མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འགའི་གོང་ཨ་མདོ་དྷཱིཿཚ་དགོན་པའི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་མཚོ་ལྷོ་ཁྲི་ཀ་རྫོང་དུ་ཞིང་ཆེན་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཉིན་གྱི་ཕྱི་དྲོར་བོད་ཨ་མདོ་དྷཱིཿཚ་དགོན་ཆེན་གྱི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་འམ། ཡོངས་གྲགས་སུ་རྨོག་རུ་ཚུལ་ཁྲིམས་ཞེས་པ་ཁོང་མཚོ་ལྷོ་ཁྲི་ཀ་རྫོང་དུ་མཚོ་སྔོན་ཞིང་ཆེན་གྱི་གསང་བའི་མི་སྣས་འཛིན་བཟུང་བྱས་ཡོད་འདུག     

དགེ་བཤེས་ཁོང་ཉིད་འཛམ་གླིང་ཨེ་ཤ་ཡའི་སློབ་གསོའི་ཚོགས་པ་ཞིག་གིས་གདན་འདྲེན་ཞུས་པ་ལྟར། ས་གནས་ཁྲི་ཀ་རྫོང་སྟོང་ཆེ་མི་རིགས་སློབ་གྲྭ་རུ་འཆད་ཁྲིད་གནང་བཞིན་པའི་སྐབས་སུ་འཛིན་བཟུང་བྱས་ཡོད་ཅིང་། ཁོང་ཉིད་འཛིན་བཟུང་སྐབས་ཁྱིམ་མི་དང་སློབ་གྲྭ། དགོན་པ་བཅས་ལ་བརྡ་ལན་ཙམ་ཡང་མེད་པར་གློ་བུར་དུ་བཙན་ཁྲིད་བྱས་ཡོད་འདུག  

དགེ་བཤེས་ཁོང་གི་ཕ་ཡུལ་ནི་མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ངམ། དེང་སྐབས་བོད་སྐད་དུ་གསེར་ཆེན་རྫོང་ཟེར་བའི་མངའ་ཁོངས། ཅང་ཤེས་གྲོང་ཚོ་རྨོག་རུ་སྡེ་བ་ནས་ཡིན་ཞིང་། ད་ལྟ་དགུང་གྲངས་ ༤༠ ལྷག་ཙམ་ཡིན་པ་དང་། ཁོང་ཉིད་མདོ་སྨད་དྷཱིཿཚ་དགོན་པའི་བཀའ་བཅུ་རབ་འབྱམས་པའི་མཚན་བཏགས་བཞེས་མཁན་ཐོག་མ་དེ་ཆགས་ཡོད་འདུག

དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ད་བར་ལོ་བཅུ་གྲངས་རིང་དྷཱིཿཚ་དགོན་ཆེན་དོ་དམ་ཁང་གི་ལས་འཛིན་པའི་འགན་བཞེས་ཤིང་། ས་གནས་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་གདན་ཞུའི་དགེ་རྒན་ཡང་ལོ་མང་རིང་གནང་མྱོང་ཡོད་པ་མ་ཟད། ད་ལྟ་ཤར་ཙོང་ཁའི་སྐྱེས་རིའི་སྙིང་རྗེའི་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པའི་ཕྱག་ལས་གནང་ཏེ། རྒྱ་ཆེའི་མི་རིགས་ཁག་གི་དབུལ་ཕོངས་སློབ་མ་དང་རྒན་འཁོགས་བདག་མེད་རིགས་ལ་རོགས་སྐྱོར་གནང་བཞིན་ཡོད་པ་དང་། ས་གནས་མང་ཚོགས་ལ་ཕ་སྐད་གཙང་མ་བཤད་པ་དང་ཡུལ་སྲོལ་གོམས་བཤིས་རྒྱུན་འཛིན་བྱ་དགོས་པ་བཅས་ཀྱི་ཐོག་སློབ་གསོ་གནང་མཁན་ཞིག་ཡིན་འདུག

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 10

  1. འཇའ་ཐང་འབྲོག་བུ། says:
    ལོ་ 15 སྔོན།

    ང་ཚོའི་ཉེས་མེད་ཀྱི་མི་སྣ་དང་ཆེད་ལས་པའམ་ཆེད་མཁས་པ་འདི་དག་ལ་ཉེས་མེད་སྐྱོན་འཛུགས་འདི་ལྟར་བྱས་དང་བྱེད་བཞིན་ཡིན་པས། རྒྱ་དམར་པོ་ལ་ནམ་ཞིག་ལ་gaddafi ཡི་མགོ་ལ་ཇི་ལྟར་བྱུང་བ་ཞིག་ཡོང་རྒྱུར་གདོན་མི་ཟ། ལས་འབྲས་ཤིག་དངོས་གནས་ཡོད་རྒྱུ་རེད།

    Reply
  2. རྒྱང་མིག says:
    ལོ་ 15 སྔོན།

    ཨ་མའི་བུ་ལོ་ལོ་ གྲྭ་བ་ཚོས་འདི་ལྟར་མ་བྱས་ཀྱང་སངས་རྒྱས་ཀྱི་བསྟན་པ་ཉམས་ཆག་ཏུ་འགྲོ་རྒྱུ་ཉག་ཅིག་རེད།
    དེ་ལྟར་མིན་ཚེ་སངས་རྒྱས་སྟོང་རྕ་གཅིག་པོ་རེ་རེ་བཞིན་འཇིག་རྟེན་ལ་བྱོན་དགོས་དོན་མི་འདུག་གཱ། ད་ཁྱེད་ལ་དེ་བཤད་ནས་ཕན་ཐོག་རྒྱུ་མ་རེད། སངས་རྒྱས་བསྟན་པ་ཞེས་པ་དེ་ཅི་ཞིག་ཡིན་མིན་ཀྱང་ཁྱེད་ཀྱིས་ཤེས་མིན་བཤད་ཁག་པོ་རེད།

    Reply
  3. དུག་མདའ། says:
    ལོ་ 15 སྔོན།

    ཨ་མའི་བུས་ཅི་ཞིག་བཤད་ཀྱིན་པ་ངས་ཧ་གོ་མ་སོང་། ལྡོག་ཕྱོགས་ནས་བཤད་དེ་དྲ་གྲོགས་འགའ་ཞིག་ལ་ངར་སློང་འདོད་པའི་དབང་དུ་བཏང་ནའམ་བརྗོད་གཞི་འོས་འཚམས་ཞིག་འཚོལ་དགོས་པ་མ་རེད་དམ། ཁྱེད་ཀྱིས་བཤད་པའི་འདུག་ཤེས་པ་དེ་དང་པོ་གོང་ས་མཆོག་ནས་བཟོ་ཐུབ་པ་བྱོས་དང་དེ་ནས་ལྟ་རྒྱུ་ཞིག་རེད། གྲ་བ་གྲ་ལོག་བྱས་ན་ཞབས་འདྲེན་ཡིན་ན་མི་སྐྱ་གྲ་བ་བྱས་ན་ཡང་ཞབས་འདྲེན་ཆགས་འགྲོ་བ་མིན་ནམ།

    Reply
  4. གདོང་གཡུ་ལོང་། says:
    ལོ་ 15 སྔོན།

    གལ་ཆེན་མི་སྣ་དག་འདི་ལྟར་ཟད་སོང་ན་ངོ་མ་ཡིད་འཕངས་བ་ཞིག་རེད།

    Reply
  5. ཨ་མིའི་བུ། says:
    ལོ་ 15 སྔོན།

    མི་སྒེར་གྱི་སེམས་ཤུགས་ཡིན་སྲིད་མོད། དགེ་འདུན་པ་ཚོ་འདུག་མ་ཤེས་ན་སངས་རྒྱས་ཀྱི་བསྟན་སྣུབས་ས་རེད།
    ༸གོང་ས་མཆོག་གིས་བསྒྲེས་ཡོལ་གནང་ནས་རབ་ཏུ་བྱུང་བ་ཚོས་ཆབ་སྲིད་ལ་ཐེ་བྱུས་བྱེད་རྒྱུའི་དུས་ཚོད་རྫོགས་ཚར་བ་རེད། ད་བསྡད་ན་ཡག་གི་རེད།
    རྒྱལ་སྤྱིའི་ཐོག་བོད་པའི་དགེ་འདུན་པ་ཚོར་ལྟ་ཚུལ་ཡག་པོ་ཞིག་མི་ཡོང་བ་ཡང་གནད་དོན་འདི་ལ་ཐུག་ཡོད། རྒྱ་རིགས་ཀྱི་ནང་པ་ཁག་གིས་ལྟ་ཚུལ་ལ་ཡང་མ་དད་པ་སྐྱེ་བའི་རྒྱུ་རྐྱེན་གཙོ་གཅིག་འདི་ལ་ཐུག་འདུག འདི་ལ་རྒྱ་གཞུང་གིས་བྱུས་ངན་དེ་འདྲ་ཡང་ཡོད་མི་སྲིད་པ་མིན། དེས་ན་དེང་ཕྱིན་ཆད་བོད་པའི་བླ་མ། གྲ་པ། བཙུན་མ་ཚོས་ཆོས་བཞིན་འདུལ་བ་བཞིན་གནང་རྒྱུའི་དུས་སུ་བབ་ཡོད།
    དེང་ཕྱིན་ཆད་ཞབས་འདྲེན་འཇོག་རྒྱུ་དེ་མཚམས་འཇོག་བྱེད་དགོས་ཀྱི་འདུག

    དེང་སང་བོད་པའི་སྤྱི་ཚོགས་ནང་དུ་གྲ་བཙུན་ཚོར་མཐོང་ཚུལ་སྡུག་ཏུ་འགྲོ་བཞིན་ཡོད་བ་དང་གཅིག་ གྲ་ལོག་དང་ཨ་ནེ་ལོག་མཁན་མང་དུ་འགྲོ་བཞིན་པ་དང་གཉིས། འདི་འདྲའི་ཞབས་འདྲེན་ནང་འགྲོ་མཁན་མང་བ་ལ་བརྟེན་ནས་བོད་བརྒྱུད་ནང་པའི་བསྟན་པ་ཉམས་ཆགས་སུ་འགྲོ་རྒྱུ་ཉག་གཅིག་རེད།

    Reply
  6. རང་དབང་རྒྱལ། says:
    ལོ་ 15 སྔོན།

    བཀྲ་ཤིས་སྣ་ནག་མ་ལ།
    བྱུང་བའི་ལོ་རྒྱུས་ནི་དེ་འདྲ་ཞིག་ཡིན་རུང་། དེང་སང་ནི། བསྟན་དང་བསྟན་འཛིན་རྣམས་ལ་རང་དབང་དང་ཐོབ་ཐང་མེད་པས་ན། འདི་ལྟར། འཚེ་མེད་ཞི་བདེའི་སྒོ་ནས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་ནི། སྟོན་པ་དང་དེའི་བསྟན་པའི་དགོངས་དོན་ལ་འགལ་མེད་པ་མདོར་ན། ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཞེས་པའི་དོན་དེ་ཉམས་སུ་ལེན་གྱིན་པ་མ་ཡིན་ནམ།

    Reply
  7. རིན་འཕེལ། says:
    ལོ་ 15 སྔོན།

    ས་གནས་མི་མང་དང་སློབ་མ་ཁག་གིས་ཁོང་གློད་དགོས་པར་རེ་སྐུལ་དང་འཚེ་མེད་ངོ་རྒོལ་བྱེད་དགོས། ཁོང་འཛིན་བཟུང་བྱེད་དོན་ཅི་ཡིན་གསལ་བོ་བཟོ་དགོས།

    Reply
  8. བཀྲ་ཤིས། says:
    ལོ་ 15 སྔོན།

    སྐུ་ཞོགས་རྣམས་གསོན་དང་། འཁྲུགས་རྩོད་དང་ངོ་རྒོལ་ནི་གང་ཞིག་གི་ཆེད་དུ་ཡིན་ཡང་ན་བཟའ་ངུར་སྨྲིག་བཀླུབས་པའི་རང་རབ་བྱུང་བའི་བགྱི་བ་མིན་པས།
    བསྟན་པ་དང་སེམས་ཅན་ལ་ཁ་གཡར་ནས་རབ་བྱུང་ལོ་རྒྱུས་ལ་ནག་ཐིག་མ་གཏོད་རོགས།
    འདས་པའི་བོད་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་བྱེད་དུས་ཀྱང་ཆེས་མཐོང་མི་འདོད་པ་ཞིང་མཐོང་བ་ཡོང་བ་ནི་སེར་གཟུགས་བཟུང་བའི་བླ་མ་དང་དགེ་བཤེས་ཁ་ཤས་ཀྱིས་བསྟན་པ་ལ་ཁ་གཡར་ན་ས་མི་བསོད་ཁྲག་སྒྱུར་གྱི་ལས་འགུལ་ཚད་མེད་པའི་ཕུགས་རྩ་བྱས་འདུག་པ་དེ་ཚོ་རེད།
    ཅི་སྟེ་དངོས་གནས་ཁྱེད་ཚོ་བོད་བསྟན་སྲིད་ཀྱི་དོན་ཡིན་ན། རང་གཞན་སུ་ལགནོད་པའི་འཚེ་བའི་ལས་ལྟ་ཅི་ཞེ་སྡང་དང་ཁོང་ཁྲོའི་རྣམ་པ་ཡང་མེད་པའི་ཐོག་ནས་ཞི་བའི་ངོ་རྒོལ་རྣལ་མ་ཞིག་གནང་རོགས་ཞེས་གསོལ་བ་སྙིང་ནས་འདེབས།

    Reply
  9. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    དམྱལ་བར་མི་ཡུལ་དུ་མྱོང་བཞིན་པའི་ངའི་བོད་རིགས་སྤུན་ཟླ་ཚོ་ཤ་ཟད་རུས་ལ་ཐུག་ཀྱང་རུང་ད་ནི་ཡར་ལོངས་ཤིག་

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ས་གནས་མི་མང་དང་སློབ་མ་ཁག་གིས་ཁོང་གློད་དགོས་པར་རེ་སྐུལ་དང་འཚེ་མེད་ངོ་རྒོལ་བྱེད་དགོས། ཁོང་འཛིན་བཟུང་བྱེད་དོན་ཅི་ཡིན་གསལ་བོ་བཟོ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese