ཐེངས་འདིའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཆེད་འཛིན་སྐྱོང་བཀའ་ཤག་གི་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་འཆར་ཡོད་པར་མ་ཟད། ཕྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ཚེས་ ༡༨ ནས་ ༢༡ བར་ཟས་བཅད་ངོ་རྒོལ་དང་བསྔོ་སྨོན་མཆོད་འབུལ། མི་མང་གི་ལས་འགུལ་བཅས་གོ་སྒྲིག་གནང་རྒྱུ་ཡིན་འདུག
དེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡། ༣༠ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་བཀའ་སྤྱི་གཉིས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང༌། དེའི་ཐོག་རྒྱལ་སྤྱི་དང་རྒྱ་གར། བོད་པའི་གསར་འགོད་པ་དང་གཞུང་ཞབས་ལས་བྱེད་བཅས་མི་ ༥༠ མ་ཟིན་ཙམ་འདུ་འཛོམས་བྱུང་ཡོད།
སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཀའ་སྤྱི་ཐུན་མོང་གི་བསྒྲགས་གཏམ་སྤེལ་བའི་ནང༌། “ བོད་ནང་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང༌། ལྷག་པར་འདི་ལོ་ཕྱི་ཟླ་ ༣ པ་ནས་རྒྱ་གཞུང་གིས་བཙན་བཟུང་དབང་བསྒྱུར་འོག་དྲག་གནོན་གྱི་སྲིད་བྱུས་རྒྱུན་འཛིན་ལག་བསྟར་མུ་མཐུད་བྱས་སྟབས། བོད་མི་གཞོན་སྐྱེས་ཚོས་རང་ལུས་ཞུགས་འབུལ་གནང་བའིགནས་ཚུལ་མང་པོ་འཐོན་ཡོད། བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་ཐབས་མེད་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི། ད་ལྟ་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་དང་རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་དབང་གིས། ད་ལྟའི་བར་བོད་ནང་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༢༡ ཡིན་པའི་གྲྭ་ཕུན་ཚོགས་དང་རང་ལོ་ ༢༩ ཡིན་པའི་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ། རང་ལོ་ ༡༩ ཡིན་པའི་མི་སྐྱ་མཁའ་དབྱིངས། རང་ལོ་ ༡༩ ཡིན་པའི་ཆོས་འཕེལ། རང་ལོ་ ༡༧ ཡིན་པའི་གྲྭ་སྐལ་བཟང་དབང་ཕྱུག རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་སྐལ་བཟང༌། རང་ལོ་ ༡༩ ཡིན་པའི་གྲྭ་བློ་བཟང་དཀོན་མཆོག་བཅས་རྒྱལ་གཅེས་པ་ཁོང་རྣམ་པའི་བློས་བཏང་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་དཔའ་ངར་ལྡན་པའི་ཐོག་རང་དབང་གི་འབོད་སྒྲ་སྒྲོག་མཁན་ད་ལྟ་བཙོན་ཁང་དུ་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་ལ། བོད་ནང་གི་གནས་སྟངས་ཧ་ཅང་བས་ཆེན་ཆགས་པའི་དུས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་མི་མང་ཚོས་གདུང་སེམས་མཉམ་སྐྱེད་གནང་བར་འབོད་སྐུལ་ཞུ་རྒྱུ་ཡིན། ”ཞེས་བསྒྲགས་གཏམ་སྤེལ་སོང༌།
བསྒྲགས་གཏམ་ནང་མུ་མཐུད་དུ་བསྟན་དོན། ” ད་ལྟ་བོད་ནང་མངོན་པར་མི་གསལ་བའི་དྲག་པོའི་དམག་ཁྲིམས་འོག་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་ནང་དམ་དྲག་མཚམས་འཇོག་བྱ་རྒྱུ་དང་སྨྲ་བརྗོད་རང་དབང་སྤྲོད་རྒྱུ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུ། ལྷག་པར་བོད་རྒྱ་མི་རིགས་གཉིས་ཕན་ཆེད་བོད་ཀྱི་དངོས་ཡོད་དཀའ་ངལ་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གནོན་ཤུགས་སྤྲོད་དགོས་པ་དང༌། ཕྱོགས་མཚུངས་རྒྱལ་སྤྱིའི་ཚོགས་པ་ཁག་དང་གསར་འགོད་པ་རྣམས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་ཞིབ་འཇུག་ཆེད་སྐུ་ཚབ་འཕྲལ་མར་གཏོང་བར་འབོད་སྐུལ་གནང་སོང་བར་མ་ཟད། བཀའ་སྤྱི་གཉིས་ཟུང་འབྲེལ་ཐོག་རྒྱ་གར་གཙོས་རྒྱལ་སྤྱིའི་སྟེང་བོད་ནང་གི་དངོས་ཡོད་ཛ་དྲག་གི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་གསལ་སྟོན་བྱ་ཆེད། རང་དབང་ལུང་པར་གནས་པའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕྱར་གྲུ་མཉམ་འདེགས་ཐོག་འབྲེལ་ཡོད་ས་གནས་སོ་སོར་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་རྒྱ་ཁྱབ་ཏུ་སྤེལ་རྒྱུ་དང༌། ལས་འགུལ་དེ་རིགས་སྤེལ་སྐབས་འཚེ་བ་མེད་པ་དང་ས་གནས་སོ་སོའི་ཡུལ་ཁྲིམས་ལ་བརྩི་བཀུར་ཐོག་ཚུལ་མཐུན་གྱི་ལམ་ནས་སྤེལ་རྒྱུར་འབོད་སྐུལ་གནང་བྱུང་ལ། བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་ཆེད་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་མཆོད་འབུལ་སྨོན་ལམ་དང་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་གོ་སྒྲིག་གནང་རྒྱུ་དང༌། དེར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤྱི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་དེར་མཉམ་ཞུགས་གནང་སྟེ། བོད་ནང་རང་སྲོག་བློས་བཏང་གནང་མཁན་གྱི་གཞིས་ལུས་བོད་རིགས་སྤུན་ཟླ་ཚོའི་སྡུག་བསྔལ་མཉམ་མྱོང་ཐོག་གཞིས་བྱེས་བོད་རིགས་ཐུན་མོང་གི་མངོན་འདོད་ལྷུན་གྱིས་འགྲུབ་ཆེད་རྒྱབ་སྐྱོར་བྱ་རྒྱུ་ཡིན ” ཞེས་བསྟན་འདུག
མཐར་དྲི་བ་དྲིས་ལན་གྱི་སྐབས་སུ་བཀའ་ཁྲི་དང་ཚོགས་གཙོ་རྣམ་གཉིས་ཀྱིས། ཐེངས་འདིའི་བོད་ནང་ཛ་དྲག་གི་གནས་སྟངས་ཐད་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བཀའ་བློན་ཁྲི་པ་དང་ཕྱི་དྲིལ་བཀའ་བློན་རྣམ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་ནེའུ་ཡོག་བཅས་སུ་རྒྱལ་སྤྱིའི་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་ལས་འགུལ་སྤེལ་རྒྱུ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དེ་རིང་ནས་སྤྱི་འཐུས་ཁག་ཅིག་ལྡི་ལིར་ཕྱིན་སྟེ་རྒྱ་གར་གཞུང་ཚབ་ཀྱི་འབྲེལ་ཡོད་དཔོན་རིགས་ལ་ཐུག་འཕྲད་དང༌། ཕྱི་ཚེས་ ༡༨ ཉིན་སྤྱི་འཐུས་ཚང་མས་ལྡི་ལིར་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པར་མ་ཟད། ཕྱི་ཚེས་ ༡༩ ནས་ ༢༡ བར་གྱི་ཉིན་གསུམ་རིང་རྒྱ་བལ་གཉིས་ཀྱི་བོད་མི་ ༣༠༠༠ འདུ་འཛོམས་ཐོག་མི་མང་གི་ལས་འགུལ་དང༌། མཉམ་འབྲེལ་རྒྱལ་ཚོགས་དབུ་འཛུགས་ཀྱི་ཉིན་མོ་དང་སྟབས་བསྟུན་ཏེ་སུད་སི་དང་ཨ་རིའི་ནེའུ་ཡོག་བཅས་སུ་ལས་འགུལ་སྤེལ་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
ལུང་རྟོགས་དང།
ལྷོ་ཕྱོགས་ཉི་ཟླ་ཁྱེད་རང་གཉིས་གནམ་སའི་བར་དུ་རྒྱལ་བ་རིན་པོ་ཆེ་ལས་གཞན་སུ་ཞིག་ཁས་མི་ལེན་མཁན་གྱི་ཚོག་ཁག་རིང་ལུགས་གཅིག་ཡོད་པ་དེའི་ཁོངས་གཏོགས་ཡིན་པ་སྐད་ཆའི་ཟུར་ནས་ཤེས་སོང་།
ཁྱོད་ཚོི་རྡོ་ལས་མཁྲེགས་པའི་ལྟ་གྲུབ་དེ་ལ་བཟོས་བཅོས་བྱ་དགོས་དོན་ཀྱང་མེད།
སྐད་ཐད་ནས་བཤད་ན་བོད་ཆོལ་ཁ་གསུམ་ཆོ་བརྒྱུད་བཞི་བོད་སྤྱི་བོ་གནམ་བསྟན་ཚང་མས་རྒྱལ་བ་རིན་པོ་ཆེ་ནོར་བ་མེད་པའི་དཀོན་མཆོགཅིག་ལ་ངོས་འཛིན་བྱ་གི་ཡོད་པ་མ་རེད།
རྒྱལ་བ་རིན་པ་ཆེ་ནི་དགེ་ལུགས་ཀྱི་བླ་ཆེན་དང་དགའ་ལྡན་ཕོ་སྦྲངའམ་སྡེ་པ་གཞུང་གི་དཔོན་པོ་ཞི་ལས་གཞན་ངོས་འཛིན་ཚད་མཐོ་ས་ནས་བྱ་གི་ཡོད་པ་མ་རེད།
དེ་བྱ་གི་ཡོད་མེད་དེ་རྙིང་མ་དང་བཀའ་བརྒྱུད་ས་སྐྱ་བོན་སོགས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་ཉམས་ཞིབ་ཡག་པོ་གྱིས་དང་ཤེས་ཀྱི་རེད།
ཕྱི་ལོགས་ཀྱི་ཆབ་སྲིད་ཀྱི་ངོ་འབག་བཅོས་མས་སྐྱབས་མགོ་རིན་པོ་ཆེ་ཞི་བདེའི་དད་དཔོན་ཟེར་བ་དེ་ཚོ་ད་ལྟ་གནས་སྐབས་ཀྱི་ཆབ་སྲིད་ཁོ་ན་ལས་དོན་ངོ་མས་ཆོས་བརྒྱུད་གཞན་ཚོས་ངོས་འཛིན་བྱ་སྟངས་གང་འདྲ་འདུག་ཞམས་ཞིབ་ཡག་པོ་གྱིས་དང་གཞི་ནས་ངའི་སྐད་ཆ་ན་གནས་ལུགས་མཐོང་གི་རེད།
བསྟན་འཛིན་འགྱུར་མེད་ལགས།
ཁྱེད་རང་ཤུགས་ལྡན་ཚོགས་མི་ཤིག་ཡིན་ན་གནས་ཚུལ་ཁ་ཁ་རེད། དེ་མིན་རྒྱལ་བ་རིན་པོ་ཆེས་ནོར་ཡོད་རེད་ལབ་མཁན་ཁྱེད་མ་གཏོགས་བོད་མི་ཞིག་གིས་ལབ་མྱོང་མེད་ལ་ལབ་ཡང་སྲིད་ཀྱི་མ་རེད།
མི་རྣམ་དཔྱོད་ཅན་མང་པོ་ཞིག་ཕྱིར་ལོག་སོང་རེད་རང་ཉིད་ཡང་དེའི་ནང་དུ་ཡོད་འདོགས་འདོགས་བཤད་པ་ལ་བལྟས་ན་ང་མཚམས་མཚམས་སུ་དགོད་ཡང་སྤྲོ་ངུ་ཡང་སྤྲོ། ཁྱེད་འདྲའི་མི་ག་ཚོད་ཡོད་ན་ཕྱིར་ལོག་རྐྱང་བྱས་ན་བཟང་གི་རེད།
ཁྱེད་ཀྱི་རང་ངོ་རང་གིས་མི་ཤེས་མཁན་ཞིག་རེད། མི་གླེན་པ་ལབ་ན་ཁྱེད་རང་འདྲ། སྙིང་རྗེ་་་་་་་་་་་་་་།
འགྱུར་མེད་བསྟན་འཛིན་ལགས། རྒྱལ་བ་རིན་པོ་ཆེས་ཅི་ཞིག་ནོར་ཡོད་མེད་གསལ་པོ་ཤོད་དང་དེ་ནས་བལྟ་ཆོག ཁྱེད་རང་གིས་སྐྱོན་ཡང་དག་ཞིག་བརྗོད་རྒྱུ་ཡོད་ན་༸གོང་ས་མཆོག་ཡིན་ན་ཡང་དགོང་བཞེས་གནང་ངེས་རེད། ངས་བལྟས་ན་ཁྱེད་རང་ནི་ནོར་བ་ལ་མ་ནོར་བ་དང་། མ་ནོར་བ་ལ་ནོར་བ་མཐོང་མཁན་ཞིག་རེད་འདུག ད་དུང༼ཐོ་བ་འདི་ཞུས་ནས་རྣམ་དཔྱོད་ལྡན་པའི་སྐྱེ་བུ་མང་པོ་ཞིག་ཕྱིར་འབུད་བྱས་ཚར་བ་རེད།
ང་ཡང་དེའི་གྲལ་དུ་ཕྱིར་འབུད་བྱ་དགོས་བསམ་གྱི་འདུག་གམ།༽སྐད་ཆ་འདི་ལ་བལྟས་ན་ཁྱེད་རང་ཡང་རྣམ་དཔྱོད་ལྡན་པའི་གྲལ་དུ་འཚང་ཁུལ་བྱས་འདུག་ཀྱང་། ཁྱེད་རང་གི་སྐད་ཆ བཤད་སྟངས་ལ་བལྟས་ན་རྣམ་དཔྱོད་ལྡན་རྒྱུ་བཞག་ནས་རང་གི་ཕ་མ་ཡང་ངོ་ཤེས་མཁན་ཞིག་ཨེ་ཡིན་སྙམས་པའི་ཚོར་བ་ཞིག་སྐྱེ་ཡོང་གི་འདུག
ལྷོ་ཕྱོགས་ཉི་ཟླ་དང་།
ལུང་རྟོགས་གཉིས་ལ་ཕུལ།
སུས་ནོར་བ་བྱས་ན་ནོར་བ་རང་བཤད་མཁན་ཞིག་ཡིན་རྒྱལ་བ་རིན་པོ་ཆེས་ནོར་ན་ཡང་ནོར་བ་རང་རེད།
སྤུལ་སྐུ་ལོག་ན་མཛད་པ་དང་གྲྭ་པ་ལོག་ན་ལྟས་ངན་བརྩི་བའི་ལྟ་ཚུལ་དེ་ང་ལ་མེད།
ཁྱེད་གཉིས་ལྟ་བུ་མི་རིགས་གཅིག་གི་ངོ་ལ་རྒྱལ་བ་རིན་པོ་ཆེས་ནོར་བ་གླེང་མི་ཆོག་པ་ཡོད་པ་ངས་ཤེས་ཀྱི་ཡོད།
གལ་སྲིག་དེའི་སྐོར་གླེང་ཡོང་ན་རྒྱ་མིའི་ཉུང་མ་རེད་ཤུགས་ལྡན་ཚོགས་པ་རེད།སངས་རྒྱས་བསྐུར་བ་འདེབས་པའི་ལྟས་ངན་ལྟ་ལོག་རེད་ཟེར་བའི་ཚིག་འདི་ཚོ་རྡ་སའི་ཕྱོགས་རིས་རིང་ལུགས་ཀྱི་མི་མགོ་རྡུང་སའི་ཐོ་བ་དེ་ཡིན་པ་ཤེས་ཀྱིས་ཡོད།
ཐོ་བ་འདི་ཞུས་ནས་རྣམ་དཔྱོད་ལྡན་པའི་སྐྱེ་བུ་མང་པོ་ཞིག་ཕྱིར་འབུད་བྱས་ཚར་བ་རེད།
ང་ཡང་དེའི་གྲལ་དུ་ཕྱིར་འབུད་བྱ་དགོས་བསམ་གྱི་འདུག་གམ།
འགྱུར་མེད་བསྟན་འཛིན་ལགས།
ཁྱེད་ཀྱིས་ངོ་མ་ཆབ་སྲིད་མི་ཤེས་ན་ཁག་མེད། དེ་མིན་ཁྱེད་ཀྱི་སྐད་ཆ་རྫུབ་རོ་མང་པོ་བཤད་ཀྱི་འདུག་པས་དྲ་གྲོགས་ཚོས་མི་འདི་ཚོ་ངོ་མི་ཤེས་ན་ཁ་གླེང་བ་ལ་ཕན་པ་སྤུ་ཙམ་ཡང་མེད་པས་ཚང་མས་གཟབ་གཟབ་བྱ་རོགས།
ཁོང་གི་སྐད་ཆ་ལ་བརྟག་དཔྱད་མང་པོ་བཏང་ཡིན་ཡང༸གོང་རྒྱལ་བ་རིན་པོ་ཆེ་ནས་མ་འཇོན་རྐྱང་རྐྱང་མ་གཏོགས་བཤད་མི་ཤེས་མཁན་ཞིག་ཡིན་པས་འདི་ཚོ་རྩོད་པ་བྱས་ན་སྨྱོན་པ་དང་རྩོད་པ་བྱས་པ་ལས་ཁྱད་ཅི་ཡང་མེད་པས་དྲ་གྲོགས་ཚོས་གཟབ་རོགས།
འགྱུར་མེད་བསྟན་འཛིན་ལགས། རྒྱལ་བ་རིན་པོ་ཆེས་དུས་རྟག་ཏུ་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་དང་མཇལ་འཁྲད་མཛད་སྟེ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་གནང་བཞྀན་པ་དེ་ཚོ་བོད་དོན་ཆེད་མ་རེད་དམ། ལས་འགུལ་སྤེལ་ན་ཡིན་གཅིག་གསང་ལམ་ལ་ཐོན་ནས་མི་མང་གི་སྣེ་ཁྲིད་བྱེད་དགོས་སམ། ཁྱེད་རང་ལ་དམིག་ཡུལ་གཞན་མེད་ན་ཁྱེད་རང་ནི་ཆབ་སྲིད་ཀྱི་འགྲོ་སྟང་གང་ཡང་མི་ཤེས་མཁན་ཞྀག་རེད་འདུག དེས་ན་སྐད་ཆ་འདི་འདྲ་བཤད་ནས་ཁྱེད་རང་ལ་ཁེ་ཕན་འདྲ་ཐོབ་རྒྱུ་ཡོད་ན་གནས་ཚུལ་ཁ་ཁ་རེད། དེ་མིན་རྗེས་ཕྱོགས་ནས་སྐད་ཆ་བཤད་དུས་གཟབ་ཙམ་གནང་རོགས།
ལུང་རྟོགས་ལགས།
ཁྱེད་རང་ངའི་ཐོག་ཏུ་དབུག་ཁ་རྒོད་པོ་བྱ་དགོས་བ་མ་རེད་དབུག་ཁ་ལྷོད་ལྷོད་གྱིས།
རྒྱ་བོད་གཉིས་ཀྱི་གནས་ཚུལ་དེ་མགྱོགས་པོར་ཐག་ཆོད་དགོས་ན་རྒྱལ་བ་རིན་པོ་ཆེས་སྣེ་ཁྲིད་པའི་འཚེ་མེད་ཞིག་བའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཐུབ་ན་ལས་འགུལ་དེས་གནམ་ས་གཡོ་བའི་གྲུབ་འབྲས་ཤིག་ཐོན་གྱི་རེད།དེའི་སྐོར་ལ་ནུས་པ་སྒྲིམ་རོགས།
ངས་ཀྱང་ཤུགས་རྒྱག་གི་ཡིན།
འགྱུར་མེད་བསྟན་འཛིན་ཞེས་པ་ཁྱེད་རང་གི་སྐད་ཆ་ནི་སྐྱུག་དྲོ་བ་ཞིག་རེད། བཙན་བྱོལ་གཞུང་དང་དབུ་ཁྲིད་ཚོ་ལ་སྐྱོན་རྗོད་བྱེད་དགོས་ན་དུས་བབ་དྲ་གྲོགས་ཁྲོད་ཁྱེད་རང་ལས་ངར་བ་སུ་ཡང་མེད། འོན་ཀྱང་རྒྱ་གཞུང་ལ་སྐྱོན་རྗོད་བྱས་པ་ཚིག་གཅིག་ཀྱ་མཐོང་རྒྱུ་མེད། ལས་འགུལ་གང་ཡང་མ་སྤེལ་བར་རང་དབང་ཇི་ལྟར་ཐོབ་དགོས་སམ། ང་ཚོ་འཇམ་ཐིང་ངེར་སྡད་ན་རྒྱ་གཞུང་གིས་སྙིང་རྗེ་བལྟས་ནས་ང་ཚོ་ལ་རང་དབང་སྤྲད་སྲིད་དམ། ཁྱེད་རང་གིས་བཤད་སྟངས་ལྟར་ན་བོད་ཕྱི་ནང་གཉིས་ནས་ལས་འགུལ་གང་ཡང་མ་སྤེལ་བར་རྒྱ་གཞུང་གིས་གང་གསུང་དེ་སྒྲུབ་བྱེད་ནས་སྡད་སྟེ་སྲོག་མགོ་ཐོན་ཙམ་ཞིག་བྱུང་ན། དམངས་གཙོ་དང་རང་དབང་འགྲོ་བ་མིའི་ཐོབ་ཐང་ཆོས་དང་རིག་གཞུང་སོགས་གང་ཡང་མི་དགོས་ཤེས་བཤད་པ་དང་ཁྱད་པར་ཅི་ཞྀག་འདུག ད་དུང་ཁྱེད་ནས་རྒྱ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་བོད་དོན་ཐག་ཆོད་དགོས་ཞེས་པ་དང་ལས་འགུལ་སྤེལ་རྒྱུ་མེད་ཞེས་པ་གཉིས་ནི་ཚིག་སྔ་ཕྱི་འགལ་སོང་བ་རེད། ལས་འགུལ་མ་སྤེལ་བར་རྒྱལ་བ་རིན་པོ་ཆེ་སྐུ་འཚཽ་བཞུགས་སྐབས་སུ་བོད་ཇི་ལྟར་ཐག་ཆོད་ཐུབ། དེས་ན་ཆོ་མེད་པའི་སྐད་ཆ་དེ་ཚོ་མ་བཤད་རོགས།
དྲ་གྲོགས་མང་ཤོས་ཀྱི་བསམ་ཚུལ་ལྟར་མི་ལོ་ལྔ་བཅུའི་ནང་དུ་བྱུངམ་མྱོང་བའི་ཛ་དྲག་འཛམ་གླུང་སྤྱི་ཡོངས་དང་བོད་ཕྱི་ནང་རྒྱ་ནག་དམར་པོ་ཡན་ཆོད་འདུག་བཟོད་མི་བདེ་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འདོད་ན།
༧རྒྱལ་བ་རིན་པོ་ཆེ་དང།
རྒྱལ་དབང་ཀརྨ་པ།
ས་སྐྱ་གོང་མ་རིན་པོ་ཆེ།
རྙིང་མའི་བླ་ཆེན།
བོན་པོའི་བླ་ཆེན།
འདི་འདྲའི་བོད་མི་རིགས་ཀྱི་སེམས་ཁམས་ཡོངས་སུ་དབང་སྒྱུར་ཐུབ་པའི་ཚད་མཐོ་བའི་ནུས་པ་ཅན་འཛམ་གླིང་ཤར་ནུབ་གང་ས་ནས་རྒྱབ་སྐྱོར་ཚད་མེད་ཡོད་པའི་རླབས་ཆེན་གྱི་མི་སྣ་ཁོང་ཚོས་སྣ་ཁྲིད་ནས་ཞི་བའི་གོམ་བགྲོད་ཟས་བཅད་ངོ་རྒོལ་འཚེ་མེད་ཞི་བའི་ལས་འགུལ་ཞིག་སྤེལ་ན་ས་གནས་དེར་ཕལ་ཆེར་བོད་པ་རྩམ་པ་ཟ་མཁན་ཡོད་ཚད་འཛོམ་ཡོང་བར་མ་ཟད་རྒྱལ་ཁབ་ཕྱི་ནང་གི་ཁོང་ཚོ་ལ་དད་པ་བྱ་མཁན་གྱི་མི་སྣ་ཁྲི་འབུམ་མང་པོ་འདུ་འཛོམ་གྱི་འཛམ་གླིང་གཡོ་འགུལ་བྱ་བའི་ལས་འགུལ་ཞིག་ཆགས་ཀྱི་རེད།
ཉིན་མོ་དེ་ནས་བཟུངབོད་ནང་གི་མི་ཁྲི་འབུམ་མང་པོས་ཚེ་སྲོག་བཏང་བ་ཐག་གིས་ཆོད་ཚར་བ་རེད།
དེ་དུས་རྒྱ་ནག་གི་དཔོན་པོ་ཚོ་འདར་སིག་རྒྱགས་བ་མ་ཟད་རྒྱལ་སྤྱིའི་དཔོན་པོ་ཚོས་དེའི་སྐོར་ལ་ངེས་པར་དུ་དམིག་བསལ་གྱི་སྐད་ཆ་བཤད་དགོས་བ་ཞིག་ཆགས་ཀྱི་རེད།
དེ་དུས་བོད་དོན་ཟེར་བ་དེ་ཡག་ཉེས་གང་ལ་ཐག་ཆོད་ཀྱང་ཐག་གཅིག་ཆོད་ཡོང་བ་རེད།
ད་ལས་འགུལ་ནུས་པ་ཆེ་བ་ཞིག་སྤེལ་དགོས་ན་ཐབས་ཤེས་དེ་ལས་འགྲོ་ས་གཞན་ཡོད་པ་མ་རེད།
གཞན་ལས་འགུལ་རྩ་ཚང་ལ་མ་ཚང་བ་དེས་ཚོས་ཕན་ཐོགས་ཡོད་མེད་ང་ཚོས་ཤེས་གསལ་རེད།
དེ་འདྲའི་ཉི་མ་ཞིག་བྱུང་ན་ངས་ཀྱང་ཐེ་ཚོམ་མེད་པར་མེ་ཆུ་གང་ལ་མཅོང་དགོས་ཀྱང་མཉམ་མཆོང་བྱ་གི་ཡིན།
གྲུབ་འབྲས་ཤིག་ཡོང་གི་རེད།
དེ་རིང་ང་གཅིག་པུ་རང་ལུས་མེ་ལ་བསྲེགས་ན་རྒྱ་ནག་ལ་མི་གནོད་ཅིང་བོད་དོན་ལ་མི་ཕན་པ་ཞིག་ཆགས་ཀྱི་རེད་།
དྲ་གྲོགས་ཚོས་གནས་ཚུལ་འདི་ཤེས་བ་གྱིས།
བཀའ་སྤྱི་གཉིས་ཀྱིས་མཉམ་རུབ་ཀྱི་ལས་འགུལ་ལ་བཀྲ་ཤིས་བདེ་ལེགས་དང་ལམ་ལྷུང་ཡོང་བའི་སྨོན་འདུན་ཡོད
དྲ་གྲོགས་ཚོ།
ངས་ནམ་ཡང་བོད་ནང་གི་མི་རིགས་ཀྱི་དཔའ་བོ་དེ་ཚོའི་ཚེ་སྲོག་དེ་མཆོད་མེ་ལ་སྒྲོན་ཐུབ་པ་ནི་མི་རིགས་ཀྱི་ལོ་རྒྱུས་ནང་དུ་གསེར་གྱི་ཡིག་གེ་བྲིས་ནས་བཞགས་ཀྱང་དྲིན་ལན་གྱི་ཆ་ཅུང་ཙམ་ཡང་མཇལ་ཐུབ་ཀྱི་མ་རེད་ཞུ་གི་ཡོད།
ཁོང་ཚོས་མེ་བསྲེགས་ཀྱི་ལས་འགུལ་དེ་མུ་མཐུད་ནས་མཚམས་མ་བཞགས་ན་དེ་ལས་མང་བའི་མི་མང་པོའི་ཚེ་སྲོག་འཕྲོགས་བརླགས་འགྲོ་རྒྱུ་ཐེ་ཚོམ་མེད་པར་རེད།
བོད་ནང་གི་མི་འདི་ཚོས་ཚེ་སྲོག་མཆོད་མེ་ལ་སྒྲོན་པ་དེ་རྒྱལ་བ་རིན་པོ་ཆེ་གཞན་ཡུལ་ནས་ཚུར་རང་ཡུལ་ལ་ཕེབས་མི་ཐུབ་པའི་སྡུག་བསྔལ་དེ་རེད།
གལ་སྲིད་རྒྱལ་བ་རིན་པོ་ཆེ་མི་ཡུལ་དུ་མ་བཞུགས་པའི་དབང་དུ་བཏང་ན་ཉིན་མོ་དེ་ནས་བོད་ནང་གི་མི་དེ་ཚོས་རང་ལུས་མེ་བསྲེགས་བཏང་བའི་མཚམས་ཆད་ཀྱི་རེད།
རྒྱུ་མཆན་དེས་དབང་གིས་རྒྱལ་བ་རིན་པོ་ཆེ་མི་ཡུལ་དུ་བཞུགས་པའི་རིང་ལ་བོད་དོན་དེ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་ཐུབ་དགོས་བ་རེད།
དེ་མ་ཐུབ་ན་བོད་དོན་ཟེར་བ་དེ་མི་ཡུལ་ནས་ཡལ་རྒྱུ་ཉགས་གཅིག་རེད།
ངས་སྐད་ཆ་འདི་ལྟར་བཤད་དུས་རྒྱ་ནག་གིས་བཤད་སྟངས་དང་གཅིག་པ་རེད་ཟེར་ནས་ང་ལ་བཀའ་བཀྱོན་གནང་སྲིད་ཀྱང་གནས་ཚུལ་དེ་དོན་ངོ་མའི་ཆ་ནས་དེ་འདྲ་བོ་ཞིག་མཐོང་གི་འདུག།
ད་ཐངས་ཀྱི་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་འདིས་ཀུན་སློང་གིས་བོད་ནང་ནས་དལ་འབྱོར་མི་ལུས་དུ་མ་ཞིག་ལ་ཉེན་ཁ་འཕྲད་རྒྱུ་ཏེ་ཚོམ་མེད་པ་རེད།
རྒྱུ་མཚན་དེས་བོད་ནང་གི་དད་པའི་སྟོབས་ཀྱིས་ཚེ་སྲོག་མཆོད་མེ་ལ་སྤར་མཁན་འདི་ཚོའི་ཚེ་སྲོག་ལ་རིན་ཐང་བཞགས་རོགས་ཞུ་གི་ཡོད།
ཚོར་སྣང་བློ་བུར་བ་དེ་དབང་བཙན་བྱ་ནས་མི་ལ་བཀའ་བཀྱོན་མི་གནང་བར་མི་ལོ་ལྔ་བཅུའི་ལས་འགུལ་ཡོད་ཚད་སྡོམ་བརྒྱབ་ནས་བསམ་བློ་ཞིབ་པར་བཏང་རོགས་ཞུ་གི་ཡོད།
བཀའ་སྤྱི་མཉམ་རུབ་ཀྱིས་ལས་འགུལ་སྤེལ་བ་ལ་བསྔགས་བརྗོད་ཡོད། གོ་མེད་ཚོར་མེད་ཀྱིས་སྡོད་ན་ལས་རྒྱུ་འབྲས་ལ་ཡང་རུང་གི་མ་རེད། སྐབས་འདི་ལ་གཞིས་རྒྱ་ཆེ་བའི་ལས་འགུལ་ཞིག་ཏུ་གྱུར་པའི་རེ་བ་ཡོད།a
འགྱུར་མེད་བསྟན་འཛིན་ཁྱེད་ཀྱི་སྐད་ཆ་ལ་རྒྱུ་མཚན་མེད་པ་མ་རེད། གཅིག་བྱས་ན་ལས་འགུལ་འདིས་སླར་ཡང་བོད་མི་མེ་ལྕེ་སྤར་མཁན་འགའ་ཞིག་བྱུང་སྲིད། འོན་ཀྱང་། འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་འདི་ནི་ང་ཚོའི་མཐའ་མའི་ལས་འགུལ་རེད། དེ་མ་གཏོགས་སྐད་འབོད་དང་འབོད་བསྐུལ་གཅིག་པུས་ཕན་འབྲས་ཆེན་པོ་ཐོན་གྱི་མེད་པ་ནི་ལོ་ངོ་ལྔ་བཅུའི་ལས་འགུལ་ལ་བསྡོམས་རྒྱག་ན་ཤེས་ངེས་རེད། སྤྱིར་ཁྱེད་ཀྱི་སྐད་ཆ་དེ་སྔར་ཟམ་གདོང་བླ་མས་རང་སྲོག་བློས་བཏང་གི་ལས་འགུལ་འདི་རིགས་ནི་དྲག་སྤྱོད་ཀྱི་རྣམ་པ་རེད་ཟེར་བ་དང་། ཡང་སྔར་བཀའ་ཟུར་ཐུབ་བསྟན་ལུང་རིགས་ཀྱིས་རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་བ་ནི་བོད་མི་རིགས་ལ་ཕན་རྒྱུའི་ཚབ་ཏུ་གནོད་ངེས་རེད་ཅེས་གསུངས་ཡོད། ཁྱེད་ཀྱི་སྐད་ཆ་ཡང་དེ་དང་ཆ་འདྲ་བ་ཞིག་རེད་འདུག
སྐུ་མཁྱེན་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་གི་ཡོད།
ཡང་ཁྱེད་ཚོས་ལས་འགུལ་འདི་སྤེལ་ནས་རྒྱ་ནག་ལ་མི་གནོད་བོད་དོན་ལ་མི་ཕན་པར་བོད་ནང་ནས་མི་མང་པོ་ཚེ་སྲོག་འཕྲོ་བརླགས་བཏང་བ་ཐག་གིས་ཆོད་ཚར་བ་རེད།
ཁྱེད་ཚོས་ནམ་ཡང་བོད་ནང་གི་མི་དེ་ཚོའི་ཚེ་སྲོག་ལ་རིན་ཐང་བཞགས་རོགས།
སྐད་ཆ་འདི་འགྱུར་མེད་བསྟན་འཛིན་ཟེར་བ་ལགས་ཀྱི་སྐད་ཆ་རེད། སྐད་ཆ་འདིས་བོད་ནང་ལ་རང་ལུས་མེར་སྒྲོན་པ་ལ་སོགས་པའི་སྒོ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་དང་
བྱེད་བཞིན་པ་རྣམས། བཙན་བྱོལ་བོད་གཞུང་དམངས་ཀྱིས་སྐུལ་སློང་ལས་གཞིས་བཞུགས་བོད་མི་ཚོས་རང་འགུལ་གྱི་འདི་ལྟར་མི་བྱེད་པར་བསྟན་ཡོད།
ང་ས་འགྱུར་མེད་བསྟན་འཛིན་ལ་དྲི་རྒྱུ་ཞིག་ལ། གཞིས་བཞུགས་དཔའ་བོ་ཚོས་འཐབ་རྩོད་དེ་གཡམ་བརྒྱུགས་རེད་ཟེར་རྒྱུ་ཨེ་ཡིན།
བཀའ་སྤྱི་མཉམ་རུབ་ཐོག་རྒྱལ་སྤྱི་དང་རྒྱ་གར་ནང་དུ་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་གནང་བ་འདི་བཀླགས་མ་ཐག་ཏུ་སེམས་འཚོར་ཁ་ཤས་ཤིག་བྱུང་བ་གཤམ་གསལ་ལྟར་ཞུ་འདོད་བྱུང་།
བཀའ་སྤྱི་གཉིས་ཀྱིས་དུས་ཐོག་ལས་འགུལ་སྤེལ་འཆར་ཡོད་པ་དེར་དགའ་བསུ་ཞུ་འོས་པ་ཞིག་རེད། ཡིན་ནའང་ང་ཚོས་ལས་འགུལ་ཇི་ལྟར་སྤེལ་མིན་དང་། ཐབས་ཇུས་ཇི་ལྟར་སྤྱད་དགོས་མིན། ཕན་ནུས་ཇི་ལྟར་ཐོན་མིན་བཅས་ལ་སྔོན་ནས་བསམ་བློ་བཏང་ནས་ལས་འགུལ་གྱི་གཞི་རྒྱ་དང་ཚད་གཞི་འཆར་གཞི་བཅས་སྔོན་ནས་གཏན་འབེབས་བཅས་བྱེད་དགོས་པ་ལས་བཀའ་སྤྱི་གཉིས་ཀྱིས་མིག་ལོང་སྤར་ཚོད་ལྟ་བུའི་ལས་འགུལ་སྤེལ་ན་བོད་རྒྱ་ཆེའི་མི་དམངས་ཀྱི་སྣེ་འཁྲིད་དང་ལམ་སྟོན་ཇི་ལྟར་བྱེད་ཐུབ་བམ་ཞེས་ངས་བཀའ་སྤྱི་གཉིས་ལ་དམིགས་སུ་བཀར་ཏེ་ཞུ་འདོད་བྱུང་།
༡ འཛིན་སྐྱོང་བཀའ་ཤག་གིས་ངོས་ནས་ཐེངས་འདིའི་་ལས་འགུལ་སྤེལ་སྟངས་ཐད་མི་དམངས་ལ་གནས་ཚུལ་གསལ་པོ་བཟོ་ཐུབ་པ་དགོས།
༢ རྒྱ་གར་གྱི་གཙོས་པའི་ཕྱི་རྒྱལ་རྒྱལ་ཁབ་ཁག་ཚང་མའི་ནང་དུ་ཡོད་པའི་བོད་རིགས་ཡོད་དོ་ཅོག་ལ་ཇེངས་འདིའི་ལས་འགུལ་གྱི་ཐད་གསལ་བཤད་དུས་ཐོག་བྱེད་དགོས།
༣ ལས་འགུལ་གྱི་ངོ་བོ་དང་། ཚད་གཞི། རྒྱ་ཁྱོན། ཐབས་ཇུས་བཅས་གཏན་འབེབས་ལྟར་བཀའ་སྤྱི་གཉིས་ཀྱི་གསལ་བཤད་ལྟར་བོད་རིགས་སྤྱི་ཡོངས་ནས་གོང་བུའི་ནུས་པ་གཅིག་ཏུ་བསྒྲིལ་ཐུབ་པ་བྱེད་དགོས།
ངས་གཤམ་གསལ་རང་གི་བསམ་ཚོད་ཁ་ཤས་ཤིག་བཀའ་སྤྱི་གཉིས་ལ་ལས་འགུལ་མ་སྤེལ་སྔོན་ནས་དཔྱད་གཞིའི་ཚུལ་དུ་འབུལ་འདོད་བྱུང་།
ཤ་དང་རུས་པ་ཁྲག་གསུམ་གཅིག་ཏུ་འདྲེས་པའི་བོད་རིགས་རྒྱལ་གཅེས་ཀྱིས་དཔའ་རྒོད་ཁོང་རྣམས་ཀྱིས་གཅེས་པའི་ཚེ་སྲོག་ཀྱང་རང་གི་གཅེས་པའི་རྒྱལ་ཁབ་དང་རང་ཉིད་མི་རིགས་ཀྱི་ལས་དབང་ལྕི་མོའི་དེའི་བདེན་པའི་འཐབ་རྩོད་ཆེད་དུ་རང་ལུས་མེ་རུ་སྒྲོན་པའི་ཚེ་ང་ཚོས་ཀྱང་ཇི་ལྟར་ཐུབ་མིན་དང་ག་ཚོད་འཇོན་མིན་ལ་མ་ལྟོས་པར་ཐེངས་འདིར་ལས་འགུལ་སྤེལ་དགོས།
༡ ལས་འགུལ་ཚོགས་ཆེན། བཀའ་ཤག་གིས་ངོས་ནས་ཛ་དྲག་གི་འཚོགས་འདུ་བསྐོང་འཚོགས་བྱས་ཏེ་བཀའ་སྤྱི་དང་། བཀའ་ཟུར། སྤྱི་ཟུར། གཞོན་ནུ། བུད་མེད། དགུ་བཅུ་གསུམ། བོད་རང་དབང་སློབ་ཚོགས། དམངས་གཙོ་ཚོགས་པ། སྐྱིད་སྡུག་ཁག བོད་དོན་བརྒྱབ་སྐྱོར་ཚོགས་པ་ཁག མི་དམངས་ཀྱི་འཐུས་མི། དམིགས་བསལ་མཁས་དབང་ཁག་བཅས་ལ་འབོད་བསྐུལ་ཞུས་ཏེ་ཚོགས་འདུ་ཞིག་འཚོགས་ཏེ་ལས་འགུལ་གྱི་རྣམ་དང་ཐབས་ལམ་ཇི་ལྟར་སྤེལ་མིན་ཐད་བསམ་ཚུལ་བསྡུ་རུབ་བྱས་ཏེ་དབྱེ་ཞིབ་གཏིང་གཟབ་བྱས་ཏེ་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཐག་གཅོད་བྱེད་ཐུབ་པ་དགོས།
༢ གསར་འགོད་གསལ་བསྒྲགས་ལས་འགུལ། བཀའ་ཤག་གིས་ངོས་ནས་བཀའ་བློན་ཁྲི་པས་སྣེ་འཁྲིད་དེ་དང་པོ་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་ཐུག་འཕྲད་བྱས་ཏེ་བོད་དོན་ལས་འགུལ་ཐད་བརྒྱབ་སྐྱོར་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཞུས་ཏེ་རྒྱ་ས་ལྡི་ལི་རུ་རྒྱལ་སྤྱིའི་གསར་འགོད་གསལ་བསྒྲགས་གཞི་རྒྱ་ཆེ་བ་ཞིག་སྤེལ་ཏེ་ཐེངས་འདིའི་ལས་འགུལ་གྱི་རྣམ་པ་དེ་ཇི་ལྟར་སྤེལ་མིན་དེ་གསལ་འགོད་གསལ་བསྒྲགས་ལས་འགུལ་གནང་དགོས།
༣ བསྐོར་བསྐྱོད་ལས་འགུལ། བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱིས་ཨ་རི་དང་། ཡུ་རོབ། ཁ་ན་ཌ་སོགས་སུ་ཕེབས་ཏེ་གནད་ཡོད་ཀྱི་མི་སྣ་ཁག་ཐུག་འཕྲད་བྱས་ཏེ་ལས་འགུལ་སྤེལ་འཆར་དེར་བརྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུ་དགོས།
༤ རྒྱལ་ཚོགས་ལས་འགུལ། འཛམ་གླིང་མཉམ་འབྲེལ་རྒྱལ་འཚོགས་སུ་བོད་ནང་གི་གནད་དོན་གསལ་བཤད་དང་རྒྱ་བོད་ཞི་འགྲིག་ཡོང་རྒྱུའི་དགོངས་འཆར་བཏོན་ནས་ཛ་དྲག་གི་ལས་འགུལ་དང་འབོད་བསྐུལ་ཞུ་དགོས།
༥ དགོས་འདུན་ལས་འགུལ། བཀའ་སྤྱི་གཉིས་ཀྱིས་ངོས་ནས་རྒྱལ་ཁབ་མི་འདྲ་བ་སོ་སོའི་ནང་དུ་ཡོད་རྒྱ་ནག་གཞུང་ཚབ་ཁང་དུ་བོད་ནང་གི་བོད་མིའི་ཚོའི་ཐད་རང་དབང་ཆེ་རུ་གཏོང་དགོས་པ་དང་རྒྱ་བོད་ཀྱི་གནད་དོན་དེ་གང་མགྱོགས་ཞི་འགྲིག་ཡོང་བའི་དགོས་འདུན་བཏོན་དགོས།
༦ འབོད་བསྐུལ་ལས་འགུལ། རྒྱལ་ཁབ་སོ་སོའི་ནང་དུ་ཡོད་པའི་ཕྱི་རྒྱལ་བོད་དོན་བརྒྱབ་བསྐྱོར་ཚོགས་པ་ཁག་ལ་ཐུགས་འཕྲད་བྱས་ཏེ་ཐེངས་འདིའི་ལས་འགུལ་ནང་མཉམ་བཞུགས་ཡོང་བའི་འབོད་བསྐུལ་དང་གསར་འགོད་གསལ་བསྒྲགས་སྤེལ་དགོས།
༧ ཟས་བཅད་ལས་འགུལ། སྤྱི་འཐུས་ཚོས་ལྡི་ལི་རུ་ཉིན་གཅིག་ཟས་བཅད་ངོ་རྒོལ་བྱ་འཆར་ཡོད་པ་དེར་དགའ་བསུ་ཞུ་འོས་པ་ཞིན་རེད།
༨ འབོད་སྒྲའི་ལས་འགུལ། ཨ་རི་དང་། ཁ་ན་ཌ། ཡུ་རོབ། རྒྱ་གར་སོགས་རྒྱལ་ཁབ་ཚང་མའི་ནང་དུ་བཞུགས་བཞིན་ཡོད་པའི་བོད་རིགས་མི་དམངས་ཚོས་སྐབས་བབ་གནས་སྟངས་དང་བསྟུན་དེ་རྒྱ་ནག་གི་གཞུང་ཚབ་ཁག་ཏུ་དུས་ཐོག་ཏུ་སྐད་འབོད་དང་། འབོད་བསྐུལ། ངོ་རྒོལ་བཅས་བྱེད་དགོས།
༩ གཞུང་ཚབ་ལས་འགུལ། གཞུང་ཚབ་ཁག་ཏུ་སྐད་འབོད་ཀྱི་ངོ་རྒོལ་བྱས་རྗེས་སུ་སླར་ཡང་དེ་རྗེས་ཉིན་གཅིག་རྒྱ་ནག་གི་རྒྱ་དར་བོད་མི་ཚོས་ལག་ཏུ་འཁྱེར་ནས་རྒྱ་ནག་གི་གཞུང་ཚབ་མདུན་དུ་ངོ་རྒོལ་བྱས་ཏེ་རྒྱལ་དར་མེར་བསྲེགས་གཏོང་དགོས།
༡༠ ཕུག་རོན་ལས་འགུལ། དེའི་རྗེས་སུ་ཉིན་གཅིག་བོད་རིགས་དང་བོད་དོན་བརྒྱབ་སྐྱོར་ཚོགས་པ་ཁག་བཅས་ཀྱི་མི་དམངས་ཚོས་ཕུག་རུན་གྱི་ལས་འགུལ་ཟེར་བ་ཞིག་སྤཻལ་དགོས། དེ་ཡང་ཕུག་རོན་ལག་ཏུ་བཟུང་ནས་རྒྱ་ནག་དང་བོད་ནང་དུ་ཞི་བདེ་དགོས་པའི་འབོད་ཚིག་སྒྲོག་དགོས་ལ་དུས་གཅིག་ལ་རྒྱལ་ཁབ་འདྲ་མིན་ནང་དུ་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་དགོས་པ་དང་བོད་མིར་རང་དབང་དགོས་པའི་འབོད་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་སྐད་འབོད་བྱེད་དགོས།
༡༡ བུད་མེད་ལས་འགུལ། དབུས་བུད་མེད་ལྷན་ཚོགས་ཀྱིས་འགན་འཁུར་བླངས་ཏེ་བུད་མེད་ཁོ་ནས་བོད་ཆས་ཕྱུག་པ་ནག་པོ་རྐྱང་རྐྱང་གྱོན་ནས་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་གང་སར་བོད་ཀྱི་བུད་མེད་ཚོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་རྒྱག་དགོས།
༡༢ གཞོན་ནུའི་ལས་འགུལ། ལས་འགུལ་འདིའི་ནང་དུ་དབུས་གཞོན་ནུས་འགན་འཁུར་བླངས་ནས་བོད་རིགས་ན་གཞོན་ཅན་ཚོས་ས་ཁུལ་མི་འདྲ་ཁག་ཚང་མར་དུས་གཅིག་ཏུ་ངོ་རྒཽལ་གྱི་ལས་འགུལ་སྤལ་དགོས།
༡༣ གྲྭ་བཙུན་ལས་འགུལ། ལས་འགུལ་འདིའི་ནང་དུ་བོད་ཀྱི་ཆོས་བྱེད་གྲྭ་བཙུན་ཚོས་ལག་ཏུ་༸ གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་འཁྱེར་ཏེ་༸གོང་ས་བོད་ནང་གདན་འདྲེན་དགོས་པའི་ཞི་བའི་སྐད་འབོད྄ཀྱི་ལས་འགུལ་ས་ཁུལ་གང་སར་སྤེལ་དགོས།
༡༤ ཆུ་གཏོར་ལས་འགུལ། རྒྱ་གར་གྱིས་གཙོས་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་གཡས་གཡོན་ཏུ་བོད་སྒལ་པར་ཆུ་འཁྱེར་ཏེ་རྒྱ་ནག་གཞུང་ཚབ་ཁང་དུ་ཆུ་གཏོར་ནས་བོད་ནང་དུ་འབར་བཞིན་པའི་ཚེ་སྲོག་གི་མེ་ལྕེ་དམར་པོ་དེ་ཞི་བའི་ཆུས་བརླན་པར་བྱེད་ཆུ་གཏོར་ལས་འགུལ་ཟེར་བ་ཞིག་ཉིན་སྤཻལ་དགོས།
༡༥ ཞི་བདེའི་སྨོན་ལམ་ལས་འགུལ། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱིས་ལས་དབང་ཆེད་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་ཆེད་དུ་༸ ཆེས་རླབས་ཆེན་གྱི་ཞི་བདེའི་སྐྱེས་མཆོག་དམ་པ་༸ གོང་ས་མཆོག་གིས་དབུ་འཁྲིད་པའི་ཞི་བདེའི་དེད་དཔོན་ཅན་ཚོ་དང་བོད་ཀྱི་ཆོས་བྱེད་དགེ་འདུན་ཚོས་གཞི་རྒྱ་ཆེ་བའི་ཐུགས་སྨོན་དང་ཞི་བདེའི་སྨོན་ལམ་གྱི་ལས་འགུལ་ཟེར་བ་སྤེལ་དགོས།
ཉིན་དེར་རིས་མེད་ཆོས་ལུགས་ཁག་གི་བླ་མེན་ཚོས་གནས་ཡུལ་ས་ཁུལ་སོ་སོར་ཉིན་གཅིག་ཏུ་འཚོགས་དགོས།
༡༥ དང་བླངས་ལས་འགུལ། དང་བླངས་ལས་འགུལ་ཟེར་བ་འདིའི་ནང་དུ་འཚེ་བ་མེད་པའི་ལྟ་གྲུབ་གཞི་རྩར་བཞག་ཏེ་བོད་རིགས་རྒན་གཞོན་དང་ཕོ་མོ་དབྱེར་མེད་ཐོག་བོད་དོན་ཆེད་ལས་འགུལ་སྤེལ་འདོད་ཅན་ཚོ་སུ་ཞིག་ཡོད་ན་སོ་སོའི་འདོད་མོས་ལྟར་ལས་འགུལ་གང་ཞིག་སྤེལ་འདོད་ན་གོ་སྒྲིག་ཞུ་དགོས།
༡༦ མེར་བསྲེགས་ལས་འགུལ། འཛམ་གླིང་ས་ཕྱོགས་གང་སར་བཞུགས་བཞིན་པའི་བོད་རིགས་ཚོས་ས་ཁུལ་སོ་སོར་འདུ་འཛོམས་བྱས་ཏེ་རྒྱ་མིའི་དཀར་ཡོལ་དང་། ཇ་དམ་སོགས་རྒྱ་ནག་གཞུང་གིས་བཟོས་པའི་ཅ་དངོས་རྣམས་མི་དམངས་འདུ་འཛོམས་ཆེ་བའི་ས་ཆར་མེར་བསྲེགས་ཀྱིས་ངོ་རྒཽལ་ལས་འགུལ་སྤལ་དགོས།
༡༧ ད་དུང་མི་སོ་སོའི་རྣམ་དཔྱོད་ལ་དཔག་པའི་བློ་རིག་མི་འདྲ་བ་དང་དམིགས་བསལ་ཕན་ནུས་ཅན་རིགས་ཀྱི་ལས་འགུལ་གང་ཞིག་ཡོན་ནའང་དགོངས་འཆར་གསུངས་ནས་ཐུན་མོང་གི་ནུས་པ་ཐོན་ཐུབ་པའི་ལས་འགུལ་ཚ་ཚ་འུར་འུར་ཞིག་སྤེལ་དགོས།
དེ་ནི་ང་ཚོའི་ཕྲག་པར་བབས་པའི་ཆེས་ལྕི་བའི་ད་ལྟའི་མི་རབས་འདི་ལས་འགན་དང་འགན་འཁྲི་ཞིག་ཡིན། འདི་ནི་ཤ་དང་རུས་པའི་འབྲེལ་ཐག་དམ་པོར་བཅིངས་པའི་ཚེ་གཅིག་ནང་རང་གི་གཅེས་པའི་རྒྱལ་ཁབ་དང་། རང་གི་བརྩེ་བའི་ཕ་ཡུལ་དང་། སྤུན་ཟླའི་བོད་རིགས་མི་དམངས་ཡོངས་ཀྱི་ད་ལྟ་དང་མ་འོངས་པའི་མདུན་ལམ་ཡོད་ཚད་ཀྱི་ཡོད་ཚད་ཚུད་ཡོད་པའི་རྐྱེཡན་གྱིས་རེད།
༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་པུའི་ཐུགས་དགོངས་ཀྱི་སྙིང་བཅུད་དམ་པ་འདི་ལྟ་སྟེ། གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །
༸ རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རྒྱལོོ།།
དཔལ་ལྡན་མི་དབང་སྤྱི་འཐུས་ཚོགས་གཙོ་མཆོག་དང་བོད་ཀྱི་སྒྲིག་འཛུགས་དང་རང་སྐྱོང་སྡེ་ཚན་ཚོགས་པ་
ཁག་གི་འགོ་གཙོ་རྣམ་པ་དང་ལས་སྣེ་ཡོངས་ལ་ཆེད་ཞུ།
རྣམ་པ་ལྷན་རྒྱས་མཛད་སྒོ་ཁག་དང་ཚོགས་འདུ་སོགས་ལ་ཆེད་བཅར་གནང་སྐབས་ངེས་པར་དུ་བོད་ཆས་ཆ་ཚང་གྱོན་དགོས་འདུག…། འགའ་རེ་ནས་བོད་ཆས་གཏན་མེད་མི་གྱོན་པ་རེ་ཟུང་ནས་ཕྱེད་ཀ་གྱོན་པ་ཕྱེད་ཀ་མི་གྱོན་པ་སོགས་མིག་ལ་མི་
མཛེས་པ་སྤྲེའུ་རྔ་མ་མེད་པ་ལྟ་བུ་ཤ་སྟག་མཐོང་བས་ལ་ཞེན་ཅན་རྣམས་སེམས་པ་ཕམ་བའི་གནས་སུ་མཐོང༌།ལྷག་པར་དུ་གཞིས་ལུས་མི་དམངས་རྣམས་ཀྱིས་བོད་ཀྱི་རིག་གཞུང་དང་རང་དབང་གི་ཆེད་དུ་ལས་འགུལ་སྤེལ་བ་
དག་ལ་ངེས་པར་དུ་མིག་དཔེ་ཡར་གཟིགས་གནང་དགོས་འདུག
རིན་འཕེལ་ལགས། ཁྱེད་ཀྱིས་དང་པོ་ཉིད་ནས་དྲྭ་ཐོག་ལ་མཆན་བཏབ་དུས་བོད་ཡིག་ཞིབ་འཇུག་ཡག་པོ་བྱེད་པའི་རེ་བ་ཡོད།
གཟིགས་དང་། ཁྱེད་ཀྱིས་བྲིས་པའི་ཡི་གེ། གཞིས་བྱེས་མཉམ་འབྲེལ་གནང་ནས་ལས་འགུལ་སྤེལ་བཞིན་པར་དགའ་བསུ་དང་རང་གཞན་ཚང་མར་མཉམ་བཞུགས་(ཞུགས་)བྱེད་རོགས་ཞུ། ལར་ནས་འཇམ་བཟང་ཁྱོ་(ཁྱོད) བོད་རང་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་བའི་རེ་བ་ཡོད།. རྒན་ཆབ་བྲག་ལགས་ཅུང་ཙམ་ར་བཟུ་(བཟི) ཡོད་ས་རེད་. དེང་སང་དྲ་ལམ་ཁག་ནས་ཁྱོ་(ཆོ) མེད་པའི་གསུངས་བཤད་གནང་གི་འདུག. དངོས་གནས་བྱས་ན་ཁྱེད་རང་ཡང་ཚོགས་པ་ཞིག་གིས་མི་སྣ་གལ་ཆེན་(༼ཆད༽ཡིན་)པའི་ཚུལ་རེད།. ཁྱེད་རང་ཐད་ནས་ལས་འགུལ་ག་རེ་སྤེལ་རྩིས་ཡོད་།
བཀའ་སྤྱི་མཉམ་འབྲེལ་ཐོག་ལས་འགུལ་གཞི་རྒྱ་ཆེ་བ་འདི་འདྲ་ཞིག་སྤེལ་བ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད། བཀའ་ཤག་རྙིང་པའི་བོད་རྒྱ་འབྲེལ་མོད་དང་འབྲེལ་མོད་ལ་ཁོར་ཡུག་སྐྲུན་པའི་ལས་འགུལ་སྤེལ་ཏེ་མི་མང་དང་ཚོགས་པའི་ལས་འགུལ་མི་སྤེལ་བའི་འབོད་སྐུལ་བྱས་ཏེ། མི་མང་འདོད་བློ་མ་ཁེངས་པ་ཡོད་ཀྱང། ད་ཐེངས་བཀའ་ཤག་གསར་པ་ཕེབས་མ་ཐག་བཀའ་སྤྱི་མཉམ་འབྲེལ་དང། ཚོགས་པ་དང་སྐྱ་སེར་མཉམ་འབྲེལ་ཐོག་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུའི་གྲ་སྒྲིག་འདིར། བོད་པ་གང་ན་སུ་བཞུགས་ཚང་མས་མི་རྒྱུ་གཉིས་རྒྱབ་སྐྱོར་ཤུགས་ཆེར་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚོར་ཐུབ་པ་ཞིག་བྱེད་རྒྱུ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ལས་འགན་རེད་ལ། གཞིས་ལུས་བོད་མིའི་རེ་འདུན་སྒྲུབ་པ་དང་སྙིང་སྟོབས་སྤར་བ་ཞིག་རེད།
མཁྱེན་ལྡན་ཀུན་གྱིས་དགོངས་པར་མངའ་བ་བཞིན་བོད་ནང་ལ་རིགས་ཞེན་ལྷག་བསམ་ཅན་གཞས་པ་རྣམས་
ཀྱིས་གཞས་སྣ་བརྒྱུད་མི་རིགས་དང་ཆབ་སྲིད།ཀུན་སྤྱོད་དང་རིག་གཞུང་དང་།རང་དབང་དང་དྲང་བདེན།
དངོས་མྱོང་གི་འཚོ་བ་དང་ཚོར་སྣང་སོགས་གསལ་བསྟན་གྱི་སློབ་གསོའི་འབོད་སྒྲ་གཞས་སྣ་བཏང་བ་དང་གཏོང་
བཞིན་པ་རེད།་ གཞས་སྣ་དེ་དག་ནི་མི་རིགས་སློབ་གསོའི་ཐབས་ལམ་ཡག་ཤོས་ཆགས་ཡོད་པས་རྒྱ་གཞུང་གིས་ཉིན་རེ་ནས་ཉིན་རེར་དམ་དྲག་དང་གཞས་པ་རྣམས་འཛིན་བཟུང་བྱེད་བཞིན་ཡོད། མ་ཟད་ཉེ་ཆར་སྤྱི་ཚེས་25་ཉིན་བོད་ཀྱི་ན་གཞོན་གཞས་པ་གྲགས་ཅན་ཆོས་དགོན་བཀག་ཉར་འཛིན་བཟུང་བྱས་འདུག་པས་ཁོང་གང་མགྱོགས་བཙོན་གྲོལ་ཡོང་བར་རྒྱལ་སྤྱིའི་སྟེང་གསལ་བསྒྲགས་བྱ་དགོས་པ་དང་འབོད་སྒྲ་སྒྲོག་དགོས་པ་ཡིན། ངེས་པར་དུ་བོད་ཀྱི་དཔའ་བོ་གཞས་པ་རྣམས་ལ་རྒྱབ་སྐྱོར་དང་གཞས་པ་དེ་དག་གི་མི་ཚེ་དང་ཚེས་སྲོག་སྲུང་
སྐྱབས་བྱ་དགོས་པ་ནི་བོད་ཀྱི་རྩ་དོན་ཆགས་ཡོད།
འགྱུར་མེད་བསྟན་འཛིན་ཟེར་བའི་བསམ་མེད་སྐྱ་སྟོང་ཁྱོས་གསལ་བོ་ཉོན།. བོད་ནང་གི་བོད་མི་མང་གིས་དཀའ་ངལ་དང་སྙིང་སྟོབས་ཁྱོ་འུ་གཉིས་ལྟ་བུའི་ཁ་རྒྱགས་པའི་ཐག་གཅོད་ཐུབ་པ་ཞིག་ཡེ་ནས་མེད།. ལྷག་པར་དུ་བོད་ནང་གི་བོད་མི་མང་གིས་ལས་འགུལ་ག་རེ་སྤེལ་མིན་ཐད་ལ་ཁྱོ་འུ་གཉིས་ལ་བསམ་ཚུལ་ཙང་བཤད་རྒྱུས་ཐོབ་ཐང་མེད་པ་གསལ་བོ་ཤེས་པར་བྱོས་། ངས་ལྟས་ན་བསམ་མེད་ཁྱོ་རང་དབང་ལུང་བའི་ནང་ནས་ལས་ཀ་མེད་ཐག་ཆོད་འདུག. བུ་རྒོད་པོ་ཅི་བཤད་རུང་བོད་པ་གཅིག་རེད་་་་་་་་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་རང་ཉིད་ལྷག་བསམ་རྣམ་དག་གིས་མཉམ་བཞུགས་གནང་མ་ཐུབ་ནའང་བཙན་བྱོལ་སྤྱི་ཚོགས་ནང་ནས་དཀྲུགས་ཤིང་མ་གནང་རོགས་།
མིས་ཚེ་སྲོག་ལ་རིན་ཐང་ཆེན་པོ་ལྡན་པ་ནི་སུས་ཀྱང་ཤེས། འོན་ཀྱང་ཚེ་སྲོག་ལས་རྩ་ཆེ་བའི་དངོས་པོ་གང་ཡང་མེད་པ་རེད་དམ། ངས་བལྟས་ན་ང་ཚོའི་ཆོས་དང་རིག་གཞུང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ནི་མིའི་ཚེ་སྲོག་ལས་རྩ་ཆེ་བ་ཞྀག་མིན་ན་ཆུང་བ་ཞིག་གཏན་ནས་མ་རེད་འདོད། དེས་ན་བོད་ནང་གི་དཔའ་བོ་ཚོས་རང་གི་ཚེ་སྲོག་མཆོད་མེར་འབུལ་བཞིན་པ་འདི་དག་ནི་གོང་ཞུས་དེ་དག་གི་ཆེད་དུ་ཡིན་པས་ཁོང་ཚོའི་ཚེ་སྲོག་འཕྲོ་བརླག་སོང་བ་ཞིག་ལ་ནམ་ཡང་ངོས་འཛིན་བྱེད་གི་མེད་ལ། ཚེ་སྲོག་ག་རིན་ཐང་བརྙེད་སོང་བར་འདོད
རྗེས་སུ་ཡིད་རངས་ཡོད་ རྒྱ་ཆ་བརྒྱ་ཡི་རྒྱབ་སྐྱོར་ཡོད་ འགྱུར་མེད་བསྟན་འཛིན་སོགས་རང་གི་མི་འཇོན་པར་གཞན་ལ་འགོག་རྐྱེན་བཟོ་བ་དེར་ཐ་གཅིག་ཏུ་ངོ་རྒོལ་ཡོད་ འགྱུར་མེད་བསྟན་འཛིན་ལགས་ཁྱེད་ཀྱི་ཚེ་སྲོག་སྐམ་པོ་དེ་ཡང་ད་བར་གྱི་ལས་འགུལ་དེ་དག་ལ་རྟེན་ཏེ་ལྷག་པ་ཡིན་ཞེས་བཤད་ཆོག། གལ་ཏེ་ལས་འགུལ་དེ་དག་མ་སྤེལ་ན་རྒྱ་དམར་ཀླ་ཀློའི་གཞུང་ནས་ཁྱེད་ཀྱི་ཚེ་སྲོག་སྐམ་པོ་དེ་ཡང་འཁྱུར་མེད་བཏང་ཟིན་ཡོད།
རྗེས་སུ་ཡི་རིང་ཡོད། འོན་ཀྱང་ད་དུང་ཡང་གཉོམ་དྲག་འདུག
ཡི་རངས་དང་ལགས་སོ་ཞུ་རྒྱུ་ཡིན་ལ། གང་ལ་རྒྱུགས་ཟེར་ན་དེ་ལ་རྒྱུགས་ངེས་ཡིན།
ལས་འགུལ་གྱིས་ནུས་པ་གང་ཡང་མི་ཐོན་པར་ངས་དཀོན་མཆོག་དཔང་དུ་བཙུགས་ནས་བཤད་ཕོད།
མི་ལོ་ལྔ་བཅུ་ལ་ལས་འགུལ་རྩ་ཚང་ལ་མ་ཚང་ལ་གྲངས་ཀ་མི་ཐེབས་པ་སྤེལ་ཟིན་ཡང་དོན་ངོ་མའི་གྲུབ་འབྲས་གང་ཡང་ཐོན་མེད།
བོད་ནང་གི་ཚེ་སྲོག་ཁྲི་འབུམ་འཕྲོ་བརླགས་ཤོར་ཡོད་དེ་ཚོ་མང་ཤོས་དེ་འདི་ཕྱོགས་ནས་ལས་འགུལ་སྤེལ་བའི་ཉེར་ལེན་གྱི་བྱུང་བ་རེད།
ད་བོད་པ་ལ་མི་འབོར་ཉུང་སྐྱོན་ཡིན་བོད་ནང་ནས་མི་མང་པོ་ཤི་མ་བཅུགས་རོགས་སྐུ་མཁྱེན་ངས་སེམས་ཚོར་ཆེན་པོས་ཞུ་གིན་ཡོད།
རྒྱ་ནག་ལ་མི་གནོད་ཅིང་བོད་དོན་ལ་མི་ཕན་པར་མི་དེ་འདྲའི་མང་པོའི་ཚེ་སྲོག་འཕྲོ་བརླགས་སོང་ཚར་བ་རེད།
བསམ་བློ་ཞིབ་པར་བཏང་ནས་ལས་འགུལ་གྱི་གྲུབ་འབྲས་ལ་ཉམས་ཞིབ་བྱ་རོགས།
རི་བོང་ཅལ་འགྲོགས་མ་བྱ་རོགས།
སྐུ་མཁྱེན་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་གི་ཡོད།
ཡང་ཁྱེད་ཚོས་ལས་འགུལ་འདི་སྤེལ་ནས་རྒྱ་ནག་ལ་མི་གནོད་བོད་དོན་ལ་མི་ཕན་པར་བོད་ནང་ནས་མི་མང་པོ་ཚེ་སྲོག་འཕྲོ་བརླགས་བཏང་བ་ཐག་གིས་ཆོད་ཚར་བ་རེད།
ཁྱེད་ཚོས་ནམ་ཡང་བོད་ནང་གི་མི་དེ་ཚོའི་ཚེ་སྲོག་ལ་རིན་ཐང་བཞགས་རོགས།
རྒྱ་ནག་ལ་མི་གནོད་བོད་དོན་ལ་མི་ཕན་པར་ཡང་མི་ལུས་རིན་ཆེན་དུ་མ་ཞིག་འཕྲོགས་བརླགས་བཏང་རྒྱུ་ཡིན་པ་ཐག་གིས་ཆོད་སོང་བ་རེད།
མ་ཟད་མི་མང་པོ་ཞིག་ཁྱིམ་གཞིས་བྲལ་ནས་བཙོན་ཁང་དུ་འཛུལ་རྒྱུ་ཡིན་པ་ཐག་གིས་ཆོད་ཚར་བ་རེད།
སྐུ་མཁྱེན་བོད་ནང་གི་མིའི་ཚེ་སྲོག་ལ་རིན་ཐང་བཞགས་རོགས།
བོད་ཕྱི་ནང་གི་བོད་རིགས་ཚང་མ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་དགོས་པས་ད་ཐེངས་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་དེ་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་རིགས་ཚོགས་པ་ཚང་མ་ལྟ་བ་གཅིག་དང་ལངས་ཕྱོགས་གཅིག་གི་སྟེང་ནས་རྒྱ་ནག་གི་གཞུང་ཚབ་ཁང་ཁག་ལ་དྲག་པོའི་སྒོ་ནས་ངོ་རྒོལ་བྱས་ཏེ་དགྲ་ལན་ཚ་བོ་ཞིག་ལེན་དགོས་ངེས་ཡིན།
ནུས་པ་གང་ཡོད་་་མཉམ་ཞུགས་བྱེད། གྲུབ་འབྲས་ལེགས་པའི་སྨོན་འདུན་ཞུ།
གཞིས་བྱེས་མཉམ་འབྲེལ་གནང་ནས་ལས་འགུལ་སྤེལ་བཞིན་པར་དགའ་བསུ་དང་རང་གཞན་ཚང་མར་མཉམ་བཞུགས་བྱེད་རོགས་ཞུ། ལར་ནས་འཇམ་བཟང་ཁྱོ་བོད་རང་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་བའི་རེ་བ་ཡོད།. རྒན་ཆབ་བྲག་ལགས་ཅུང་ཙམ་ར་བཟུ་ཡོད་ས་རེད་. དེང་སང་དྲ་ལམ་ཁག་ནས་ཁྱོ་མེད་པའི་གསུངས་བཤད་གནང་གི་འདུག. དངོས་གནས་བྱས་ན་ཁྱེད་རང་ཡང་ཚོགས་པ་ཞིག་གིས་མི་སྣ་གལ་ཆེན་པའི་ཚུལ་རེད།. ཁྱེད་རང་ཐད་ནས་ལས་འགུལ་ག་རེ་སྤེལ་རྩིས་ཡོད་།
བཀའ་སྤྱི་གཉིས་ཀྱིས་ཆིག་སྒྲིལ་ཟེར་བའི་དོན་ཚན་གཅིག་གི་ལས་འགུལ་དེའི་ཐབས་ལམ་འགོ་བརྩམས་ཚར་འདུག རྗེས་སུ་ཡིད་རང་དང་རྒྱབ་སྐྱོར་ཞུ་བཞིན་ཡོད། ལས་འགུལ་འདིས་ཆིག་སྒྲིལ་གྱི་ནུས་ཤུགས་ཆེ་རུ་འགྲོ་ངེས་ཡིན། ཐུགས་རྗེ་ཆེ།
བཀུར་འོས་བཀའ་སྤྱི་གཉིས་ཀྱིས་འདི་ལྟར་བསྐུལ་སློབ་གནང་བར། རང་སྐྱིད་མི་སྡུག་དགོས་པའི་ཁ་བདེ་བ་ཡོངས་ཀྱི་མགྲིན་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད། གང་ཡིན་ཟེར་ན། རྒྱལ་བ་རིན་པོ་ཆེ་དབུས་པའི་ཆབ་སྲིད་པ་ཚང་མས་མ་གྲོས་གཅིག་མཐུན་གྱི་སྒོ་ནས། རང་སྲོག་བློས་བཏང་ནས་རང་ལུས་ཞུགས་འབུལ་གནང་མཁན་གྱི་གཞོན་སྐྱེས་འདི་ཚོས། རང་ཕོང་པ་ཙམ་དང་དེ་གའི་ཉེ་འཁོར་ལ་གནོད་པ། རྒྱ་བོད་མི་རིགས་འགལ་འཛོལ་འགྲོ་བ་ལས། རྒྱ་བོད་ཀྱི་གནད་དོན་ཐག་ཆོད་པ་ལ་ཅི་ཡང་མི་ཕན་པའི་བློ་ཆུང་གི་སྤྱོད་སྟངས་འདི་དག་སྔར་བྱུང་བ་ལ་ཡི་རང་དང་། ད་རུང་འབྱུང་བའི་རེ་སྨོན་དང་འབོད་སྐུལ་ལྟ་བུ་གནང་བཞིན་པ་རེད་འདུག་པས་སོ། ། ཐུགས་རྗེ་ཆེ།
སྤྱིར་བཏང་བཀའ་སྤྱིར་གཉིས་ཀྱི་ལས་འགུལ་སྤེལ་བ་ལ་དགའ་བསུ་ཞུ་འོས་པ་ཞིག་ཡིན་མོད། ཡིན་ན་ཡང་ད་དུང་སེམས་ཁ་གང་མ་སོང་། བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེངྒེ་མཆོག་གི་ནུས་པ་དེ་བཏོན་པའི་དུས་ལ་བབ་འདུག་སྙམ། ད་དུང་སྤྱི་མཐུས་རྣམས་ནི་ཡུན་རིང་ནས་ལས་བྱེད་པ་ཞིག་ཡིན་ཙམ་རྒྱ་ནག་གི་བྱེད་སྟངས་དེ་ཕལ་ཆེར་ཤེས་ཚོད་རེད། བྱས་ཙམ་དེ་ལ་བབ་པའི་ལས་འགུལ་ཞིག་སྤེལ་དགོས་པ་སྙམ།
དེ་མིན་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལ་ཞུ་རྒྱུ། དུས་བབ་དྲ་ངོས་འདི་ཡིས་ནང་དུ་ཡིག་ནོར་མང་བ་ཞིག་ཡོད་པའི་ཚོར་སྣང་བྱུང་། འདི་ལ་ཞུ་དག་ཡག་པོ་རེ་བྱས་ནས་དྲྭ་ཐོག་དུ་བཀོད་རོགས་ཞུ། བླུན་པོ་ང་འདྲ་བའི་མདུན་དུ་ཡིག་ནོར་ཡོད་དུས མཁས་དབང་དག་གིས་མདུན་དུ་སྨོས་ཅི་དགོས། དེས་ན་དག་སྣང་མང་ཙམ་སྤྲད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
དེ་རིང་གི་ཉི་མ།
རྒྱལ་གཅེས་དཔའ་བོའི་དུར་ས་གངས་རིའི་ལྗོངས།།
རྒྱལ་ཚོང་ནང་རུལ་འཛུལ་ས་བཙན་བྱོལ་ཁྲོད།།
ཕྱི་དགྲ་ནང་དགྲ་གཉིས་ཀྱི་སོ་ཁ་ན།།
ལས་ངན་བོད་མའི་ཚེ་སྲོག་རྟ་ལྔ་བོ།།
རྣམ་འགྱུར་སྟོན་སྟངས་ལ་འགྲིག་འདུག མཉམ་ཞུགས་བྱའོ། མུ་མཐུད་པའི་ལས་འགུལ་ཞིག་དང་རྒྱ་ཆེ་བའི་ལས་འགུལ་ཞིག་ཏུ་འགྱུར་བར་སྨོན།
བཀའ་སྤྱི་མཉམ་རུབ་ཀྱི་ལས་འགུལ་འདི་ད་ལྟ་གཏོག་ཙམ་སྔ་དྲག་ས་རེད་རྡྭ
བཀའ་སྤྱི་གཉིས་ཀྱི་མཉམ་རུབ་ཐོག་ལས་འགུལ་སྤེལ་བར་རྒྱབ་སྐྱོར་གང་མང་ཞུ་རྒྱུ་ཡིན།མ་ཚད་བོད་དོན་བདེན་དོན་གསལ་བའི་སྨོན་འདུན་གྲངས་མེད་ཞུ།
ད་ཡིན་ད་ཁྱེད་ཚོ་ལ་རེ་བ་དང་ཡིད་ཆེས་བྱེད་པའི་སྔ་ལྟས་ཅུང་ཙམ་མངོན་སོང་།
གཙོ་བོ་མི་མང་གི་རེ་བ་དང་གཞིས་བཞུགས་སྤུན་ཟླ་ཚོའི་ཚེ་སྲོག་མ་བརྗེད་པར་ང་ཚོ་འགྱེལ་ཟིན་པའི་གནས་ནས་ལང་རན། བོད་རྒྱལ་ལོ།
བཀྲ་ཤིས་བདེ་ལེགས་ཞུ། བཀའ་སྤྱི་མཉམ་མཐུན་གྱི་ལས་འགུལ་འདི་ཧ་ལས་པའི་ཡག་པོ་འདུག འདིས་ཉིས་སྟོང་བརྒྱད་ལོའི་ཛ་དྲག་ཚོགས་པའི་ལས་འགུལ་རྣམས་ཡིད་ལ་ལྷང་ལྷང་འཁོར་ཡོང་ངེས། འདི་ནུས་པ་ལྡན་པ་ཞིག་རེད་ལ་ཕྱོགས་གཅིག་ནས་ལས་འགུལ་དབུ་འཛུགས་གནང་བ་ཙམ་དང་ལས་འགུལ་སྤེལ་མ་སོང་ཞེས་བཤད་རྒྱུ་མེད་པ་བཟོ་རྒྱུ་ཙམ་མིན་པར། ཁ་དོན་མཚུངས་པ་ཞིག་དགོས་གལ་ཆེ། རྒྱ་མཚོ་ཆུ་ཐིགས་ཞེས་པའི་ལས་འགུལ་གྱི་ཡོང་སྒོ་ཡོངས་རྫོགས་ལས་འགུལ་འདིའི་ཆེད་དུ་གཏོང་ཐུབ་ན་ཡག་པོ་འདུག་་མ་རེད་པས་་་་ཨ་་་་
དུས་རྟག་ཏུ་བཀའ་སྤྱི་གཉིས་ཀྱིས་གཅིག་བྱས་མ་སོང་གཉིས་བྱས་མ་སོང་ཞེས་བཤད་སྡད་མཁན་ཚོ་ད་རེས་ངེས་པར་དུ་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས། ད་རེས་མཉམ་ཞུགས་མ་བྱས་ན་ངོ་ཚ་མེད་པའི་ཁྱི་རྒན་རང་ཡིན་ལ་ད་ནས་བཟུང་སྟེ་ཁ་ལ་བདག་པོ་རྒྱོབས་ཤོག
བཀའ་སྤྱི་རྣམ་གཉིས་ནས་མི་མང་ལས་འགུལ་སྣེ་ཁྲིད་གནང་བར་བསྔགས་བརྗོད་ཞུ།
བཀའ་སྤྱི་གཉིས་ལ་འཇོན་རྒྱུ་ཞིག་ཡོད་ན་འཇོན་རན་རེད། གཞིས་ཀྱི་གནས་ཚུལ་ལ་ཐུགས་བསམ་བཏང་བ་ཡག་པོ་རེད། སྐབས་འཚོལ་རང་ལུགས་ཀྱིས་ཆབ་སྲིད་ལས་འགུལ་མ་སྤེལ་རོགས་ཞུ།
ད་རང་གཞུང་གཉིད་ལས་གསལ་བ་ཡིན་པ་འདྲ་་་་་་ ལས་འགུལ་ཆུང་ཆུང་འདི་ལ་རྒྱབ་སྐྱོར་ཡོད། ད་དུང་མུས་འཐུན་ནས་ལས་འགུལ་གང་མང་སྤོལ་རོགས་་་་
སྐར་ཁྲི་བཙན་མགུ་སླ་པོ་ཞིག་རེད། ཨ་ཁུ་ཁྲོ་ཐུང་ལྟར་མ་གནང་གོ།
བཤད་པ་ལྟར་ལག་བསྟར་ཐེབས་ན་འོ་ཙམ་རེད། ཟས་བཅད་ངོ་རྒོལ་ཉིན་སྐུ་ངོ་ཀར་ཆོས་ཀྱིས་ཆང་མ་འཐུང་གོ། ཡང་ར་བཟི་ཡོང་།
ལས་འགུལ་འདི་ཙམ་ལས་མེད་ན་དེ་ཡང་འདོད་པ་ཁེངས་བ་ཞིག་བྱུང་མ་སོང་། བློ་བཟང་སེང་གེ་ལགས་ད་ནི་ཁྲིམས་ལུགས་ཆེད་མཁས་པ་ཞེས་པའི་མིང་འདི་བེད་སྤྱོད་གཏོང་རན་འདུག
བཀུར་འོས་བཀའ་སྤྱི་གཉིས་ཀྱི་མཛད་འཕྲིན་ལ་ཡི་རངས་དང་རྒྱབ་སྐྱོར་ཡོད།