ད་ལོ་རྒྱ་ནག་གཞུང་གིས་བོད་ནང་ཕྱི་སྐྱོད་ལག་འཁྱེར་ཐོག་དམ་དྲག་ཆེ་རུ་བཏང་ཡོད་ཅིང་། གྲྭ་བཙུན་ཚོར་དམིགས་བསལ་དམ་དྲག་ཤུཊ་ཆེན་བྱེད་བཞིན་ཡོད་འདུག
ཉེ་ལམ་བོད་མདོ་སྨད་ཁུལ་གྱི་བོད་མི་ཚོས་ཁྲིམས་མཐུན་ཐོག་རྒྱ་གར་ནང་གནས་མཇལ་དང་གཉེན་འཕྲད་དུ་ཡོང་ཆེད་རྫོང་འབྲེལ་ཡོད་ལས་ཁུངས་སུ་ཕྱི་སྐྱོད་ལག་འཁྱེར་རག་ཐབས་ལ་འབད་བརྩོན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་འདི་ལོ་དམིགས་བསལ་དམ་དྲག་བྱས་ཏེ་མཚོ་སྔོན་ས་ཁུལ་གྱི་བོད་མི་མང་པོ་ཞིག་ལ་ཕྱི་སྐྱོད་ལ་འཁྱེར་སྤྲད་མེད་པ་མ་ཟད། ཕྱི་ཟླ་ ༧ པ་ནས་བཟུང་མདོ་སྨད་ཀན་ལྷོ་ཁུལ་གྱི་བོད་མི་ཚོར་ཕྱི་སྐྱོད་ལག་འཁྱེར་ཐོག་དམ་དྲག་དང་། དམིགས་བསལ་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་ཕྱི་སྐྱོད་ལག་འཁྱེར་རྩ་བ་ནས་སྤྲོད་ཀྱི་མེད་པར་བོད་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཀྱི་ཡོད་འདུག
གོང་གསལ་གནས་ཚུལ་སྐོར་བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་མི་ཚོ་དང་ལྷག་པར་དུ་བོད་ཀྱི་གྲྭ་བཙུན་ཚོར་དམིགས་བསལ་ཕྱི་སྐྱོད་ལག་འཁྱེར་ཐོག་དམ་དྲག་བྱེད་པའི་སྲིད་བྱུས་དེ་རྒྱ་ནག་དབུས་གཞུང་གིས་ཐད་ཀར་ཐག་གཅོད་བྱས་པ་ཞིག་ཡིན་འདུག་ལ། འདི་ལོར་དབུས་གཞུང་གི་ཡིག་ཆ་ཁག་ས་གནས་སུ་འབྱོར་རྗེས་བོད་མི་ཚོར་ལག་འཁྱེར་ཐོག་དཀའ་ངལ་རིམ་པར་འཕྲད་ཀྱི་ཡོད་པ་མ་ཟད། དམིགས་བསལ་བཙུན་མ་དང་དགེ་འདུན་པ། ལས་བྱེད། ཤེས་ཡོན་པ་ཚོར་དམ་དྲག་བྱེད་ཀྱི་ཡོད་འདུག
ཤེས་རྟོགས་བྱུང་བ་ལྟར་ན། སྤྱིར་བཏང་རྒྱ་ནག་ནང་ཕྱི་སྐྱོད་ལག་འཁྱེར་སྤྲོད་ཕྱོགས་ཐད་ཚོང་ལས་དང་ཡུལ་བསྐོར་བཅས་སྡེ་ཚན་གཉིས་ཡོད་ཀྱང་། ལོ་ཁ་ཤས་སྔོན་ནས་རྒྱ་ནག་གཞུང་གིས་བོད་མི་ཚོར་སྡེ་ཚན་དེ་གཉིས་ཀྱི་ཆ་རྐྱེན་ཚང་མིན་ལ་མ་ལྟོས་པར། རྒྱ་གར་ནང་གནས་སྐོར་དང་གཉེན་འཕྲད་དུ་སྐྱོད་མཁན་ཚོར་ཁྱིམ་ཚང་ཐེམ་ཐོ་དང་མི་སྒེར་ཐོབ་ཐང་ལག་འཁྱེར་ཡོད་པའི་ཐོག བལ་ཡུལ་རྒྱལ་ཁབ་ཀྱི་མི་སེར་མཚན་ཐོག་ནས་མགྲོན་ཤོག་གཏོང་དགོས་ཀྱི་ཡོད་འདུག་ལ། གལ་སྲིད། ཆ་རྐྱེན་དེ་ཚང་ཚེ་གནས་སྡོད་ས་གནས་ཞང་ལ་སྙན་སེང་བརྒྱུད་རྒྱབ་གཉེར་ཡི་གེ་བླངས་རྗེས་རྫོང་དང་ཞིང་ཆེན་རིམ་པ་བརྒྱུད་དེ་ཡོང་དགོས་པའི་ཆ་རྐྱེན་བཏོན་ཡོད་སྟབས། ད་ལྟའི་བོད་ནང་གི་བོད་མི་མང་པོ་ཞིག་ལ་ཆ་རྐྱེན་དེ་དག་གི་ཐད་ནས་དཀའ་ངལ་འཕྲད་ཀྱི་ཡོད་འདུག
གསར་འགོད་པ། དོན་གོ
ད་ལྟའི་རྒྱ་གཞུང་ཀླུ་དང་འདྲ། །
གཙང་སྦྲ་ཞི་བས་འདུལ་དགོས་ལ། །
དྲག་པོའི་འཁོན་ལེན་འགྲོ་ས་མེད། །
ད་ལྟའི་རྒྱ་གཞུང་འདྲེ་དང་འདྲ། །
དྲགས་སྔགས་མཐུ་ནུས་འགྲོ་ས་མེད། །
བྱམས་པའི་སེམས་ཀྱིས་འདུལ་དགོས་འདུག །
ད་ལྟའི་བོད་རིགས་ལྷ་དང་འདྲ། །
གཙང་སྦྲ་དེང་དུས་ཤེས་ཡོན་དང་། །
བྱམས་པའི་སྟོབས་ཀྱིས་དགྲ་མགོ་གནོན། །
དངོས་གནས་དེང་སང་བོད་ཀྱི་གནས་ཚུལ་བྱེད་སྡུག་དུ་འགྲོ་བཞིན་པ་དངོས་ཡོད་རེད། ཡིན་ན་ཡང་ཁྱེད་རྣམ་པ་སེམས་ཤུག་མ་ཆག་བོད་གངས་ཅན་པ།
དགྲ་ནག་པོའི་སེམས་གནག་ལ། གདུག་རྩུབ་ཀྱིས་ཁེངས་ཡོད་པས།
ང་ཚོར་བདེ་སྐྱིད་ཅིག་གང་ནས་སྤྲད་ཡོང་།
དགྱ་ནག་པོ་ཤི་པར་ཤོག
ཕྱི་དམ་དྲག་ཅི་ཙམ་གྱིས་ཆེ་ན་ནང་གི་འགལ་བ་ཡང་དེ་ཙམ་གྱིས་དྲག་ཏུ་འགྲོ འདི་དག་ནི་གནས་སྐབས་ཀྱི་ལྕགས་སྒྲོག་ཅིག་ཡིན་ན་ཡང་ང་ཚོ་ངེས་འཕར་ཅིང་འཕར་ནས་འཕུར་དགོས་པའི་གསལ་འདེབས་ཤིག་ཀྱང་ཅི་ལ་མིན། ད་ནས་བཟུང་ང་ཚོ་སྔོན་མ་ལྟར་བསླུ་བྲིད་ཀྱི་དྲ་རྒྱར་ཚུད་པའི་ཉེན་ཁ་མེད། མི་རིགས་ཁ་བྲལ་དང་མི་རིགས་རང་སྐྱོང་རང་བདག་གི་འདུ་ཤེས་ཆེ་རུ་སྤེལ་བའི་རྐྱེན་ངན་གྲོགས་ཤར་དེ་ཅི་ལ་མིན། ང་ཚོས་རྐྱེན་ངན་ཚང་མ་གྲོགས་སུ་འཁྱེར་ཤེས་དགོས། འཁྱེར་ཐུབ་དགོས།
དམར་པོ་སྲིད་གཞུང་གིས་བྱེད་སྟངས་འདིར་ནམ་ཡང་བདེན་པ་དང་དྲང་པོ་མེད་པ་ཚང་མས་ཧ་གོ་གསལ་རེད།