གཟའ་པ་སངས་ཉིན་ཨོ་བྷ་མས་འདི་ལོའི་ལོ་མཇུག་བར་ཨེ་རག་ནང་གི་ཨ་རིའི་དྲག་ཆས་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་ཕོ་བྲང་དཀར་པོ་ནས་སྲིད་འཛིན་ཨོ་བྷ་མས། “འདས་པའི་ལོ་༩ ལ་ཉེ་བའི་རིང་ཨ་རིའི་དྲག་ཆས་དམག་དཔུང་ཨེ་རག་(Iraq) ཏུ་བཏང་ཞིང་། ཨ་རིའི་དམག་མི་ ༤༤༠༠ ཙམ་དང་། ཨེ་རག་མི་སེར་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ཨ་སྒོར་ཐེར་འབུམ་བརྒྱ་ཕྲག་མང་པོའི་འགྲོ་གྲོན་ཕྱིན་རྗེས་ཀྱི་དེ་རིང་། ངས་མགོ་བོ་གཟེངས་སུ་བཏེགས་ཏེ་འདི་ལོའི་ལོ་མཇུག་བར་ཨེ་རག་ནང་གི་ཨ་རིའི་དྲག་ཆས་དམག་དཔུང་ཡོད་ཚད་ཕྱིར་འཐེན་གྱིས། ཨེ་རག་ནང་གི་ཨ་རིའི་དམག་འཁྲུག་མཇུག་བསྒྲིལ་རྒྱུའི་དམ་བཅའ་དང་ཁྱབ་བསྒྲགས་བྱས་པ་ཡིན་”ཞེས་བསྒྲགས་ཡོད་པ་རེད།
ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༩ ནས་ཨེ་རག་ནང་དམག་འཁྲུག་མགོ་བརྩམས་ཤིང་། སྐབས་དེར་ནུབ་ཕྱོགས་པའི་དྲག་ཆས་དམག་མི་ ༡༧༣༠༠༠ ཙམ་ཨེ་རག་ནང་བཏང་པའི་ཁྲོད་ཀྱི་དྲག་ཆས་དམག་མི་ ༡༥༠༠༠༠ ཨ་རིའི་དམག་ཡིན་པ་དང་། ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་(George W Bush) ཡིས་དམག་འཁྲུག་མགོ་བརྩམས་པ་ནས་ད་ལྟའི་བར། ཨ་རིའི་དམག་ ༤༤༠༨ དང་དབྱིན་ཇིའི་དམག་ ༡༧༩། ཨེ་རག་མི་སེར་ ༡༡༥༤༠༥ བཅས་དམག་འཁྲུག་ཁྲོད་རྐྱེན་ལམ་དུ་ཕྱིན་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
དྲག་ཤུགས་ཀྱིས་གནས་སྐབས་ཙམ་རྒྱལ་ཁ་ཐོབ་ཀྱང་། མཐར་ཐུག་ཕམ་རྒྱུ་ལས་མེད་པ་དེ་ཨ་རིའི་དམག་མི་སྟོང་བཞི་ལྷག་འདས་གྲོངས་སུ་གྱུར་པ་དང་ད་དུང་འགྲོ་བཞིན་པ་འདིས་མཚོན་པ་རེད། གཉིས་དེང་ཆེས་ཉམས་གུད་དུ་འགྲོ་བཞིན་པའི་ཨ་རིའི་དཔལ་འབྱོར་གནས་དོན་དང་། གསུམ་ནས་ཨོ་བྷ་མ་འཆར་ལ་ཉེ་བའི་འོས་བསྡུའི་ཆེད་དུ་ཡང་རེད།
ད་སྐབས་ཨ་རིའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པས་དམག་མི་དེ་འདྲ་མང་ཞིག་འགྲོ་སོང་གཏོང་རྒྱུ་དེ་ཧ་ཅང་དཀའ་མོ་རེད།
ཨེ་མ་ཧོ་ བྷ་རག་ཨོ་བྷ་མས་ཞི་ཕྱོགས་ཀྱི་བྱས་རྗེས་རླབས་ཆེན་ཞིག་ལ་གྲབས་གཤོམ་བྱེད་པ་ལ་དགའ་བསུ་ཚད་མེད་ཡོད