མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུང་གོའི་ཕྱི་འབྲེལ་མགྲིན་ཚབ་མ་ཅང་དབྱི་ལ་ཐ་ཚིག་བསྒྲཊ་པ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

འགུ་ལོག་དམ་ཆོས་དཔལ་བཟང་།

ཉེ་བའི་ཆར་རྔ་བ་དང་རྟའུ་ནས་དགེ་འདུན་པ་གཙོ་བོ་བྱས་ཏེ་བོད་མི་ན་གཞོན་དགུ་ཡིས་རང་སྲོག་བློས་གཏོང་བྱས་པའི་ནང་ནས་མི་ལྔ་འདས་གྲོངས་སུ་ཕྱིན་པ་དང༌། མི་བཞི་གསོན་གང་ཡིན་མ་ངེས་པའི་གནས་སྟངས་ཀུན་གྱིས་མཁྱེན་གསལ་ལྟར་ཡིན། དོན་རྐྱེན་དེའི་ཐད་ཁ་སང་རེས་གཟའ་ལྷག་པ་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན། ཀྲུང་གོའི་ཕྱི་འབྲེལ་ལས་ཁུངས་ཀྱིས་གསར་འགོད་གསར་བསྒྲགས་ཤིག་སྤེལ་བའི་ཐོག ཕྱི་འབྲེལ་མགྲིན་ཚབ་མ་ཅང་དབྱི་ནས་བཤད་རྒྱུར། བོད་མི་འགས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་མང་གི་ཁེ་དབང་ལ་གནོད་འཚེ་བཏང་ཡོད། དེ་ནི་ཏཱ་ལའི་དང་ཏཱ་ལའི་རུ་ཚོགས་ཀྱིས་རྣམ་པ་བསྒྱུར་ནས་མང་ཚོགས་རྒྱུད་སྐུལ་བྱས་ནས་དྲག་སྤྱོད་སྤེལ་བ་ཞིག་ཡིན་པར་བཤད་ཡོད་འདུག རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་མ་ཅང་དབྱི་ནས་བཤད་པའི་རྒྱུད་སྐུལ་དང་དྲག་སྤྱོད་ཞེས་པའི་ཚིག་གཉིས་བདེན་པ་མིན་པར་དོན་དངོས་ཐོག་སྒྲོ་འདོགས་དང་སྐུར་འདེབས་བྱས་པ་ལ་གསལ་བཤད་ཅིག་མ་བྱས་པ་ཡིན་ན།  ལོ་རྒྱུས་འཁྱོག་བརྗོད་བྱས་པ་བདེན་པར་མཐོང་བའི་ལྟ་ཚུལ་བྱུང་མི་སྲིད་པ་མིན།

 

བོད་ཁ་བ་གངས་ཅན་གྱི་བསམ་བློའི་སློབ་སྟོན་པ་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཞི་བདེའི་བྱ་དགའ་དང་ཨ་རིའི་གསེར་གྱི་རྟགས་མའི་གཙོས་བྱ་དགའ་ཁག་མི་འདྲ་བ་ ༦༠༠ ལྷག་འབུལ་བཞེས་གནང་བའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་ཅང་དབྱི་རང་ཉིད་ཀྱིས་ཀྱང་ཧ་གོ་དོན་གསལ་ཡིན། དེ་ལྟ་བུའི་ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་མཆོག་གིས་གཞིས་ལུས་བོད་མི་ཚོར་འཚེ་བའི་ལས་ལ་འབད་དགོས། རང་ལུས་མེ་མཆོད་གཏོང་དགོས། དྲག་སྤྱོད་ལས་འགུལ་སྤེལ་དགོས་ཞེས་རྒྱུད་སྐུལ་བྱས་པ་རེད་ཟེར་ན། དེ་སྒྲོ་འདོགས་དང་སྐུར་འདེབས་བྱས་པ་མ་ཡིན་ནམ། གོ་ལ་འདིའི་ཐོག་རྒྱ་མི་རིགས་ཚུད་པའི་བློ་གཟུ་བོར་གནས་པའི་ཤེས་ལྡན་པ་སུ་ཞིག་གིས་གསལ་བསྒྲགས་དེ་བདེན་པར་མི་འཛིན། མགྲིན་ཚབ་མ་ཅང་དབྱི་ལ་འདྲི་རྒྱུར། སྐྱབས་མགོན་ཏཱ་ལའི་བླ་མས་རྒྱལ་ཁབ་གང་ནས། ལོ་དང་ཟླ་དུས་ནམ་ཞིག་ལ། རྒྱུད་སྐུལ་འདི་དང་དེ་ཞེས་གཅིག་གཅིག་གཉིས་གཉིས་བྱས་ཏེ་སྟོན་དགོས་རྒྱུ་ལ། བདེན་དཔང་ཚིག་གཅིག་སྟོན་རྒྱུ་མེད་པ་ལ། ཁྱོད་ཀྱིས་ཧམ་པ་ཆེན་པོས་གསར་འགོད་གསལ་བསྒྲགས་བྱས་ཏེ་འཛམ་གླིང་མི་མང་ལ་མགོ་སྐོར་བཏང་བ་ཡིན་ན། རྒྱ་ནག་སྟོབས་ལྡན་རྒྱལ་ཁབ་ལ་མཚོན་ན། ཧ་ཅང་ངོ་གནོང་དགོས་པའི་བྱེད་ཐབས་སྐྱུག་བྲོ་བོ་ཞིག་མ་ཡིན་ནམ། མིའི་འགྲོ་བ་འུ་ཐུག་ཐབས་ཟད་ཀྱི་གནས་སྐབས་སུ། རང་གི་སྡུག་བསྔལ་འཛམ་གླིང་མི་མང་གི་ཤེས་སུ་འཇུག་ཆེད་རང་ལུས་མེར་བསྲེགས་བཏང་བ་རེད།

 

རྒྱལ་སྤྱིའི་ཐོག་རང་ལུས་མེ་བསྲེགས་བཏང་བའི་ལོ་རྒྱུས་ཉུང་ཉུང་མིན། དེ་དག་གིས་ཅི་ཞིག་མཚོན་གྱི་ཡོད། ངས་འགྲེལ་བཤད་མི་དགོས། ང་ལས་ལྷག་གཅིག་ཁྱོད་རང་གིས་ཤེས་རྟོགས་ཡོད་ངེས། མི་རིགས་གཅིག་གི་རང་དབང་ཐོབ་ཐང་རྩོད་ལེན་བྱེད་པར་དཔུང་དང་སྟོབས་ཤུགས་ཀྱིས་མ་ཐུབ་པར་འུ་ཐུག་ཐབས་ཟད་དུ་གྱུར་བའི་གནས་སྐབས་སུ། ཐབས་ལམ་གང་ཞིག་ཀྱང་དྲན་མི་སྲིད་པ་མིན། ཉེ་ཆར་ན་གཞོན་དགུ་ཡིས་རང་ལུས་ལ་མེ་བསྒྲོན་པ་དེས་ག་རེ་མཚོན་པ་ཡིན་ཞེ་ན། རྒྱ་ནག་གཞུང་གིས་བོད་ལ་འགྲོ་བ་མིའི་ཐོབ་ཐང་རང་དབང་བདག་སྤྲོད་བྱེད་རྒྱུ་ཕར་ཟད། གྲངས་ཉུང་མི་རིགས་རྣམས་མི་ཞིག་ཡིན་པའི་འདུ་ཤེས་ཀྱང་བཞག་མེད་ན། ཇི་སྲིད་རང་དབང་དང་བདེ་སྐྱིད་མ་ཐོབ་པར་བོད་མིའི་འཐབ་རྩོད་དང་རང་སྲོག་བློས་གཏོང་བྱེད་པ་མཚམས་འཇོག་མི་བྱེད་པ་དམ་བཅས་ཏེ་རང་སྲོག་བློས་བཏང་བ་ཡིན། དེ་ལྟར་མི་བྱེད་ཀ་མེད་སུས་བྱས་པ་རེད་ཟེར་ན། རྒྱ་ནག་གུང་ཁྲན་ཚོགས་པ་ཡིན། དེའི་འགན་ཆ་ཚང་རྒྱ་གཞུང་ལ་ཡོད་པ་ལས། ྋསྐྱབས་མགོན་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མེད། མཉམ་འབྲེལ་རྒྱལ་ཚོགས་གཙོས་ཡུ་རོབ་གྲོས་ཚོགས་བཅས་ཀྱིས་མཉམ་རུབ་ཐོག་གནས་ཚུལ་དེའི་ཐད་ཞིབ་འཇུག་མཐར་ཕྱིན་པ་ཞིག་གནང་བའི་རེ་འདུན་ཞུ་རྒྱུ་ཡིན། བོད་རྒྱའི་གནད་དོན་འཛམ་གླིང་རྒྱལ་སྤྱིའི་ཐོག་གླེང་བའི་གདེང་ཚོད་དང་སྤོབས་པ་ྋགོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་མ་གཏོགས། རྒྱ་ནག་དམར་པོ་གཞུང་དང་ཕྱི་འབྲེལ་མགྲིན་ཚབ་མ་ཅང་དབྱི་ལ་རྩ་བ་ནས་མེད། དེའི་རྒྱུ་མཚན་རྒྱ་ནག་དམར་པོའི་གཞུང་ལ་བདེན་པ་མེད་པས་ཡིན།

 

ད་ལོར་རྔ་བ་དང་རྟའུ་ནས་བོད་མི་ན་གཞོན་བརྒྱད་ཀྱིས་རང་ལུས་མེ་མཆོད་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་བཅུ་མཐོང་གི་ཡོད། དང་པོ། རྔ་པ་ཀིརྟི་དགོན་པས་མཚོན་གྲྭ་གཞོན་རྣམས་དགོན་པར་གནས་སྡོད་མ་ཆོག་པར་སློབ་སྦྱོང་གི་གོ་སྐབས་འཕྲོག་པ། གཉིས་པ། བོད་མི་རྣམས་ལ་སྨྲ་བརྗོད་དང་འགྲོ་འདུག་རང་དབང་མེད་པ། གསུམ་པ། ྋརྒྱལ་བ་དོན་གྱི་བདག་པོ་དང་རང་གི་རྩ་བའི་བླ་མར་སྐྱོན་བརྗོད་བྱེད་དགོས་པ། བཞི་བ། བོད་ནང་གི་ཛ་དྲག་གནས་ཚུལ་ཁྱབ་བསྒྲགས་ཀྱི་གསར་འགོད་རང་དབང་མེད་པ། ལྔ་པ། བོད་ཀྱི་རྩོམ་རིག་དཔར་སྐྲུན་རང་དབང་མེད་པ། དྲུག་པ། བོད་རང་གི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་རྡུང་ལེན་འཁྲབ་སྟོན་བྱེད་མི་ཆོག་པ། བདུན་པ། རང་ས་རང་བདག་བྱེད་པའི་བདག་དབང་མེད་པ། བརྒྱད་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བདག་གཅེས་བྱེད་མི་ཆོག་པ། དགུ་བ། འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་ལ་ལྟོ་གོས་སྟེར་བ་དང་ཐུག་འཕྲད་བྱེད་མི་ཆོག་པ། བཅུ་བ། བོད་རིགས་ལས་བྱེད་པ་ཕལ་མོ་ཆེར་རྒྱ་གཞུང་གིས་མཐོང་ཆུང་དང་དོགས་ཟོན་ལས་ཡིད་ཆེས་མི་བྱེད་པ། མདོར་ན། རྒྱ་གཞུང་གི་ཁ་ནས་མི་རིགས་འཆམ་མཐུན་དང་མེས་རྒྱལ་གོང་བུ་གཅིག་གྱུར་བཤད་ཅིང༌། དོན་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྡོག་རོལ་ཏུ་བཏང་སྟེ་གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང༌། ཁྱད་གསོད། ཐུབ་ཚོད་བྱེད་པ་བཅས་ལ་བརྟེན། ལུས་སེམས་གཉིས་ཀྱི་སྡུག་བསྔལ་ལ་བཟོད་སྒོམ་མ་ཐུབ་པའི་མཐའ་མར། རང་ལུས་མེ་མཆོད་གཏོང་རྒྱུ་འདེམ་དགོས་བྱུང་ཡོད།

༢༠༡༡།༡༠།༢༠།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 6

  1. འཁྱམས་པོ། says:
    ལོ་ 15 སྔོན།

    རྒྱ་རྫུན་དེ་ཚོས་དེ་འདྲ་མི་ཤོད་ཐབས་མེད་རེད་དེ་ལས་ལྷག་པས་ཁེགས་དཀྲི་བྱེད་ས་ཞིག་མེད་པས། དེ་ནི་སྤྱི་བཏང་པ་ཞིག་རེད་འཛམ་གླིང་མི་མང་གིས་ཀྱང་དེ་ཧ་གོ་བཞིན་ཡོད་པ་རེད།

    Reply
  2. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    འགུ་ལོག་དམ་ཆོས་དཔལ་བཟང་གི་ཐ་ཚིག་བསྒྲགས་ཟེར་བའི་མིང་ལ་གོ་ཡ་ཅུང་མེད་གི་འདི་འདྲའི་མིང་ཏེ་གསང་སྔགས་ལས་བྱུང་བ་ཞིག་རེད། བསྟན་མ་བཅུ་གཉིས་ལ་ཐ་ཚིག་བསྒྲགས་ཟེར་བ་སོགས་ཡོད་རེད་དེ་བཞིན་སློབ་གུ་རུ་པདྨ་འབྱུང་གནས་ཀྱིས་གནོས་སྦྱིན་དམ་ལ་བཏགས་ནས་ཐ་ཚིག་བསྒྲགས་ཟེར་བའི་དོན་ལས་མ་འདས།

    Reply
  3. བརྩོན་རྒྱམ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་དཀའ་སྡུག་ལ་ཐུགས་བསམ་བཞེས་མཁན་རྒེན་དམ་ཆོས་ལགས་ཀྱི་གསུང་པ་བཞིན་དངོས་ཡོད་ཀྱི་ལམ་ནས་བདེན་པ་རབ་སྤྲོད་གནང་རྒྱུ་གལ་ཆེན་རེད།  གནང་སྟངས་ཡག་པོ་གང་འདྲ་ཡིན་མིན་མི་ཤེས་མཁན་ཚོ་ཕན་ངེས་ཡིན་པས་དགེ་མཚན་འདུག   དམར་གཞུང་གི་རྫུན་གཏམ་ལ་གསལ་བཤད་གནང་པ་དེ་ནས་སྐབས་སུ་བབ་པ་ཡིན་པས་མུ་མཐུད་འབྲི་རྒྱུ་གལ་ཆེན་དུ་མཐོང་།

    Reply
  4. འབྲོང་སར་ཚེ་ཉི། says:
    ལོ་ 15 སྔོན།

    ང་རང་ཚོས་འབོད་སྐུལ་ཞུ་དགོས་གི་རེད་ཟེར་ནས་སྟོང་གཏམ་བཤད་པ་ཙམ་མ་ཡིན་པ། ཁ་ཡོད་ལག་ཡོད་ལས་འགུལ་འདི་དང་འདི་འདྲ་སྤེལ་དགོས་གི་རེད་ཟེར་ནས་བསམ་འཆར་བཤད་པ་ཡིན་ན་ངོ་མ་དོན་ཡོད་རེད།

    Reply
  5. རང་དབང་རྒྱལ། says:
    ལོ་ 15 སྔོན།

    ཐ་ཚིག་ཙམ་གྱིས་རྒྱ་གཞུང་འདི་འདར་དུ་འཇུག་ཐུབ་བམ། མི་རིགས་འདི་བ་ཚང་དམག་ཐབས་ལ་བྱང་ཞིང་གཡོ་སྒྱུ་ལ་གོམས་ཞིང་འཇགས་པ་མ་ཟད། དེ་དག་གི་རིག་གནས་ཀྱང་གཏིང་ཟབ་མོ་ཞིག་ཡོད་པར་འདོད། དེ་འདྲ་ཡིན་དུས། རིག་གནས་དེ་དག་གིས་དམག་ཐབས་རྒྱག་སྟངས་གང་འདྲ་ཡིན་མིན་དང་། དེ་དག་གི་ཇི་ལྟར་བསྔོག་གི་ཡིན་མིན་སོགས་ཀྱི་ཐད་ལ་བཀའ་མོལ་རེ་ཡོང་ན། ཕན་ནུས་ཆེན་པོ་ཞིག་ཐོན་སྙམ། ཐ་ཚིག་དང་བསྒྲགས་གཏམ་ཁོ་ནས་འདི་བ་ཚང་གི་ཁ་གཏད་མི་ཐུབ་པ་གསལ་རྟོགས་མ་རེད་དམ།

    Reply
  6. བློ་འཕེལ། says:
    ལོ་ 15 སྔོན།

    འགུ་ལོག་གིས་བཤད་པར་རྒྱབ་སྐྱོར་ཡོད། འདི་བཞིན་མུ་འཐུད་འབྲི་དགོས་པ་རེད།
    མ་གཞི་རྒྱ་གཞུང་མངོན་སུམ་དུ་སྨྱོན་གྱི་ཡོད་པ་རེད་དེ། གསལ་བཤད་བྱེད་རྒྱུ་གལ་ཅན་དུ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese