མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲོམ་དམར་ནང་གི་རྨི་ལམ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༢༦ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ལ་ངག་རྒྱུན་ལ་གྲགས་པའི་“བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས།” ཞེས་པའི་གཏམ་དཔེ་འདི་བོད་ལ་དར་བའི་དུས་དེ་ནི། ཏག་ཏག་བོད་ཕོངས་ལམ་དུ་གོམ་ཁ་ཕྱོགས་པའི་ཉི་མ་དང་པོ་དེ་ཡིན་ངེས།  ཡིན་ནའང་། ལོ་ངོ་དྲུག་ཅུའི་བོད་རྒྱའི་འཐབ་རྩོད་ཀྱི་གར་སྟེགས་སྟེང་། གཏམ་དཔེ་འདི་མི་རབས་གསར་རྙིང་གཉིས་ཀྱི་རྣ་བར་འཇགས་ཤིང་སྙིང་ལ་སིམ་ནས་ཡོད། ཐ་ན། གཏམ་དཔེ་འདི་འུ་ཅག་གི་སྤྱི་ཚོགས་ཁྲོད་རང་གི་འཐུས་ཤོར་གྱི་ངོ་གདོང་འགེབས་བྱེད་དང་། ཕམ་ཉེས་དང་གྱོང་གུད་ཀྱི་སྣ་འདྲེན། གླེན་ལྐུགས་དང་ན་ཟུག་གི་ཚོར་བ་སྦྲིད་བྱེད་ཀྱི་ལས་དབང་གི་ལུང་བསྟན་དུ་གྱུར་ཡོད།

    ཡིན་ནའང་། ལོ་དང་ཟླ་བ། མི་རབས་དང་དུས་རབས་བྱས་ཏེ་ཕོངས་བྱེད་ཀྱི་རེ་སྟོང་འདིས་ད་ལྟའི་བར་གྲིབ་མ་བཞིན་འུ་ཅག་བཅིངས་འགྲོལ་བཏང་མྱོང་མེད། ལོ་དྲུག་ཅུའི་ཡར་སྔོན་ལ་དམར་པོ་མའོ་ཡིས་མེ་མདའི་སོ་ཁ་ནས་ཞི་བའི་བཅིངས་འགྲོལ་ཁྱེར་ཡོང་དུས་ཀྱང་། འུ་ཅག་གིས་ཞི་འགྲིག་གི་རྨི་ལམ་ཞིག་ལ་སེམས་རྩ་བསྙེས་ཏེ། བཤད་ཤེས་དང་བསྟུན་ཤེས་ཟེར་བའི་ལོ་རྒྱུས་བྲིས་མྱོང་ཡོད། ལོ་ཉི་ཤུའི་ཡར་སྔོན་ལ་ཏིན་གྱིས་ཉི་མ་ལྷ་སར་ཁྲག་གི་འཁོར་ལོ་སྐོར་ཞིང་། བོད་མིའི་བྲང་ཁོག་ན་ལྷོག་ལྷོག་ཏུ་ལྡིང་བཞིན་པའི་ཡིག་འབྲི་ཁྲི་བདུན་གྱི་སྙིང་སྟོབས་བཀུམས་དུས་ཀྱང་། འུ་ཚོས་རང་བཙན་མ་ཡིན་པར་ཡོད་ཚད་གླེང་ཆོག་པའི་ཁ་རླངས་དྲོན་མོ་ཞིག་ལ་གློ་སྙིང་མཆིན་གསུམ་གཏད་དེ། ཕྱིར་རང་ཡུལ་ལ་ལོག་ཆོག་པའི་ཉིན་དཀར་གྱི་རྨི་ལམ་ཞིག་ལ་རེ་ཕུགས་བཅོལ་མྱོང་། དེ་བཞིན། འདས་མ་ཐག་པའི་ལོ་བཅུའི་ནང་ལ་རྒྱ་དཔོན་ཧུའུ་ཡིས་བོད་མི་སྐྱ་སེར་རྒན་གཞོན་མེད་པར་དམར་གསོད་གཏོང་བཞིན།  མེ་མདའི་སོ་བར་ནས་བོད་ཡུལ་བརྟན་ལྷིང་གི་ཆོ་འཕྲུལ་སྟོན་དུས་ཀྱང་། འུ་ཅག་གིས་འཆམ་མཐུན་གྱི་ཁ་གཡང་སྙན་མོ་དེར་རྣ་བ་གཡར་བཞིན། དམར་ཤོག་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ལ་སྐྱ་ཐིག་ཕབས་མྱོང་། འདི་དག་ཚང་མ་བོད་རེ་བས་ཕུངས་དགོས་པའི་ལུང་བསྟན་དེ་ཏག་ཏག་མངོན་དུ་གྱུར་བ་རེད། 

    ད་ལྟ་ཞིས་ཅིན་ཕིན་རྒྱ་ནག་གི་སྲིད་སྟེགས་ལ་གོམ་པ་སྤོ་བཞིན་པའི་སྐབས་འདིར་ཡང་། འུ་ཅག་གིས་སླར་ཡང་རང་སེམས་འཁྲུལ་བྱེད་ཀྱི་རྨི་ལམ་གསར་བ་ཞིག་གི་ཞིང་ཁམས་བཞེངས་སྐྲུན་བྱེད་བཞིན་ཡོད། མ་གཞི་མཚན་རིང་ན་རྨི་མང་པ་ཆོས་ཉིད་ཡིན་སྲིད་མོད། འུ་ཅག་གི་རྨི་ལམ་འདིའི་འཆར་སྒོ་ནི་ཞིས་ཅིན་ཕིན་གྱི་གློ་སྙིང་མཆིན་གསུམ་གྱི་འགུལ་སྐྱོད་ལག་པར་བླངས་ཏེ། མ་འོངས་པར་གོ་སྐབས་གང་འདྲ་ཞིག་རག་མིན་ལ་དཔྱད་ཞིབ་བྱ་འདུན་མ་ཡིན་པར། ཞིས་ཅིན་ཕིན་ནི་ཁོང་གི་ཕ་དམ་པ་ཞིས་ཀྲུང་ཞོན་གྱི་ལམ་ཕྱོགས་རྒྱུན་འཛིན་མཁན་ཞིག་ཡོང་རྒྱུར་མུན་ནག་མདའ་འཕེན་གྱི་གསོལ་འདེབས་བྱེད་བཞིན་ཡོད། འདི་ཡང་བོད་རེ་བས་ཕོངས་བྱེད་ཀྱི་ལུང་བསྟན་དེའི་གྲིབ་གཟུགས་སུ་གྱུར་ཡོད།  

    ལོ་ངོ་དྲུག་ཅུའི་ཡར་སྔོན་ལ་བོད་དུ་དམར་དམག་ཐེངས་དང་པོར་སླེབས་སྐབས། ཕ་དམ་པ་ཞིས་ཀྲུང་ཞོན་གྱིས་ནུབ་བྱང་ཁུལ་གྱི་མགོ་གཙོའི་མིང་ཐོག་ནས་པེ་ཅིན་ལ་གློག་འཕྲིན་བཏང་སྟེ། བོད་སྐྱོད་རྒྱ་དམག་ཚོས་༸ཏཱ་ལའི་བླ་མ་དང་༸པཎ་ཆེན་བླ་མ་གཉིས་གཙོས་པའི་བོད་མི་རིགས་ལ་མཐུན་ལམ་ཡག་པོ་བཟུང་སྟེ། བོད་རྒྱ་གཉིས་འཐབ་ཕྱོགས་གཅིག་གི་ལམ་ལ་མཉམ་སྐྱོད་ཐུབ་དགོས་པའི་རེ་སྐུལ་བཏོན་ཚུལ་འདུག  ཡིན་ནའང་། ཉེ་ཆར་ཞིས་ཅིན་ཕིན་གྱིས་རྒྱ་གཞུང་གི་མ་འོངས་སྲིད་འཛིན་གྱི་མིང་ཐོག་ནས་པོ་ཏ་ལའི་མདུན་ཐང་དུ་ལངས་ཏེ། འདས་པའི་ལོ་ངོ་དྲུག་ཅུར་བོད་མི་ཚོར་དྲག་གནོན་བྱེད་མཁན་གྱི་དམག་དཔུང་ལ་ཁ་ཕྱོགས་ནས་ཏཱ་ལའི་རུ་ཚོགས་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་དགོས་ཞེས་བཀའ་རྒྱ་བཏང་སོང་། སྔོན་མ་ཕ་དམ་པ་ཞིས་ཀྲུང་ཞོན་གྱིས་བོད་ཀྱི་མཐའ་འདབས་ནས་པེ་ཅིན་ལ་སྐུར་བའི་རེ་སྐུལ་དེ་དང་། ད་ལྟ་བུ་བཙན་པོ་ཞིས་ཅིན་ཕིན་གྱིས་པེ་ཅིན་དཀྱིལ་འཁོར་ནས་བོད་ཡུལ་ལ་བཏང་པའི་བཀའ་རྒྱ་འདི་གཉིས་ཀྱི་ཁ་དོག་འདྲ་ཡང་ནང་དོན་མི་འདྲ་ལ། འུ་ཅག་ལ་ཕ་བུ་གྲོངས་འཇུག་གི་བསོད་དེ་ཞིག་གནང་མེད་པ་དེ་ཡང་མཐོང་དགོས།  ཏང་གི་གཏོ་སྒྲོམ་དམར་པོ་དེའི་ནང་ན་འུ་ཅག་ལ་དུས་ནམ་ཡང་རྨི་ལམ་སྐྱིད་པོ་ཞིག་གཏོང་ས་ཡེ་ནས་མེད་པ་ཚོར་དགོས།  

    གོ་ཐོས་ལ་ཞིས་ཀྲུང་ཞོན་བཙོན་ཁང་དུ་ལོ་ ༡༦ བསྡད་དེ་ཕྱིར་སླེབས་སྐབས།  སྔོན་ཆད་༸གོང་ས་མཆོག་གིས་རང་ཉིད་ལ་གནང་བའི་ལག་འདོགས་ཕྱག་ཚོད་ཞིག་ལ་རྩིས་འདང་ཆེན་པོས་ཉར་ཚགས་བྱས་ཡོད་པར་མ་ཟད།  ཁོ་རང་ནད་མནར་གྱིས་མལ་ལ་ལྷུང་དུས་ཀྱང་ལག་པའི་སོར་མོ་སྤྱི་བོར་བཀོད་དེ། ང་རང་༸རྒྱལ་བ་༸པཎ་ཆེན་རྣམ་གཉིས་ལ་དད་གུས་ཡོད་ཅེས་བརྗོད་ཡོད་པར་སྐད། བོད་པ་ཚོས་ཡང་བསྐྱར་སྣང་བ་སྐྱིད་པའི་རྨི་ལམ་ཞིག་བཏང་ན། ཕྱག་ཚོད་དེ་ཞིས་ཅིན་ཕིན་གྱི་གསང་བའི་མཆོད་སྒྲོམ་ནང་ཡོད་སྲིད་ལ།  ཉིན་ཞིག་ཞིས་ཅིན་ཕིན་གིས་ཀྱང་ཉལ་ཁྲི་མཐའ་མིའི་སྟེང་ནས། ཏཱ་ལའི་བླ་མའི་ལྷ་སྡེ་མི་སྡེ་ལ་ཡ་ང་བའི་ལས་དོན་སྤེལ་རྒྱུ་མང་དྲགས་སོང་ཞེས་ལག་པ་ཐལ་མོ་སྦྱོར་སྲིད།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༩ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese