རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ལོར་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་དང༌གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་ཞིབ་བྱ་ཕྱོགས་སྐོར་གྱི་གསང་བ་ཕྱི་གྱར་བྱས་པའི་ཉེས་མིང་འོག་ལོ་ ༦ ཁྲིམས་ཐག་བཅད་དེ་སི་ཁྲོན་ཞིང་ཆེན་ཏཱ་ཛུ་རྫོང་ཁྲོན་ཏུང་ཁུལ་གྱི་བཙོན་ཁང་ཨང་གསུམ་པའི་ནང་བཙོན་འཇུག་བྱས་ཡོད་འདུག་ལ། བཙོན་ཁང་དུ་ཁོང་གིས་ ༡༩༩༧ ལོར་ཁོང་ལ་ཁྲོན་ཏུང་བཙོན་ཁང་གིས་ཁྲིམས་ཐག་བཅད་པ་དྲང་བདེན་མིན་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
༢༠༠༢ ལོར་ཁོང་དུས་བཀག་བཙན་འཇུག་གི་དུས་ཡུན་རྫོགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་བཀག་ཉར་བྱས་ཡོད་པ་མ་ཟད། ཁོང་དང་འབྲེལ་ཡོད་སུ་གང་གིས་ད་ལྟའི་བར་ཁོང་གི་འཆི་གསོན་གྱི་གནས་སྟངས་ཤེས་རྟོགས་མེད་པར་དོགས་གཞིའི་ལྷག་ཡོད་པ་ལྟར། ཉེ་བའི་དུས་སུ་བྱ་བྲལ་རིན་པོ་ཆེ་མཆོག་དང་ཐུགས་འདྲིས་ཆེ་བའི་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་གནད་ཡོད་མི་སྣ་ཞིག་གིས། “ ལོ་ཤས་སྔོན་བྱ་བྲལ་རིན་པོ་ཆེ་མཆོག་གི་སྐོར་ད་ལྟ་མི་ཚོས་བཤད་རྒྱུ་ལ་ཡོད་པ་མ་རེད། གྲོངས་ཚར་བ་རེད་ཟེར་གྱི་འདུག ” ཅེས་བརྗོད་ཡོད་པ་དང་། ཡང་འབྲེལ་མི་སྣ་གཞན་ཞིག་གིས། “ བྱ་བྲལ་རིན་པོ་ཆེ་མཆོག་དུག་བླུགས་ནས་བཀྲོངས་པ་རེད།” ཅེས་དངོས་སུ་བཤད་པའི་སྒྲ་འཛིན་འཁོར་ཐག་འབྱོར་ཡོད་སྟབས། ད་ལྟའི་ཆར་རིན་པོ་ཆེ་དང་འབྲེལ་ཡོད་མི་སྣ་ཚོས་བོད་ལྗོངས་ནང་བསྟན་གྱི་མཐོ་རིམ་མི་སྣས་བཤད་པའི་སྐད་ཆ་དེར་ཚད་འཛིན་བྱེད་ཀྱི་ཡོད་འདུག་ཅེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་འདུག
དྲང་པོར་བཤད་ན། ངས་ད་ལྟ་བར་དུ་བྱ་བྲལ་རིན་པོ་ཆེའི་པར་ཁུར་ནས་ཁོང་བཙོན་གྲོལ་ཡོང་བའི་འབོད་སྒྲ་སྒྲོག་པ་གོ་མ་མྱོང་། ཁོང་གི་མཚན་འབོད་ནས་བཙོན་གྲོལ་དགོས་པའི་འབོད་སྒྲ་སྒྲོག་པ་གོ་མ་མྱོང་། སྙིང་རྗེ། ཁོང་གི་ཆེད་དུ་ང་ཚོས་ལས་འགུལ་སྤེལ་མ་ཐུབ་པ་ནི་ངོ་མ་དྲིན་ལན་ལོག་འཇལ་ཞིག་ཏུ་ངོས་འཛིན་བཞིན་ཡོད། ཁོང་ནི་བོད་མི་རིགས་ཀྱི་ལས་སྐལ་དང་འབྲེལ་བའི་བཙོན་པ་གལ་ཆེན་ཞིག་ཡིན། རྒྱུ་མཚན་ནི་ཁོང་གི་བྱ་གཞག་ནི་བོད་མི་རིགས་ཀྱི་དབུ་ཁྲིད་གལ་ཆེན་ཞིག་དང་ངོ་བོ་གཉིས་སུ་མེད་པ་ལྟ་བུ་གྱུར་པས་སོ། །
༢༠༠༩ ལོ་ཡིན་པ་ཡོད། ང་རང་ཡང་བགྲོ་གླེང་ཞིག་ལ་ཞུགས་པ་ཡིན། བགྲོ་གླེང་འཚོགས་ས་བོད་ཀྱི་ཟློས་གར་ཁང་རེད། མཚན་མོ་དེར་ངས་གསལ་བོ་ཞུས་ཡོད་བསམ་སོང་། ང་ལ་པན་ཆེན་རིན་པོ་ཆེ་གྲོངས་ཚར་བའི་གནས་ཚུལ་དེ་དག་གསར་འགོད་པ་ཞིག་བརྒྱུད་ནས་རག་སོང་། ཁོས་སྐད་ཆ་ཡ་མཚན་འདྲ་བཤད་གིན་འདུག བློ་ཡུལ་ལ་མོ་ཤོངས་འདྲ་བོ་ཞིག་རེད། མདོ་དོན། པེ་ཅིན་དང་རྡ་ས་གཉིས་ཀས་ཁོང་གྲོངས་ཟིན་པ་ཤེས་གི་རེད་ཟེར། ད་དུང་འཕྲོས་བཤད་འགའ་རེ་ཡོད་རུང་སྟབས་བདེ་བོ་མི་འདུག ཁོང་གིས་ང་ལ་ཅུང་སྒུག་དང་ཁོས་དེ་གསལ་བོ་བཟོ་དགོ་ཟེར་གི་འདུག ཁོང་ཉི་ཧོང་གི་རེད། བཞུགས་ས་པེ་ཅིན་རེད། གནས་སྐབས་འདི་ཙམ་ཡིན། རང་རང་གིས་གནས་ཚུལ་རྩད་གཅོད་འདོད་ན་གོང་གསལ་གྱི་དེ་དག་ཁུངས་སྣེ་ཙམ་ཡིན།
༸ པཎ་ཆེན་ཨིར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག བྱ་བྲལ་རིན་པོ་ཆེ་སོགས་འབྲེལ་ཡོད་ཚང་མར་གུས་འདུད་ཞུ།
གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།
༸ པཎ་ཆེན་ཨིར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག བྱ་བྲལ་རིན་པོ་ཆེ་སོགས་འབྲེལ་ཡོད་ཚང་མར་གུས་འདུད་ཞུ།
གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།
བོད་མི་རིགས་ཁྲི་ལོར་བརྟན་པར་ཤོག།
རྒྱ་གཞུང་གིས་བོད་མི་གསོད་སྟངས་གསུམ་ནི།
༡༽ངོ་རྒོལ་བྱ་སའི་ས་སྟེང་དེ་ག་རང་ལ་མེ་མདའ་བརྒྱབ་ནས་གསོད་པ།
༢༽འཛིན་བཟུང་ཐུབ་ན་ཁག་བཀྲི་སྣ་ཚོགས་ཀྱིས་བཙོན་ཁང་ནང་དུ་ལྟོག་སྐོམ་ཚ་གྲང་རྡུང་བརྡེག་གིས་གསོད་པའམ་མཐར་འཆི་རུ་བཅུག་པ།
༣༽ལས་གནས་ཐོབ་ཟིན་པའི་བོད་རིགས་ཅིག་ཡིན་ན་འཛིན་བཟུང་བྱས་པ་དང་། མ་བྱས་གང་རུང་གི་དུས་སུ་དུག་བཏང་ནས་ལྐོག་གསོད་བྱེད་བཞིན་འདུག་ལགས།
ནམ་རྒྱུན་ནས་ཆབ་སྲིད་བཙོན་པ་གློད་དགྲོལ་དགོས་པའི་རེ་འདིན་དག་འདོན་དུས་ང་ཚོས་ཁོང་ཉིད་ཨང་དང་པོའམ་གཉིས་པར་བགྲངས་ཡོད་དམ། ད་ནི་པཎ་ཆེན་ཆུང་སྲིད་མཆོག་དང་ཁོང་གཉིས་ཀྱི་གནས་བབ་ངོ་མ་རྒྱ་ཆེའི་བོད་མི་དམངས་ལ་གསལ་བཤད་དགོས་པའི་རེ་འདུན་དང་འབོད་ཚིག་དེ་མཚམས་མ་ཆད་པར་སྒྲོག་རྒྱུ་ལས་ཐབས་གཞན་ཆེར་མེད།
བྲོས་བྱོལ་མགོ་བདེ་བ་རང་དོན་འཁྲབ་སྟོན་པའི་རིགས་ཚོགས་འུ་ཚོ་ལྟར་མ་ཡིན་པར། ལུས་སྲོག་ལོངས་སྤྱོད་མཐའ་དག་སྙིང་སྟོབས་ཆེན་པོས་སྐད་གསེང་མཐོན་པོས་བོད་རྒྱལ་ཁབ་ཆེན་པོ་དང་བོད་མི་རིགས་ཀྱི་ཆེད་དུ་འབུལ་མཁན་ཁོང་རྣམ་པར་སྒལ་ཚིགས་ཡོན་པོར་མ་གྱུར་བའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀུན་གྱིས་དུས་ནས་དུས་སུ་ཤ་གསེང་རུས་པའི་གཏིང་ནས་ཡི་རངས་དང་དད་གུས་བྱེད་ངེས་རེད་ལ། བོད་མི་རིགས་འདི་མ་སྟོང་བར་དུ་ལོ་རྒྱུས་ཀྱི་གླེག་བམ་ཁྲོད་བཞུགས་ངེས་རེད།
༡༩༩༥ ལོ་ནས་ ༢༠༠༥ བར་དུ་ལོ་བཅུ་རེད། རྒྱ་ནག་གི་ཚེ་བཙོན་གྱི་ལོ་ཐག་ནི་ལོ་ ༢༥ ཡིན་བསམ་སོང་། དེས་ན་ཁོང་གིས་ལོ་ ༡༦ རིང་བཙོན་ཁང་ནས་མི་ཚེ་སྐྱལ་འདུག ཁོང་སྐུ་གཤེགས་དང་མ་གཤེགས་ལ་ཁྱད་པར་མི་འདུག གང་ལྟར་ཕྱིར་ཡོང་མེད་པ་ཐག་ཆོད་ཡོད་པ་རེད། དེ་བཞིན་དུ། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱང་གྲོངས་ཚར་བའི་གནས་ཚུལ་གསལ་བོ་དག་པོ་རེད། འདིའི་ཐད་ནས་ང་ལ་བཙན་བྱོལ་བོད་གཞུང་ལ་ཡང་བློ་ཕམ་འདྲ་བྱུང་། ཁོང་རིགས་སྐུ་གཤེགས་ཟིན་པ་ཤེས་བཞིན་དུ་ཆབ་སྲིད་ཀྱི་དགོས་དམིགས་གང་འདྲ་ཞིག་ལ་བརྟེན་ནས་ཕྱིར་བསྒྲགས་མ་བྱས་པ་རེད།
བྱ་བྲལ་རིན་པོ་ཆེ་དགོངས་པ་གཤེགས་མེད་པའི་སྨོན་ལམ་གྲངས་མེད་ཞུ། ཁོང་སླར་ཡང་བཙོལ་གྲོལ་ཐོབ་ནས་རང་དབང་གི་བདེ་སྐྱིད་ལ་རོལ་ཐུབ་པའི་སྨོན་འདུན་ཞུ། དཔའ་བོ་ཁོང་ལྟ་བུའི་བྱས་རྗེས་ལས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འཁྲུལ་མེད་ངོས་འཛིན་ཐུབ་པ་བྱུང་ཡོད། གང་ཡིན་ཟེར་ན། ཁོང་འཛིན་བཟུང་བྱས་པའི་རྒྱུ་མཚན་གཙོ་བོ་ནི། ཁོང་གིས་ཕྱིར་བཞུགས་༸གོང་ས་མཆོག་ལ་འབྲེལ་བ་བྱེད་ནས་ཡང་སྲིད་རྩད་གཅོད་བྱེད་པ་དེ་ཡིན། ཕལ་ཆེར་འབྲེལ་བ་ཞིག་གཏན་གཏན་བྱུང་ཡོད་ངེས་རེད། ཁོང་གི་ཕྱག་རོགས་བྱམས་པ་ཆུང་ལགས་ཡང་དེའི་ཚེ་འཛིན་བཟུང་བྱས་ནས་སྔ་ལོའི་ཟླ་བ་༡༡ པའི་ནང་འདས་གྲོངས་སུ་གྱུར་འདུག ༸རྒྱལ་བ་ཡབ་སྲས་ཀྱི་གནད་དོན་དེ་བོད་མི་རིགས་ལ་མཚོན་ན་གནད་འགག་ཆེ་ཤོས་གཉིས་པ་རུ་གྱུར་ཡོད།
ཅི་འདྲའི་ཁ་བྱང་གསལ་བོ་ཞིག་བྲིས་འདུག
བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་མཆོག་དུས་བཀག་གཙང་སྟེ་ལོ་མང་ཕྱིན་ཡོད་ནའང༌། འཆི་གསོན་གྱི་གནས་སྟངས་ཇི་ཡིན་གང་ཡང་ཤེས་རྟོགས་མེད་པར་གྱུར་བ་དེའི་ཐོག་ནས་བོད་ལྗོངས་ནང་བསྟན་གྱི་མཐོ་རིམ་མི་སྣ་དེའི་བཀའ་མོལ་དེ་དག་ནི་ད་ལྟ་ཚད་འཛིན་ས་ཞིག་ཏུ་གྱུར་ཡོད་སྲིད་པ་རེད། ཅེས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གསལ་འདུག དེར་བརྟེན་ད་དུང་ཚིག་ཐག་གང་ཡང་བཅད་གནང་མི་འདུག་ལ། གཞུང་འབྲེལ་གྱི་ངོས་ནས་ཚད་འཛིན་བྱེད་ཀྱི་ཡོད་ཅེས་ཀྱང་གསུངས་མེད་པ་གོང་དུ་གསལ་བ་ལྟར་རེད། དེ་བས་གསར་འགྱུར་འདི་འབྲི་སྟངས་ཏག་ཏག་ཅིག་བསྡད་ཨེ་ཡོད་ན་བསམས།
གནས་ཚུལ་འདི་བདེན་པ་ཡིན་མིན་ད་དུང་གསལ་ཁ་དེ་ཙམ་མེད་ཀྱང་། ཕལ་ཆེར་བདེན་ཤས་ཆེ། གལ་སྲིད་བདེན་པ་ཡིན་ཚེ་ང་ཚོས་གཞུང་དམངས་གཉིས་ཀས་དྲང་བདེན་ལ་དགའ་བའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་ལ་རིན་པོ་ཆེ་ཁོང་གི་དྲང་བདེན་གྱི་གནས་ཚུལ་དང་། རྒྱ་ནག་སྲིད་གཞུང་གི་གཡོ་སྒྱུ་དང་གདུག་རྩུབ་འོག་འདས་གྲོངས་སུ་སོང་ཚུལ་གྱི་གནས་སྟངས་ཆ་ཚང་ཁྱབ་བསྒྲགས་ཤུགས་ཆེར་བྱེད་དགོས།
དམར་པོའི་སྲིད་གཞུང་འདི་འགོ་རྟིང་སློག་པར་ཤོག་ཅེས་སྨོན་ལམ་ཡང་ཡང་འདེབས་ཀྱིན་ཡོད།
གནས་ཚུལ་དེ་བདེན་པ་མིན་པར་སྨོན།
རིན་པོ་ཆེ་སྐུ་མྱ་ངན་ལས་འདས་མེད་ཚེས་ང་ཚོས་ཁོང་བཙོན་ཁང་ནས་མགྱོགས་པོར་གློ་གྲོས་ཡོང་བའི་ཐབས་ལམ་ཞིག་འཚོལ་དགོས། གལ་ཏེ་རིན་པོ་ཆེ་ཚེ་ལས་འདས་ཚར་ཡོད་པ་དངོས་གསལ་བྱུང་ན་ང་ཚོས་འཛམ་གླིང་ཡོངས་ལ་རྒྱ་མིའི་སྡུག་རྩུབ་འོག་ཏུ་མནར་བཅོད་དང་རྡུང་སྡིག་གིས་བཀྲོང་པའི་རིན་པོ་ཆེའི་དངོས་ཡོད་ལོ་རྒྱུས་ཁྱབ་གྲགས་བྱ་རྒྱུ་གལ་ཆེ་ཡིན་པས་ཁྱབ་གྲགས་ངེས་པར་བྱ་དགོས།
གནས་ཚུལ་འདི་བདེན་ཚེ། འུ་ཚང་གི་གླང་ཆེན་ས་ལ་རབ་བརྟན་བོར་སོང་བ་དང་གཅིག་པ་རེད། མི་བདེན་པར་སྨོན།
གནས་ཚུལ་དེ་བདེན་ཤས་ཆེ་རྒྱུ་རེད་བསམས་ནས་སྐྱོ་བྱུང་། རྒྱ་ཁྲིམས་དམར་པོའི་འོག་དེ་བོད་མིའི་ཚ་གཟེར་དང་སྡུག་བསྔལ་གྱི་ཟུངས་ཁྲག་བཞུར་ས་དང་། རྣམ་ཤེས་གྲངས་མེད་ཀྱི་ངུ་སྔངས་ཤོར་ས་རེད། ཆེས་མནར་གནོད་ཀྱི་ཟིན་ཐོ་ལས་བརྒལ་བ་རེད། སྔོན་མར་བློ་བཟང་དར་རྒྱས་གསད་སྟངས་དེ་བཤད་ན་ཤ་དང་རུས་པའི་མི་བཟོད་པ་ཞིག་རེད། དེ་དང་དེ་འདྲ་བའི་བོད་མི་ཁྲི་མ་འབུམ། ཁྲི་མ་འབུམ། ཁྲི་མ་འབུམ། ངོ་མ་སྙིང་མ་རྗེ།
ཨ་ཁ་བོད་ནང་ལ་ཡང་ན་རྒྱལ་གཅེས་པ་ཚོ་དགྱ་དམར་གྱིས་གདུག་རྩུབ་ཆེན་པོས་ཕྱི་མའི་ལྔ་ལམ་དུ་བཏང་འདུག
ད་ངོ་མ་ཅི་དྲག
གནས་ཚུལ་འདི་ཡང་བདེན་ན་རྒྱ་གཞུང་གིས།
སྔར་གྱི་དུས་སུ་པཎ་ཆེན་བླ་མ་བདུག་གིས་བཀྲོངས། །
ད་ལྟའི་དུས་སུ་བྱ་བྲལ་སྤྲུལ་སྐུ་བདུག་གིས་བཀྲོངས། །
མ་འོངས་དུས་སུ་པཎ་ཆེན་བསྟན་དགེ་བཀྲོང་སྲིད་ལ། །
དེ་ནས་རང་བསྐོས་རྒྱལ་མཚན་ནོར་བུའང་ཅི་ཆ་ཡོད། །
རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། །མི་བསྲུན་སྐྱེ་བོའི་་་