ཤར་ཕྱོགས་ཁུག་རྟ།
དབུ་མའི་ལམ་གྱི་སྲིད་བྱུས་ནི་གུ་བཤངས་དང་གཉིས་ཕན་ལྡན་པ། རང་རྒྱལ་གཞན་ཕམ་མེད་པར་རང་གཞན་གཉིས་ཀྱི་འཚོ་གནས་ལ་འགན་ཁུར་ཐུབ་པའི་དུས་བསྟུན་རྣམ་དཔྱོད་ཀྱི་གྲུབ་དོན་ཞིག་ཡིན་པ་ནི། སྲིད་བྱུས་འདི་འཚེ་མེད་ཞི་བའི་ཞིང་ས་ཁོ་ན་ལས་སྐྱེས་བ་དེས་ཡིན་ལ། འཚེ་བའི་གཞན་དབང་དུ་སོང་བའི་ལུས་ངག་ཡིད་གསུམ་གྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཉམས་ལེན་གནང་ཐབས་མེད། དེ་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྦྱོར་དངོས་རྗེས་གསུམ་གཏན་འབེབས་མཛད་རིམ་ནང་དུའང་འཚེ་བ་མེད་པས་དེའི་ཕ་མ་ལྟ་བུའི་གནས་བབ་བཟུང་ཡོད།
བཙན་དབང་འོག་གི་གྲོས་མཐུན་ལ་ཐམ་ཀ་རྫུན་མ་མ་རྒྱག་མཐུ་མེད་བྱུང་བ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་མ་འབྱོར་བར། བོད་ཀྱི་བཙན་འཛུལ་ཐད་འཚེ་བ་མེད་པ་དང་གྲོས་མོལ་གྱི་ཐབས་ལམ་གང་ཡོང་བསྟེན་ཡོད་པ་དང་། ༡༩༥༦ ལོར་༧རྒྱལ་མཆོག་ཡབ་སྲས་༧སྟོན་པ་རྗེས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་གནང་སྐབས་སུའང་། རྒྱ་གར་གྱི་གནའ་བོའི་ཤེས་རིག་དང་ལྷག་ཏུ་འཚེ་མེད་ཞི་བའི་སློབ་དཔོན་གན་རྡེའི་འཁྲུངས་གནས་འདས་གསུམ་གྱི་ས་ཆར་གཟིགས་སྐོར་གནང་སྐབས་སྔར་ལྷག་༧གོང་ས་མཆོག་གི་ཐུགས་བརྒྱུད་དུ་འཇིག་རྟེན་གྱི་དོན་བྱ་ཆེ་ཕྲ་གང་ཡང་། གྲོས་མོལ་དང་འཚེ་བ་མེད་པ་གཉིས་ཕན་བཅས་ཀྱི་ཐོག་ནས་སེལ་དགོས་པའི་ངེས་ཤེས་རྡོ་ལ་རི་མོའི་ངང་ཚུལ་དུ་འཁྲུངས།
བོད་ཀྱི་གནས་བབ་སྐྱབས་བཅོལ་བའི་ས་ཐོག་ཏུ་ལྷུངས་ཡང་། འཚེ་བ་མེད་པ་དང་རང་གཞན་གཉིས་ཕན་གྱི་སྤྱོད་པ་ཁོ་ནས་བོད་དོན་བདེན་མཐའ་སེལ་རྒྱུའི་ལམ་དུ་ཆས་ཤིང་། སྐབས་དེ་ཤེད་དུ་ཡུད་ཙམ་གནས་པའི་དྲག་པོའི་དམག་གི་ལས་གཞི་རྣམས་ཡོངས་སུ་སྤངས་ཐུབ་པ་བྱུང་ཡོད་ལ། བོད་མིའི་ཆོས་རིག་བརྒྱུད་འཛིན་གྱིས་མཚོན་པའི་བོད་མིའི་ངོ་བོ་སྲོག་འཛིན་གྱི་ཁྱད་ཆོས་རྣམས་ཕྲ་ཚུགས་ཐབས་སུ་གནམ་ས་གཉིས་ལས་ངོ་མི་ཤེས་པའི་རྒྱ་གར་ས་ཐོག་ཏུ་༧གོང་ས་མཆོག་གཙོས་བོད་མི་རྒན་རབས་ཚོས་དཀའ་ལས་སུས་ཀྱང་མ་མྱངས་པ་ཞིག་མྱོང་དགོས་བྱུང་ཡོད། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རབས་ཚ་བརྒྱུད་དུ་དམ་པའི་བཀས་བཅད་པ་ལྟར། ཆོས་རིག་བརྒྱུད་འཛིན་དང་འཚོ་གནས་འཆའ་ཐབས་སོགས་ཀྱི་ལས་དོན་དུས་ཐུང་ནང་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་པས།
༡༩༦༢ ནས་བཟུང་༧གོང་ས་མཆོག་གིས་རྒྱལ་སྤྱིའི་གནས་ཚུལ་ཡོངས་ལ་ཐུགས་ཞིབ་དགོངས་བཞེས་གཏིང་ཟབ་དང་འབྲེལ་དབུ་མའི་ལམ་གྱི་ཐབས་ལམ་ཐུགས་རྒྱུད་དུ་བརྟན་པོར་འཁྲུངས་པ་དང་། ལོ་དེར་༧གོང་ས་མཆོག་གིས་ཌལ་ཧོར་ནས་མི་མང་ལ་ང་ཚོས་རང་བཙན་བརྩད་དེ་སྡོད་རྒྱུ་ལས་རང་སྲིད་རང་སྐྱོང་ཐོག་ཕེབས་ན་ཡག་གི་རེད་གསུངས་ཡོད། ༦༧ དང་༦༩ ལོའི་བོད་གཞུང་གི་གྲོས་ལ་དབང་བ་རྣམས་དང་། མཁས་མྱོང་ལྡན་པའི་བོད་ཀྱི་གྲོགས་པོ་རྣམས་ལ་གོ་བསྡུར་བགྲོ་གླེང་དཔྱད་ཞིབ་གཏིང་ཟབ་རྒྱུན་རིང་གནང་མཐར། ༡༩༧༤ ལོར་ནམ་ཞིག་བོད་རྒྱ་གཉིས་དབར་གྲོས་མོལ་གྱི་གོ་སྐབས་ཤིག་ཤར་ཚེ་དངོས་ཡོད་དང་མཐུན་པའི་རང་སྐྱོང་གི་གནས་བབ་རྩོད་ལེན་བྱ་རྒྱུའི་ནང་དོན་གཏན་འབེབས་གནང་།
༡༩༧༩ ལོར་རྒྱ་ནག་གི་སྲིད་འཛིན་ཏིང་ཞའོ་ཕེན་གྱིས་སྐུའི་གཅེན་པོ་ཐེངས་མང་འབྲེལ་གཏུག་གིས་༧གོང་ས་མཆོག་ལ་རྒྱ་བོད་གྲོས་མོལ་གྱི་བསམ་ཚུལ་བཏོན་པས། བཙན་བྱོལ་བོད་གཞུང་གིས་སྔ་ནས་ནང་དོན་གཏན་འབེབས་ཟིན་པ་ལྟར་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་བར་དངོས་སུ་འབྲེལ་བ་བྱུང་སྟེ་ཅོག་ཙེ་གཅིག་གི་སྒང་གྲོས་མོལ་བྱ་རྒྱུའི་འགོ་ཚུགས། སྐབས་དེ་ནས་བཟུང་རང་ཕྱོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་བརྟན་བཟུང་གིས་བོད་ཀྱི་དཀའ་ངལ་སེལ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་པར་གནས་ཀྱང་རྒྱ་ཕྱོགས་ནས་དོན་འབྲས་ལྡན་པའི་ཡ་ལན་གང་ཡང་མ་གནང་།
༡༩༨༧ ནས་༨༩ བར་བོད་མིའི་ཞི་བའི་ངོ་རྒོལ་བྱས་པ་དང་། ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་པ་སོགས་ཀྱི་དྲག་གནོན་རིམ་བསྟུད་དུ་བྱུང་ཡང་། བཙན་བྱོལ་བོད་གཞུང་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་ཕྱིན་པ་དང་། ༡༩༨༧ ལོའི་ཟླ ༩་ཚེས ༢༡ ཉིན་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་ཁྱབ་གསལ་བསྒྲགས་གནང་བ་དང་། ༡༩༨༨ ལོའི་ཟླ ༦ ཚེས ༡༥ ཉིན་ཞི་བའི་དོན་ཚན་ལྔའི་རྒྱས་བཤད་སི་ཏྲ་སི་སྦག་གི་གཏམ་བཤད་དུ་གྲགས་པ་གནང་ཡོད། ཞི་བའི་དོན་ཚན་ལྔ་དང་སི་ཏྲ་སི་སྦག་གི་གཏམ་བཤད་གཉིས་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱས་བཤད་དང་པོ་ཡིན་ལ། གསལ་བསྒྲགས་མ་གནང་གོང་རྡ་སར་ ༡༩༨༨ ཟླ ༦ ཚེས ༦ ནས་༩་བར་བཀའ་སྤྱི་གཉིས་དང་། གཞུང་ཞབས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག རང་སྐྱོང་སྡེ་ཚན་ཁག གསར་འབྱོར་བོད་མིའི་འཐུས་ཚབ། དམིགས་བསལ་སྐུ་མགྲོན་བཅས་བཙན་བྱོལ་གཞུང་མང་གཉིས་ཀྱི་འཐུས་ཚབ་མཚོན་པའི་ཚོགས་ཆེན་ཐོག་བགྲོ་གླེང་མཐིལ་ཕྱིན་གནང་རྗེས་གྲོས་འཆར་དེ་གསལ་བསྒྲགས་གནང་རྒྱུར་སྤྱི་མོས་ཀྱིས་རྒྱབ་གཉེར་བྱས་ཡོད།
༡༩༩༣ ནས་བོད་རྒྱའི་འབྲེལ་བ་ཆད་པར་བརྟེན། ༡༩༩༥་དང ༩༦ སོ་སོར་༧གོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་ནང་འབྱུང་འགྱུར་ལངས་ཕྱོགས་ཇི་དགེ་མང་མོས་ཐག་གཅོད་འོས་བསྡུ་བྱ་རྒྱུ་ཕེབས་པ་ལྟར། བཀའ་སྤྱི་གཉིས་ཀྱིས་གདམ་བྱ་དོན་ཚན་བཞིའི་སྔོན་འགྲོའི་འོས་བསྡུའི་ལས་རིམ་འགོ་འཛུགས་ཀྱིས་བཀའ་བསྡུར་གནང་སྐབས། བོད་མི་གཞིས་བྱེས་བརྒྱ་ཆ ༦༤ཚེག་༦༠་བརྒལ་བས་མང་མོས་ཐག་གཅོད་མ་དགོས་པར། དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་འཛིན་ནམ། ༧གོང་ས་མཆོག་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་དུས་ནས་དུས་སུ་ཐག་གཅོད་གནང་སྐྱོང་ཡོང་བའི་སྙན་ཞུ་ཕུལ་དོན་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས ༡༩༩༧ ཟླ ༩ ཚེས ༡༨ ཉིན་སྤྱི་མོས་ཀྱི་ལམ་ནས་༧གོང་ས་མཆོག་གིས་ཐག་གཅོད་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་བ་དང་གཅིག་གྱུར་བརྩི་རྒྱུ་ཡིན་པར་གཏན་ལ་ཕབས་དང་འབྲེལ། ༡༩༩༨ ལོའི་གསུམ་དུས་གསུང་འཕྲིན་ནང་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་རྒྱུའི་ཁྱབ་བསྒྲགས་གནང་།
༢༠༠༢ ནས་བོད་རྒྱའི་འབྲེལ་བ་བསྐྱར་གསོ་བྱུང་བ་ནས། འབྲེལ་མོལ་ཐེངས་དགུ་གནང་བ་དང་། ༢༠༠༨ ལོའི་འགྲེལ་མོལ་ཐེངས་བརྒྱད་པའི་སྐབས་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར༽་སྤྲད་པ་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཁ་གསལ་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་འགྲེལ་བརྗོད་རྗེས་ཤོས་དེ་ཡིན།
༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་དང་། ༢༠༡༠རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ། ༢༠༡༡ ལོའི་རྒྱལ་ཡོངས་ཚོགས་ཐེངས་གཉིས་པ་བཅས་ཀྱི་སྐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པདང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་བསྐྱར་འཇོག་གིས་ ༢༠༡༠་ཟླ ༣་ཚེས ༢༠ ཉིན་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྤྱི་མོས་ཀྱིས་རྒྱུན་འཁྱོངས་དགོས་པའི་གཏན་འབེབས་མཛད་པ་བཅས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་ཐབས་མཆོག་གཞན་མེད་པ་དང་། རྒྱ་བོད་གཉིས་ཕན་གྱི་མདུན་ལམ་ལ་ཕན་པའི་ཡིད་ཆེས་རུང་བའི་སྲིད་བྱུས་ཉག་ཅིག་ཡིན་པ་བོད་གཞིས་བྱེས་གཉིས་ཀྱི་ཤེས་ལྡན་པ་དང་། དེ་བཞིན་རྒྱལ་སྤྱིའི་གཞུང་སྒེར་མང་པོས་ངོས་འཛིན་གནང་བཞིན་ཡོད་ལ། རྒྱ་རིགས་ཤེས་ལྡན་པ་རྣམས་ཀྱིས་ཀྱང་དབུ་མའི་ལམ་གྱིས་བོད་ཙམ་མ་ཟད། རྒྱ་ནག་མི་མང་དང་ཨེ་ཤ་ཡའི་ཞི་བདེ་དང་ཡ་རབས་བཟང་སྤྱོད། འཚོ་གནས་བཅས་ལ་འགན་ཁུར་ཐུབ་པར་ངེས་པ་བརྟན་པོས་ངོས་འཛིན་གནང་ཡོད། ལྷག་ཏུ་ ༢༠༠༨ ནས་བོད་ནང་དུ་ཞི་རྒོལ་བྱུང་བ་ནས་བཟུང་ད་བར་རྒྱ་རིགས་ཤེས་ཡོན་ཅན ༩༠༠ ལྷག་གིས་ལམ་དབུ་མའི་སྲིད་བྱུས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་བོད་གཞུང་མང་གཉིས་ཀྱི་ཆོད་སེམས་ལ་ཡི་རངས་དང་རྒྱབ་སྐྱོར་གྱི་རྩོམ་ཡིག་རིམ་བསྟུད་དུ་སྤེལ་ཡོད།
དངོས་ཡོད་བྱུང་བ་འདིས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་འཛིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི། དུས་རབས་ཉེར་གཅིག་པའི་དེ་རིང་བོད་མི་རྒན་གཞོན་སྤྱི་མོས་ཀྱིས་རྣམ་དཔྱོད་བསྲུབས་པ་ལས་ཐོན་པའི་ཐབས་མཆོག་གོང་ན་མེད་པ་དེ་ཡིན་པས། སྲིད་བྱུས་འདིའི་ནང་དོན་ཉམས་ལེན་བྱ་རྒྱུ་ནི་བོད་མི་ཚོར་བབས་པའི་འགན་འཁྲི་ཆེ་ཤོས་དེ་ཡིན་པས། ལས་འགུལ་སྤེལ་སྐབས་དང་རྒྱུན་གྱི་ཉིན་རེའི་འཚོ་བའི་ནང་དབུ་མའི་ལམ་གྱི་ཉམས་ལེན་གནང་སྒོ་ཁག་ཅིག་འདིར་དྲན་སྐུལ་གྱི་ཚུལ་དུ་འགོད་འབུལ་ཞུ་རྒྱུ་ཡིན།
༡ རྒྱལ་དར་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་པ་ལྟར། གཉིས་ཕན་ལམ་ལ་སྐྱོད་མཁན་གྱི་བོད་མི་ཚོས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་བ་སོགས་ཀྱི་ལས་འགུལ་མི་སྤེལ་རྒྱུ་དང་། དེ་བཞིན་རྒྱ་ཕྱོགས་ནས་བཙན་བྱོལ་བོད་མིའི་ནང་བསླུ་བྲིད་སིམ་འཛུལ་བྱེད་པ་དང་། དོལ་རྒྱལ་སོགས་ལ་ཁ་གཡར་ཏེ་༧གོང་ས་མཆོག་གི་གཉིས་ཕན་མཛད་འཕྲིན་ལ་ངོ་རྒོལ་རྫུན་མ་སྤེལ་བར་གནས་ལུགས་གསེད་བཀྲོལ་གྱིས་མི་རེ་ངོ་རེས་ཞི་བའི་ངོ་རྒོལ་བྱེད་པ།
༢ དབུ་མའི་ལམ་གྱི་ལས་འགུལ་བས་ལས་འགུལ་ཆེ་ཕྲ་སྤེལ་བ་དང་། གཞན་གྱི་ལས་འགུལ་ལ་འཛུལ་ཞུགས་བྱེད་སྐབས། ལས་འགུལ་དེའི་བྱ་སྤྱོད་ལས་གསུམ་དབུ་མའི་ལམ་གྱི་དགོངས་དོན་མཐུན་མིན་ལ་གཟིགས་ཞིབ་ཀྱིས་ལས་འགུལ་དུ་ཞུགས་རྒྱུ་དང་། སྐད་འབོད་ཚུན་ཆད་དབུ་མའི་ལམ་གྱི་དགོངས་དོན་དང་མཐུན་དགོས།
༣ ཁྱིམ་ཚང་དང་ལས་བྱེད་པ། སྒེར་བ་བཅས་དབུ་མའི་ལམ་གྱི་ལས་འགུལ་དུ་འཛུལ་ཞུགས་བྱེད་སྐབས། རང་གིས་གཉེར་བཞིན་པའི་ཚོང་ལས་སོགས་ལས་རིགས་མཚམས་འཇོག་བྱེད་མི་དགོས་པར་མི་ཚང་ནང་གྲོས་ཀྱིས་བཟའ་མི་རེས་བསྐོར་གྱིས་ལས་འགུལ་ནང་འཛུལ་ཞུགས་གནང་རྒྱུ།
༤ དབུ་མའི་ལམ་གྱི་ནང་དོན་གྱི་འགྲེལ་བརྗོད་རྗེས་ཤོས་དང་ཁ་གསལ་ཤོས། འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་གཞུང་ལ་སྤྲད་པའི་༼བསམ་འཆར༽ཡིག་ཆ་དེ་ཡིན་སྟབས། ཡིག་ཆ་དེའི་ཐད་ཕ་མ་དང་། དགེ་རྒན། སྤྱི་ཚོགས་ནང་གི་ཤེས་ལྡན་པ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་བོད་མི་ཡོངས་ཀྱིས་ཡང་ནས་ཡང་དུ་རང་ལ་ངེས་པ། གཞན་ལ་བཤད་པ་བཅས་ཀྱི་ཁུར་ཉམས་ལེན་བྱེད་པ།
༥ རྒྱུན་གྱི་འཚོ་བའི་ནང་བོད་རིགས་ནང་ཁུལ་དུ་ཕ་སྐད་གཙང་མ་བཤད་པ་དང་། ཕྱི་སྐད་སྤྱོད་སར་ཕྱི་སྐད་སྤུས་གཙང་མ་བཤད་པ། དེ་བཞིན་བོད་རིགས་ནང་ཁུལ་དུ་ཡིག་འབྲེལ་བྱེད་སྐབས་རང་གི་ཕ་ཡིག་གི་ལམ་ནས་ཡིག་འབྲེལ་བྱེད་རྒྱུར་ལྷག་བསམ་གཡོ་བ་མེད་པ་གནང་རྒྱུ།
༦ བཙན་བྱོལ་བོད་མི་གནས་ཡུལ་ཀུན་ཏུ་ཚོང་ཁང་དང་གླ་གཏོང་རླངས་འཁོར། བཟོ་གྲྭ ཟ་ཁང་སོགས་གཉེར་མཁན་ཡོད་དོ་ཅོག་གིས་བོད་ཀྱི་ཡི་གེ་བྲིས་པའི་སྒོ་བྱང་སོགས་བཟོ་འགོད་བྱེད་པ་དང་། ཟས་ཐོ་དང་བྱུང་འཛིན་སོགས་སུའང་བོད་ཡིག་མཉམ་འཁོད་བྱ་རྒྱུ།
༧ ཆེས་མཐོའི་དབུ་ཁྲིད་རྣམས་ཀྱི་ལས་ཤོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་ཤོག བྱུང་འཛིན་ལས་དོན་གཞན་གྱི་རེའུ་མིག་ཡོད་ཚད་ལ་བོད་ཡིག་འབྲི་རྒྱུ་དང་། ཐ་ན་གསང་སྤྱོད་ཚུན་ཆད་དུ་བོད་ཡིག་མདུན་གྲལ་དུ་ཡིག་གཟུགས་ཆེན་པོའི་ཐོག་བཀོད་རྒྱུ།
༨ བོད་རིགས་དབང་བོ་སྐྱོན་ཅན་དང་། ལས་མེད་ཉམས་ཐག་སྤུན་ཉེ་མེད་རིགས་ལ་བོད་མི་ཚོས་ནང་ཁུལ་ལྟ་རྟོགས་བྱེད་པ་དང་། དཀའ་ངལ་ཅན་རྣམས་ལ་འབྲེལ་ཡོད་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་སྒེར་བ། ཕྱུག་བདག་རྣམས་ལ་ཞུ་འབོད་ཀྱིས་རོགས་རམ་བྱེད་པ།
༩ བོད་ལ་རང་སྐྱོང་བྱུང་མཚམས་བོད་ཀྱི་ཆོས་སྲིད་དཔལ་འབྱོར་གང་ཐད་ནས་རང་མགོ་ཐོན་ཆེད། ཕྱིའི་ཡུལ་གྲུ་ཁག་ཏུ་གནས་པའི་སློབ་གཉེར་བ་ཡོངས་དང་། དེ་བཞིན་རང་རིགས་ནང་པའི་ལྟ་གྲུབ་དང་མཚན་ཉིད་རིགས་པའི་སློབ་གཉེར་བ་ཡོངས་ཀྱིས་སྔར་ལྷག་རང་འགོ་རང་ཐོན་གྱི་བོད་ཀྱི་ཤེས་རིག་དར་རྒྱས་ཆེད་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་ཧུར་བརྩོན་གྱིས། གསེར་ལས་བྲིན་པའི་དུས་ཚོད་ཡོངས་རྫོགས་སློབ་སྦྱོང་ཐོག་ནར་གཏོང་བྱེད་པ། རྩོམ་འབྲི་བ། བགྲོ་གླེང་ཚོགས་པ་སོགས་རང་གི་སྤྱི་ཚོགས་སུ་སྤེལ་གལ།
༩ བོད་མིའི་མཚན་ཐོངས་ལ་གནོད་གཞིའི་ལས་རིགས་ཆེ་ཕྲ་གང་དུ་བྱུང་ངེས་པ་དང་བྱུང་བ་སོགས་ཀྱི་སྐབས་སུ་བོད་མི་ཚང་མས་དང་བླང་གིས་ཞི་བའི་རྒོལ་ལན་བསླབ་བྱ་དུས་ལྟར་སྤྲོད་རྒྱུ།
༡༠ བདུན་ཕྲག་གཅིག་གི་དུས་ཚོད་གཅིག་ནས་གཉིས་འཆར་ཅན་༧གོང་ས་མཆོག་གི་ཞབས་བརྟན་དང་བོད་ཀྱི་བདེན་མཐའ་སེལ་ཆེད། དགེ་སྒྲུབ་མཆོད་འབུལ་ཕྱག་བསྐོར་སྦྱིན་གཏོང་གང་ཐུབ་བྱེད་པ།
༡༡ བོད་ཕྱི་ནང་གང་དུའང་རང་ལུས་མེར་སྲེག་ལྟ་བུའི་ལས་འགུལ་བྱུང་སྐབས། བོད་ཀྱི་གོམས་སྲོལ་དུ་གྱུར་བའི་དུས་ཆེན་སོགས་ཀྱི་སྐབས་གླུ་གར་རྩེད་འཇོའི་རིགས་སྤང་རྒྱུ་ལས། གཞན་དུས་ཆེན་སྲུང་བརྩི་མཚམས་འཇོག་མི་དགོས་བ་བཅས།
༢༠༡༡། ༡༡། ༡༧། ཉིན།
མར་འགྲོའི་ལམ་དང་ཡར་འགྲོའི་ལམ། །མཐུན་ཐབས་མེད་པའི་ལམ་འགྲོ་ཚོ།
དབུ་མའི་གཞུང་ལམ་གསར་གཏོད་ཀྱི། །ཤིང་རྟའི་རྗེས་སུ་ཕྱོགས་ན་བདེ།
རང་རྒྱལ་གཞན་ཕམ་དམན་པའི་བློ། རང་ཕམ་གཞན་རྒྱལ་དམ་པའི་ཐུགས།
རང་གཞན་གཉིས་དགེ་བསམ་ཤེས་ཀྱི། མི་རྣམས་འཇུག་ངོགས་མ་ཡིན་ནམ།
གོ་གྱི་ཡོད་མདོག་ཞིག་གིས་བརྒྱ་བཤད་སྟོང་བཤད།
བརྒྱ་བཤད་དོན་གྱི་རྩ་བར་རྒྱ་མིར་བྱེད་འདོད།
སྟོང་བཤད་འོ་མའི་མར་ལོ་རྒྱ་ཁྲིམས་ཁུར་འདོད།
དེ་མིན་སྐབས་འཚོལ་གཏམ་ལ་དཔྱད་རིན་འདུག་གམ།
བོད་མི་ས་ཡ་དྲུག་གི་ཐོབ་ཐང་བདག་དབང་།
དམར་པོའི་རྒྱ་ཁྲིམས་འོག་ནས་ཐར་པའི་རེ་བ།
གངས་ཅན་ཁ་བ་རི་པའི་རང་ཡུལ་རང་བདག
ཡོང་ཕྱིར་གཞི་ལུས་སྤུན་ཟླས་སྲོག་གི་མཆོད་མེ།
གཏམ་ལ་ལན་པོ་མེད་ན་ལྐུག་པ་ཆུ་འཐུང་།
ཟས་སུ་ལན་པོ་མེད་ན་ཁྲམ་པ་སྐབས་འཚོལ།
འཇིགས་སེང་གཡུག་བཞོགས་ཟེར་ནས་རྒྱབ་གཉེར་བྱེད་མདོག
ལུང་རིག་རྒྱབ་རྟེན་མེད་ན་མ་གཡུག་རང་གཡུག
ཨོ་ཧཧཧཧཧཧཧ་བོད་རང་བཙན་ཡིན། མགྱོགས་པོ་ཐོབ་ཀྱི་རེད།
རྒན་ཆབ་བྲག་ལགས། དྲ་ངོ་འདི་དག་མཐུན་སྣང་དུ་གྲུབ་ཡོད་པའི་གླེན་པ་གཅིག་ནི་ཇོ་རུ་ཟེར་བ་འདི་རེད། ཁྱེད་ཀྱིས་གླེན་པ་བརྒྱ་བཤད་ཀྱང་གོ་བ་མེད་མཁན་དག་གི་མཉམ་ཏུའང་རྩོད་པ་འདྲ་ཞིག་གནང་བཞིན་པ་འདི་ནི་ཕན་སེམས་ཀྱིས་ཡིན་ཡང་། གོ་ཚོད་མི་འདུག་པས་གཡུག་བཞག་ན་དགའ་ལེ་རེད་ལགས།
ཤར་ཁུག་གི་བཤད་པ་བདེན་པ་རེད། རྒྱབ་སྐྱོར་ཡོད། ཁ་ཤས་དབུ་ལམ་བཤད་དུས་སྙིང་གི་ན་ཚ་ཕོག་གི་ཡོད་པ་རེད།
དབུ་ལམ་ལས་འགུལ་ཁང་འདི་བོད་རྒྱ་གཉིས་ཀའི་ངོས་ནས་གལ་ཅན་ནང་གི་དོན་ཅན་ཞིག་རེད།
ཨེ་ལྷ་མོ་སྐྱབས་ལགས།
༧གོང་ས་མཆོག་བྱང་ཆུབ་སེམས་དཔའ་སྐུ་དངོས་སུ་བཞུགས་ཡོད་ཀྱང་བཀའ་དགོངས་བཞིན་མི་འགྲོ་པར་ལོག་ལམ་དུ་འགྲོ་གིན་འདུག་ཟེར་ན་ཅི་ཟེར་གྱི་ཡོད་དམ།
བོད་རང་བཙན་འཐབ་རྩོད་པ་ཚང་མ་ལོག་ལམ་དུ་འགྲོ་གིན་འདུག་ཟེར་གྱི་ཡོད་དམ། རྒྱ་དམར་གྱི་རྩ་ཁྲིམས་འོག་ཏུ་སྡོད་འདོད་མེད་ན་ལམ་དབུ་མ་དང་༧གོང་ས་མཆོག་གི་བཀའ་དགོངས་དང་འགལ་ཚུལ་ཞིག་བཤད་ཀྱི་ཡོད་དམ།
ངས་བལྟས་ན་་་སྔར་ནས་ད་ལྟའི་བར་དུ་༧གོང་ས་མཆོག་གི་བཀའ་དགོངས་སུ་མི་བརྩི་མཁན་རྣམས་ནི་་་ངོ་དགའ་སྤྲེལ་ལག་ཁྲམ་པ་མ་གཏོགས་རང་ངོས་ནས་བོད་མི་རིགས་ཀྱི་བདེ་སྡུག་ལ་བསམ་གཞིག་མེད་པ།
ཁ་ནས་དད་པ་དང་དམ་ཚིག་བཤད་ཞོར་དོན་དུ་སྒེར་དོན་དང་་སྙན་གྲགས་དོན་གཉེར་བྱས་པ་མ་གཏོགས་བོད་མི་དམངས་ཉམ་ཐག་ཚོའི་བདེ་སྡུག་དང་བསམ་ཚུལ་བརྩིས་མེད་དུ་བཏང་མཁན་མི་རྣམས་རེད།
སྐབས་འཚོལ་རྒྱལ་ཚོང་བ་ཚོས་དབུ་མའི་ལམ་གྱི་དགོངས་དང་དམངས་གཙོའི་ལྟ་གྲུབ་ལ་གཞིར་བཅོལ་བའི་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་དོན་གཉིས་ཁ་ཁར་ཡིན་པ་ལས་གཅིག་པ་ཡིན་པར་སུས་ཀྱང་ཁས་ལེན་གྱི་མེད།
ང་ཅོ་རིས་ངོས་ནས་ཀྱང་རང་ཉིད་༧གོང་ས་མཆོག་གི་ཆེད་དུ་བྱ་བའི་གདུལ་བྱ་མཚན་ཉིད་ཚང་བའི་བུ་ཞིག་ཡིན་པར་རང་གིས་རང་ལ་ཡིད་ཆེས་ཡོད། ཕོ་ལོ་ཅོ་བརྒྱད་ནས་༧གོང་ས་མཆོག་གི་བདེན་ཚིག་སྨོན་ལམ་བློ་ལ་སྐྱོར་ཞོར་རྒྱལ་ཁམས་སྐོར་མཁན་མི་ཞིག་ཡིན།
༧གོང་ས་མཆོག་འདི་་་་་ལམ་དབུ་མ་པ་ཚོའི་ཡིན་མདོག་དང་བོད་རང་བཙན་པ་ཚོའི་མིན་མདོག་བཤད་བསྡད་མ་འདུག་་་ཨེ་གོ་་་ལྷ་མོ་སྐྱབས་།
དྲ་གྲོགས་རུ་གསར་ལགས།
ཁྱེད་ཀྱིས་་་༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་འདིར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བསྒྱུར་བ་རེད་གསུངས་ན་ངོས་ལེན་རྩ་བ་ནས་མེད།
༧གོང་ས་མཆོག་གིས་སྒེར་གཅོད་མི་བྱས་པར་བོད་མི་རིགས་ཀྱི་བདེ་སྡུག་ཐམས་ཅད་བོད་རྒྱ་ཆེན་མི་དམངས་ཀྱིས་ཐག་གཅོད་བྱ་དགོས་གསུངས་ཡོད་པར་དངོས་འབྲས་རེད།
བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་རང་འཇག་བཞག་དགོས་པར་དམངས་མོས་བྱུང་ཡོད་པ་ཡང་དངོས་གནས་རེད།
གཉིས་ནས་་་་ཚང་མས་་རྒྱལ་གཅེས་པ་རྟའུ་ཚེ་དབང་ནོར་བུའི་རང་ལུས་མེ་བསྲེགས་ཀྱི་བརྙན་དཔར་དེ་ལ་ཡག་པོ་ཞིག་གཟིགས་ནས་སྐད་ཆ་དྲང་པོ་ཞིག་གསུང་རོགས་བྱོས་དང་།
གསོན་པོ་དཔང་རྟགས་དགོས་ན་་་༢༠༠༨ལོར་ཞི་རྒོལ་ཆེན་མོའི་སྐབས་སུ་ལག་པ་རྒྱ་དམར་གྱི་མེ་མདས་ཅག་པའི་རྒྱལ་གཅེས་པ་ལྕོག་རི་བ་ཚེ་དབང་དོན་འགྲུབ་ལགས་ཀྱི་སྐད་ཆ་ཞིག་ཉན་ནས་སྐད་ཆ་དྲང་བདེན་ཡོད་པ་ཞིག་གསུང་རོགས་བྱོས་དང་།
ཤི་སྲོག་ལ་མི་བརྩི་པར་རང་ལུས་མེ་བསྲེགས་བཏང་མཁན་ཚོས་བོད་རང་བཙན་གྱི་ཆེད་དུ་རེད་དམ། མ་རེད། ལས་རྒྱུ་འབྲས་དང་དཀོན་མཆོག་གསུམ་ཁས་ལེན་མཁན་ཞིག་ཡིན་ན་དྲང་པོ་གསུང་དང་། ཁ་ན་ན་དྲང་བདེན་དང་དྲང་བདེན་ཟེར་ནས་འབོད་མ་འབོད་ཡོད་ནི་མ་རེད། དྲང་དགོས་ས་དེར་དྲང་པོ་ཞིག་གནང་རོགས་བྱོས་ཞེས་སྙིང་ནས་རེ་སྐུལ་ཞུ་བཞིན་ཡོད།
“མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།”
འདི་ནི་རིས་མེད་མི་རྣམས་ཀུན་སྤྱོད་ལམ།
“མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།”
འདི་ཉིད་མི་རིགས་རིས་མེད་བདེ་དགའི་ལམ།
“འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།”
འདི་ནི་མཚོན་དང་དམག་འཐབ་སྤངས་པ་ཡི།
རིས་མེད་རྒྱལ་ཁབ་འཆམ་མཐུན་གཞི་རྩ་སྟེ།
“བསྐྲུན་པའི་ཐབས་ཚུལ་འགྲུབ་ལ་མཐུ་དཔུང་སྐྱེད”
སངས་རྒྱས་བྱང་སེམས་མངོན་སུམ་བཞུགས་ན་ཡང།
དེ་ཡི་བཀའ་དགོངས་མི་བརྩི་ལོག་པའི་ལམ།
དོན་དུ་གཉེར་བའི་ངང་ཚུལ་འདིར་བསམས་ན།
སྙིགས་མའི་དུས་ཞེས་བརྗོད་པར་ངེས་ཤེས་སྐྱེ།
ཅོ་རི་ལགས། ཁྱོད་ཀྱིས་བཤད་པའི་དོན་ཚན་བཞིའི་ནང་གི་གསུམ་པ་དེས་༧ གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་མཚན་བསྒྱུར་གནང་བར་ཟུར་ཟ་བྱས་འདུག་པ་དང་། བཞི་པ་དེས་མཁས་དབང་ཟམ་གདོང་རིན་པོ་ཆེས་བོད་རྒྱའི་འབྲེལ་མོལ་ལ་གནོད་གཞིར་གཟིགས་ཏེ་བོད་རང་བཙན་གྱི་སྐད་འབོད་མ་བྱེད་ཅེས་པར་ཟུར་ཟ་བྱས་འདུག་པས། དེས་ན་ཁྱོད་ཀྱིས་ཁོང་རྣམ་པ་གཉིས་ཀྱང་རྒྱལ་བཙོང་བའི་གྲས་ལ་རང་བཞིན་གྱིས་བཞག་འདུག་པས་ད་ནི་ཁྱོད་ཀྱང་ཅི་ཡིན་ཆ་མི་འཚལ་བའི་ཚོད་རེད་འདུག
སྤྱིར་བཤད་ཕོད་པ་དང་སྒྲུབ་ཕོད་པ་བཟང་མོད། སྐད་ཆའི་བཟང་ངན་དང་། ལག་པའི་ཕྱི་ནང་ཤེས་ནས་སྐད་ཆ་བཤད་རྒྱུ་དེ་བས་གལ་ཆེ་བར་མཐོང་།
ཁྱུང་ཆེན་ཤར་ཁུག་སྤྲུལ་སྐུ་སྣ་ཚོགས་རང་བཟོས་བྱེད་རྒྱུ་ངོ་ཚ་མེད་ཀི།
དུས་བབ་ཚང་གིས་ཤར་ཁུག་ལ་བཏབ་པའི་མཆན་བུ་ཞིག་ཡར་བཏང་མི་འདུག་ཀྱང་ངས་འདི་ནས་བསམ་གཞིག་ཐུབ་ངེས་ཡིན། ཁག་མེད་ཡ་སྐབས་འཚོལ་བ་ཚོ།
གར་རྒྱ་ལུང་པའི་ནང་དུ་ལྟོ་གོས་ཁག་པོ་ཡོད་ཀྱི་རེད།
ཡིན་ནའང་ཤར་ཁུག་གིས་བཅུག་བཤད་བསྡད་པ་འདི་ཚོ་ནི་ལྟོ་རག་རྐྱེན་གྱི་སྐད་ཆ་ཞིག་མི་འདུག་་་ད་དུང་དབུ་མའི་ལམ་གྱི་ཉམས་ལེན་ཟེར་བའི་དོན་ཚན་༡༡ཅན་ཞིག་སྤེལ་བྱས་འདུག
དོན་ཚན་དེ་དག་གི་ནང་དུ་༩་པ་ཉིས་རྩེག་རེད་འདུག་པས་གོ་དོན་ཡང་ཉིས་རྩིག་ཡིན་གྱི་རེད་ཧཧཧཧཧཧཧཧཧ།
ཤར་ཁུག་གི་ཉམས་ལེན་༩པ།
༩ བོད་ལ་རང་སྐྱོང་བྱུང་མཚམས་བོད་ཀྱི་ཆོས་སྲིད་དཔལ་འབྱོར་གང་ཐད་ནས་རང་མགོ་ཐོན་ཆེད། ཕྱིའི་ཡུལ་གྲུ་ཁག་ཏུ་གནས་པའི་སློབ་གཉེར་བ་ཡོངས་དང་། དེ་བཞིན་རང་རིགས་ནང་པའི་ལྟ་གྲུབ་དང་མཚན་ཉིད་རིགས་པའི་སློབ་གཉེར་བ་ཡོངས་ཀྱིས་སྔར་ལྷག་རང་འགོ་རང་ཐོན་གྱི་བོད་ཀྱི་ཤེས་རིག་དར་རྒྱས་ཆེད་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་ཧུར་བརྩོན་གྱིས། གསེར་ལས་བྲིན་པའི་དུས་ཚོད་ཡོངས་རྫོགས་སློབ་སྦྱོང་ཐོག་ནར་གཏོང་བྱེད་པ། རྩོམ་འབྲི་བ། བགྲོ་གླེང་ཚོགས་པ་སོགས་རང་གི་སྤྱི་ཚོགས་སུ་སྤེལ་གལ།
༼༩ བོད་མིའི་མཚན་ཐོངས་ལ་གནོད་གཞིའི་ལས་རིགས་ཆེ་ཕྲ་གང་དུ་བྱུང་ངེས་པ་དང་བྱུང་བ་སོགས་ཀྱི་སྐབས་སུ་བོད་མི་ཚང་མས་དང་བླང་གིས་ཞི་བའི་རྒོལ་ལན་བསླབ་བྱ་དུས་ལྟར་སྤྲོད་རྒྱུ།༽ཞེས་བཤད་ཀྱི་འདུག
བོད་མིའི་མཚན་ཐོངས་ལ་གནོད་གཞིའི་རིགས་ངོ་སྤྲོད།
༡་་སྲིད་འཛིན་བློ་བཟང་སེང་གེ་ལ་་་་ཤོག་སེང་འབོད་པ།
༢་་བཙན་བྱོལ་བོད་མིའི་བཀའ་ཤག་ལ་་་སེང་གེའི་བཀའ་ཤག་ཞེས་སྒེར་བདག་ཅན་ཡིན་མདོག་འབོད་པ།
༣་་བཙན་བྱོལ་བོད་གཞུང་རྩ་མེད་བཟོ་བརྩིས་བྱེད་ཀྱི་ཡོད་པ།
༤་་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་སྐབས་སུ་རང་བཙན་དང་Free Tibetཞེས་འབོད་ན་ངོ་རྒོལ་ནང་དུ་མཉམ་ཞུགས་མི་བྱེད་པར་རྒྱུད་སྐུལ་བྱས་པ།
སྤྱི་ཚོགས་ནང་དུ་༧གོང་ས་མཆོག་དང་ལམ་དབུ་མ་་་ཁ་ལ་འཁྱེར་ནས་དཀྲུགས་གང་ཐུབ་བྱས་པ།
སོགས་ནི་དོན་ཚན་དགུ་པའི་དགོངས་དོན་རེད། ཁྱོད་རང་གི་ཆེད་དང་སྐབས་འཚོལ་རྒྱལ་ཚོང་བ་ཚོས་ཆེད་དུ་ཡག་པོ་འདུག་པས་དྲན་སྐུལ་ཙམ་ཞུ་པ་ཡིན་ནོ།
ཤི་སྲོག་ལ་ཐུག་ཀྱང་རྒྱལ་ཚོང་བ་ཚོས་ཁ་གཏད་ཅག་གང་ཐུབ་བྱེད་ཀྱིས་དམ་བཅའ་བརྟན་པོ་ཡོད། དེ་ལུགས་ཀྱི་ཐུགས་བསམ་བཞེས་རོགས།
བོད་མི་རིགས་ཀྱི་མཚན་ཐོངས་སུ་གནོད་པའི་ཤར་ཁུག་གི་བྱེད་ལས་ངོ་རྒོལ་ཡོད།
བོད་རྒྱལ་ལོ།།
ཤར་ཁུག་གིས་དབུ་མའི་ལམ་ནས་རྩ་དོན་སྒྲུབ་སྟངས་ཁ་ཤས་སྤྱི་ཚོགས་ནང་བསྐོར་གཡུག་བྱས་ནས་འཇོག་པ་འདིའང་། ཉམས་ཚོད་ཅིག་མིན་ན་གང་ཡིན། མི་སུ་ཡིན་ཡང་། རང་གི་ལངས་ཕྱོགས་དང་དེའི་སྒྲིག་འཛུགས་དང་བཅས་པའི་སྤྱི་ཚོགས་ཀྱི་འབྲེལ་བར་དང་པོར་ལྟ་རྟོགས་བྱེད་པ་དེ་ཐབས་ཡག་ཤེས་རེད། དངོས་གནས་རང་བཙན་པ་ཁ་ཤས་སྤྲུལ་བ་སྟོང་དུ་བརྫུས་ནས་འདྲ་མི་འདྲ་བཤད་ཀྱི་འདུག དེ་ལས་ཀླུ་མཁར་བྱམས་ལྟར་དངོས་མིང་བཀོད་ནས་བཤད་ན་བུ་བཟང་རྟགས་རེད། མ་གཞི་ནས་རང་བཙན་པའི་མིང་ཐོག་ནས་ཞལ་འདེབས་ཀྱིས་དངུལ་ཁང་རྒྱག་འཇུག་མཁན་འདི་ཚོར་འདྲེ་མགོ་རྡོས་ཡང་ཐེངས་གཅིག་ཉེན་བརྡ་ཞིག་བཏང་དགོས་ས་རེད་གདའ།
རྭ་ལོ་ཟེར་བ་འདི་ཚོས་ག་དུས་ཡིན་ནའང་། འབྲེལ་མེད་དོན་གཞན་ཞིག་བཤད་འདུག་རྒྱུར་ངོ་ཚའམ། དངོས་གནས་ཞུས་ན་དྲ་བའི་ཞབས་མཆན་པ་རྣམས་ནི་ལས་མེད་ཞེ་གཅིག་རེད་ཅེས་བཤད་ཀྱི་ཡོད་པ་དེ་འདི་འདྲ་མིན་ན་གང་ཡིན། ཁྱེད་ཚོས་ཅིག་ཤེས་ཀྱི་ཡོད་ན། གོང་གི་མ་རྩོམ་དེ་རྩབ་ཧྲལ་དུ་བཏང་ནས་གད་སྙིགས་ནང་གཡུག་ཞོག དེ་དུས་ང་ཚོས་བུ་སུ་བཟང་། མགོ་སུས་འཚོས་ལྟ་ཡ། དེ་མིན་བསམ་བཞིན་ལངས་ཕྱོགས་ཀྱི་བར་ལ་ཐལ་བ་རྩུབ་བཞིན་པ་འདིས་ཁུངས་འཁྱོལ་སོང་ན་གནམ་ས་འདིའང་ལན་གཅིག་བརྗེ་དགོས་ཀྱི་རེད་གདའ། ཧཧཧཧཧ གོ་སོང་ངམ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་གསུངས་པ་ལྟར། བུ་བཟང་བོ་ཚོ་ཡོན་ཏན་ཡོད་ན། བོད་ཀྱི་ཡི་གེ་འདི་མགོ་ལ་འཕྱར་ནས་དམག་འཁྲུག་རྒྱོབ་དང་དེ་དཔའ་རྟགས་དངོས་གནས་པ་རེད། དེ་མིན་བྱབ་ཆུང་གི་སྐད་ཆ་འདི་འདྲ་བཤད་བསྡད་ན། རིག་པ་ཅན་རྣམས་ཐང་ཆད་ཅིང་། རྒྱ་ནག་ཚང་ཡང་གད་མོ་ཤོར་གྱི་རེད་གདའ།
ལས་སླ་མདོག་ལ། ཡིན་ལ་མིན་གྱི་གླེང་ཕྱོགས་འདི་འདྲིའི་རིགས་ལ་ནམ་ཡང་རྒྱབ་སྐྱོར་མེད། བསམ་བསམ་འདོད་འདོད་པོ་གླེང་ནས་དབུ་མའི་ལམ་ལ་འགྲེལ་བརྗོད་བྱེད་སྟངས་འདི་རིགས་ལ་བསྟེན། དབུ་མའི་ལམ་གྱི་རིན་ཐང་ཉམས་གསོ་བྱེད་པ་ལས་ཉམས་དམས་སུ་གཏོང་ཀྱིན་བསམ་པ་དྲན་བྱུང་། དགོངས་འགལ་མེད་པ་ཞུ།
དགའ་ལྡན་ཁྲི་ཟུར་ཡང་དོལ་ཚོགས་ཀྱིས་བསྒྲུགས་ནས་རྒྱ་གཞུང་ལ་རྔན་པར་སྤྲད་འདུག་གཱ འོ་ན་འདིས་རྣམ་འགྱུར་ཅི་ཞིག་སྟོན་གྱིན་འདུག ཤར་རྒྱལ་བ་ཙོང་ཁ་པའི་རྒྱལ་ཚབ་ཀྱང་འདི་འདྲ་ཞིག་ཡིན་ན་ཤར་ཁུག་ལ་ཅི་ཁག འོན་ཀྱང་ཁྲི་ཟུར་དང་ཤར་ཁུག་གཉིས་ཀྱི་འཛུལ་སར་མཚུངས་བསྡུར་བྱེད་སའི་གཞི་ཁོ་རང་མེད་པ་ཚང་མས་ལོས་ཤེས། འོན་ཁ་ཤས་ཀྱིས་གཉིག་པ་འདྲ་བོ་རེ་ཤོད་ཀྱིན་འདུག དེ་ནི་ཕྲག་དོག་དང་འགྲན་སེམས་ཀྱིས་རང་སེམས་རྣལ་དུ་མ་བབས་པའི་ལབ་རྡོལ་ཙམ་ལས་དོན་དངོས་དང་ཅུང་ཙམ་ཡང་བཅར་ཐུབ་མེད། ཟླ་བ་ཚེ་རིང་སྤྱི་ཚོགས་ཞབ་ཕྱི་བ་ཞིག་ཡིན་པ་ལས་སྤྱི་ཚོགས་གཏོར་བཤིག་མཁན་མིན། རྡ་སའི་ཁོར་ཡུག་གཙང་བཟོའི་ལས་གཞི། ལས་མེད་ཚོགས་པའི་ལས་གཞི། མི་མང་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི། མདོར་ན་རྡ་སར་བྱུང་བའི་དཀའ་ངལ་དང་རྙོག་དྲ་ཆེ་ཆུང་ཅི་ཞིག་ཐོན་ཡང་ཟླ་བ་ཚེ་རིང་ཐོན་མེད་ས་དང་ཁོང་གིས་རང་མ་བཏོན་ས་ཞིག་རྩ་བ་ནས་མེད་ཟེར་ཆོག
ཁོང་གིས་གཞུང་རྒྱུ་སྒེར་བདག་ཟེར་བ་དེ་ཡང་ཆེད་དུ་གླེང་ཕྱོགས་བཟོ་འདོད་ལས་དོན་དངོས་དང་འབྲེལ་མེད། དེ་འདྲའི་མི་གཞི་མེད་མཁན་ཞིག་ཡིན་ན་མང་ཚོགས་ཁྲོད་ཁོང་ལ་དགའ་བསུ་དང་རྒྱབ་སྐྱོར་འདི་འདྲའི་མང་པོ་ཐོན་མེད། ཁོང་གིས་ཉིན་རེའི་མང་ཚོགས་ཀྱི་མི་ཚེ་དང་འབྲེལ་བའི་ཕན་ཐོགས་གནང་གི་ཡོད་པ་ལས་མ་འོངས་པར་ཕན་ཐོགས་ཡོད་སྐོར་གྱི་ཁ་གཡང་སྒྲོག་ནས་བསྡད་མེད།
གཞུང་གི་ལངས་ཕྱོགས་དང་ལྟ་བ་ལམ་དབུ་མ་ཡིན་ན་ལམ་དབུ་མའི་ཚོགས་པ་ཟུར་འཛུགས་བྱེད་མི་ཆོག་པ་ག་རེ་ཡིན་ནམ། འོ་ན། ང་ཚོའི་གཞུང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཡོད་བཞིན་དུ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ཁང་ཞེས་ཚོགས་པ་སྔོན་མ་ནས་བཙུགས་ཡོད་པ་མ་ཤེས་པ་ནི་ཡིན་དོན་མེད།
དབུ་མའི་ལམ་གྱི་ལས་འགུལ་ཁང་ལ་ངོ་རྒོལ་བྱེད་པ་ལས་༧གོང་ས་མཆོག་གི་དབུ་ལམ་ལ་མཐའ་བཞི་དང་སྤྲོས་པ་བརྒྱད་སོགས་ཀྱིས་འགྲེལ་ལོག་རྒྱག་མཁན་དག་ལ་རྒོལ་ན་རེད། དབུ་ལམ་འདི་ལ་༧གོང་ས་མཆོག་གིས་གཉིས་ཕན་དབུ་མའི་ལམ་ཞེས་འགྲེལ་བཤད་ཁ་གསལ་གོ་བདེ་འདི་འདྲ་ཞིག་ཡོད་བཞིན་དུ་དེ་འདྲའི་འགྲེལ་ལོག་རྒྱག་དགོས་དོན་མི་འདུག་གཱ
དེ་ནས་དེང་སང་རང་རེའི་སྤྱི་ཚོགས་ཁྲོད་རྟོན་བཞི་གོ་ཟློག་གིན་འདུག དཔེར་ན། དོན་ལ་མི་རྟོན་ཚིག་ལ་རྟོན། ཆོས་ལ་མི་རྟོན་གང་ཟག་ལ་རྟོན་གྱིན་འདུག དེའི་སྒང་ལ་རྟོན་པ་གཉིས་འཐོལ་བ་སླེབས་འདུག དེ་ནི། གང་ཟང་ལའང་མི་རྟོན་རང་གི་ཕྲག་དོག་ལ་རྟོན་ཟེར་བ་འདི་རེད།
རྭ་ལོ་ལགས། མི་ཞིག་ཡིན་དྲང་མོར་བཤད་པའི་བློ་སྟོབས་དགོས་ནི་རེད། ་ཤར་ཁུགས་ཀྱི་སྐྱག་ལབ་བརྒྱབ་ནས་དུས་ཚོད་མེད་མདོག་དང་། ་ཁ་རྒྱ་ནག་ལ་གཏོད་དགོས་་ཞེས་རང་ལ་སློབ་གསོ་གནང་་འདུག་ག ཁོས་ཁ་རྒྱ་ནག་ལས་བོད་གཞུང་དང་བཀའ་ཁྲི་ལ་བསྐོར་ཏེ་འཁྲབ་སྟོན་ཅི་བྱེད་ལོ་རྒྱུས་ལ་གསལ་ཡོད། མཐའ་མར་ཟླ་ཚེ་ཚང་གི་འཁྲབ་རྭ་ལ་སླེབས་ཐུབ་པ་བྱུང་བ་རེད།
བློ་བཟང་ལགས་ཕེབས་པར་དགའ་ཡོད། བོད་ཀྱི་གཏམ་དཔེར། དྲང་པོར་བཤད་ན་མྱི་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་དགའ། ཟེར་གི་རེད། ནམ་རྒྱུན་ཀློག་གི་ཡོད་མ་གཏོགས་འབྲི་གི་མེད། ད་མཚམས་རེེར་ཨུ་ཐུག་པ་འདྲ་ཞིག་ཀྱང་འདུག དེའི་རྐྱེན་གྱིས་གང་ཟག་དང་ཚོགས་པར་མ་ལྟོས་པར་སྐད་ཆ་རེ་བཤད་པའི་ཁུལ་ཡིན། གལ་སྲིད་ཕོག་སོང་ན་དེ་ལ་་གོ་ཤེས་ཀྱི་ལམ་ཁ་ཡོད་ན་འཚོལ་གི་ཡིན། མེད་ན་ང་ལ་ཡང་ཁག་མེད་པའི་གནས་སྟངས་ཤིག་ཆགས་གི་རེད་འདོད།
གྲོགས་རྭ་ལོ་ལགས། ཁྱེད་ཀྱིས་བཤད་པ་དངོས་གནས་གནས་ལུགས་ཡོད་ཀི། ༧གོང་ས་མཆོག་གིས་རྨད་དུ་བྱུང་བའི་ལམ་དེར་ད་ལྟ་རྡ་སའི་ཁྲམ་པ་ཁ་ཤས་ཀྱི་འཁྲབ་སྟོན་བྱེད་སའི་སླས་རྭ་ལྟ་བུ་གྱུར་འདུག ལམ་འདི་དྭངས་ཤར་དང་དམ་ཆོས། ཤར་ཁུགས་སོགས་འདུ་ས་དང་ཚང་ས་ཡིན་པས་ཚར་འདུག་རེས།
༧གོང་ས་མཆོག་གི་ཐུགས་དགོངས་ན་ཡོད་པའི་དབུ་མའི་ལམ་དེ་ད་སྐབས་འདི་ལྟར་ནང་འཁྲུག་དང་། རྫུན་མ། ཁྲམ་པ། གཡོ་སྒྱུ། ཕྲག་དོག ཕྲ་མ། ཞེ་འཁོན་ལ་སོགས་པ་སྤུངས་ས་དང་། སྦ་ས། འགེབ་ས། གཡུལ་ས། འགོ་ས། སྐོར་ས་ཞིག་ཆགས་འདུག ད་ནི་ཕལ་ཆེར་ཚར་ཚར་བ་འདྲ་བོ་རེད། ལྷག་པར་དུ་ད་ཐེངས་དབུ་མའི་ལམ་ཞེས་པའི་ཚོགས་པ་འདི་འཛུགས་མཁན་དག་གིས་རང་མདོག་ངོ་མ་དེ་ཕྱི་ལ་བསྟན་སོང་།
༧རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་ལ་ལྷག་ས་རེད། ཁོང་གི་དབུ་མའི་ལམ་དེ་ཡང་ཁྲམ་པ་ཚོའི་འཁྲབ་སྟོན་བྱེད་སའི་སྟེགས་བུ་ཞིག་ལ་འགྱུར་ས་རེད།
ངས་ལྟོས་ན་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་འདི་བོད་གཞུང་ལ་བློ་གཏད་དང་ཡིད་ཆེས་མེད་པའི་ཚོགས་པ་ཡོད་ན་མེད་ན་དེ་རེད། བོད་གཞུང་གིས་མང་གཙོའི་སྤྱི་མོས་ཐོག་ནས་དབུ་མའི་ལམ་ལ་འགྲོ་གི་ཡོད་བཞིན་དུ་ཟུར་ནས་མི་འཁྲབ་ཁ་ཤས་ཤིག་གིས་འཁྲབ་ས་འདིར་ཅུང་ཧ་སངས་དགོས་འདུག ད་ཤར་བྱ་འཕུར་ལམ་ཇེ་སྡུག་རེད། ་སྤྱི་རྫས་སྒེར་བདག་བྱས་ནས་བོད་གཞུང་ཁྲིམས་ལ་བསྐྱལ་མཁན་གྱི་ཉེས་ཅན་ཟླ་ཚེ་སོགས་ཀྱིས་བློ་སེང་བཀའ་ཤག་ལ་རྒྱབ་བསྐོར་སྟངས་ཤིག་རེད།་བོད་མི་ཚོས་ཤེས་ཚད་རེད།
ང་ཅུང་ཧང་སངས་ས་ནི། བཀའ་ཁྲིས་རྡོག་རྒྱག་གཞུས་ནས་མར་གཡུག་པའི་མི་དེ་དབུ་མའི་ལམ་ལས་འགུལ་ཁང་གིས་ཉི་མ་དེ་ག་རང་ལ་ཡར་སྒྲིག་པ་འདི་རེད། དབུ་མའི་ལམ་ལས་འགུལ་ཁང་གིས་བཀའ་ཁྲི་ལ་རྣམ་འགྱུར་འདི་འདྲ་ཞིག་འཛིན་དགོས་དོན་གང་ལ་ཐུག་པ་རེད། འདིའི་རྒྱབ་ན་གང་ཟག་སུ་ཞིག་གི་བྱུས་ཆེན་སྦས་ཡོད་པ་རེད། ཤར་ཁུག་ལ་ལས་ཀ་དེ་རག་པར་མ་དགའ་བ་ནི་མིན། སྐྱུག་བྲོ་བའི་འཁྲབ་བྱུས་གཞན་པ་དག་ལ་ཞེ་མེར་བ་ཡིན།
གོང་གི་དོན་ཚན་བཅུ་གཅིག་པོ་ཚང་མར་ངོས་ལེན་དང་རྒྱབ་སྐྱོར་ཡོད། རྩོམ་ཡིག་འདི་འདྲ་རེ་སྤེལ་ཐུབ་ན་ངོ་མ་སྤྱི་ཕན་གྱི་ལས་ཀ་རེད། ཡི་རང་ཡོད།
དྲ་གྲོགས་རྣམས་པ་ཕེབས་ནས་བསམ་ཚུལ་གསུངས་བ་དང་དོ་སྣང་གནང་བ་ཐུགས་རྗེ་ཆེ།
རྩོམ་གྱི་རྗོད་དོན་ལ་བགྲོ་གླེང་གནང་བ་ཕུད་གཞན་ལ་ལན་འདེབས་གནང་རྒྱུའི་དུས་ཚོད་མི་འདུག བཙན་བྱོལ་བོད་མིའི་དཀྱིལ་འཁོར་འདིའི་ཟུར་དང་འོག་ཏུ་ཟགས་ཟིན་པ་རེ་ཤོས་ལ་བཤད་སྲོལ་ཞིག་ཡོད་པ་ནི། དབུ་མའི་ལམ་ལ་བསྐྱོད་མཁན་དག་ནི་ཁེ་ཕན་རང་ལུགས་པ་ཉག་ཅིག་ཏུ་གླེང་བ་འདི་རེད། ལར་ནས་མི་དེ་ཚོའི་གྲས་ཀྱིས་ཁ་རྒྱ་ནག་གཏོད་རྒྱུ་བཞག་ནས་དངོས་གནས་ཅིག་གླེང་གི་ཡིན་ན། དེ་འབྲེལ་གྱི་ཁེ་ཕན་རྗེས་སུ་སྙེགས་ཚུལ་གསུངས་བ་ཡིན་ན། ང་ཚོའི་རྣམ་འབྱེད་ཤེས་རབ་བོད་ཀྱི་ཡི་གེར་དྲངས་ནས་རྩེད་མོ་རྩེ་ཆོག དེ་མིན། མི་རེ་ཤོས་ཀྱིས་སྤྲུལ་བ་སྟོང་འགྱུར་གྱི་ལས་དོན་འདི་རྣམས་བཞད་གད་ཀྱི་རྒྱུ་ཁོ་ནར་ཟད་དོ།
རེ་བ་གཞན་ཞིག་ནི། དབུ་མའི་ལམ་པ་བ་རྣམས་ཀྱིས་རང་གི་གཞུང་ལུགས་དང་མཐུན་པའི་བོད་ཀྱི་སྲོག་སྐྱོབ་བྱ་བའི་ལས་འཆར་བསམ་ཚུལ་ཅི་ཡོད་འདིར་སྤུངས་ཐུབ་ན། ང་ཚོས་ག་ལེར་བགྲོ་གླེང་བྱས་ཆོག
http://www.tibetexpress.net/bo/blog/viewpost/6980
དྲ་ཐག་འདི་ནས་འདི་འདྲ་ཞིག་མཐོང་གི་འདུག
གང་ཟག་ལ་ལྟོས་པའི་དབུ་མའི་ལམ་དང་རྩ་དོན་ལ་ལྟོས་པའི་དབུ་མའི་ལམ།
ཟེར་བ་ཞིག་འདུག ཁྱོན་ཡོངས་ཀྱི་ཞིབ་འཇུག་གནང་མཁན་ཞིག་ཡིན་ན་ཏན་ཏན་ཀློག་དགོས་པ་ཞིག་འདུག ཐེངས་འདིར་སྤེལ་བའི་བསམ་ཚུལ་ལ་ལྟ་སྟངས་གསར་པ་ཞིག་རྙེད་རྒྱུར་ཐེ་ཚོམ་མི་འདུག དེ་ནི་མང་ཚོགས་ཀྱི་ངོས་ནས་སྤྱི་ཚོགས་ནང་གི་ལྟ་ཚུལ་མང་པོ་ཤེས་དགོས་པ་དེ་རེད།
མ་གཞི་ནས། (དབུ་མའི་ལམ་)ཞེས་པ་འདི་ནི། དཀའ་རྙོག་སེལ་ཐབས་ཀྱི་རིགས་ལམ་ཞིག་ཡིན་ན། བེད་སྤྱོད་གཏོང་སྟངས་ནོར་ཉན་གི་མ་རེད་དེ། དེང་སང་། སྐྱབས་བཅོལ་བའི་ཚོགས་པ་དང་སྒེར་བ་ཆེས་མང་པོ་ཞིག་གིས། དབུ་མའི་ལམ་འདི་ཐབས་བྱུས་ཤིག་གི་ངོ་བོར་མ་བཟུང་བར་སྒེར་དོན་བསྒྲུབ་བྱེད་ཀྱི་ལག་ཆར་བཀོལ་ཤུགས་ཆེ་བས་ན། དབུ་མའི་ལམ་འདིའི་རིན་ཐང་ཉམས་དམས་སུ་སོང་དང་འགྲོ་བཞིན་པ་འདི་རེད།
སོང་ན། ད་ནས་བཟུང་། དབུ་མའི་ལམ་འདིའི་ཁྱད་ནུས་གོང་འཕེལ་དུ་གཏོང་ཐབས་སུ། རིག་པ་བསྒྲིམས་དགོས་པ་ལས། ཁེ་ཕན་དང་སྦྲེལ་ལད་འཁྲབ་སྤྱད་ཀྱི་རིགས་ལམ་ཐེབས་ཆག་ཅིག་ཏུ་གྱུར་སོང་ན། དེ་ནི། ཁེ་ཕན་རིང་ལུགས་པའི་འགན་འཁུར་བྱེད་སྟངས་ལས་བསམ་པ་རྣམ་དག་གིས་འགན་འགན་ལེན་བྱེད་སྟངས་ཤིག་མ་རེད་དམ།
ལྷག་པར་དུ། འདི་ནས་ངེས་པར་དུ་གླེང་དགོས་པ་ཞིག་ལ། སྐབས་འདིར་ཤར་ཁུག་གིས་བཏོན་པའི་ཐབས་བྱུས་རྣམས་ནི། དབུ་མའི་ལམ་གྱི་རིག་པ་བསྐྱེད་སྟངས་ཤིག་མ་རེད། བྱས་ན། ད་ནས་བཟུང་། དབུ་མའི་ལམ་ལ་འབྲེལ་བ་ཡོད་པའི་ཚོགས་པ་དང་མི་སྒེར་བ་ཚང་མས་གཟབ་ནན་བྱེད་དགོས་པའི་དུས་ཚོད་ཅིག་རེད་ཨང་།
མ་གཞི་དབུ་མའི་ལམ་ནི་འགྲོ་བ་མིའི་རིགས་ལ་ལམ་སྟོན་ཐུབ་པའི་གཞུང་ལུགས་ཤིག་ཏུ་འགྱུར་བའི་རེ་བ་ཤིན་ཏུ་ཆེ་ནའང་། ད་ལྟ་མི་ཁག་ཅིག་གིས་ལམ་ཁ་འདིའི་ཁ་ཐུར་ལ་གཏད་ཟིན་པས། སྐྱ་མིན་སེར་མིན་ཞིག་ཏུ་འགྱུར་ཟིན་ལ། ཆོས་མིན་ཏང་མིན་ཞིག་ལ་བསྒྱུར་ཟིན་པས། གོང་ས་མཆོག་སྐུ་བཞུགས་ཐོག་ཡོ་བསྲང་མ་གནང་བ་ཡིན་ན། ལམ་འདི་འགག་རྒྱུ་ཉག་གཅིག་ལས་ལྷག་མི་འདུག
རྒྱལ་བས་གཟིགས་པའི་དབུ་མའི་ལམ་ཆེན་དང་། །རྨོངས་དད་ཅན་གྱི་དབུ་མའི་ལམ་ཆེན་དང་། །སྤྲེ་ལད་ཅན་གྱི་དབུ་མའི་ལམ་ཆེན་གསུམ། །གངས་ཅན་པ་རྣམས་མུན་ནག་ནང་དུ་གཡུག།
༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་དབུ་མའི་ལམ་ནི་མིའི་རིགས་ཀྱི་དཀའ་རྙོག་སེལ་བྱེད་ཀྱི་ལམ་ཡག་པོ་ཞིག་ཡིན་ཡང་། བོད་ཀྱི་སྤྱི་ཚོགས་ནང་དབུ་མའི་ལམ་ཁ་ལ་འཁྱེར་ནས་འཁྲབ་སྟོན་བྱེད་མཁན་ཚོ་སྙིང་རྗེ་བའི་ཡུལ་ཡིན།དཔེ་མཚོན་གསལ་ཤོས་སྟེ་ཤར་ཕྱོགས་ཁུག་རྟ་ཅན་ཡིན།་ཁོས་ཉིན་ཤས་ནང་འཁྲབ་སྟོན་བྱས་སྟངས་ལ་ལྟོས་དང་།མི་ཚོ་གད་མོ་ཤོར་ཡོང་།ཁྱེད་ལ་ཀླད་རྙིང་དམ་ཆོསདང་རྡ་སའི་མི་ཁྲམ་ཟླ་ཚེ། ཀླད་སྐྱོན་དྭང་ཡོན། ཕག་པ་ཆབ་བྲག་སོགས་དངོས་གནས་མི་ཡག་པ་དག་རག་འདུག
དབུ་མའི་ལམ་ནི་ངོ་གཉིས་མའི་ལམ་རེད། བོད་མི་ཚོ་རང་ཚུགས་བརྟན་པོ་དགོས་པ་གལ་ཆེན་པོ་རེད།
ཤར་ཕྱོགས་ཁུག་རྟས།
ཤར་༽གྱི་རྒྱལ་ཁམས་གུང་ཕྲན་རྒྱ་ཡུལ་དུ། །
ཕྱོགས་༽བཞི་འཚམས་བརྒྱད་མཐའ་བསྐོར་རི་བསྐོར་དང་། །
ཁུག་༽ཁུག་ཡུལ་ལུང་མི་མངས་ཡོད་ཚད་ཀྱིས། །
རྟ་༽མགྱོགས་་མང་གཙོའི་མེ་མཆེད་ལྟར་འབར་ནས། །
ཐུབ་པས་དབུ་མ་གསུངས་པའི་བྱིན་རླབས་དང་། །
༸གོང་ས་མཆོག་གིས་དབུས་ལམ་བཀའ་དྲིན་སྩལ། །
ཤར་ཕྱོགས་ཁུག་རྟས་དབུས་ལམ་ཁུངས་ལུང་སྤེལ། །
ཀརྡོ་ང་ཡང་དབུས་ལམ་མཆོག་ཏུ་མཐོང་། །
དབུ་མའི་ལམ་གྱི་བཤད་པ་དང་ལག་ལེན་དཔེ་མཚོན་འགའ་གསལ་བསྒྲགས་བྱས་པ་ཡག་བྱུང། ཁ་སྣོན་ཞིག་ལ།
༡༢༽ དབུ་མའི་ལམ་དང་མཐུན་པའི་ལས་འགུལ་གང་ན་སུ་ཞིག་གིས་སྤེལ་བཞིན་པ་དག་ལ་རྒྱབ་སྐྱོར་དང་མཉམ་འབྲེལ་གནང་དགོས།
༡༣༽ བོད་རྒྱ་ཞི་མོལ་གྱི་འབྲེལ་མཐུད་དེ་ཉིད་ཞི་མོལ་དངོས་གཞིར་འགྱུར་བར་རྣམ་དཔྱོད་ཅན་ཚོས་བསམ་གཞིགས་ཀྱིས་བསམ་ཚུལ་བཤད་དགོས་ལ་རང་ནུས་འདོན་དགོས།
༡༤༽དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་མུ་མཐུད་ལས་གཞི་སྣ་མང་དང་རྒྱ་སྐྱེད་ལ་འབད་རྒྱུ་བཅས།
ཁབ་རྩེ་གཉིས་ཀྱིས་ཚེམ་བུ་མི་འོང་། བློ་རྩེ་གཉིས་ཀྱིས་དོན་མི་བསྒྲུབ། ཅེས་པ་ལྟར་རང་རེ་བ་རྣམས་མི་འབོར་ཉུང་ལ། དེའི་ཐོག་མི་རིགས་ཀྱི་རང་དབང་འཐབ་རྩོད་ཁྲོད་བོད་མིའི་སྒྲིག་འཛུགས་དང་། གོང་ས་མཆོག་གི་བཀའ་དགོངས་འོག་འགྲོ་མི་ཉུང་བ་འདིས། ལུས་སེམས་གཉིས་ཀྱི་ནུས་ཤུགས་ཀྱི་གོང་བུ་འཐོར་ཞིག་ཏུ་ཕྱིན་པ་དང་། ལྷག་དོན་མཐོ་རིམ་གྱི་དཔོན་རིགས་ཚོའི་ཁྲོད་དུ་ཡང་། སྦྲུལ་དུག་ལྟ་བུའི་ལྕེ་གཉིས་སྐྱོང་མཁན་མང་སྟབས། གོང་ས་མཆོག་གི་ཐུགས་བཞེད་འགྲུབ་རྒྱུར་ངལ་བ་ཤུགས་ཆེན་འཕྲད་མུས་ཡིན།
འདི་འདྲ་བ་བྲིས་བསྡད་ན་ཁག་པོ་འབྱུང་ས་རེད། ཨ་མའི་བུ། འདི་ལས་ལྷག་པ་ཞིག་ཨེ་འཁྱོང་ལྟ་རོགས།