དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་སྐབས་གསུམ་པའི་རྒྱུན་ལས་སྐབས་གསུམ་པའི་འགན་འཛིན་ལྷན་ཚོགས་ཐེངས་བཞི་བ་སྐོང་ཚོགས་གནང་སྟེ། རྒྱུན་ལས་གསར་འདེམས་རྩིས་སྤྲོད་རྩིས་ལེན་གནང་ཡོད་འདུག གསར་དུ་བདམས་ཐོན་བྱུང་བའི་སྐབས་བཞི་བའི་རྒྱུན་ལས་དག་ནི། ཚོགས་གཙོ་ཚེ་དབང་། ཚོགས་གཞོན་དགེ་བཤེས་རྣམ་རྒྱལ། དྲུང་ཆེ་ལམ་བཟང་། དངུལ་གཉེར་འཕྲིན་ལས་རྡོ་རྗེ། རྩིས་པ་ཡེ་ཤེས་འགྲ་འདུལ་བཅས་ཡིན་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།