མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱེས་འཁོད་བོད་མི་ཡོངས་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་ལས་འགུལ་སྤེལ་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་གང་མྱུར་སེལ་ཐབས་སུ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཚང་མས་ཡུལ་འཚེ་མེད་ཞི་བའི་ཐབས་ལམ་སྤྱད་དེ། ཡུལ་ཁྲིམས་དང་མཐུན་པའི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་སོང་།  

 

ཉེ་ཆར་བོད་ནང་བོད་མི་སེར་སྐྱ་གཉིས་ཀྱི་རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རིམ་པར་སྤེལ་ཡོད་པའི་ཐད། ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་ཕྱི་དྲོ་དང་དེ་རིང་སྔོ་དྲོ་བཅས་སུ་ཚོགས་དྲུང་ལས་ཁུངས་ཀྱི་དཔེ་མཛོད་ཚོགས་ཁང་དུ་བཀའ་བློན་ཁྲི་པ་མཆོག་དང་སྤྱི་འཐུས་ཚོགས་གཙོས་དབུས་པའི་བཀའ་བློན་དང་སྤྱི་འཐུས་རྒྱུན་ལས་བཅས་བཀའ་སྤྱི་ལྷན་རྒྱས་ཚོགས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་སུ་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་གར་གྱི་གནད་ཡོད་མི་སྣ་དང་དབུ་ཁྲིད། བཙན་བྱོལ་བོད་མིའི་སྤྱི་ཚོགས་བཅས་ཀྱིས་གདུང་སེམས་མཉམ་སྐྱེད་དང་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་ཐོག་བཀའ་བསྡུར་གནང་སྟེ་གཞུང་འབྲེལ་མཛད་འཆར་ཁག་གཏན་འབེབས་གནང་ཡོད་པར་མ་ཟད། དེ་རིང་ཕྱི་ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཚོགས་པ། དེ་བཞིན། བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་སོགས་སྤྱི་སྒེར་ཚང་མས་བོད་ནང་གི་ཛ་དྲག་གི་གནས་སྟངས་གང་མྱུར་སེལ་ཐབས་སུ། འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ཡུལ་ཁྲིམས་དང་མཐུན་པའི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་སོང་།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་བཀོད་དོན “ རྒྱ་ནག་གཞུང་གིས་བོད་ནང་དུས་ལས་ཡོལ་བའི་མི་སེར་སྤེལ་ཡུལ་རིང་ལུགས་པའི་སྲིད་ཇུས་གུང་བསྒྲིགས་ཏེ། བོད་ཀྱི་སྣོད་བཅུད་གཉིས་ཀར་གཏོར་བཤིག་གི་སྦྱོར་ངན་མངོན་སུམ་འཛེམས་མེད་དུ་སྤེལ་སྟབས། བོད་མི་རྣམས་རང་ཡུལ་དུ་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། རིག་གཞུང་། འཚོ་གནས་ཁོར་ཡུག་གང་ཅིའི་ཐད་མཐར་འབུད་དང་། གྲལ་རིམ་གཉིས་པའི་མི་རིགས་ཀྱི་གནས་སྟངས་འོག་སྡོད་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་ཐོན་ཁུངས་ཡོངས་རྫོགས་བདག་ཏུ་འཛིན་མཁན་རྒྱ་གཞུང་ལས་བྱེད་དང་བོད་འབྱོར་རྒྱ་རིགས་ཚོས་ཡུལ་དུས་ཐམས་ཅད་དུ་བོད་མི་ཚོར་མཐོང་ཆུང་ཁྱད་གསོད་དང་། བརྙས་གཙེར་བརྡབ་གསིག་རྒྱུན་མར་བྱེད་པ་དང་། བོད་ནང་གི་མངོན་སུམ་དུ་གྲུབ་པའི་གནས་སྟངས་ལ་འཁྱོག་བརྗོད་རྫུན་བཟོ་བྱས་པས་མི་ཚད། ད་དུང་བོད་མི་ཚོར་བཙན་ཤེད་ཀྱིས་འཁྱོག་བརྗོད་རྫུན་བཟོ་བྱེད་དུ་འཇུག་པ་དང་། བོད་མིའི་བསམ་བློ་དང་བྱ་སྤྱོད་ཡོངས་རྫོགས་རྒྱ་དམར་གྱི་ལྟ་སྤྱོད་དང་མཐུན་དགོས་པའི་བཙན་འདེད་དང་། དེ་དང་མི་མཐུན་པ་ཡོད་ཚད་ཡ་ང་བག་ཚ་མེད་པར་དྲག་གནོན་འབུར་འཇོམས་བྱེད་རྐྱང་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་མཆོག་ལ་སྒྲོ་སྐུར་མཚན་སྨད་བྱུང་རྒྱལ་དུ་སྒྲོག་པ་དང་། བོད་མིའི་བདེན་དོན་འཐབ་རྩོད་དང་བོད་རྒྱ་གཉིས་སྨན་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་བསམ་ཞིབ་ལས་ལྡོག་པའི་ལོག་འགྲེལ་གྱི་ངལ་ཁུར་བསྟེན་པ་སོགས་བཟང་སྤྱོད་དང་དྲང་བདེན་ལ་ལོངས་སུ་སྤྱོད་པའི་གོ་སྐབས་གཏན་བྲལ་དུ་ཕྱིན་སྟབས། བོད་མི་རྣམས་འ་ཆད་འུ་ཐུག་གིས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་ཞུགས་འབུལ་གྱི་ལས་འགུལ་སྤེལ་དགོས་བྱུང་ཡོད ” ཅེས་བཀོད་འདུག  

 

གསལ་བསྒྲགས་ནང་མུ་མཐུད་དུ་བསྟན་དོན། “ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཉའ་གནོན་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་པའི་གཞིས་བཞུགས་སྤུན་ཟླར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་སྦྲགས། བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རང་ཉིད་ཀྱི་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་ལ་རྒྱབ་སྐྱོར་དང་། ཁོང་རྣམ་པའི་སྙིང་སྟོབས་དང་ལྷག་བསམ། སེམས་ཤུགས་རི་རབ་བཞིན་བརྟན་ཅིང་གཡོ་བ་མེད་པ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད་ལ། འདས་པའི་ཟླ་གྲངས་དུ་མའི་རིང་རྒྱལ་གཅེས་པ་སེར་སྐྱ་ ༧ གྱིས་རང་ལུས་ཞུགས་འབུལ་གྱིས་སྐུ་སྲོག་ཤོར་མཁན་གྲྭ་བློ་བཟང་ཕུན་ཚོགས་དང། གྲྭ་ཚེ་དབང་ནོར་བུ། མི་སྐྱ་མཁའ་དབྱིངས་གསུམ་ལ་ཡིད་གདུང་དྲག་པོས་བསྔོ་སྨོན་དང་། ད་དུང་འཚིག་རྨས་ཚབས་ཆེན་ཐེབས་པའི་གྲྭ་བློ་བཟང་སྐལ་བཟང་དང་། གྲྭ་བློ་བཟང་དཀོན་མཆོག  གྲྭ་སྐལ་བཟང་དབང་ཕྱུག  མི་སྐྱ་ཆོས་འཕེལ་བཅས་སྤུན་ཟླ་བཞིའི་གཟུགས་གཞི་གནས་སྟངས་གསལ་ཁ་མེད་པས། གང་མྱུར་དྲག་བསྐྱེད་ཡོང་བའི་སྐྱབས་སྨོན་ཞུ་རྒྱུ་དང་། འདི་དག་གི་ཤུལ་ལུས་ནང་མི་ལྟོས་བཅས་གཙོས་གཞིས་བཞུགས་བོད་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུ་བཞིན་ཡོད་ལ།   བོད་ནང་གི་ཛ་དྲག་གནས་སྟངས་འདིའི་ཐད་བཀའ་སྤྱི་ལྷན་རྒྱས་ཚོགས་འཛོམས་ཐོག  ཞིབ་ཕྲའི་བྱེད་སྒོའི་སྐོར་གོ་བསྡུར་གྱིས་རྒྱ་ཁྱབ་ཏུ་ལམ་སྟོན་གནང་རྒྱུ་ཡིན་པས། རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་སྤྱི་ཚོགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་ཚོགས་པའམ་བོད་རིགས་སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོགས་སྒེར་ཚང་མས་ནུས་པ་གཅིག་ཏུ་སྤུངས་ཏེ། བོད་ནང་ཛ་དྲག་གི་གནས་སྟངས་འདི་གང་མྱུར་སེལ་ཐབས་སུ། འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད། ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ནན་ཏན་ཞུ་བཞིན་ཡོད ” ཅེས་བཀོད་འདུག

སང་ཉིན་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཚོགས་ཁང་དུ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་བསྐྱང་རྒྱུ་རེད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 13

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    ha ha ha ha ha hh
    ཡང་འདི་ཚོས་སྟོང་བཤད་རྒྱག་གི་འདུག་ག།
    འུ་ཚོ་ལ་ཡང་ལས་འགུལ་གང་སྤེལ་ཡང་རང་མི་དམངས་དུ་དང་མཉམ་དུ་ཞུགས་ཐུབ་མཁན་གྷཾདྷི་ཛྙེ་ལྟ་བུའི་དབུ་ཁྱིད་ཅིག་མ་བྱུང་བར་དུ། ང་རང་ཚོ་ནི་སྔར་རྒྱུན་བཞིན་བླ་མ་དང་དཔོན་པོ་ཁག་གིས་སྐད་ཆ་སྙན་པོ་རེད་བཤད་ཅིང་། ལས་འགུལ་གྱི་གཙོ་འཛིན་པ་ཚོས་ཁྲལ་སོད་ཙམ་གྱི་སྣེ་ཁྲིད་རེ་བྱས། ལྷག་བསམ་ཡོད་མེད་ཅི་རིགས་ཀྱི་མང་ཚོགས་ཁ་ཤས་ཤིག་ཁྲོམ་གཞུང་དུ་རྒྱུགས་ཙམ་རྒྱུགས་ཙམ། ཟད་བཅད་ངོ་རྒོལ་ཉིན་རེ་ཙམ་བྱས་ཏེ་དུས་ཚོད་འཁྱོལ་ཙམ་ཡོང་གི་ཡོད་པ་འདི་ལས་ལྷག་པ་ཅི་ཞིག་ཡོང་ཡག་ཡོད། དངོས་གནས་བོད་པ་ཚང་ཤ་ཚ། བླ་མ་དབུ་ཁྲིད་དུ་ཕེབས་ཀྱང་ཁྲི་ཐོག་གི་གསུང་སྙན་ལྷང་ལྷང་། ཕོ་རྒོད་ཚོས་དཔོན་པོ་གནང་ཡང་འཇོན་རབས་དང་བྱེད་དགོས་རབས་ཀྱི་ཁ་ཕོ་དི་རི་རི།
    དངོས་གནས་གཞིས་ལུས་ཀྱི་བོད་མི་དེ་ཚོས་བཀའ་སྡུག་འདི་འབྱུང་རྐྱེན་ཅི་ཞིག་ཡིན་ནམ། ཁག་ཅིག་གིས་རང་དབང་གི་ལུང་པ་ནས་རྒྱག་སྐད་སྣ་ཚོགས་སྒྲོགས་པས་མ་ཡིན་པར་ཤོག

    Reply
  2. རིན་འཕེལ། says:
    ལོ་ 14 སྔོན།

    བཀའ་སྤྱི་ལྷན་རྒྱས་ནས་དབུ་འཁྲིད་གནང་ན་ཕྱི་སྡོད་བོད་རིགས་ཡོངས་ཀྱི་སྤོངས་པ་མཉམ་འབྲེལ་བྱས་ནས་ལས་འགུལ་སྤེལ་རོགས་། ་. ལྷག་པར་དུ་གཞོན་ནུ་དང་བུ་མེད་ཚོགས་པ་སློབ་ཕྲུག་ཚོགས་པ་དགུ་བཅུ་ཚོགས་པ་རྒྱལ་ཡོངས་མང་གཙོ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱི་སྡུག་ཁག་ནས་དམིགས་བསལ་གྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་དགོས།

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    ᫍᨑ་᪠᩶ᨓ᫕ᨑ་᪱ᨓ་ᩧᨕᨵ་᪠ᫍ᩶་᪍᫕ᨑ་ᨮ་᪠᫕ᨑ་᩠ᨕᩏ᫥ᨎᨎ
    ᫍᨑ་᪠᩶ᨓ᫕ᨑ་᫐᫥་᨜ᨑ་᫕᫄ᨕ་᪠᫕ᨑ་ᩚᨕ᫞་ᨵ᫦᪱་᪔᪄ᨎᨎ
    ᫍᨑ་᪠᩶ᨓ᫕ᨑ་ལྷད་མེད་བདེན་གཏམ་འབོད་ཚིག་ལ།།
    ᨵ᩹ᨵ་᫁᪠་᩼ᨵ་᪍ᨕ᫥་ᨵᩏ᫥་᩠ᨕᩏ᫥་ᨳᨵ་ᨵᨑ᫥་᪠᫜᪄ᨎᨎ

    Reply
  4. གཡག says:
    ལོ་ 14 སྔོན།

    ལགས་སོ། དཔེ་ཡག་པོ་འདུག རྒྱུགས་ཟེར་ན་གཤིན་རྗེ་འཕྲེང་དང་། རྒྱོབས་ཟེར་ན་ཨ་ཕའི་མགོ་ཡིན་ཡང་བཀའ་བརྩི་རྐྱང་ཡིན།

    Reply
  5. མྱི་ནག་ཚང་། says:
    ལོ་ 14 སྔོན།

    བོད་མི་ཚོར་མཐོང་ཆུང་ཁྱད་གསོད་དང་མཐར་འཕུད་བྱེད་མཁན་ནི་བོད་འབྱོར་རྒྱ་མི་ཚོ་རེད། དེ་ཚོ་དང་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་སྐབས་མནར་གཅོད་ཚད་མེད་གཏོང་མཁན་ནི་རྒྱ་ནག་དམར་ཤོག་གཞུང་རེད།

    ད་རེབ་བཀའ་སྤྱི་གཉིས་ཀྱིས་རྒྱ་རིགས་དང་རྒྱ་གཞུང་གཉིས་ཀར་མཛུབ་མོ་བཙུགས་པ་དེ་ཡག་པོ་བྱུང་བ་རེད། འདི་ག་རང་ཡིན་དཱ།

    Reply
  6. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་ཀྱིསལམ་སྟོན་དྲན་སྐུལ་ཞུས་པ་བཞིན།
    བོད་ཀྱི་གཞོན་ནུ་ཚོགས་པ་དང་དགུ་བཅུ་གསུམ་ཚོགས་པ། བུ་མེད་ཚོགས་པ་དང་དམངས་གཙོ་ཚོགས་པ།
    རང་དབང་སློབ་ཕྲུག་ཚོགས་པ་དང་ཆོལ་ཁ་གསུམ་སོ་སོའི་ཚོགས་པ་གསུམ།
    སྐྱིད་སྡུག་ཁག་ཡོད་ཚད། བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་དང་གཞན་ཚོགས་པ་ཁག་ནས་སོ་སོའི་དམིགས་ཡུལ་དང་སྒྲུབ་བྱར་གཞི་བཅོལ་ནས་སྒྲིག་འཛུགས་གཅིག་གི་འོག་ལ་འགུལ་སྣ་མང་སྤེལ་དགོས་པའི་དུས་ཤིག་རེད།
    ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཆེན་རྣམས་ཀྱི་མཚན་སྙན་པོ་རྣམས་མིང་དང་མཐུན་པའི་
    བེད་སྤྱོད་གཏོང་དགོས་པའི་དུས་ལ་སླེབས་འདུག་ ཚོགས་པ་ཁག་གི་འགོ་གཙོ་རྣམས་ནས་སྟོང་བཤད་རྐྱང་རྐྱང་བྱས་ནས་བཞུགས་ན་མི་འགྲིག་པའི་དུས་ཟིན་པ་རེད།ཚོགས་པ་ཁག་ནས་འགོ་ཁྲིད་ན་མི་དམངས་རྣམས་མཉམ་ཞུགས་གནང་རྒྱུའི་གྲ་སྒྲིག་སྔ་ས་ནས་ཡོད་བཞིན་པ་རེད།

    Reply
  7. ཐུབ་བསྟན། says:
    ལོ་ 14 སྔོན།

    ཞལ་ལེགས་གང་ཡག་དང་། གསོལ་ཇ་གང་ཞིམ་ལོས་བཞེས།
    འོན་ཀྱང་མང་ཚོགས་ལ་ལམ་སྟོན་གསལ་བོ་ཞིག་གནང་མི་ཤེས་སམ། ངས་བྱེད་ཁོས་བྱེད་ཅེས་རྣམ་པ་ཚོ་འདི་ལོར་བཀའ་སྤྱིར་བཞེངས་པ་མིན་ནམ། ཁྱེད་རྣམས་དབུ་ཁྲིད་ཟེར་བ་དེ་མ་རེད་དམ།
    ཁྱེད་ཚོས་མ་བཤད་ཀྱང་ལས་འགུལ་སྤེལ་རན་ཡོད་པ་ང་ཚོས་ཤེས་བཞིན་པ་ཡིན་ལ། སྤེལ་བཞིན་པ་ཡིན་ནོ།

    Reply
  8. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    དམངས་གཙོ་ཡི་གོ་རྟོགས་དམན་པའི་མི་རིགས་ཤིག་གིས་ཁ་སྐམ་པོས་གཞུང་ལ་སྐྱོན་བརྗོད་ཁོ་ན་ལས་དོན་དངོས་གཞུང་གི་ལམ་སྟོན་གང་གནང་བར་རྒྱབ་སྐྱོར་བྱེད་ཀྱི་མ་རེད། སྙིང་རྗེ་འདི་དག་འགས་ཡང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལ་རམ་འདེགས་བྱ་བཞིན་འདུག
    ནང་ཕུ་ནུའི་སྟེང་དུ་སྡར་མ་བཙན།། ལག་ཤ་འཇམ་་སྟེང་དུ་གྲི་ངན་རྣོ།།

    Reply
  9. བརྩོན་རྒྱམ། says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་ཀྱི་གསལ་བསྒྲགས་གནང་པ་དང་རེ་འབོད་གནང་པ་ཡག་པོ་རེད།   འོན་རྒྱ་ནག་དམར་གཞུང་གིས་དེ་ལ་ཡ་ལན་བྱེད་ཀྱི་མ་རེད་དེ་བས་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་འདྲ་མིན་ཞིག་གནང་ཐུབས་ན་ནུས་པ་ཐོན་ངེས་པར་མ་ཟད་ཡུལ་ཕྱོགས་གང་སར་རེ་སྐུར་གནང་དགོས་པ་གལ་ཆེན་ཞིག་པོ་ཡིན་ད་བོད་མི་ཚོ་འདི་ལྟར་ལྟ་མོ་ལྟས་ནས་འདུག་ཚོད་ཞིག་མ་རེད་དྲན་སོང་།

    Reply
  10. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ལུས་སྲོག་ཞུགས་སུ་སྒྲོན་མཁན་དཔའ་བོ་དཔའ་མོ་རྣམས་༧འཕགས་མཆོག་ཕྱག་ན་པདྨོས་ཚེ་རབས་ཕྲེང་བར་རྗེས་སུ་བཟུང་དུ་གསོལ།

    གསོལ་ཅོག་སྟེང་དུ་གུང་ཁྲན་གྱི་ཇ་དམ་བསྒྲིགས་པ་མ་རེད་དམ། དྭོགས་དྲི་ཙམ་ཡིན།

    Reply
  11. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    བོད་ནང་གི་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་རང་རེའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེ་རུ་སྦར་ཏེ་རྒྱ་ནག་གཞུང་གི་བཙན་དབང་གི་གཉའ་གནོན་ལ་དྲག་པོའི་ངོ་རྒོལ་གནང་ནས་ཕྱི་ནང་གི་བོད་རིགས་ཡོངས་ཀྱི་རེ་བའི་མངོན་འདོད་དག་གསལ་བོར་མཚོན་སྟེ་འཛམ་གླིང་མི་དམངས་དང་ཕྱི་རུ་གནས་པའི་བོད་རིགས་ཡོངས་ལ་རེ་སྒུག་དང་སྨོན་འདུན་ཆེན་པོ་ཞིག་སྙིང་ལ་བཅིངས་ནས་སྐུ་གཤེགས་པ་རེད། དེར་བརྟེན། འཛམ་གླིང་གི་རང་དབང་ལུང་བར་གནས་པའི་བོད་ཀྱི་གཞུང་སྒེར་ཚོགས་པ་ཚང་མས་དེ་དག་གི་ཆེད་དུ་མཆོད་འབུལ་བྱ་རྒྱུའི་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱ་ནག་གི་གཞུང་ཚབ་ཁང་ཁག་ལ་དྲག་པོའི་ངོ་རྒོལ་བྱེད་པར་སྣེ་ཁྲིད་བྱ་དགོས་ངེས་ཡིན།

    Reply
  12. རུ་གསར་ཚང་། says:
    ལོ་ 14 སྔོན།

    དཀའ་སྤྱི་ལྷན་རྒྱས་ལ་ཐུགས་རྗེ་ཆེ། འོན་ཀྱང་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཙམ་ལས་སྤེལ་ལུགས་སྤེལ་སྟངས་ཀྱི་ལམ་སྟོན་དང་དབུ་ཁྲིད་གནང་མི་ཐུབ་པ་རེད་དམ་མི་ཤེས་པ་རེད། ལས་འགུལ་ཅི་ཞིག་སྤེལ་དགོས་པ་དང་ཅི་ལྟར་སྤེལ་དགོས་པ། ག་བར་སྤེལ་དགོས་པ། ༼དཔེར་ན། རྒྱ་ནག་གཞུང་ཚབ་ཁང་ཁག་གི་མདུན། ཡང་ན་གནས་ཡུལ་རྒྱལ་ཁབ་ཀྱི་གྲོས་ཚོགས་དང་ཕྱི་དྲིལ་ལྷན་ཁང་། ༽ འབོད་ཚིག་ཅི་ཞིག་སྒྲོག་དགོས་པ་སོགས་ཀྱི་ལམ་སྟོན་གསལ་བོ་ཞིག་གནང་གལ་བར་འདུག དེ་མིན་གསལ་ཁ་མེད་པའི་འབོད་སྐུལ་ཙམ་གྱིས་ལས་འགུལ་གཅིག་གྱུར་གྱི་ནུས་ཐོན་མི་ཐུབ་པ་རེད།

    Reply
  13. མི་ཆུང་། says:
    ལོ་ 14 སྔོན།

    རྒྱལ་གཅེས་པ་རེ་རེའི་ཚེ་སྲོག་འདི་ལྟར་ཤོར་འགྲོ་གི་ཡོད། ད་ལྟ་ང་ཚོས་གསལ་བསྒྲགས་རེ་དང་འབོད་སྐུལ་རེ་བྱས་པས་མི་འགྲིགས། བོད་མིའི་གཞུང་དང་གཞོན་ནུ་ལྷན་ཚོགས་སོགས་ལ་ནུས་པ་རེ་འདོན་རྒྱུ་ཡོད་ན་འདོན་རན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese