དག་ནི་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་ཞུ་བའི་གྲགས་པ་ཅན་པོ་དེས་ཀྱང་སྲིད་གཞུང་འདི་བ་ཚང་ལ་སྐད་ཆ་ཞིག་ཤོད་མྱོང་མེད།

    རང་གཞུང་བཀའ་ཤག་གི་ངོས་ནས་ཀྱང་རྔ་བ་ལྟ་བུའི་ས་ཁུལ་དག་ལ་ནང་མོལ་གྱི་ལམ་སྟོན་ཞིག་བྱས་ན་མི་འགྲིག་པ་ཡོད་རྒྱུ་མ་རེད་ཀི།

    Reply
  10. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    ལོ་རྒན་ལྔ་བཅུའི་ནང་དུ་འབོད་བསྐུལ་དང་གྲོས་མོལ་མང་མ་དྲག་ན་ཉུང་དྲག་མེད་གྲུབ་འབྲས་གང་ཐོན་སོང།
    ཉམས་ཞིན་ཡག་པོ་གྱིས་དང།
    ད་བཀའ་ཤག་གསར་པས་འཆར་གཞི་དང་ལས་འགུལ་གསར་པ་གང་མེད་དམ།

    Reply
  11. འོས་ལངས། says:
    ལོ་ 15 སྔོན།

    འབོད་སྐུལ་ཙམ་གྱིས་མི་འགྲིག་པར་མི་མང་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་དགོས། སྔོན་ཆད་བཀའ་ཁྲི་བློ་སེང་གིས་ཨོ་སྦ་མ་ནང་བཞིན་འགྱུར་བ་ཡང་བཤད་བསྡད་པ་རེད། བོད་ནང་གི་རྒྱལ་གཅེས་དཔའ་བོ་ཁོང་ཚོའི་ཁ་ཚེམས་དང་འབོད་སྒྲ་དེ་དག་ལ་ནན་གྱིས་གསན་དགོངས་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese