མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་ཟུར་ཞིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་ ༡ ཉིན་སྔ་དྲོར་ཁམས་ཆབ་མདོ་ཀརྨ་དགོན་པར་གྲྭ་བ་བྱས་མྱོང་མཁན། ད་ཆར་རང་ལོ་ ༤༦ ཡིན་པ་བསྟན་འཛིན་ཕུན་ཚོགས་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག སྐབས་དེར་ཁོང་གིས་ལག་ཏུ་ཡིག་ཆ་འདྲ་མིན་གཏོར་འགྲེམས་བྱེད་བཞིན་སྐད་འབོད་བརྒྱབ་ཡོད་ཀྱང་། ཡིག་ཆ་དེ་དག་གི་ནང་དོན་དང་འབོད་ཚིག་ནང་དོན་སོགས་གསལ་བོ་རྟོགས་ཐུབ་མི་འདུག

ཅུང་ཙམ་རྗེས་རྒྱ་གཞུང་གི་ཉེན་རྟོག་པ་ཡོང་སྟེ་ཁོང་གི་ལུས་ཀྱི་མེ་བསད་དེ་ཆབ་མདོ་རྫོང་སྨན་ཁང་ཞིག་ཏུ་འཁྲིད་ཡོད་འདུག་ཀྱང་། དེ་རྗེས་ཀྱི་གནས་སྟངས་གསལ་བོ་ཤེས་རྟོགས་ཐུབ་ཡོད་མི་འདུག ཁོང་གི་སྐྱེས་དམན་གྱི་མིང་ལ་སྒྲོལ་མ་ཟེར་ཞིང་ད་ཆར་ཁོང་གཉིས་ལ་བུ་མོ་གཅིག་དང་བུ་གཉིས་བཅས་ཡོད་འདུག རྒྱ་གཞུང་གིས་དེང་སྐབས་ཆབ་མདོ་ཀརྨ་དགོན་པར་དམ་དྲག་བྱེད་ཀྱིན་ཡོད་པ་དེར་ཁོང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་ཁོང་གི་ངོ་ཤེས་ཚོས་བརྗོད་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༦ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༩ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 34

  1. ཏྰ་ན་བློ་བཟང་། says:
    ལོ་ 14 སྔོན།

    དཔའ་བོའི་མཛད་རྗེས་ལ་ངོ་མ་ཧང་སངས་ཀྱིན་ཡོད། ཁོང་གི་ཚེ་སྲོག་ལ་ཉན་ཁ་མེད་པར་སྨོན།

    Reply
  2. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ཟེར་བ་འདི་དང་། འགྱུར་མེད་བསྟན་འཛིན་ཟེར་བ་འདི་གཉིས་ཀྱི་ཐོ་འགོད་ཡིག་ཚགས་ལ་རྩོམ་སྒྲིག་པས་དོ་སྣང་བྱ་རན་རེད་ལ། ད་དུང་བདེ་སྲུང་ལས་ཁུངས་ལ་ཁོང་གཉིས་དོ་སྣང་བྱ་དགོས་པའི་སྐུལ་མ་འདེབས་རན་རེད། མིང་རྫུན་ཞིག་གི་འོག་ནས་ཅི་ཞིག་བྲིས་ཀྱང་སུས་ཀྱང་ཤེས་ཀྱི་མ་རེད་སྙམ་པའི་བླུན་རྟགས་ཁོང་ཚོར་ངོ་འཕྲོད་དུ་འཇུག་གལ་ཆེ་སྙམ། དེ་མིན་དུས་བབ་གསར་ཁང་ལ་ཡང་ཉེས་ཅན་སྦས་སྐུང་བྱས་པའི་ནག་ཉེས་ཕོག་སྲིད་པ་ཡིན། མི་འདི་ཚོ་ལྷིང་ལ་བུད་ཚར་བ་རེད། དམིགས་ཡུལ་གསལ་བོ་ཆགས་པ་རེད། ད་ང་ཚོས་ཀྱང་དེ་ལུགས་ཀྱི་བྱ་བ་ཞིག་རྩོམ་རན་རེད་སྙམ།

    Reply
  3. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    རང་སྲོག་མེ་ལ་སྦར་རྒྱུ་འདི་མཚམས་བཞག་ན་ཡག་གི་རེད། གཞུང་གིས་དེའི་གོང་ཚད་ཅིག་མ་ཁུགས་དུས་ལོ་མང་པོར་སྒུག་རྒྱུ་རེད། སྒུག་སྒུག་མཐར་ལོ་རྒྱུས་ཤོག་ངོས་ལ་འཁོད་པ་ཙམ་ལས་མ་བྱུང་ན་སེམས་སྐྱོ་བོ་རེད་པཱ། དེ་བས་ཐབས་ལམ་གཞན་གྱིས་འཐབ་རྩོད་བྱ་དགོས།

    Reply
  4. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ངས་ནི་ཐོག་མ་ཉིད་ནས་བཤད་ཡོད། ་་་རྒྱུན་ལྡན་་་་ཞེས་པའི་ཞེད་ས་ཞིག་དང་། ་་་འཚེ་བ་་་་ཞེས་པའི་ཞེད་ས་གཉིས་འདུག དེ་གཉིས་ཀར་རང་གི་ལྟ་ཚུལ་ནི་བཤད་ཡོད། རང་རང་གིས་ད་དུང་འཁྲབ་དགོས་བསམ་ན་འཁྲབ་རོགས། ་་་དྲང་པོ་དྲང་བཞག་་་་དང་་་་བདེན་པ་བདེན་དྲང་་་་ཞེས་པའི་བཤད་སྲོལ་དེ་གཉིས་ལག་ལེན་ལ་འཁེལ་བ་བྱ་འདུན་ཡོད་ན་དེ་ལྟར་གནང་རན་རེད་སྙམ།

    Reply
  5. རང་དབང་རྒྱལ། says:
    ལོ་ 14 སྔོན།

    སེམས་བསམ་པའི་གཏིང་ནས་གུས་འདུད་ཞུ།

    དམར་བོ་མེ་ཡི་ངོགས་སུ།། གཅེས་པའི་ཚེ་སྲོག་འབར་དུས།། རིགས་ཞེན་དཀར་བོའི་མདངས་དེ།། འཛམ་གླིང་ཡོངས་སུ་ཁྱབ་སོང་།།

    Reply
  6. བརྩོན་རྒྱམ། says:
    ལོ་ 14 སྔོན།

    བོད་མི་རིགས་ཀྱི་ཟུང་ཁྲག་དྭངས་མ་འདི་ལྟར་ཤོར་ནས་ཡོད་པ་རེད་འདི་ནི་དཔའ་བོ་ཞིག་གི་བྱས་རྗེས་ཡིན་ལ་འདི་ནི་བདེན་དོན་བསྒྲགས་པའི་གད་རྒྱང་ཡང་ཡིན་བོད་མི་ཞིག་ཏུ་སྐྱེས་བས་དོན་གོ་ཆོད་འདུག་གུས་འདུད་ཞུ་བ་དང་ཡི་རང་ཡོད།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཁོང་གིས་གཏོར་བའི་ཡིག་ཆ་དེ་ངེས་པར་རག་ཐབས་བྱེད་དགོས། ཕངས་པའི་གཅེས་སྲོག་མནར་གཅོད་ཀྱིས་འདོར་བའི་དཔའ་རྒོད་གྲངས་མེད་ཡོད་ཐག་ཆོད། ད་ནི་ཞི་རྒོལ་གྱི་རྣམ་པ་གཞན་ཞིག་ལ་སྒྱུར་རོགས།

    Reply
  8. རྟེན་འབྱུང་། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་དོགས་ཟོན་གྱིས་འགྱུར་མེད་བསྟན་འཛིན་ཟེར་མཁན་དང་བསྟན་འཛིན་ཤེས་རབ་ཟེར་མཁན་གཉིས་བཤད་སྟངས་སོགས་ལ་ལྟོས་ན་མི་གཅིག་ཡིན་ས་རེད། བོད་མི་རིགས་ཀྱི་ཆེད་རང་སྲོག་གཏོང་མཁན་དཔའ་བོ་དེ་དག་ལ་དམའ་འབེབས་བྱས་སྟངས་ལ་ལྟོས་དང་། རྒྱ་དམར་གུང་བྲན་གྱིས་མི་ལས་དགུ་ལས་བྱས་ནས་རང་རིགས་རྣམས་ཀྱི་ཚེ་སྲོག་འཕྲོག་བཞིན་པ་མངོན་སུམ་དུ་གྲུབ་མོད་དེ་ལ་དགག་པ་ཙམ་མི་བྱེད་པར་ང་ཚོའི་དཔའ་བོ་ཚོར་མཚན་སྨད་བྱེད་པ་འདི་བློས་མི་བཟོད་པ་ཞིག་རེད། བུ་གླེན་པས་ཕ་ཡི་ཀླད་པ་བཅོམ་ཟེར་བ་འདི་ཚོ་རེད།

    Reply
  9. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    འཛམ་གླིང་སྟེང་གི་འཐབ་རྩོད་ཟེར་བ་དེ་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ཚེ་སྲོག་གིས་བརྩོན་ལེན་བྱས་པ་ཞིག་ཡིན།བསྟན་འཛིན་ཤེས་རབ་ལགས་ཁ་གྲག་མི་ཤེས་ན་ཆབ་སྲིད་ཤེས་མདོག་མ་བྱེད།ངས་བལྟས་ན་ཁྱེད་ཀྱི་དགོངས་ཚུལ་དེ་གཞན་གྱི་གཡོ་སྐུལ་དང་སྦལ་བ་ན་སྐུང་གི་གཏམ་དུ་གདའ་འོ།

    Reply
  10. མཚོ་མོ། says:
    ལོ་ 14 སྔོན།

    དཔའ་པོ་བསྟན་འཛིན་ཕུན་ཚོགས་ལགས་ལ་བཟའ་ཟླ་དང་བུ་ཕྲུག་ཡོད་བཞིན་དུ་རང་ལུས་མེ་བསྲེགས་ཀྱིས་རྒྱ་དམར་ལ་ངོ་རྒོལ་བྱས་པ་ནི་རྒྱ་མིས་ཁོ་ཚོ་ལ་མནར་གཅོད་ཚད་བཏང་བ་མ་ཟད་རང་དབང་དང་ཐོབ་ཐང་སོགས་གང་ཡང་མེད་ཐོག་ནས་བོད་ལ་ཡར་རྒྱས་དང་བདེ་འཇགས་བསྐྲུན་ཡོད་ཅེས་རྫུན་གཏམ་ཧམ་བཤད་བྱས་པའི་རྐྱེན་གྱིས་ཡིན་པ་ཐེ་ཚོམ་མེད་པ་ཞིག་རེད།

    Reply
  11. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ཟེར་བ་དེར་དེ་སྔོན་ནས་དྲྭ་གྲོགས་མང་པོས་དོགས་ཟོན་དགོས་པའི་འབོད་བསྐུལ་མང་པོ་ཞིག་གནང་སོང་། དེ་རིང་ཡང་དོགས་ཟོན་བྱ་ས་གཞན་ཞིག་ཐོན་ཡོངས་ཀྱི་འདུག་དེ་ནི་གཞན་མ་ཡིན་བསྟན་འཛིན་ཤེས་རབ་མིང་ཅན་ཁོ་ཡིན་པ་མཁྱེན་པར་མཛོད།

    Reply
  12. བདེན་རྒྱལ། says:
    ལོ་ 14 སྔོན།

    རྒྱལ་བཅེས་དཔའ་བོ་བསྟན་འཛིན་ཕུན་ཚོགས་ལགས་ལ་ཁྱེད་ཀྱིས་རེ་བ་མྱུར་དུ་འགྲུབ་པའི་སྨོན་ལམ་ཞུ། དེ་དང་ཆབ་ཅིག་རྒྱ་འདྲེ་དམ་ཉམས་གཉིས་དེའི་ནང་དུ་འཛུལ་འདུག དམ་ཉམས་དེ་གཉིས་ཀྱི་སྤྱི་ཚོགས་ནང་དུ་དཀྲུག་གཞི་གཞག་འདུག དཔའ་བོའི་བྱེད་རྗེས་དེ་ཡང་ཆོས་ལུགས་གྱི་ཁ་ལོ་བསྒྱུར་འདུག རང་ལུས་འཆོད་མེ་འབུལ་བ་དེ་ཚོ་བོད་མི་ས་ཡ་དྲུག་གི་ཆེད་དུ་རེད་མ་ཏོག་དགེ་ལུགས་དང་བཀའ་བརྒྱུད་གྱི་སྐད་ཆ་མ་རེད། རྒྱ་འདྲེ་ཁྱོད་རང་འདྲ་བའི་མི་དེས་སྤྱི་ཚོགས་དཀྲུག་ཐུབ་ཀྱི་མ་རེད། རྒྱ་ཁྱི་བོད་པའི་ཞབས་འདྲེན་པ་ཐུ་ཐུ་ཐུ་་་་་་་་་་་་་་་་་ཧཱུྃ༔་ཁུག

    Reply
  13. ལུང་རྟོགས། says:
    ལོ་ 14 སྔོན།

    རྒྱལ་བཅེས་དཔའ་བོ་ཁོང་ལ་གུས་མདུད་ཞུ། བསྟན་ཤེར་དང་འགྱུར་བསྟན་ཁྱེད་རང་ཚོ་ནི་རང་ངོ་མི་ཤེས་པའི་མི་ངན་རྐྱང་རེད་འདུག མི་རིགས་འདིའི་བདེ་སྡུག་ཆེད་དུ་རང་སྲོག་བཏངས་བར་གུས་ཞབ་ཙམ་མེད་པར་ཁ་རྡུང་གཏོང་ཁུལ་བྱེད་པ་ནི་ཇི་འདྲའི་ཡིད་མུག་པའི་བྱེད་སྤྱོད་ཅིག་རེད། ཁྱེད་ཚོ་ནི་རྒྱ་ཁྱི་མིན་ན་དོལ་འདྲེ་ཡིན་པ་ཐག་གི་ཆོད།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བསྟན་འཛིན་འགྱུར་མེད་ལགས་།
    ཁྱེད་ཀྱིས་་་་མི་འདི་ཚོ་བཤད་མི་ཤེས་པའི་མགོ་སྐོར་འོག་ལ་ཚུད་པ་རེད།ཞེས་གསུངས་འདུག་པས་མགོ་སྐོར་འོག་ཏུ་ཚུད་སྟངས་ཤིག་གསུང་རོགས།
    ཐལ་དྲག་པའི་སྐད་ཆ་མང་ཙམ་འདུག་ད།

    Reply
  15. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ཀྱིས་བརྗོད་དོན། རང་སྲོག་བློས་གཏོང་ན་གཏོང་དགོས་པར་བཤད་མཁན་ཁོང་ཚོ་ཡོད་ཡོད་པ་རེད། ཁོང་ཚོའི་སྐབས་བབ་ཀྱི་འོས་འགན་ཡང་རེད། ཟེར་བ་དེ་སུ་ལ་གོ་དགོས་སམ། རྒྱ་དམར་གྱིས་ཟེར་བ་ལྟར་ཁོང་ཚོར་ངན་ཇུས་བཤམ་མཁན་ཡོད་རེད་བཅས་བརྗོད་ཀྱི་ཡོད་དམ།

    Reply
  16. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཁྱིམ་པའི་ཚུལ་གཟུང་རྒྱལ་སྲས་དཔའ་བོ་ཡིས།
    བུ་དང་བུ་མོ་ཆུང་མ་བློས་བཏང་སྟེ།
    བསིལ་ལྡན་ལྗོངས་སུ་བདེན་མཐའ་མྱུར་གསལ་ཕྱིར།
    ཚེ་སྲོག་མཆོད་མེ་སྒྲོན་ལ་ཡི་རང་ངོ་།

    བསྟན་འཛིན་ཕུན་ཚོགས་ཞེས་བྱ་གངས་ཅན་བུས།
    ཁྲག་གིས་བྲིས་པའི་ལོ་རྒྱུས་དམར་པོ་ཞིག།
    རང་རེའི་དེབ་ཐེར་ཐོག་ཏུ་བཀོད་པའི་དྲིན།
    ནམ་ཡང་གདོང་དམར་བོད་པས་བརྗེད་མི་སྲིད།

    Reply
  17. རིག་རང་སྐྱེས། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ཟེར་བ་ཁྱོད་གླེན་པ་ཁ་ནག་ལུག་འདྲ་བོ་ཞིག་ཡིན་པ་ཁོ་ཐག་རེད། རང་ལུས་མཆོད་འབུལ་བྱེད་མཁན་གྱི་བོད་འདི་དག་གིས་མི་རིགས་ཞིག་གི་བདེ་སྡུག་གི་ཆེད་དུ་སོ་སོའི་སྲོག་བློས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པ་ལས་གླེན་པ་ཁྱེད་རང་ནང་བཞིན་ཁ་སྟོང་ནང་གི་ཚིག་སྟོང་ཏག་ཏག་མིན་པ་ཤེས་བར་གྱིས།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེར་རབ་ཟེར་བའི་བཀོར་གཟན་འདིས་བཙན་བྱོལ་ནང་གི་བོད་མི་རྒྱལ་གཅེས་པ་ལྷ་བཟང་ཚེ་རིང་མཆོག་ལ་རྒྱ་དམར་གོང་ཁྲན་གྱིས་གསར་བརྗེ་བསྒྲུབས་སྐབས་ཀྱི་དགག་པ་རྒྱག་པ་ལྟར་བརྒྱབས་སོང་།

    ད་དུང་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བཏང་ཕད་མཁན་རྒྱལ་གཅེས་པ་ཚོ་ལ་དམའ་འབེབས་བྱེད་བཞིན་འདུག ངོ་མ་་་བསྟན་ཤེས་ཟེར་བ་འདིར་བཀོར་གྱིས་བཟི་ཟིན་པ་འདྲ།

    ངས་ཁྱོད་ལ་གཅིག་དྲི།
    ༡་་་བོད་མི་རིགས་ཀྱི་ལས་དབང་ཐུར་དུ་སྐོར་ཐུབ་ན་ཁྱོད་ལ་ཁེ་ཕན་ག་རེ་འདུག་གམ།
    ༢་་་ཁྱོད་ཀྱི་ཕ་མེས་རྣམས་རིག་གནས་གསར་བརྗེ་སྐབས་སུ་རྒྱ་དམར་གྱི་རྒྱུགས་ཁྱི་དེ་འདྲ་རེད་པས།
    རྒྱ་གོང་ཁྲན་ཁྱོད་ཀྱི་ཕ་མ་རེད་དམ།

    Reply
  19. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    རང་ལུས་མེར་བསྲེགས་པ་འཚེ་མེད་སྨྲ་བ་ནི་ལོག་བཤད་རང་རེད།
    དེ་སྔོན་རང་ལུས་མེར་བསྲེགས་མཁན་རྣམས་དགེ་ལུགས་རང་རེད།
    དེ་རིང་བཀའ་བརྒྱུད་གཅིག་མེར་བསྲེགས་པ་ཐོག་མ་རེད།
    ངས་ངོས་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ཀླད་མེད་ལྐུག་པ་རང་ལ་ངོས་འཛིན་གྱི་ཡིད།
    མི་འདི་ཚོ་བཤད་མི་ཤེས་པའི་མགོ་སྐོར་འོག་ལ་ཚུད་པ་རེད།

    གནས་ཚུལ་གང་ཡིན ཡང་གྲུབ་འབྲས་ལ་ལྟ་དགོས།

    ལས་འགུལ་འདིའི་གྲུབ་འབྲས་སྐུ་སྒེར་ཡིག་ཚང་ལ་ཡོད་ན་མ་གཏོགསབོད་མི་རིགས་ལ་གྲུབ་འབྲས་ཤིག་ཡོད་པ་མ་རེད།

    Reply
  20. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྔར་གྲྭ་པ་བྱས་ཟིན་པ་ད་མིན་པ་ཞིག་ལ་གྲྭ་ལོག་ཞེས་པའི་ཚིག་འདི་ནི་བོད་མི་མ་རབས་ཚོའི་བརྡ་སྐད་ཙམ་ལས་བོད་མི་ཡ་རབས་ཀྱི་ལུགས་སུ་འབོད་པའི་འོས་མེད་ལ། དཔེར་ན་སིང་གྷ་ལིང་ལ་སྔར་གྲྭ་པ་བྱས་ཟིན་པའི་མི་ལ་དམིགས་བསལ་གུས་ཞབས་ཡོད་པ་དགེ་ཆོས་ལགས་ཀྱིས་གསུངས་འདུག་ལ། ཡང་དགེ་ཆོས་ལྟ་བུའི་བཀའ་དྲིན་ཆེ་བའི་གྲྭ་ཟུར་མཁས་དབང་དང་། པཎ་ཆེན་སྐུ་གོང་མ་རྣམས་ལ་གྲྭ་ལོག་རེད་ཅེས་དྲིན་ལན་ངན་འཇལ་བྱ་འདོད་ཡོད་དམ།
    ཡང་སྡོམ་པ་ཕུལ་མཁན་གྱིས་རིགས་ཅིག་ཡོད་རེད། ཁོང་ཚོ་ནི། གྲྭ་ལོག་ཅེས་ཚིག་འདུལ་བའི་ལུགས་སུའང་མེད་དེ། བསླབ་ཕུལ་དང་འཆི་འཕོས་གཉིས། ཞེས་སོགས་གསུངས་ཡོད་རེད་གདའ། ཡང་བསྟན་ཤེས་ལགས་ཀྱིས་བསྟན་ཤིག་གི་ཚིག་དོན་ལ་ད་ལྟ་དཔྱད་ཅིང་ཡོད་ལགས།

    Reply
  21. རྟེན་འབྱུང་། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ཟེར་མཁན་ཁྱོད་ཀྱིས་བོད་མི་རིགས་དང་བསྟན་སྲིད་ཀྱི་ཆེད་དུ་རང་གི་སྲོག་བློས་གཏོང་གནང་མཁན་ཚོར་ཡི་རང་མེད་པར་རྒྱ་མི་གུང་བྲན་ནང་བཞིན་སྐད་ངན་བརྒྱབ་པ་དེ་ལ་ལྟོས་ན་དོལ་རྒྱལ་རྗེས་འབྲང་བའམ་རང་གི་མི་རིགས་ལ་ལ་རྒྱ་སྤུ་རྩེ་ཙམ་ཡང་མེད་མཁན་རང་དོན་གཅེས་པར་འཛིན་མཁན་གྱི་འདྲེ་འགོང་བོ་ཞིག་ཡིན་པ་གཏན་འཁེལ་ཐུབ་པ་ཞིག་རེད། ཁྱོད་འདྲ་འཚོ་བ་ལས་ཚེ་ཐུང་ན་ཡག་གི་རེད། སྡིག་ཅན་ཚེ་ཐུང་བར་ཤོག་ཟེར་བ་ལྟར་རེད།
    བསྟན་རྒྱས་སྨོན་ལམ་ནང་། བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང་།།འཚོ་བ་ཡོངས་སུ་བཏང་གྱུར་ཅིང་།་།ཡན་ལག་ཉིང་ལག་བཏང་བ་ཡིས།།ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག།་ཞེས་སོགས་དང་། སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི།།མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་།།ཞེས་སོགས་དང་།ལས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ།།སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག། ཞེས་སོགས་ཀྱི་གསུངས་དེ་ཚོའི་དོན་ལ་ཞིབ་ཏུ་བསམ་ནས་སྐད་ཆ་བཤད་རོགས། ང་ཚོའི་མི་རིགས་དང་བསྟན་སྲིད་ཀྱི་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་ཕངས་མེད་དུ་གཏོང་མཁན་བོད་མི་རིགས་ཀྱི་དཔའ་བོ་ཁོང་ཚོར་བོད་མི་ཞིག་གིས་མཚན་སྨད་བྱས་པ་དེར་ངའི་སྙིང་ལ་ན་ཟུག་གཏོང་གི་འདུག། ཁྱོད་སུ་ཡིན་མིན་ཧ་གོ་ན་ངས་ལས་སླ་བོ་བཞག་ས་མ་རེད། ཨ་ཤུ་རེ་ཁོ།

    Reply
  22. མཁར་རྔ་། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ཟེར་བ་འདིས་བཤད་སྟངས་ལས། ཁོ་རང་རྒྱལ་ཞེན་རྡུལ་ཙམ་མེད་པའི་རྡར་མ་ཞིག་ཡིན་པར་འཁུམས།

    ཕོད་པ་ཆེ་བ་ལ།

    Reply
  23. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    གྲྭ་བ་དང་གྲྭ་ལོག་འདི་ཚོར་ཅི་ཞིག་མ་འགྲིག་པ་རེད། རང་ས་ནས་སྡོད་མི་ཚུགས་ཤིང་། རང་འཁྲིའི་འོས་འགན་ལ་མི་གཞོལ་བར་སྲོག་གཅོད་ཀྱི་ལས་འདི་འདྲ་བྱེད་ཀྱི་འདུག གཞན་གྱིས་གླེན་པ་ཁ་ནག་ཏག་ཏག་ལ་ངོས་འཛིན་བཞིན་པར་ཁག་མི་འདུག ཆབ་སྲིད་འཐབ་རྩོད་པ་སོགས་སུ་མིང་ཐོགས་པའི་ཁྲམ་པ་རྣམས་ཀྱིས་ངོ་བསྟོད་འདྲ་བའི་བསླུ་ཚིག་འགའ་སྨྲས་བཞག་ཚེ་ཡོད་ཚད་གཏོང་རྐྱང་བྱེད་ཀྱི་འདུག མགོ་སྐོར་འོག་འགྲོ་ཆོག་ཆོག་འདྲ་བོ་འདི་འདྲ་ག་རེ་ཡིན་ན། རང་སྲོག་བཏང་ན་ཐོབ་བྱ་ཅི་ཡང་མེད་པ་འདི་ཙམ་ཡང་མི་ཤེས་པ་ཅི་འདྲའི་ཐབས་སྐྱོ་བ་ལ། རང་སྲོག་བློས་གཏོང་ན་གཏོང་དགོས་པར་བཤད་མཁན་ཁོང་ཚོ་ཡོད་ཡོད་པ་རེད། ཁོང་ཚོའི་སྐབས་བབ་ཀྱི་འོས་འགན་ཡང་རེད། ཁོང་ཚོས་ཅང་བྱེད་ཀྱི་མེད་ས་ནས་གྲྭ་བ་དང་གྲྭ་ལོག་འདི་ཚོར་ཅི་ཞིག་གིས་མ་འདང་བ་རེད། སྐལ་མེད་སར་སྐེ་སྲིང་མཁན་འདི་ཚོ་ཅི་འདྲའི་བླུན་པ་ལ་ཨང་།

    Reply
  24. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཀརྨ་དགོན་པ་ནི་ཀརྨ་པ་སྐུ་ཕྲེང་དང་པོས་བཏབ་པའི་དགོན་པ་དང་པོ་དེ་རེད་་་་་་་དགོན་པ་འདི་ནི་བོདབརྒྱུད་ནང་བསྟན་གྱི་དགོན་པ་རྙིང་ཤོས་ཀྱི་གྲལ་རེད།
    ཀརྨ་པས་ཉེ་ཆར་རང་རང་ལུས་མེར་བསྲེགས་མཚམས་འཇོགས་དགོས་བའི་འབོད་བསྐུལ་བྱས་སོང་་་་་འབོོད་བསྐུལ་དེས་གྲུབ་འབྲས་གང་ཡང་ཀརྨ་པའི་དགོན་པའི་ནང་ནས་མ་ཐོན་ན་་་་་་ས་གནས་གཞན་ནས་གང་ལ་ཐོན།
    ཀརྨ་པས་བཀའ་སློབ་དང་ཕྱག་ལས་གང་གནང་ཡང་གྲ་སྒྲིག་དང་དམིག་ཡུལ་མེད་ན་འདི་འདྲ་ཆགས་ཀྱི་རེད་་་་་་་ཞབས་ཞུ་དབང་ཆེན་དེ་ཀླད་མེད་དེ་ཚོའི་ཁ་ན་ཉན་ཆེ་ན་འདི་འདྲ་ཆགས་ཀྱི་རེད།
    འབོད་བསྐུལ་ལ་ནུས་པ་མ་ཐོན་པའི་ཀརྨ་པའི་འབོད་བསྐུལ།

    Reply
  25. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    དཔའ་བོ་བསྟན་འཛིན་ཕུན་ཚོགས་མཆོག་གི་བླ་ན་མེད་པའི་སྙིང་སྟོབས་ལ་གུས་འདུད་གྲངས་མེད་ཞུ་བ་དང་། དཔའ་བོ་ཁོང་གི་སྐུ་སྲོག་ཤོར་མི་འགྲོ་བ་དང་། ལྷག་པར་རྒྱ་ནག་གཞུང་གི་ལག་འོག་ནས་སྡུག་སྦྱོང་མནར་གཅོད་མི་མྱོང་བའི་ཆེད་དུ་གཞུང་མང་ཚང་མས་སྐད་འབོད་ཞུ་སྐུལ་བྱེད་དགོས་པ་སྐབས་ཐོག་གི་ལས་འགན་ཡིན་པའི་དྲན་གསོ་ཞུ་གི་ཡོད།

    གྲྭ་པ་ཡིན་པའི་སྐབས་ལ་གྲྭ་པ་ཟེར་གྱི་རེད་ལ། གྲྭ་པའི་བསླབ་སྡོམ་བཞག་པའི་རྗེས་ལ་གྲྭ་ལོག་ཟེར་གྱི་རེད། སྤྱི་ཟུར་ཞེས་པ་དེ་ཚོའི་གྲས་དང་རིགས་འགྲེ་བྱེད་ཀྱི་ཡིན་མདོག་བྱས་ནས་བོད་ཀྱི་སྐད་ཡིག་གི་གཏན་འབེབ་སྤྱི་སྐད་སྤྱི་དང་། ལྷག་ཏུ་ནང་བསྟན་གྱི་དགོངས་དོན་དང་རྩ་བ་ནས་མི་མཐུན་པའི་བརྡ་ཆད་འདི་ཚོ་ག་རེ་བྱས་ནས་བཀོལ་སྤྱོད་གཏོང་གི་ཡོད་དམ། གསར་ཁང་གི་སྤྱི་སྐད་དང་ནང་བསྟན་གྱི་འགྲོ་ལུགས་འདི་ཚོ་འགྲིག་མི་འདུག་མདོག་མདོག་མིན་པའི་རེ་བ་ཡོད།

    Reply
  26. སྟག་ཕྲུག says:
    ལོ་ 14 སྔོན།

    ཁོང་གི་དཔའ་མཛངས་དང་རྟུལ་ཕོད་ལ་མངོན་པར་བསྟོད་དོ།། གུས་པས་འདུད་དོ།། གྲྭ་ཟུར་དང་གྲྭ་པ་གང་ཡིན་ཡང་དེ་ཡིན་པར་བྲིས་པ་ན། གསར་འགྱུར་ཞིག་གསར་འགྱུར་རང་གི་ངོ་ཐོག་ནས་སྤེལ་སྟངས་དེ་ཡིན་པ་རེད་ལ། དེ་ནི་གསར་འགོད་པའི་བདེན་པའི་རང་ཚུགས་སྲུང་གི་ཡོད་པའི་རྟགས་ཀྱང་རེད། མ་གཞི་ནས་བོད་ནང་དུ་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་བོད་ཀྱི་བདེན་པའི་འཐབ་རྩོད་བྱེད་པའི་དཔའ་མཛངས་ཀྱི་བློ་སྟོབས་འདི་བོད་ཀྱི་རིག་གཞུང་གི་ཉིང་བཅུད་ཐུང་མཁན་གྱི་སྡེ་ཚོགས་འདིར་ཡོད་སོང་བ་དེ་དགའ་འོས་པ་ཞིག་ལས་ངོ་གནོང་བའི་སྒོ་ནས་སྦས་སྐུང་བྱ་དགོས་པ་ཞིག་ཅི་ལ་ཡིན།
    བོད་རྒྱལ་ལོ་།

    Reply
  27. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    འདི་ཡང་རྒྱ་ནག་གིས་ཀརྨ་དགོན་དུ། ཆེས་གདུག་རྩིབ་ཆེ་ཞིང་དྲན་ན་སེམས་ཀྱིས་མི་བཟོད་པའི་བྱ་ངན་སྟེ། བོད་སྤྱི་ལ་ཧ་ཅང་གནོད་ཚབ་ཆེ་བ་ཞིག་ལག་སྟེར་བྱེད་བཞིན་པའི་དཔང་རྟགས་གསལ་བོར་མངོན་པ་རེད།

    Reply
  28. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    དྲ་གྲོགས་མང་དག་ཅིག་གིས་དགོངས་ཚུལ་གསུངས་པ་ལྟར་རེད། གསར་འགོད་པས་ཐ་སྙད་གང་བྱུང་བེད་སྤྱོད་གནང་ན་ཡག་པོ་མི་འདུག སྤྱིར་བཏང་སློབ་ཟུར་དང་། མཁན་ཟུར། དབུ་ཟུར། ཁྲི་ཟུར་སོགས་ཀྱི་ཐ་སྙད་ཡོད་ཀྱང་། དེ་ཡིས་རིགས་འགྲེ་ཐལ་ཆེས་ནས་གྲྭ་ལོག་ལ་གྲྭ་ཟུར་ལྟབུ་བརྗོད་ན་བདེ་པོ་རྩ་བ་ནས་མི་འདུག
    དཔེར་ན། མི་ཡི་བཙོག་པ་ལ་སྐྱག་པ་ཞེས་བཀོལ་སྤྱོད་བྱེད་ཀྱང་། བ་ཕྱུགས་ཀྱི་བཙོག་པ་ལ་བ་ཕྱུགས་སྐྱག་པ་ཞེས་བེད་སྤྱོད་མི་བྱེད་པར་བ་ཕྱུགས་ཀྱི་ལྕི་བ་ཞེས་བརྗོད་པ་ལྟབུ་རེད།
    རྒྱལ་གཅེས་དཔའ་བོ་ཁོང་ལ་བསྔགས་བརྗོད་དང་། བསམ་དོན་མཐའ་དག་འགྲུབ་པའི་རེ་སྨོན་བྱེད།

    Reply
  29. བཀྲ་ཤིས། says:
    ལོ་ 14 སྔོན།

    མི་སྐྱ་ཚོས་འདི་ལྟར་ལས་འགུལ་མགོ་བརྩམས་ན་ཡག་པོ་རེད།

    Reply
  30. བཀྲ་ཤིས། says:
    ལོ་ 14 སྔོན།

    དཔའ་བོ་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་བྱས་རྗེས་ལ་བསྔགས་བརྗོད་ཡོད།

    དུས་བབ་ཚང་གིས་གྲ་ཟུར་བ་འདྲ་བོ་དེ་འདྲ་མ་འབྲི་རོགས། ཁོང་མི་སྐྱ་ཞིག་ཙང་མི་སྐྱ་རེད་ཅེས་འབྲི་རོགས། སྦྱིར་དེང་སང་བོད་བརྒྱུད་ནང་བསྟན་འདི་ཉིད་འཛམ་གླིང་སྦྱི་དང་ལྷག་དོན་རྒྱ་ནག་དང་ཐའེ་ཝན་སོགས་ལ་དར་དར་རྒྱས་སུ་འགྲོ་བཞིན་པའི་སྒང་རེད་མོོད་་་ང་ཚོས་གྲ་བཙུན་གྱིས་ཆབ་སྲིད་ལས་འགུལ་སྤེལ་བ་འདི་ལ་བརྟེན་མ་དད་སྐྱེ་བ་དང་ཡིད་ཆེས་བརླགས་བ་ཡོང་གི་འདུག
    ་༸རྒྱལ་བ་རིན་པོ་ཆེས་དགོངས་གཞི་ངོ་མ་ཡང་རྒྱ་མི་རིགས་དང་ནང་ཆོས་ཀྱི་ཐོག་ནས་མཉམ་འབྲེལ་བྱེད་རྒྱུ་དེ་རེད་མོད། འདི་ལྟར་མི་མཐུད་དེ་བྱས་ནས་བོད་པའི་བླ་གྲ་ཚོ་ཆབ་སྲིད་ཚོགས་པ་འདྲ་ཞིག་རྣམ་པར་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་རེད་ལ་ནང་བསྟན་སྤྱི་ལ་གནོད་ཚབ་ཆེན་པོ་རེད།

    Reply
  31. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 14 སྔོན།

    འདི་དག་ལ་སྙིང་ནས་རྗེས་སུ་ཡི་རང་ཞུ།
    དུས་བབ་ཚང་གི་མགོ་བརྗོད་དེ་བརྗེ་པོ་རྒྱག་དགོས་ས་རེད། མགོ་བརྗོད་གྲྭ་པ་ཞིག་གིས་མེར་བསྲེགས་བཏང་སྐོར་བྲིས་པ་དང་འོག་ཏུ་སྐྱེས་དམན་དང་ཕྲུ་གུ་ཡོད་ལུགས་བཤད་འདུག་ཀརྨ་དགོན་ཟེར་བ་དེ་དེ་འདྲ་བྱེད་མཁན་མ་རེད། འདི་བརྗེ་པོ་མ་བརྒྱབ་ན་གོ་ལོག་ཐེབས་སྲིད་ཀྱི་རེད་ད།

    Reply
  32. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ཡང་བསྐྱར་དཔའ་རྒོད་ཞིག་བྱུང་པ་འདི་ངོ་མ་གཟི་བརྗིད་རེད་ཡི་རང་དང་གུས་འདུད་ཡོད།  མྱུར་ཏུ་ནད་ལས་ཐར་བར་ཤོག

    Reply
  33. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    ཡི་རངས་བསྔགས་བརྗོད་ཁྲི་ཕྲག་གིས་བཀུར་འོས་པ་ཁོང་རྣམ་པ་ནི། རྒྱ་ནག་གི་འོག་ཏུ་འུ་ཐུག་ཐབས་ཟད་ཆགས་ཏེ་རང་ལུས་མེར་བསྲེགས་བཏང་བ་རེད་མ་གསུངས་རོགས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྙིང་སྟོབས་མེ་ལྕེ་བཞིན་འབར་བའི་རྒྱལ་གཅེས་དཔའ་བོ་རེད།

    Reply
  34. ཤག་སྒང་པ། says:
    ལོ་ 14 སྔོན།

    དཔའ་བོའི་བྱས་རྗེས་ལ་ཡིད་རངས་བསྔགས་བརྗོད་དང་། བོད་ནང་གི་དཀའ་སྡུག་མྱུར་དུ་བསལ་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese