མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་འབྲུག་རྒྱལ་བོའི་གཉེན་སྟོན་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་བཙུན་མོ་རྗེ་བཙུན་པད་མ་རྣམ་གཉིས་ཀྱིས་གཉེན་སྒྲིག་གི་ཆོ་ག་གཞི་རྒྱ་ཆེན་པོ་ཞིག་བསྒྲུབས་ཡོད།

དེ་རིང་ཞོགས་པའི་ཉི་ཟེར་རི་བོ་ཧི་མ་ལ་ཡའི་ཕྲག་བར་དུ་བབས་པ་དང་མཉམ་དུ། འབྲུག་རྒྱལ་ཁབ་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་རི་གྲོང་ཡན་ལག་བརྒྱད་ལྡན་འབྲུག་ཆུ་ཕོ་མོ་གཉིས་འདྲེས་པའི་གཞི་མདོ་ཏཱེ་པུ་ན་ཁ་རྫོང་དུ། དགུང་གྲངས་ལོ་ ༣༡ ལ་སོན་པའི་འབྲུག་རྒྱལ་བོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་། འབྲུག་ཡུལ་འཐིམ་ཕུག་ནས་དགུང་གྲངས་ ༢༡ ལ་སོན་པའི་བུ་མོ་རྗེ་བཙུན་པད་མ་རྣམ་གཉིས་ཀྱིས་འབྲུག་གི་སྲོལ་རྒྱུན་དང་། ནང་པ་སངས་རྒྱས་པའི་ཆོས་རྒྱུན་བཀའ་བརྒྱུད་ཆོས་ལུགས་ཀྱི་ཆོ་ག་སྔོན་ཏུ་བཏང་སྟེ། འཇིག་རྟེན་མཐུན་འཇུག་གཉེན་སྒྲིག་གི་བྱེད་སྒོ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད།

མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་རྗེ་བཙུན་པད་མ་མཆོག་གིས་འབྲུག་རྒྱལ་བོའི་བཙུན་མོའི་དབུ་རྒྱན་བསྣམས་ཤིང་། འབྲུག་རྒྱལ་བོ་གེ་སར་རྣམ་རྒྱལ་མཆོག་གིས་འབྲུག་རྒྱལ་མེས་པོའི་རྒྱལ་ཐོབ་ཅོད་པན་གསོལ་ཏེ། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམ་པ་དང་། འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་ཞི་དྲག་གི་བློན་ཆེན་རྣམ་པའི་དབུས་སུ་འཁྲུངས་ས་རྟེན་འབྲེལ་གྱི་མདུད་བ་མཐུད་སྦྱོར་གནང་རྗེས། སྐུ་མགྲོན་ཡོངས་ཀྱིས་ཤིས་བརྗོད་དང་བཅས་གཡུ་དང་བྱུ་རིའི་མཎྡལ་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན་འགངས་ཆེན། བཀྲ་ཤིས་རྫས་བརྒྱད་དང་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་ལེགས་སྐྱེས་སྣ་ཚོགས་འདེགས་འབུལ་ཞུས་ཡོད།



དེ་རིང་འབྲུག་རྒྱལ་བོ་དང་རྒྱལ་མོ་གཉིས་ཀྱི་གཉེན་སྒྲིག་གི་ཆོ་ག་སྒྲུབ་ཡུལ་ཏཱེ་པུ་ན་ཁ་རྫོང་འདི་ནི་ཆེད་དུ་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་གི་གནས་ཡུལ་ཁྱད་པར་ཅན་དུ་བདམས་ཤིང་། ས་གནས་དེར་ཉིན་འགའི་གོང་ནས་གཞུང་འབྲེལ་གྱིས་གུར་ཆེ་ཆུང་མང་པོ་ཕུབ་སྟེ། རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་སྐུ་མགྲོན་དང་འབྲུག་གི་ས་གནས་འདྲ་མིན་ནས་ཕེབས་པའི་ལྟད་མོ་བ་རྣམས་ལ་བཞུགས་གནས་གོ་སྒྲིག་ཞུས་ཡོད་ཅིང་། དེ་རིང་གཉེན་སྒྲིག་གི་བྱེད་སྒོ་དངོས་གཞི་གྲུབ་མ་ཐག་གཞས་སྣ་འཁྲབ་སྟོན་དབུ་འཛུགས་གནང་ཞིང་། འབྲུག་གི་ཡུལ་མི་ཚང་མས་ཀྱང་འཆོར་སྒེག་གི་རྒྱན་ཆས་སྤྲས་ཤིང་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་ཏེ་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱས་ཡོད།

ས་གནས་ནས་འབྱོར་བའི་གནས་ཚུལ་ནང་འདི་ལྟར་བཀོད་འདུག “ བཙུན་མོ་རྗེ་བཙུན་པད་མ་མཆོག་ནི་དུས་རབས་ཉེར་གཅིག་པའི་འབྲུག་རྒྱལ་ཁབ་ཀྱི་དགོས་འདུན་དང་དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ཏེ། མདུན་དུ་སྐྱོད་བཞིན་པའི་རྒྱལ་ཁབ་འདི་ལ་སྣེ་ཁྲིད་མཛད་པའི་རྒྱལ་བོའི་ལས་དོན་ལེགས་འགྲུབ་ཡོང་བའི་གཟི་བྱིན་དང་ཤེས་ཡོན་གཉིས་ལྡན་གྱི་བཙུན་མོ་ཞིག་ཆགས་ཡོད་ལ། ལོ་རྒྱུས་ཀྱི་དུས་ཚིགས་ཁྱད་པར་ཅན་འདི་ནི་འབྲུག་རྒྱལ་ཁབ་ཀྱི་ཡུལ་མི་ཡོངས་ཀྱིས་རང་དབང་དང་དམངས་གཙོ་ལྡན་པའི་དགའ་སྟོན་རྟེན་འབྲེལ་གྱི་དུས་བཟང་ཞིག་ཏུ་གྱུར་ཡོད། འབྲུག་གི་ཡུལ་མི་རྣམས་ཀྱིས་རྒྱལ་བོ་དང་བཙུན་མོ་རྣམ་གཉིས་ལ་སྐུ་ཚེ་རིང་བ་དང་ཞི་བདེ་ཡོང་བ། བཀྲ་ཤིས་བ་བཅས་ཀྱི་སྨོན་འདུན་དང་གུས་ཞབས་བྱས་ཏེ། རྒྱལ་བོའི་དབང་བསྒྱུར་རྒྱུན་ཆད་མེད་པར་གནས་ཐུབ་པར་ཡིད་ཆེས་དང་སྨོན་འདུན་ཞུས་ཡོད་ལ། རྒྱལ་བོ་དང་བཙུན་མོ་རྣམ་གཉིས་ཀྱིས་རང་གི་རྒྱལ་ཁབ་དང་ཁྱིམ་རྒྱུད་སྲུང་སྐྱོང་དང་། འབྲུག་གི་ཡུལ་མི་རྣམས་རང་གི་ཕ་མ་སྤུན་མཆེད་དང་བུ་ཕྲུག་ལྟར་གཟིགས་སྐྱོང་མཛད་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་ཕུལ་ཡོད ” ཅེས་བཀོད་འདུག

 

འབྲུག་རྒྱལ་བོ་དང་རྒྱལ་མོ་གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒོ་གཟབ་རྒྱས།

 

འབྲུག་རྒྱལ་བོ་དང་རྒྱལ་མོ་གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒོ་གཟབ་རྒྱས།

 

འབྲུག་རྒྱལ་བོ་དང་རྒྱལ་མོ་གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒོ་གཟབ་རྒྱས།

 

འབྲུག་རྒྱལ་བོ་དང་རྒྱལ་མོ་གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒོ་གཟབ་རྒྱས།

 

འབྲུག་རྒྱལ་བོ་དང་རྒྱལ་མོ་གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒོ་གཟབ་རྒྱས།

 

འབྲུག་རྒྱལ་བོ་དང་རྒྱལ་མོ་གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒོ་གཟབ་རྒྱས།

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 43

  1. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བཙན་བྱོལ་དུ་བསླེབས་ཚར་དུས་ང་ཚོ་གཞུང་གིས་ཆོས་ལུགས་དགེ་ལ་བསྡུ་འབྲུག་ཟ་ཚེར་བའི་སྲིད་བུས་དེ་ཚོས་འབྲུག་པ་གཞུང་དེ་ང་ཚོའི་གཞུང་ལ་མི་དགའ་བ་ཞིག་ཆགས་འདུག

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    འབྲུག་པ་རྣམས་དགེ་ལུགས་པར་མི་དགའ་བའི་རྒྱུ་མཚན་ཤེས་འདོད་ན། སྲིད་དོན་རྒྱལ་རབས་དང་རྒྱལ་དབང་ལྔ་པའི་རང་རྣམ་སོགས་ན་གཟིགས་ན་ཤེས་ཐུབ། དགའ་ལྡན་ཕོ་བྲང་པས་འབྲུག་ལ་དམག་དྲངས་པའི་ཚུལ་དང་། འབྲུག་ཡུལ་བཅོམ་ཆག་གྱ་ཉེས་བྱས་པའི་ཚུལ་ལ་བསམ་ན་ཁོང་རྣམས་ལ་ཁག་མི་འདུག་ཨང་སྙམ་པ་ཞིག་འདུག

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྐུ་བསོད་ཆེ་བའི་རྒྱལ་པོ་དང་བཙུན་མོ་རྣམ་གཉིས་ལ་ཕྲག་དོག་ཟ་མཁན་རེ་ཡོད་པ་འདྲ། དེ་ལས་ཡི་རང་དང་སྨོན་ལམ་རེ་བཏབ་ན་ཅིས་མི་དགའ། མ་མཐར་ཡང་རང་དབང་བརྩེ་དུང་གི་འཇིག་རྟེན་མཐུན་འབྲེལ་ལ་བཀྲ་ཤིས་བདེ་ལེགས་རེ་ཞུ་འོས།

    གལ་ཏེ་འབྲུག་དང་ལ་དྭགས་སོགས་བོད་ཀྱི་རིགས་དང་སྐད་ཡིག་རིག་གཞུང་ཅན་འདི་དག་ཡར་རྒྱས་རེ་སོང་ན་དེ་ཡང་བོད་དོན་བདེན་མཐུའི་ཆ་ཤས་ཤིག་ཅི་ལ་མིན།

    Reply
  4. རོ་ལངས། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ཟེར་བ་དེས། ཛ་དྲག་གི་གནས་སྐབས་འདིར་གཅིག་སྒྲིལ་གྱི་ནུས་པ་ཁ་འཐོར་དུ་གཏོང་ཐབས་བྱེད་ཀྱི་འདུག དགྲ་དགའ་གཉེན་སྡུག་གི་ཅོལ་གཏམ་འདི་རིགས་སྐྱར་དུ་མི་ཡོང་བའི་རེ་བ་ཡོད།

    Reply
  5. རོ་ལངས། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ཟེར་བ་དེས། ཛ་དྲག་གི་གནས་སྐབས་འདིར་གཅིག་སྒྲིལ་གྱི་ནུས་པ་ཁ་འཐོར་དུ་གཏོང་ཐབས་བྱེད་ཀྱི་འདུག དགྲ་དགའ་གཉེན་སྡུག་གི་ཅོལ་གཏམ་འདི་རིགས་སྐྱར་དུ་མི་ཡོང་བའི་རེ་བ་ཡོད།

    Reply
  6. སྐལ་བཟང་ཚེ་རིང་། says:
    ལོ་ 14 སྔོན།

    སྒྲོལ་མ་ལགས། ཁྱེད་ཀྱི་དྲ་བ་དེ་ལན་གསལ་བོ་ཞིག་འདི་ན་འདུག དེ་ཡང་དུས་རབས་དགུ་ བའི་གོང་དུ་བྱུང་བའི་འབྲུག་ཡུལ་གྱི་གནས་ཚུལ་རྣམས་གསལ་བོ་ཤེས་རྟོགས་བྱུང་ མེད་པ་དང་། དེའི་རྗེས་སུ། བོད་དུ་བླ་མ་ཆེ་ཁག་དང་ཆོས་ལ་དད་པ་ཡོད་མཁན་མང་བོ་དམར་གསོད་དུ་བཏང་བའི་དྲག་ པོའི་ཟིང་ཆ་བྱུང་བའི་སྐབས་སུ་བོད་ཀྱི་གྲྭ་བ་མང་བོ་འབྲུག་ཏུ་བྲོས་བྱོལ་དུ་ བསླེབས་ཤིང་། གནས་དེར་གཞིས་ཆགས་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་དར་སྤེལ་བྱུང་བ་ལ་བརྟེན་ནས་ ལོ་རྒྱུས་ཀྱི་འཕེལ་ཁ་ཇེ་རྒྱས་སུ་ཕྱིན་པ་རེད། དུས་རབས་༡༢་བའི་ནང་དུ་འབྲུག་ཏུ་འབྲུག་པ་བཀའ་བརྒྱུད་དར་སྤེལ་བྱུང་བ་དང་། དེ་ནས་འབྲུག་གི་ཆབ་སྲིད་ཀྱི་ལོ་རྒྱུས་རྣམས་བོད་ཀྱི་ཆོས་བརྒྱུད་ཀྱི་ལམ་ལུགས་ རྨང་གཞིར་བཟུང་བའི་སྟེང་ནས་གོང་འཕེལ་དུ་བྱུང་བ་དང་། འབྲུག་ཡུལ་ནི། ཡུན་རིང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་སྣ་མང་ལ་བརྟེན་ནས་རིམ་བཞིན་རང་བཙན་གཙང་ མའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཐུབ་པར་གྱུར་ཡོད། དུས་རབས་བདུན་པའི་དཀྱིལ་ནས་དུས་རབས་དགུ་བའི་བར་དུ་བོད་ཀྱི་རྒྱལ་རབས་ཀྱི་ སྲིད་དབང་གི་འོག་ཏུ་གནས་ཡོད་པར་བཤད་པ་དང་། དེའི་རྗེས་སུ། འབྲུག་ཡུལ་དུ་གཅིག་གྱུར་གྱི་དབང་བསྒྱུར་མེད་པར་ས་གནས་ཁག་ཁ་འཐོར་དུ་གནས་པའི་ ཡུལ་གྱི་དཔོན་པོ་བྱུང་བ་དང་། སྤྱི་ལོ་༡༦༡༦་ལོའི་ནང་དུ། བོད་ཀྱི་གཙང་སྟོད་ནས་ཡིན་པའི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འབྲུག་ ཡུལ་དུ་ཕེབས་ནས། ཁོང་གིས་འབྲུག་ཡུལ་ནི་གཅིག་གྱུར་གྱི་ཡུལ་གྲུ་ཞིག་ཏུ་བཟོས་ཤིང་། འབྲུག་པའི་རིག་གཞུང་གི་ངོ་བོ་སོགས་བོད་ཀྱི་ཤེས་རིག་གི་ཁྱད་ཆོས་ལས་ཁ་བྲལ་དུ་ གནས་པར་འབད་བརྩོན་གནང་བ་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ནི་བོད་ཀྱི་གཙང་རྭ་ལུང་དགོན་པ་ནས་ཡིན་པ་དང་ འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་འཛིན་མཁན་འབྲུག་པ་མི་ཕམ་བསྟན་པའི་ཉི་མ་དང་སྡེ་ བ་སྐྱིད་ཤོད་པའི་སྲས་མོ་བསོད་ནམས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་ཡིན། གཞོན་དུས་ཁོང་ནི་རྒྱལ་དབང་འབྲུག་ཆེན་གྱི་ཡང་སྲིད་ལ་ངོས་འཛིན་མཛད་དེ། གཙང་རྭ་ལུང་དགོན་པར་ཁྲི་འདོན་གནང་ནའང་འབྲུག་ཆེན་པདྨ་དཀར་བོའི་རྗེས་འབྲངས་པ་ ལྷ་རྩེ་ངག་དབང་བཟང་བོ་སོགས་ཀྱིས་ངོས་ལེན་མ་གནང་པ་དང་། ཡིན་ཡང་། ཁོང་གིས་མུ་མཐུད་དུ་འབྲུག་པ་བཀའ་བརྒྱུད་ཀྱི་མ་དགོན་རྭ་ལུང་དུ་མུ་མཐུད་དུ་ རྒྱུན་བཞུགས་དང་ཁྲི་འཛིན་གནང་བ་ལ་གཞན་གྱིས་དབྱེན་སྦྱོར་སྣ་མང་བརྩམས་པ་དང་། བོད་ཀྱི་གཙང་པ་སྡེ་སྲིད་ལགས་ཀྱིས་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འཛིན་བཟུང་ བྱེད་པར་གྲ་སྒྲིག་བྱས་པ་ལ་བརྟེན་ནས། སྤྱི་ལོ་༡༦༡༦་ལོར་ཁོང་བོད་ནས་ཕྱོགས་ཐོན་མཛད་དེ་འབྲུག་ཏུ་ཕེབས་པ་དང་དེའི་ ནུབ་ཕྱོགས་ཀྱི་ས་གནས་ཁག་ཏུ་རྟེན་གཞི་བྱས་ནས་རྒྱུན་བཞུགས་གནང་བར་མ་ཟད། ཐིམ་པུ་ལུང་གཞོངས་ཀྱི་སྟོད་ཕྱོགས་སུ། སྤྱི་ལོ་༡༦༢༠་ལོར་འབྲུག་པ་བཀའ་བརྒྱུད་ཀྱི་ཆག་རི་དགོན་པ་ཕྱག་འདེབས་མཛད་ཅིང་། འབྲུག་ཡུལ་དུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་རྒྱུན་རིམ་བཞིན་གསར་བཏོད་གནང་བ་ རེད། ད་དུང་སྤྱི་ལོ་༡༦༢༩་ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་གི་ཐིམ་པུ་ ཕྱོགས་སུ་བསམ་སྟོད་ཀ་རྫོང་སྟེ་སྲིད་འཛིན་གྱི་ལྟེ་བ་གསར་འཛུགས་གནང་ཞིང་། དུས་རབས་༡༢་ནས་འབྲུག་གི་ནང་དུ་དར་ཁྱབ་བྱུང་བའི་ལྷ་པ་བཀའ་བརྒྱུད་དང་རྙིང་མ་ ཆོས་བརྒྱུད་བཅས་ཀྱིས་བདག་འཛིན་བྱས་པའི་ས་ཆ་ཁ་ཤས་ཤིག་ལ་དབང་བསྒྱུར་མཛད་ཅིང་། དེ་ནས་རིམ་གྱིས་འབྲུག་གི་ས་ཁུལ་ཡོངས་སུ་ལས་འགུལ་སྣ་མང་གཅིག་རྗེས་གཉིས་མཐུད་ དུ་སྤེལ་བ་ལ་བརྟེན་ནས། འབྲུག་ཡོངས་རྫོགས་གཅིག་གྱུར་གྱི་དབང་བསྒྱུར་མཛད་པའི་ཐབས་བྱུས་བཤམས་པ་རེད། འབྲུག་གི་ཁྲིམས་ཀྱི་བཅའ་ཡིག་ཆེན་མོ་བཟོས་ཤིང་། བོད་ཀྱི་སྡེ་བ་གཞུང་གི་སྲིད་ཀྱི་དབང་བསྒྱུར་ལས་ལོགས་སུ་བགར་བ་དང་། ཞབས་དྲུང་ཞེས་པའི་མིང་གི་གོ་གནས་སོགས་བཟུང་སྟེ་འབྲུག་གི་དགོན་སྡེ་དང་མི་ སྡེ་ཁག་གི་སྲིད་ཀྱི་འཛིན་སྐྱོང་གི་ལམ་ལུགས་གསར་དུ་བཏོད་ཡོད། དེ་ནས་སྤྱི་ལོ་༡༦༥༡་ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་ནི་ སྐུ་འདས་གྲོངས་སུ་ཕྱིན་པ་རེད། དེའི་རྗེས་སུ་སྲིད་ཀྱི་དབང་ཆ་མཐའ་དག་ཁོང་གི་རྗེས་འབྲངས་བ་ཡིན་པའི་ས་གནས་ དཔོན་སློབ་རྣམས་ཀྱིས་མཇུག་སྐྱོང་གནང་བ་དང་། ཁོང་སྐུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ནི་ས་གནས་དཔོན་སློབ་རྣམས་ཀྱིས་ལོ་ ངོ་༥༤་རིང་དུ་གསང་རྒྱ་མཛད་དེ་མུ་མཐུད་དུ་ཁོང་གི་ལས་དོན་རྣམས་རྒྱུན་འཛིན་ གནང་པ་རེད། ད་ལྟའང་འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འདས་གྲོངས་སུ་ཕྱིན་པའི་ཉིན་ མོ་དེ་འབྲུག་རྒྱལ་ཡོངས་ཀྱི་གུང་གསེང་ཞིག་ལྟར་དུ་བོད་ལུགས་ཀྱི་ཟླ་བཞི་བའི་ ཚེས་བཅུ་ལ་སྲུང་བརྩི་ཞུ་བཞིན་པ་རེད། དེ་ནས་རིམ་གྱིས་འབྲུག་གི་ས་གནས་ཁག་ཏུ་ལོ་ངོ་ཉིས་བརྒྱའི་རིང་དུ་མི་དམངས་ནང་ ཁུལ་ལ་སྲིད་དབང་རྩོད་ལེན་དང་འཐབ་འཛིང་ནང་འཁྲུག་གི་རྒྱུན་མ་ཆད་པར་བསྟུད་མར་ བྱུང་བ་ཁག་བརྒྱུད་ནས། སྤྱི་ལོ་༡༨༨༥་ལོར་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་གིས་འབྲུག་གི་སྲིད་ དབང་མཐའ་དག་གཅིག་ཏུ་བསྒྲིལ་པ་དང་། དེ་ནས་ཨིན་ཇི་དང་རྒྱ་གར་མཉམ་དུ་མཐུན་སྒྲིལ་གྱི་ཆིངས་ཡིག་རྒྱུད་འཛིན་བྱས་པ་ རེད། ཨོ་རྒྱན་དབང་ཕྱུག་ནི་སྤྱི་ལོ་༡༨༦༢་ལོར་ཀྲོང་གསར་རྫོང་གི་དཔོན་སློབ་ཀྱི་གོ་ གནས་འཛིན་པའི་འཇིགས་མེད་རྣམ་རྒྱལ་དང་ཨ་ཞེ་པད་མ་ཆོས་སྐྱིད་གཉིས་སུ་འཁྲུངས་པ་ དང་། ཡབ་དམ་པའི་དཔོན་སློབ་ཀྱི་གོ་གནས་རྒྱུན་འཛིན་དང་ཆབ་སྲིད་ཀྱི་དགྲ་བོ་རྣམས་ཕམ་ པར་མཛད་པ་ལ་བརྟེན་ནས། འབྲུག་གི་རྒྱལ་ས་རྙིང་བ་སྤུ་ན་ཁའི་མི་དམངས་ཀྱིས་ཁོང་ནི་འབྲུག་གི་རྒྱལ་བོར་ བདམས་པ་དང་། སྤྱི་ལོ་༡༩༠༧་ལོའི་ཟླ་༡༢་པའི་ཚེས་༡༧་ཉིན་ལ་འབྲུག་གི་རྒྱལ་བོའི་དབུ་ཞྭ་ལེགས་ པར་བསྣམས་ཡོད་པ་རེད། སྤུ་ན་ཁ་ནི་འབྲུག་ཡུལ་ལ་རྫོང་ཁག་ཉི་ཤུ་ཡོད་པའི་ནང་གི་གཅིག་ཡིན་པ་དང་། དེ་ནི་སྤྱི་ལོ་༡༩༥༥་ལོའི་བར་དུ་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ས་དང་སྲིད་འཛིན་གྱི་ ས་གནས་ཤིག་ཏུ་གྱུར་ཡོད། དེའི་རྗེས་སུ་རྒྱལ་ས་ཐིམ་པུ་ལ་གནས་སྤོར་གནང་ཡོད། སྤྱི་ལོ་༡༩༡༠་ལོའི་ནང་དུ་ཁོང་གིས་ཨིན་ཇི་དང་མཉམ་དུ་སྤུ་ན་ཁའི་ཆིངས་ཡིག་བཞག་ ནས་ཨིན་ཇིའི་རྒྱ་གར་གཞུང་གིས་འབྲུག་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་མི་ བྱེད་པར་བཟོས་པ་རེད། སྤྱི་ལོ་༡༩༢༦་ལོར་ཨོ་རྒྱན་དབང་ཕྱུག་སྐུ་གྲོངས་པའི་རྗེས་སུ། ཁོང་གི་སྲས་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་གིས་རྒྱལ་བོའི་རྒྱུན་ འཛིན་གནང་ནས་སྲིད་ཀྱི་གོ་གནས་བཟུང་བ་རེད། སྤྱི་ལོ་༡༩༤༧་ལོར་རྒྱ་གར་རང་བཙན་ཐོབ་པའི་སྐབས་སུ། རྒྱ་གར་གྱི་གཞུང་གསར་བས་འབྲུག་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་ ཡོད། ལོ་དེར་རྒྱ་གར་དང་འབྲུག་གཉིས་ཀྱིས་ཞི་བདེ་དང་མཛའ་མཐུན་གྱི་ཆིངས་ཡིག་ལ་མཚན་ རྟགས་བཀོད་པ་དང་། རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ཀྱི་ནང་དུ་རྒྱ་གར་གྱིས་འབྲུག་ལ་བཀོད་འདོམས་ བྱེད་པ་ལས་འབྲུག་གི་ནང་སྲིད་ལ་ཐེ་བྱུས་མི་བྱེད་པར་འགན་ལེན་བྱས་ཡོད། སྤྱི་ལོ་༡༩༥༢་ལོར་ཁོང་གི་སྲས་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ ཕྱུག་གིས་རྒྱལ་བོའི་གོ་གནས་བཞེས་པ་དང་། དེ་ནས་འབྲུག་རྒྱལ་ཁབ་རིམ་བཞིན་ཡར་རྒྱས་ཀྱི་རྣམ་པ་བྱུང་ཞིང་། སྤྱི་ལོ་༡༩༧༡་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཚུད་ ཡོད། ཁོང་གིས་འབྲུག་ཏུ་རྒྱལ་ཡོངས་གྲོས་ཚོགས་དང་རྒྱལ་བོའི་དམག་དཔུང་དང་མཐོ་རིམ་ ཁྲིམས་ཁང་སོགས་བཙུགས་ནས་དེང་རབས་སུ་ཕྱོགས་སུ་བསྐྱོད་པའི་འགོ་བརྩམས་ཡོད། སྤྱི་ལོ་༡༩༧༢་ལོར་རྒྱལ་བོ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གློ་བུར་དུ་འདས་ གྲོངས་སུ་ཕྱིན་པའི་རྗེས་སུ། ཁོང་གི་སྲས་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་ལགས་དགུང་ལོ་བཅུ་ བདུན་སྟེང་རྒྱལ་བོའི་ཁྲི་ལ་འཁོད་ཅིང་། སྤྱི་ལོ་༡༩༧༤་ལོའི་ཟླ་༦་ཚེས་༢་ཉིན་ལ་འབྲུག་རྒྱལ་བོའི་དབུ་ཞྭ་གསོལ་བ་རེད། ཁོང་ནི་འཛམ་གླིང་འདིའི་ནང་གི་རྒྱལ་བོ་གཞོན་ཤོས་དེ་ཆགས་པ་དང་། འབྲུག་དང་། རྒྱ་གར། ཨིན་ཇི། ཨ་རི་སོགས་ཀྱི་མཐོ་སློབ་ཁག་ཏུ་དེང་རབས་ཀྱི་ཤེས་ཡོན་སྣ་མང་ལ་སློབ་སྦྱོང་བྱས་ མྱོང་བའི་མི་སྣ་ཞིག་ཡིན་པས། རྒྱལ་སྤྱིའི་གནས་ཚུལ་ལ་ཤེས་རྟོགས་ཟབ་པ་དང་འབྲུག་ཏུ་དེང་གི་ཤེས་ཡོན་སློབ་ གསོ་དང་། ཆབ་སྲིད་འཛིན་སྐྱོང་། ཡུལ་སྐོར་ལྗོངས་རྒྱུ། དཔལ་འབྱོར་བཅོས་བསྒྱུར། རྒྱལ་ཡོངས་བདེ་སྐྱིད། དམངས་གཙོའི་ལྟ་གྲུབ་ལ་སོགས་གོང་འཕེལ་དང་ཡར་རྒྱས་སུ་བཏང་བའི་རླབས་ཆེན་གྱི་ མཛད་རྗེས་ཡོད་པ་ཞིག་ཡིན། འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ཡང་སྲིད་ཀྱི་སྐོར་ལ་སྐུ་གསུང་ ཐུགས་ཀྱི་སྤྲུལ་བ་སོགས་རྩོད་རྙོག་སྣ་མང་གི་ཁྲོད་དུ་འབྲུག་སྡེ་སྲིད་དང་། རྗེ་མཁན་པོ། དཔོན་སློབ་གསུམ་གྱིས་ངོས་འཛིན་སྟངས་མི་འདྲ་བ་མང་བོ་རིམ་པར་བྱོན་པ་དང་འབྲུག་ གཞུང་གིས་ཁོང་གི་སྤྲུལ་སྐུ་ལ་བཀག་སྡོམ་གྱི་བྱེད་ཐབས་ཀྱང་མཛད་པ་རེད། གཞན་ཡང་། རྒྱ་གར་གྱི་མོན་རྟ་དབང་དགོན་པ་དང་། བོད་སོགས་སུའང་ཁོང་གི་ཡང་སྲིད་བྱུང་ཡོད་པ་སྟེ། དེང་སང་ཨི་ཏ་ལིར་བཞུགས་པའི་བོད་རིགས་མཁས་དབང་ནམ་མཁའི་ནོར་བུ་ཡང་ཞབས་དྲུང་ ངག་དབང་རྣམ་རྒྱལ་གྱི་ཡང་སྲིད་ཡིན་པར་བཤད་དོ། ། ད་དུང་དེང་སང་འབྲུག་ཏུ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྤྲུལ་སྐུ་ལ་ངོས་འཛིན་ གནང་བའི་ཕྲུ་གུ་ལོ་ཆུང་ཆུང་ཞིག་ཡོད་པ་སྤྱི་ལོ་༢༠༠༥་ལོ་ནས་བཟུང་ཕ་མ་དང་མཉམ་ དུ་བཟང་བཙོན་དུ་བཞག་ཡོད་པར་བཤད་པ་རེད། སྤྱི་ལོ་༢༠༠༦་ལོའི་ཟླ་༡༢་བའི་ཚེས་༡༤་ཉིན་དུ་འབྲུག་རྒྱལ་བཞི་བ་འཇིགས་མེད་ སེང་གེ་དབང་ཕྱུག་གིས་རྒྱལ་བོའི་སྲིད་དབང་གི་གོ་གནས་ལས་དགོངས་པ་ཞུས་ནས། སྲས་འབྲུག་རྒྱལ་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་རྒྱལ་ཚབ་ཏུ་བསྐོ་ བཞག་གནང་བ་རེད། སྤྱི་ལོ་༢༠༠༨་ལོའི་ཟླ་༡༡་པའི་ཚེས་༦་ཉིན་དུ་འབྲུག་གི་གནའ་བོའི་གྲོང་ཁྱེར་ རྙིང་བ་སྤུ་ན་ཁ་རུ་གཞུང་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་གི་སྟེང་དུ་སྲས་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལ་རྒྱལ་བོའི་དབུ་ཞྭ་དེ་གསོལ་བ་རེད། སྐབས་དེར་རྒྱ་གར་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ཐེ་བའི་ཕྱི་རྒྱལ་གྱི་ སྐུ་མགྲོན་མང་བོ་མཉམ་ཞུགས་གནང་ཡོད། སྲས་འཇིགས་མེད་གེ་སར་ནི་འབྲུག་རྒྱལ་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་ལ་ བཙུན་མོ་བཞི་ཡོད་པའི་ནང་གི་གསུམ་པ་ཨ་ཤེ་ཚེ་རིང་གཡང་སྒྲོན་གྱི་སྲས་རྒན་པ་ ཡིན། ཁོང་གིས་ཆུང་དུས་འབྲུག་ཏུ་གཡང་ཆེན་པུ་འབྲིང་རིམ་སློབ་གྲྭར་སློབ་སྦྱོང་བྱས་ པ་དང་། དེ་ནས་རིམ་བཞིན་ཨ་རི་ནང་དུ་མཐོ་སློབ་ཁག་ཁ་ཤས་ལ་འགྲིམས་པའི་རྗེས་སུ་ཨིན་ ཇིའི་ཨོ་ཁུ་སི་ཕོར་ཏྲི་སློབ་ཆེན་དུ་ཕྱི་ཕྱོགས་ཀྱི་ཞབས་ཞུ་སྒྲིག་གཞི་དང་ རྒྱལ་སྤྱིའི་འབྲེལ་ལམ་སྐོར་ལ་སློབ་གཉེར་བྱས་ནས་སློབ་ཐོན་ཕྱིན་པ་རེད། སྤྱི་ལོ་༢༠༡༡་ལོའི་ཟླ་༥་བའི་ཚེས་༢༠་ཉིན་དུ་རྒྱལ་བོ་འཇིགས་མེད་གེ་སར་གྱིས་ རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་དུས་བདུན་པའི་སྒོ་འབྱེད་མཛད་སྒོ་གནང་བའི་ སྐབས་སུ། ཁོང་ནི་སྤྱི་ལོ་༢༠༡༡་ལོའི་ཟླ་༡༠་བའི་ཚེས་༡༣་ཉིན་དུ་སྤུ་ན་ཁ་གྲོང་ཁྱེར་དུ་ རང་ལོ་ཉེར་གཅིག་ཡིན་པའི་འབྲུག་གི་མི་སེར་དཀྱུས་མ་རྗེ་བཙུན་པདྨ་ལགས་ལ་ འཁྲུངས་ས་བསྐྱོན་རྒྱུ་ཡིན་པར་གསལ་བསྒྲགས་བསྐྱངས་པ་རེད། དེ་ལྟར་དུ་ཉིན་དེར་འབྲུག་གི་ཆུ་བོ་ཕོ་ཆུ་དང་མོ་ཆུ་ཟེར་བ་གཉིས་འཛོམས་སའི་ གནས་ཏེ་པུ་ན་ཁ་རྫོང་དུ་མཛེས་སྡུག་གི་ཡོན་ཏན་ཡོངས་སུ་རྫོགས་པའི་རྗེ་བཙུན་པད་ མ་མཆོག་འབྲུག་གི་སྲོལ་རྒྱུན་ཆོས་ལུགས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ རྒྱ་ཆེན་པོ་ཞིག་དང་མཉམ་དུ་རྒྱལ་བོའི་ཁབ་ཏུ་བཞེས་ཡོད་པ་རེད།

    Reply
  7. བཀྲ་ཤིས། says:
    ལོ་ 14 སྔོན།

    ཐུབ་བསྟན་ལགས།
    དུས་བབ་དྲ་ཐོག་འདི་ན་བཀྲ་ཤིས་མིང་ཅན་ཁ་ཤས་ཡོད་ས་རེད། གང་ལྟར་ཡང་ ༸རྗེ་བདག་ཉིདན་ཆེན་པོ་ཙོང་ཁ་པའི་ཞལ་ནས།
    བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །
    བསམ་པ་ངན་ན་ས་དང་ལམ་ཡང་ངན། །
    ཞེས་གསུང་པའི་གདམས་ངག་དེ་ཡིད་ལ་མ་བརྗེད་རོགས། ཐམས་ཅད་ལ་བསམ་པ་བཟང་པོ་རེ་ཨེ་སྐྱེ་ལྟོས་མ་གཏོགས། ཚེ་ཕྱི་མ་གནོད་སྦྱིན་འདྲའི་སྐྱེ་བ་བླངས་སོང་ན་དེ་དུས་བྱ་ཐབས་ཡོད་མ་རེད།

    Reply
  8. ཐུབ་བསྟན། says:
    ལོ་ 14 སྔོན།

    འབྲུག་པའི་བུ་མོར་མཛེས་སྡུག་ལྡན་ཡང་བཀྲ་ཤིས་ཀྱི་མཇེས་འབྲུག་རྒྱལ་གྱི་ཕོ་བྲང་ལ་སྙོམས་མི་ཡོང་ངེས་ཅན་རེད། ཐོབ་བྱ་མེད་པའི་འདོད་རྔམས་ཀྱིས་རང་སྡུག་ཉོ་དོན་ཅི་ཡོད།

    Reply
  9. ཐུབ་བསྟན། says:
    ལོ་ 14 སྔོན།

    འབྲུག་པའི་བུ་མོ་མཐོང་བས་བཀྲ་ཤིས་ཟེར་བ་འདིས་ཁ་ནས་ཅི་ཤོར་མི་ཤེས་པའི་ཚད་ལ་སླེབས་འདུག

    Reply
  10. ཐུབ་བསྟན། says:
    ལོ་ 14 སྔོན།

    བཀྲ་ཤིས་ཟེར་བ་འདི་མི་ཤེས་ཤེས་མདོག་བྱེད་མཁན་ཞིག་རེད། འབྲུག་རྒྱལ་ཁབ་ཟ་དགོས་ཟེར་མཁན་སུ་འདུག ལོག་བཤད་མ་བྱེད་ལོ། ཡག་པོ་སྡོད།

    Reply
  11. ཐུབ་བསྟན། says:
    ལོ་ 14 སྔོན།

    འབྲུག་གི་མཛེས་མ་འདིས་ང་ཚོར་ཅིག་བྱེད་གི མི་སྐྱ་ཚོས་བཟའ་ཟླར་སོམས། གྲྭ་བ་ཚོས་སྡོམ་པར་སོམས། མང་པོ་མ་ལྟ་མ་གཏོགས་ཅིག་བྱེད་ཀི། ཅིག་བྱེད་ཀེ ཅིག་བྱེད་ཀེ

    Reply
  12. བཀྲ་ཤིས། says:
    ལོ་ 14 སྔོན།

    དྲ་གྲོགས་འགྱུར་མེད་བསྟན་འཛིན་དང་། འཁྱམས་པོ་ལགས།
    ལྷོ་འབྲུག་ཆོས་ཀྱི་རྒྱལ་ཁབ་ནི་འཛམ་གླིང་འདི་ན་བོད་བརྒྱུད་གསང་སྔགས་ཀྱི་བསྟན་པ་དར་སའི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་རེད། ཁོང་ཚོ་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་རེད། ཁོང་ཚོ་གུ་རུ་་པདྨའི་ཆོས་བརྒྱུད་འཛིན་པའི་ལུང་པ་ཨང་དང་པོ་དེ་ཆགས་ཡོད། གུ་རུ་གཏེར་ལུང་ཁག་ཏུ་གསལ་བའི་ལམ་སྟོན་འོག་ཤར་བསྐྱོད་བྱས་པར་བརྟེན་ཕྱི་རྒྱལ་གྱི་འོག་ཏུ་མ་ཚུད་པར་དང་དབང་བདེ་སྐྱིད་ངང་དུ་ལྷག་ཡོད་བཤད་ཀི་རེད།
    འབྲུག་བོད་གཉིས་ཀ་མཚམས་རེ་རྩོད་རྙོག་ཕྲན་བུ་བྱུང་མྱོང་ཡོད་མོད། དེ་འདྲ་བོད་ཁམས་ནང་ལོགས་སུ་གང་མང་བྱུང་མྱོང་ཡོད་པ་རེད། བོད་པ་ནང་ཁུ་ས་འབྲུ་གཉིས། ཀར་དགེ་གཉིས། སོག་ཇུན་གར་གྱི་དམག་སྣེ་དྲངས་པའི་ལོ་རྒྱུས་ལྟ་བུ་ཛ་དྲག་གི་གནས་ཚུལ་དེ་འདྲ་འབྲུག་བོད་བར་བྱུང་མྱོང་ཡོད་མ་རེད།
    སྡེ་སྲིད་སངས་རྒྱམ་སྐབས་ཙམ་ལ་ས་མཚམས་རྩོད་རྙོག་དེ་ཙམ་མ་ལ་ཞེ་འཁོན་དུ་འཛིན་མི་རུང་། སྐབས་རེ་གཟའ་ཚང་བར་ལ་ཡང་གཟའ་འཛིང་བྱུང་གི་ཡོད་པ་རེད།

    མི་རིགས་ནི་བོད་རིགས་ཡིན་ན་ཡང་དེ་འདྲ་ཧི་མ་ལའི་རི་རྒྱུད་གང་སར་ཡོད་ཙང་འབྲུག་པ་ལ་ཡུས་འདོན་རྒྱུས་ཡོད་མ་རེད། བོད་པ་སྐྱབས་བཅོལ་བ་ཚོ་འདུག་མ་ཤེས་པར་མིའི་ལུང་པ་ཟ་རྒྱུ་ཡིན་ལབ་ན་འབྲུག་པ་མིན་རུང་རྙོག་དྲ་ཡོང་གི་རེད།
    ངས་དེ་རིང་་་འགྱུར་མེད་བསྟན་འཛིན་ཚང་གི་ཁྱིམ་ཚང་ཟ་རྒྱུད་ཡིན་ལབ་ཡང་ཁྱོད་ཤི་ང་གསོན་མ་བྱས་པར་ཟ་རྒྱུ་རག་གི་མ་རེད། ཚང་མ་གཅིག་པ་རེད།
    རྒྱལ་བ་གདན་ཞུས་བྱེད་མིན་དེ་གཅིག་ནས་རྒྱལ་ཁབ་ཆུང་ཆུང་ཡིན་ཙང་ཁྱིམ་མཚེས་རྒྱ་ནག་ལ་ཞེད་སྣང་དགོས་པའི་གནས་ཚུལ་གཅིག་ཡོད་རེད།
    གཉིས་ནས་ལོ་རྒྱུས་ནང་དགེ་ལུགས་དང་བཀའ་བརྒྱུད་བར་གྱི་རྙོག་དྲ་དང་ལྷག་དོན་འབྲུག་ཀུན་མཁྱེན་པདྨ་དཀར་པོ་བོད་ནས་སྡོད་མ་བཅུག་པར་ལྷོ་འབྲུག་ཏུ་བྲོས་བྱོལ་སོང་བའི་བརྒྱུད་རིམ་ནང་འབྲུག་པ་བཀའ་བརྒྱུད་ཚོས་དགེ་ལུགས་ཆོས་བརྒྱུད་འཛིན་ཚོ་ལ་དུས་ནམ་ཡང་བཙོན་པར་འཛིན་པའི་འདུ་ཤེས་ཤིག་ཀྱང་ཡོད་ཡོད་པ་རེད། དེ་འདྲའི་རྒྱུ་སྐྱེན་མང་པོ་ཡོད་རེད།

    Reply
  13. འཁྱམས་པོ། says:
    ལོ་ 14 སྔོན།

    རེད། འབྲི་མཁན་དང་རྟེན་འབྲེལ་ཞུ་མཁན་མང་པོ་འདུག ཡིན་ཡང་དོན་དངོས་སུ་ཁོ་ཚོ་སུ་དང་གང་རེད། གལ་སྲིད་བོད་པའི་རིགས་རྒྱུད་ཡིན་ན་བོད་དོན་ལ་་ཅི་ཞིག་བྱས་སོང་ཐ་ན་བོད་པ་ཉུང་ཤས་ཞིག་དེར་གཞིས་ཆགས་པ་ཚོར་ཡང་དཀའ་ངལ་མི་ཉུང་པ་རེ་སྤྲད་བཞིན་ཡོད་པ་ཐོས་སོང་། །
    བོད་རིགས་མིན་ན་གནས་ཚུལ་ལོགས་ག་རེད།
    གང་ཡང་མིན་ནའང་ཆོས་རྒྱུད་བོད་ནས་ཆད་པ་ཐག་གིས་ཆོད་དེ་ལ་བསམ་ན་བོད་པ་ཚོར་ཅུང་ཞིག་བསམ་ན་རན་པ་འདྲ། ད་བར་དུ་༧གོང་ས་མཆོག་འཛམ་གླིང་གི་ཡུལ་གང་དང་གང་ལ་ཕེབས་ནའང་མི་རིགས་དེས་རོགས་སྐྱོར་གང་འདྲ་འདུག འབྲུག་ཡུལ་དུ་ཕེངས་པ་ཞིག་གོ་མ་མྱོང་་ལ་འབྲུག་ཡུལ་གྱིས་ཀྱང་དེའི་སྐོར་ཚིགས་གཅིག་གླེང་པ་མ་ཐོས།
    དྲ་གྲོགས་ཚོ། དོན་དངོས་སུ་བོད་འབྲུག་གཉིས་ཀྱི་འགལ་འབྲེལ་སྐོར་ཤེས་མཁན་ཞིག་ཡོད་དམ། ཇི་བྱུང་པ་དང་གང་འབྲེལ་པ་རེད།

    Reply
  14. བཀྲ་ཤིས། says:
    ལོ་ 14 སྔོན།

    ཆོས་ལྡན་འབྲུག་གི་རྒྱལ་ཁམས་ཀྱི་གནས་བབ་མཐོ་ཤོས་ཀྱི་གཞོན་ནུ་ཕོ་མོ་ཟུང་ཞིག་འདི་ལྟར་འཇིག་རྟེན་མཐུན་འཇུག་གི་བྱེད་སྒོ་དབུ་ཚུགས་ལ་བཀྲི་བདེ་ལེགས་གྲངས་མེད་དང་། དགེ་ཆོས་ལགས་ཀྱིས། འདོད་པའི་ཁམས་ན་བདེ་བ་མང་མོད་ཀྱང་། །བོ་མོའི་འཕོང་ལས་ལྷག་པ་ཡོད་རེ་སྐན། །ཞེས་གསུངས་པའི་བདེ་སྐྱིད་དེ་ཁྱེད་གཉིས་ཀྱི་རྟག་ཏུ་མྱོང་ཐོབ་པའི་སྨན་ལམ་ཡོད་དོ། །
    དངོས་གནས་ཁྱེད་རང་གཉིས་མི་ཚེ་དོན་ལྡན་རེད། དེང་སང་གི་ཨ་ནེ་དང་གྲྭ་པ་ལྟ་བུའི་ཆེ་ཆེ་བའི་མཁྲིག་སྲེད་ཀྱི་བདེ་བ་མེད་པའི་མི་ཚེ་དེས་ཅི་བྱེད།

    Reply
  15. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ།

    གཅིག
    སྔོན་མ་འབྲུག་པས་འབྲུག་ལ་ཡོད་པའི་བོད་པ་ཚོ་སྒལ་ཚིག་ལ་མེ་གཏུགས་ནས་དམྱལ་བ་མི་ཡུལ་ནས་མྱང་དགོས་བ་བཟོས་ནས་ཕྱིར་འབུད་བྱ་དགོས་བའི་རྒྱུ་མཚན་ངོ་མ་དེ་གང་ལ་ཐུག་ཡོད་་དམ་ངོ་སྤྲོད་གཅིག་གནང་རོགས།
    གཉིས་པ།
    འབྲུག་གཞུང་དེ་དགེ་ལུགས་པ་ལ་མི་དགའ་བའི་རྒྱི་མཚན་གང་ལ་ཐུག་ཡོད།
    ང་རང་དངོས་སུ་འབྲུག་ལ་འགྲོ་དུས་འབྲུག་གི་མི་དེ་ཚོས་རྒྱལ་བ་རིན་པོ་ཆེ་ལ་དད་གུས་གཏན་ནས་མེད་པར་མཐོང་སོང།
    གནས་ཚུལ་དེ་ཚོ་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ་དོན་ངོ་མའི་གནས་ཚུལ་གཅིག་ངོ་སྤྱོད་གནང་དང།

    Reply
  16. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    འབྲུག་རྒྱལ་དང་པོ། ཨོ་རྒྱན་དབང་ཕྱུག སྲིད་ལོ། ༡༩༠༧་ནས་༡༩༢༦།
    འབྲུག་རྒྱལ་གཉིས་པ། འཇིགས་མེད་དབང་ཕྱུག སྲིད་ལོ། ༡༩༢༦་ནས་༡༩༥༢།
    འབྲུག་རྒྱལ་གསུམ་པ། འཇིགས་མེད་རྡོ་རྗེ་དབང་ཕྱུག སྲིད་ལོ། ༡༩༥༢་ནས་༡༩༧༢།
    འབྲུག་རྒྱལ་བཞི་བ། འཇིགས་མེད་སེང་གེ་དབང་ཕྱུག སྲིད་ལོ། ༡༩༧༢་ནས་༢༠༠༦།
    འབྲུག་རྒྱལ་ལྔ་བ། འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག སྲིད་ལོ། ༢༠༠༦་ནས་་་།
    དུས་རབས་དགུ་བའི་ནང་ལ་བོད་དུ་དྲག་པོའི་ཟིང་ཆ་བྱུང་བའི་རྗེས་སུ་བོད་ཀྱི་གྲྭ་བ་མང་བོ་འབྲུག་ཡུལ་ལ་བྲོལ་བྱོལ་དུ་ཡོང་ནས་གཞིས་ཆགས་པ་ཞིག་ཡིན། དུས་རབས་༡༢་བའི་ནང་དུ་འབྲུག་པ་བཀའ་བརྒྱུད་པའི་ཆོས་རྒྱུན་འབྲུག་ཡུལ་དུ་དར་སྤེལ་བྱུང་ནས་ད་ལྟའི་བར་དུ་དེ་ནི་ནང་ཆོས་ཀྱི་རྨང་གཞི་རུ་གྱུར་ཡོད། རྒྱལ་ཁབ་འདིའི་ཆབ་སྲིད་ཀྱི་ལོ་རྒྱུས་ནི་ནང་ཆོས་ཀྱི་ལོ་རྒྱུས་དང་དགོན་པ་སྣ་མང་གི་འབྲེལ་བ་ལ་བརྟེན་ནས་གནས་ཡོད་པ་ཞིག་རེད།

    Reply
  17. མངའ་རིས་པ་ཆོས་དབྱངས། says:
    ལོ་ 14 སྔོན།

    བཀྲ་ཤིས་ལེགས། ཅུང་ཕོག་ཡོད་ས་རེད། འོན་ཀྱང་། ངས་ངོ་མ་མ་ཤེས་ནས་འདྲི་བཞིན་ཡོད། ང་ས་འོག་གྲོག་མ་མིན་ཡང་། གནད་དོན་འདིའི་ཐད་ནས་ཁྱེད་ཀྱི་བཤད་པ་ལྟར། ས་འོག་གྲོག་མ་མིག་མེད་དང་གཅིག་མཚུངས་ཡིན། གང་ལྟར་ངས་ཤེས་འདོད་པ་དེ་འབྲུག་གི་ནང་དུ་རྒྱ་གར་གཞུང་གི་ཤུགས་རྐྱེན་ཅི་ཙམ་ཡོད་པ་དང་། འབྲུག་རྒྱལ་ཁབ་གྱི་ཆབ་སྲིད་ལམ་ལུགས་དེ་གང་འདྲ་ཞིག་ཡིན་པ། གལ་སྲིད་དམངས་གཙོའི་གཞུང་ཞིག་ཡིན་ན། རྒྱལ་བོ་དང་རྒྱལ་མོའི་འོག་ནས་དམངས་གཙོའི་བཀོད་སྒྲིག་ཇི་ལྟར་བྱས་ཡོད་པ་དེ་ཡིན།

    Reply
  18. ཨ་ལ་ལ says:
    ལོ་ 14 སྔོན།

    རྒྱལ་པོ་ཡབ་ཡུམ་གྱི་་རྒྱབ་ན་ཡོད་པའི་འབར་མའི་དྲག་པོའི་དམག་དཔོན་དེ་ཚོ་ག་རེ་རེད།

    Reply
  19. ཨ་ལ་ལ says:
    ལོ་ 14 སྔོན།

    ད་ག་རེ་ལབ་ན་མ་ལབ་ན། རྒྱལ་པོ་རྒད་པོ་དེས།་བུ་མོ་མཛེས་མ་ཆུང་ཆུང་དེའི་ཐོག་ནས་སྐྱིད་རྒྱག་ས་རེད་གོ། བུ་མོ་དེ་ལ་བལྟས་ཡོང་དུས་ང་ནི་ཅིག་བྱེད་ཀིན་འདུག འབྲུག་པ་གྱོང་པོ་རེད་ཡ། རྒྱལ་པོ་ཁོས་རྐང་སུབ་གོན་མི་འདུག་མ་གཏོགས། དེ་ཅིག་གོན་ཚར་དུས། འབྲུག་པ་མགྱོགས་པོ་ཡོད་རེད་ཟེར། བུ་མོ་སྙིང་རྗེ་མོ་དེ། དངོས་ནས་མྱང་ས་རེད། སྙིང་རྗེ། རྩབ་ཤག་མ་བཏང་བ་ཤོག དཀོན་མཆོག་མཁྱེན།

    Reply
  20. བཀྲ་ཤིས། says:
    ལོ་ 14 སྔོན།

    མངའ་རིས་པ་ཆོས་དབྱངས་ཟེར་བ་ཉོན་ཅིག
    ལྷོ་འབྲུག་ཆོས་ཀྱི་རྒྱལ་ཁབ་འདི་རང་བཙན་གཙང་མའི་རྒྱལ་ཁག་ཅིག་རེད།
    ཁྱེད་ས་འོག་གྲོག་མ་འདྲ་མ་རེད་པས། ལུང་པ་ཆེན་པོ་རེད། འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་ནས་འབྲིང་གྲས་ཤིག་རེད། རྒྱ་གར་ཁུངས་གཏོགས་རྩ་བ་ནས་མ་རེད། ཁོང་ཚོས་ཟེར་ན་གུ་རུ་རིན་པོ་ཆེས་བཀའ་བཞིན་དུ་སྒྲུབ་པས་ཕྱིའི་རྒྱལ་ཁབ་སུས་ཀྱང་ཁོང་ཚོ་ལ་གནོད་པ་བྱུང་མ་མྱོང་བར་འདོད།

    Reply
  21. མངའ་རིས་པ་ཆོས་དབྱངས། says:
    ལོ་ 14 སྔོན།

    ང་ལ་དྲི་བ་གཉིས་ཡོད། དང་པོ། འབྲུག་ཡུལ་ཟེར་བ་དེ་རྒྱ་གར་གྱི་མངའ་ཁོངས་ཡིན་པ་གོ་ཡང་། དེང་སྐབས་འབྲུག་རྒྱལ་ཁབ་ཟེར་གྱི་འདུག་པས་དེའི་ནང་དོན་ཧ་གོ་མ་སོང་། གཉིས་པ། འབྲུག་རྒྱལ་བོ་དང་རྒྱལ་མོ་གཉིས་འབྲུག་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡིན་ན། གོང་གི་གསར་འགྱུར་ནང་(ལོ་རྒྱུས་ཀྱི་དུས་ཚིགས་ཁྱད་པར་ཅན་འདི་ནི་འབྲུག་རྒྱལ་ཁབ་ཀྱི་ཡུལ་མི་ཡོངས་ཀྱིས་རང་དབང་དང་དམངས་གཙོ་ལྡན་པའི་དགའ་སྟོན་རྟེན་འབྲེལ་གྱི་དུས་བཟང་ཞིག་ཏུ་གྱུར་ཡོད)ཅེས་བཀོད་འདུག དེ་བཞིན་དཀར་མཚོ་སྐྱིད་ཀྱི་དཔྱད་མཆན་ནང་དུ་ཡང་(༢༠༡༡་ལོའི་ཟླ་༥་བའི་ཚེས་༢༠་ཉིན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་དུས་བདུན་པའི་སྒོ་འབྱེད་མཛད་སྒོའི་སྐབས ) ཞེས་འཁོད་འདུག དོན་དམ་ཐོག་འབྲུག་ཡུལ་གྱི་ཆབ་སྲིད་ལམ་ལུགས་གང་འདྲ་ཡོད་ཡོད་པ་རེད།
    གོང་གི་ངའི་དྲི་བ་འདི་ལ་འབྲུག་ལ་རྒྱུས་མངའ་ཆེ་བའི་དྲ་གྲོགས་དཀར་མཚོ་སྐྱིད་ལགས་དང་། ཡང་ན་དྲ་གྲོགས་སུ་ཞིག་གིས་ལན་འདེབས་གསལ་བོ་ཞིག་གནང་རོགས།

    Reply
  22. སྒྲོལ་མ། says:
    ལོ་ 14 སྔོན།

    གྲོགས་མོ་དཀར་མཚོ་སྐྱིད་ལགས། འབྲུག་རྒྱལ་བོ་གཉིས་པའི་བཙུན་མོ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་ཟེར་བ་དེ་སུ་རེད། རིགས་བརྒྱུད་འབྱུང་ཁུངས་གསལ་བོ་རེ་ཞུ་རྒྱུ་ཡོད་དམ། ཡབ་དོན་གྲུབ་རྒྱལ་མཚན་གྱི་འབྱུང་ཁུངས་སྐོར་ལ་རྒྱུས་མངའ་ཡོད་དམ།
    འབྲུག་རྒྱལ་ན་གཞོན་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ཟེར་བ་འདི་འབྲུག་གི་རྒྱལ་རབས་ག་ཚོད་རེད། ཁོང་གི་ཕ་རྒྱུད་མ་རྒྱུད་སྐོར་ལ་རྒྱུས་མངའ་ཨེ་ཡོད། ཁོ་ལ་སློབ་སྦྱོང་གི་བརྒྱུད་རིམ་གང་འདྲ་ཡོད་དམ།

    Reply
  23. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུ་མཆོག་དང་། བག་མ་བོད་མོ་བཙུན་མོ་རྗེ་བཙུན་པད་མ་མཆོག་གི་འཁྲུངས་སའི་རྟེན་འབྲེལ་ལ་བཀྲ་ཤིས་བདེ་ལེགས་ཡོད། དགེའོ། དགེའོོ། དགེའོོོ། །

    Reply
  24. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    གོ་ཐོས་ལྟར་ན། རྗེ་བཙུན་པད་མའི་མ་རྒན་ནི་བོད་ནས་ཡིན་པ་དང་། དེ་ཡང་ཕ་ཡུལ་ལས་ཐང་ནས་རེད་ཟེར་གྱིན་འདུག

    Reply
  25. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    རྗེ་བཙུན་པདྨ་དབང་ཕྱུག་ནི་སྤྱི་ལོ་༡༩༩༠་ལོའི་ཟླ་༦་ཚེས་༤་ཉིན་ལ་རྒྱལ་ས་ཐིམ་བུ་རུ་ཡབ་དོན་གྲུབ་རྒྱལ་མཚན་དང་ཡུམ་བསོད་ནམས་ཆོས་སྐྱིད་གཉིས་ཀྱི་སྲས་མོར་སྐུ་འཁྲུངས་པ་རེད། ཁོ་མོའི་ཡབ་ནི་འབྲུག་མཁའ་སྐྱོད་ལས་ཁུངས་ཀྱི་གནམ་གྲུ་ཁ་ལོ་བ་ཞིག་ཡིན་པ་དང་། ཡུམ་བསོད་ནམས་ཆོས་སྐྱིད་ནི་འབྲུག་གི་རྒྱལ་་བོ་གཉིས་པའི་བཙུན་མོ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་གྱི་སྤུན་མཆེད་ཀྱི་བུ་མོ་ཡིན། རྗེ་བཙུན་པདྨ་ལ་བུ་གཉིས་དང་བུ་མོ་གཉིས་བཅས་སྤུན་མཆེད་ལྔ་ཡོད་པའི་ནང་གི་ཨང་གཉིས་པ་ནི་ཁོ་མོ་ཡིན། ཁོ་མོ་ཆུང་དུས་རྒྱལ་ས་ཐིམ་བུ་རུ་ཉི་འོད་སློབ་ཆུང་དུ་༡༩༩༥་ནས་༡༩༩༦་བར་དང་ཆན་གང་ཁ་སློབ་གྲྭ་རུ་༡༩༩༧་ནས་༡༩༩༨་བར་སློབ་སྦྱོང་བྱས། དེ་ནས་རྒྱ་གར་ཀ་ལོན་སྦུག་གི་ཁོན་བན་ཏྲི་སློབ་གྲྭ་རུ་༡༩༩༩་ནས་༢༠༠༠་བར་སློབ་སྦྱོང་བྱས། དེ་ནས་ཐིམ་བུ་རུ་ལུང་བསྟན་ཛམ་པ་འབྲིང་རིམ་སློབ་གྲྭ་རུ་༢༠༠༡་ནས་༢༠༠༥་བར་སློབ་སྦྱོང་བྱས། དེའི་རྗེས་རྒྱ་གར་གྱི་ཧེ་མ་ཅལ་མངའ་སྡེའི་ས་ན་ཝར་རུ་ལོ་རན་སི་འབྲིང་རིམ་སློབ་གྲྭ་རུ་༢༠༠༦་ནས་༢༠༠༨་བར་འཛིན་རིམ་བཅུ་གཉིས་ཀྱི་སློབ་སྦྱོང་བྱས་པ་དང་དེ་རུ་ཁོ་མོས་འདེམས་གསེས་བྱས་པའི་སློབ་སྦྱོང་གི་བརྗོད་གཞི་ནི་ཨིན་ཇི་སྐད་ཡིག་དང་། ལོ་རྒྱུས་རིག་པ། ས་ཁམས་རིག་པ། དཔལ་འབྱོར་རིག་པ། མཛེས་རྩལ་བཅས་ཡིན་པ་རེད། ད་ལྟ་ཁོ་མོས་ཨིན་ཡུལ་དུ་རེ་གན་ཏྲི་མཐོ་སློབ་དུ་རྒྱལ་སྤྱིའི་འབྲེལ་ལམ་དང་། བསམ་བློའི་རིག་པ། མཛེས་རྩལ་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་བཞིན་པ་རེད། ༢༠༡༡་ལོའི་ཟླ་༥་བའི་ཚེས་༢༠་ཉིན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་དུས་བདུན་པའི་སྒོ་འབྱེད་མཛད་སྒོའི་སྐབས་སུ་རྒྱལ་བོ་འཇིགས་མེད་གེ་སར་གྱིས་གསལ་བསྒྲགས་མཛད་དེ་ཁོང་༢༠༡༡་ལོའི་ཟླ་༡༠་བའི་ཚེས་༡༣་ཉིན་ལ་རྗེ་བཙུན་པད་མ་ལགས་ལ་འཁྲུངས་ས་བསྐྱོན་རྒྱུ་ཡིན་པར་གསུངས་བ་རེད།

    Reply
  26. མང་ཐོས། says:
    ལོ་ 14 སྔོན།

    སྒྲོལ་མ་ལགས་ནང་བཞིན་ང་ཡང་མགོ་འཐོམ་ནས་བསྡད་ཡོད། སྐད་ཡིག་ཆས་གོས་མཁར་རྫོང་སོགས་ཕལ་ཆེར་བོད་དང་འདི་འདྲ་ཞིག་འདྲ་དགོས་པ་ཅི་ཡིན་ན།
    འབྲུག་པ་ཁོ་རང་ཚོས་ནི། ང་ཚོ་བོད་མིན་ང་ཚོའི་ཡི་གེ་བོད་ཡིག་མ་རེད་རྫོང་ཁ་རེད་ཟེར་བཞིན་འདུག
    འབྲུག་པའི་བྱུང་བ་མཁྱེན་མཁན་ཡོད་ན་གསལ་བཤད་ཅིག་གནང་རོགས།

    Reply
  27. མིག་དམར། says:
    ལོ་ 14 སྔོན།

    དུས་བབ་ཚང་གི་གསར་འགྱུར་འགོད་སྟངས་ཧ་ཅང་ཚད་ལྡན་རེད། ཚིག་སྦྱོར་བདེ་བོ་དང་ཀློག་སྤྲོ་བོ། དུས་ཚོད་ཀྱི་ཆ་ནས་ཀྱང་གསར་འགྱུར་ཅེས་པའི་མིང་དོན་མཚུངས་པོ་འདུག གསར་འགོད་པ་རྣམ་པར་ཐུགས་རྗེ་ཆེ།

    Reply
  28. སྒྲོལ་མ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པ་ཚོས་འབྲུག་ཡུལ་ཟེར་བ་འདིའི་སྐོར་གུས་མོར་ངོ་སྤྲོད་གསལ་བོ་ཞིག་གནང་རྒྱུ་མཁྱེན།
    འབྲུག་དང་འབྲས་ལྗོངས། མོན་པ་ཟེར་བ་འདི་རིགས་སྔོན་མའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དག་ལས་མཐོང་མྱོང་ལ། དེང་སྐབས་སྲིད་གཞུང་( ཀྲུང་གོ )ཡི་སྐབས་དོན་གསར་འགྱུར་དག་ཏུའང་ཡང་ཡང་འཐོན་བཞིན་པའི་ཐ་སྙད་ཞིག་རེད། ཡིན་ནའང་། རྒྱལ་ཁབ་ཀྲུང་གོའི་འོག་ཡིན་མིན་དང་། མི་རིགས་བོད་རིགས་སུ་གཏོགས་མིན་ད་བར་ང་རང་གིས་གསལ་བོ་ཤེས་ཀྱི་མེད་ཀྱང་། སེམས་པའི་བག་ཆགས་ངོས་ཀྱི་དྲན་སྣང་འགའ་བཤད་ན། སྔར་བྱིས་པའི་སྐབས་སུ་བོད་པའི་གནའ་རབས་ལོ་རྒྱུས་དག་བཀླགས་སྐབས། དེ་ནི་བོད་རྒྱལ་ཁབ་ཀྱི་ས་ཁོངས་ཤིག་ཡིན་པ་དང་། མི་རིགས་ཀྱང་བོད་རིགས་སྙོན་མེད་ཅིག་ཡིན་པའི་བག་ཆགས་ཟབ་མོ་འདུག་ལ། དེང་སྐབས་སྲིད་གཞུང་གི་གསར་འགྱུར་ཁག་ཏུ་བརྗོད་པར་གཞིགས་ན་ཡང་། ཀྲུང་གོའི་རྒྱལ་ཁོངས་སུ་གཏོགས་པའི་ས་ཁུལ་ཞིག་གམ། ཡང་ན་ཀྲུང་གོའི་མངའ་ཁོངས་ནས་ཕྱི་རྒྱལ་གྱིས་བཙན་བཟུང་བྱས་ཟིན་པ་འམ། བཙན་འཕྲོག་ཧམ་བཟུང་བྱེད་བཞིན་པའི་ཡུལ་མཐའ་འཁོབ་ཅིག་ཡིན་པའི་ཚོར་སྣང་ཟབ་མོ་འདུག
    གོང་གི་གསར་འགྱུར་ནང་དུ་འབྲུག་རྒྱལ་ཁབ་ཅེས་བཀོད་འདུག་པ་དང་། འོག་གི་པར་ངོས་སུ་བོད་ཆས་བོད་ལ་གྱོན་ཡོད་པ་མཐོང་སྐབས་ཡ་མཚན་པ་ཞིག་སྐྱེས་སོང་ལ། དེ་དང་མཉམ་དུ་གློག་ཀླད་ནང་ “ འབྲུག ” ཅེས་པའི་ཐ་སྙད་འདི་བརྒྱབ་མ་ཐག་ང་རང་དེ་བས་ཀྱང་ཧ་ལས་ཤིང་ཧོན་འཐོར་སོང་། ངས་གློག་ཀླད་ལས་མཐོང་བ་དག་ནི་བོད་པའི་དགོན་པ་དང་དར་ལྕོག མ་ཎི་འཁོར་ལོ། རྡོ་འབུམ། བོད་ལ་དང་བོད་པའི་རྒྱན་ཆས་སྤྲས་པའི་བོད་པ་ཤ་སྟག་རེད་ལ། མིའི་གཟུགས་པོའི་ཆ་བྱེད་དང་སྐྲ་འཇོག་སྟངས། ཐ་ན་ཤ་མདངས་བཅས་བོད་པ་ལས་གཞན་གང་ཡང་མཐོང་མ་སོང་། ད་དུང་ “འབྲིག་རྒྱང་གྲག”ཟེར་བ་དང་། “ འབྲུག་པའི་དཔེ་མཛོད། ”། “ འབྲུག་པད་མ་སྒང” “ འབྲུག་སྤྱི་འབྲེལ་རླངས་འཁོར ” ཟེར་བ་ཡོངས་རྫོགས་བོད་ཡིག་རེད་ལ། པར་འགའ་ཤས་ཐོག་འབྲུག་གི་ཚོང་ཁང་ག་གེ་མོ་དང་། འབྲིག་གི་འགྲོན་ཁང་ག་གེ་མོ་ཞེས་བཀོད་འདུག ངའི་མགོ་ཡོངས་སུ་འཐོམ་སོང་།

    Reply
  29. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    འཇིག་རྟེན་མཐུན་འཇུག་གི་ལས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། རྣམ་པ་གཉིས་མི་ཚེ་མཐའ་འཁྱོངས་དང་རླབས་ཆེན་གྱི་བྱ་གཞག་བསྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  30. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    http://www.facebook.com/photo.php?fbid=2335075309887&set=a.2335075269886.118793.1639964546&type=1&theater

    འབྲུག་རྒྱལ་ཐོབ་ཞྭ་བཞེས་པའི་སྐུ་དཔར་འདི་ན་འདུག

    Reply
  31. རོ་ལངས། says:
    ལོ་ 14 སྔོན།

    ཆོས་རིག་གཅིག་པའི་༧དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱིརྒྱལ་སྲས་ཀྱི་དོན་སྙིང་ལྡན་པའི་རྟེན་འབྲེལ་ལ་ཀུན་སློང་དུག་དང་མ་འདྲེས་པའི་སྒོ་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

    Reply
  32. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    འབྲུག་ནི་བོད་པ་ཚང་བུ་ཕྱི་ལོག་ཏུ་ཁྱིམ་གཞིས་བཅས་ནས་དེང་དུས་རང་ཁྱིམ་དངོས་ལས་ཀྱང་འཇོན་ཐང་ཆེ་བའི་རྒྱལ་ཁབ་ཞིག་ཡིན། འཛམ་གླིང་གི་ཐོག་ཏུ་རྡོ་རྗེ་ཐེག་པའི་རྒྱལ་ཁག་གཅིག་གཅིག་པུ་ཡོད་པ་དེ་ནི་འབྲུག་གི་རྒྱལ་ཁབ་རེད་ལ། འཛམ་གླིང་ནང་ནས་སྐྱིད་ཤོས་ཀྱི་རྒྱལ་ཁབ་དེ་འང་འབྲུག་གི་རྒྱལ་ཁབ་འདི་ཆགས་ནས་ཡོད་རེད། ་དེ་འོས་རང་རེས་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན། འབྲུག་ལས་འབྲེལ་བ་ཆེ་བའི་ཁྲིམས་མཐུན་གྱི་རྒྱལ་ཁབ་ཞིག་ད་ལྟ་བོད་མི་རྣམས་ལ་མེད་པ་གཏན་ཁེལ་རེད། དེ་རིང་འབྲུག་རྒྱལ་ཡོངས་དང་ལྷག་པར་ཤེས་འཇོན་གཉིས་ལྡན་གྱི་རྒྱལ་པོ་འདི་སྐུ་ཚེ་ཡུན་བརྟན་དང་རླབས་ཆེན་བཞེད་དོན་གེགས་མེད་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ལ

    Reply
  33. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    འབུམ་ཕྲག་དྲུག་ལས་མེད་པའི།།
    འབྲུག་པ་རང་བཙན་རེད་འདུག
    ས་ཡ་དྲུག་ལས་མང་བའི།།
    བོད་པས་རང་བཙན་ཤོར་འདུག
    གནས་ཚུལ་དེ་ཚོ་ལ་ཉམས་ཞིབ་དང་རྒྱུས་ལོན་བྱ་དུས་ང་ཚོ་ལ་འཇོན་ཐང་ཡོད་རབ་དང་བྱས་རྗེས་ཡོད་རབ་བཤད་ན་ངོ་ཚ་བ་ཞིག་ཆགས་འདུག

    དེ་ནི་ང་ཚོས་མ་འཇོན་པ་ཡིན་པས་འབྲུག་པ་ལ་ཟུར་ཟ་ས་གང་ཡང་མེད་འཇོན་ཐང་ཆེ་ཆུང་ཐུག་ན་ཟུར་ཟ་བྱས་ན་ཕན་ཐོགས་ཡོད་པ་མ་རེད་དྲ་གྲོགས་ཚོ།
    ཕྲག་དོགས་བྱ་ན་ཕན་ཐོགས་ཡོད་པ་མ་རེད་ཁོང་ཚོས་འཇོན་ནས་འདི་ལྟར་འཛམ་གླིང་ཐོག་ལ་རྐང་པ་བརྟན་པོ་བཙུགས་ཚར་བ་རེད།
    ང་ཚོས་མ་འཇོན་ནས་ད་དུང་ཡང་སྡུག་སྐད་དང་མི་ཆུ་མི་ཆད་པ་རེད་དེ་ཚོ་ལ་བསམ་བློ་བཏང་ནས་ནུས་པ་ཕྱོགས་སྒྲིལ་བྱ་དགོས་བ་དེ་གལ་ཆེན་པོ་རེད།

    Reply
  34. ཟླ་བ་བསྟན་འཛིན says:
    ལོ་ 14 སྔོན།

    འབྲུག་རྒྱལ་པོ་དང་རྒྱལ་མོ་གཉིས་ཀྱི་གཉེན་སྒྲིག་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    འབྲུག་ཡུལ་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བ་དང་རྒྱལ་རྒྱུད་ཆུ་རྒྱུན་བཞིན་དུ་ཡོང་བའི་སྨོན་འདུན་ཞུ།

    Reply
  35. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྟོབས་འབྱོར་ལྷ་དབང་རྒྱལ་བྱིའི་བང་མཛོད་དུ།།
    ལྷ་མོ་པདྨས་ཕྱག་གིས་རེག་བྱས་པས།།
    མཁའ་ནས་ཆོས་སྲུང་གླུ་དབྱང་ཀྱུ་རུ་རུ།།
    ས་ནས་རྐང་གཉིས་བྲོ་རྡུང་ཁྲིག་སེ་ཁྲིག
    འདི་འདའི་ཡ་མཚན་ངོ་མཚར་རྨད་བྱུང་ཉིན།།
    ལེགས་སྐྱེད་མེ་ཏོག་ཞིག་གི་ཚབ་ཏུ་ཕུལ།།

    བཀྲ་ཤིས་བདེ་ལེགས་འབྲུག་རྒྱལ་བོའི་ལྷ་ལྕམ་པདྨ་མཆོག་གིས་ཁྱེད་རང་བོད་མི་རིགས་ཤིག་ཡིན་པ་སེམས་ནང་ནས་ཡལ་མི་ཉན།
    སྔོན་མ་འབྲུག་རྒྱལ་པོའི་བཙུན་མོ་བོད་པའི་བུ་མོ་ཞིག་ལ་བུ་ཞིག་འཁྲུངས་ནས་དེ་འབྲུག་གི་རྒྱལ་པོ་ལ་འཁོད་ཐུབ་པའི་ཆབ་སྲིད་ཀྱི་བྱུས་ངན་ཞི་འཁྲབ་ནས་འབྲུག་ནས་བོད་པ་ཚོ་དམྱལ་བ་མི་ཡུལ་ནས་མྱང་བའི་ལོ་རྒྱུས་སྐྱུ་བྲོ་བ་ཞིག་བཤ་རྒྱུ་འདུག
    མ་འོངས་པར་རང་གཞན་གཉིས་ལ་མི་ཕན་པའི་བྱུས་ངན་དེའི་རིགས་མི་ཡོངས་བའི་འབད་བརྩོན་བྱ་དགོས་བར་སྙམ།
    འབྲུག་བོད་གཉིས་ཀྱི་མཐུན་འབྲེལ་དེ་སྔར་ལས་ལྷག་པ་ཡོང་བའི་རེ་བ་ཡོད།

    Reply
  36. ཨ་མིའི་བུ། says:
    ལོ་ 14 སྔོན།

    འབྲུག་རྒྱལ་བོད་ཐོག་ལ་ལྟ་ཚུལ་བཟུང་བ་འདི་བོད་མི་རང་ཉིད་བཟོས་པ་རེད་སྐབས་སྐུ་ངོ་ཁ་ཤས་་ཧམ་པ་ཆེ་གྲག་ནས་རང་ཉིད་ཀྱི་རྒྱལ་ཁལ་གཞན་ལག་ཤོར་བཞིན་གཞན་གྱི་རྒྱལ་ཁབ་ལ་བཙན་འཛུལ་དང་ཧམ་ཟ་བྱེད་ཀྱི་གྲ་སྒྲིབ་མེད་ན་དེ་རེང་གི་འདི་ང་ཚོའོ་སྒང་ལ་ཡོང་གི་མ་རེད།
    འོན་ཀྱང་འབྲུག་རྒྱལ་ཁབ་ནི་དེང་སང་འཛམ་གླིང་མཉམ་འགྲེལ་རྒྱལ་ཚོགས་ཀྱི་རྐུབ་སྟེགས་རེག་ཡོདྲ འོན་ཀྱང་བོད་མི་རང་ཉིད་ཀྱིས་མ་འཇོན་པ་རེད། སྐབས་དེར་མཉམ་འགྲེལ་རྒྱལ་ཚོགས་ཀྱིས་བོད་ལ་སྐད་མ་བཏང་རེད་མི་འདུག།
    ཡིན་ཡང་བོད་པ་ཚང་གི་སྐུ་ཚབ་ཚོའི་ཀ་ལན་པོར་ནས་ཆང་དང་ཤོ་ལ་རོལ་ནས་རྗེས་མ་ཆོད་ནས་གཞན་སྔོན་ལ་ཤོར་བ་རེད། མ་འོང་བར་ཡང་འདི་འདྲའི་གོ་སྐབས་ཐོབ་ན་ཡང་ཕན་ཚུན་ཁ་གཏོང་རེ་བྱས་ནས་རྗེས་ལུས་ཐེབ་རྒྱུ་ཉེག་གཅིག་རེད།
    རྒྱུ་འབྲུས་ཡོད་རྒྱུ་རེད་ཡ།

    Reply
  37. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    འབྲུག་པ་ཁ་ནག་གཉེན་བསྒྲིག་བྱས་པར་རྟེན་འབྲེལ་ཅི་ཞུ་རྒྱུ་ཡོད་དམ
    བོད་རང་བཙན་ཐོབ་རྗེས་ཁོ་ཚོར་ཡང་དགྲ་ལན་འཇལ་དགོས་པ་མ་རེད་དམ

    Reply
  38. samten says:
    ལོ་ 14 སྔོན།

    ང་ཚོ་ཚང་མས་རྟག་པར་བལ་ཡུལ་གྱིས་བོད་མི་རྒྱ་གཞུང་ལ་རྩིས་སྤྲོད་དང་བོད་མི་ལ་ལས་འགུལ་སྤེལ་དུ་མི་འཇུག་གི་ཟེར་ནས་ངོ་རྒོལ་བྱེད་ཀྱིན་ཡོད། གལ་ཏེ་བོད་མི་རྣམས་འབྲུག་ཡུལ་བརྒྱུད་ནས་སྐྱབས་བཅོལ་ལ་ཡོང་དགོས་ན་འབྲུག་འདི་བལ་ཡུལ་ལས་ལྡབ་འགྱུར་གི་ཇེ་ངན་ལས་ཇེ་བཟང་ཡིན་སྲིད་དམ། འབྲུག་ཡུལ་ལས་བལ་ཡུལ་གྱིས་རྒྱ་ནག་ནས་རོགས་སྐྱོབས་ཕོན་ཆེན་ལེན་གི་ཡོད་པས་རྒྱ་ལས་སྤྲེལ་ལད་འཁྲབ་པ་དེ་མི་འགྲིག་པ་མེད་ཞེས་བཤད་ན་ཆོག།

    Reply
  39. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    གསར་བུ་གསར་མོའི་བརྩེ་དུང་མངོན་པར་བསྟོད། །
    རྒྱལ་པོ་རྒྱལ་མོའི་ལམ་ལུགས་ཕམ་པར་རྒྱོབས། །

    Reply
  40. ཨ་མིའི་བུ། says:
    ལོ་ 14 སྔོན།

    ཆཽས་དང་རིག་གཞུང་མ་ཚད་སྐད་ཡིག་ཀྱང་གཅིག་པའི་་བོད་ཀྱི་ཁྱེམ་ཚིས་འབྲུག་རྒྱལ་བཙུན་མོ་རྣམ་གཉིས་ཀྱི་མཉེན་སྒྲིག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་བཅས་ཁོང་རྣམས་གཉིས་་སྐུ་ཚེ་རིང་རྒྱལ་ཁབ་དེར་ཞི་བདེ་ཡོང་བ། བཀྲ་ཤིས་བ་བཅས་ཀྱི་སྨོན་འདུན་ཞུ།

    Reply
  41. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    དྲ་གྲོགས་ལྷན་རྒྱས། འབྲུག་ཡུལ་ཟེར་བ་དེ་གང་དུ་ཡོད་པ་རེད། འབྲུག་པ་ཟེར་བ་དེ་སུ་རེད། འབྲུག་རྒྱལ་ཟེར་བ་དེ་གང་འདྲ་ཞིག་ཡོད་པ་རེད། གནའ་རབས་ལོ་རྒྱུས་ཐོག་འབྲུག་བོད་གཉིས་ཀྱི་འབྲེལ་བ་ཅི་ཞིག་རེད། བར་དུ་འབྲུག་བོད་བར་ཅི་ཞིག་བྱུང་བ་རེད། ད་ལྟ་འབྲུག་དང་བོད། རྒྱ་ནག་བཅས་ཀྱི་འགལ་བ་དང་འབྲེལ་བ་གང་འདྲ་རེད། དྲི་བ་འདི་དག་དང་འབྲེལ་ཏེ་བགྲོ་གླེང་ལྷུག་པོ་རེ་གནང་ན་གང་འདྲ་འདུག
    བྱེ་བྲག་གིས་དེ་རིང་གི་འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ཟེར་བ་དེ་སུ་རེད། མནའ་མ་གསར་པ་རྗེ་བཙུན་པད་པ་ཟེར་བ་དེ་གང་འདྲ་ཞིག་ཡོད་པ་རེད། འདི་དག་ངེས་པར་དུ་གླེང་དགོས་པ་དང་ཤེས་དགོས་པའི་གནད་དོན་གལ་ཆེན་རྐྱང་རྐྱང་རེད། ནམ་རྒྱུན་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འབྲུག་པའི་སྐོར་གྱི་གནས་ཚུལ་ཐོན་པ་ཧ་ཅང་ཉུང་ཉུང་རེད། དེ་རིང་གི་འཁྲུངས་སའི་མཛད་སྒོ་འདི་དང་བསྟུན་ཏེ་བགྲོ་གླེང་ཞིབ་རྒྱས་ཤིག་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ང་ལ་མཚོན་ན་འབྲུག་པའི་སྐོར་གྱི་གནས་ཚུལ་གཅིག་ཀྱང་མི་ཤེས་མཁན་ཞིག་ཡིན།

    Reply
  42. འོས་ལངས། says:
    ལོ་ 14 སྔོན།

    འབྲུག་རྒྱལ་གྱིས་རས་གཟན་སེར་པོ་འདྲ་ཞིག་གྱོན་ཡོད་པ་དེའི་མཚོན་རྟགས་ག་རེ་ཡིན་ནམ། ཕོ་གསར་སྟག་འདྲ་བོ་ཁོང་ལ་འདོད་ཆགས་ནི་ཡོད་ཡོད་ཡིན་པས། འཇིག་རྟེན་ལུགས་མཐུན་གྱི་གཉེན་སྒྲིག་བརྒྱབ་པ་ཙམ་ལ་ང་ཚོའི་ངོས་ནས་རྟེན་འབྲེལ་ཞུ་དགོས་དོན་གང་ཡང་མི་འདུག འབྲུག་རྒྱལ་འདིས་ཀྱང་བོད་པའི་ཐོག་ལ་བཟུང་བའི་ལྟ་ཚུལ་ནི་རྒྱ་གཞུང་ནང་བཞིན་རེད།

    Reply
  43. དམག་ལོག་ says:
    ལོ་ 14 སྔོན།

    དང་པོ་རྟེན་འབྲེལ་ཞུ། འབྲུག་རྒྱལ་པོའི་བྱ་རོག་མགོ་ཅན་གྱི་དབུ་ཞྭ་བརྣབས་མེད་པ་གང་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese