ཉེ་བའི་ལོ་གཅིག་རིང་ནས་བཟུང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་མི་ཉག་ར་རྔ་ཁ་གྲོང་རྡལ་གྱི་འབྲོག་ཁྱིམ་ཁག་ཅིག་ཏུ། སྔ་ཕྱི་འབྲོག་པའི་ཁྱིམ་ཚང་ཁག་གི་འབྲི་གཡག་མང་པོ་ཞིག་བོར་བརླག་ཏུ་ཕྱིན་པའི་གནས་ཚུལ་བསྟུད་མར་བྱུང་ཡོད་པ་དང་། ཉེ་ཆར་ཕྱུགས་བདག་ཚོས་དུས་ཡུན་གང་འཚམ་རིང་བཙལ་རྗེས། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་འབྲི་གཡག་རྣམས་ལོ་སྔོན་མར་རྒྱ་མི་ཞིག་གིས་གྲོང་རྡལ་དུ་བཤས་རྭ་ཆེན་པོ་ཞིག་གཉེར་ཡོད་པའི་ནང་རྙེད་སོན་བྱུང་འདུག ཕྱིས་སུ་བཤས་རྭའི་བདག་པོ་དང་ཕྱུགས་བདག་ཚོའི་བར་འཁྲུག་རྩོད་ཤོར་སྟབས། བཤས་རྭའི་བདག་པོས་ཉེན་རྟོག་པ་སྐད་བཏང་སྟེ་ཉིན་དེར་བོད་མི་ ༡༠ ལྷག་འཛིན་བཟུང་བྱས་ཡོད་སྐོར་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་བྱས་འདུག
ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། འདི་ལོ་སྔ་ཕྱི་འབྲི་གཡག་མང་པོ་བོར་བརླག་གི་གནས་ཚུལ་བྱུང་རྗེས་ས་གནས་བོད་མི་ཚོས་མཚན་མོར་ས་གནས་ཁག་བགོས་ཀྱིས་མྱུལ་ཞིབ་བརྒྱུད། རྒྱ་མི་ཞིག་གིས་འབྲི་གཡག་རླངས་འཁོར་ནས་བཅུག་ཏེ་བཤས་རྭར་རྐུ་འཁྱེར་བྱེད་བཞིན་པ་དངོས་སུ་མཐོང་བ་དང་། བོད་མི་ཚོས་རྗེས་འདེད་བྱས་པ་བརྒྱུད་བསད་ཚར་བའི་འབྲི་གཡག་རྣམས་ཀྱི་མགོ་རྙེད་པ་སོགས་ལས་བདེན་དཔང་གསལ་བོ་རྙེད་ཡོད་འདུག ཡིན་ནའང་། བཤས་རྭའི་བདག་པོས་ཉེན་རྟོག་པ་སྐད་བཏང་བ་ལྟར། ཉེན་རྟོག་པ་བཤས་རྭར་ཡོང་སྐབས་བོད་མི་ཚོས་བཤས་རྭ་སྒོ་རྒྱག་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་། ཉེན་རྟོག་པས་གནས་ཚུལ་ཅི་ཡིན་བརྟག་དཔྱད་ཅི་ཡང་མེད་པར་བོད་མི་ཞིག་ལ་འགྲམ་ལྕག་གཞུས་སྟབས། བོད་མི་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཏེ་ཉེན་རྟོག་པ་ཁག་ཅིག་ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། མི་མང་གིས་ཉེན་རྟོག་པས་རླངས་འཁོར་བཅག་པ་དང་མེ་མདའ་ཕྲོགས་ཏེ་གད་སྙིག་ཏུ་གཡུག་པའི་གནས་ཚུལ་བྱུང་ཡོད་འདུག་ལ། ཕྱི་ཚེས་ ༣༠ ཉིན་མུ་མཐུད་གནས་ཚུལ་ཛ་དྲག་ཏུ་ཕྱིན་སྟབས། དར་མདོ་རྫོང་ནས་དམག་མི་མང་པོ་ཡོང་སྟེ་ས་གནས་བོད་མི་ ༡༠ ལྷག་འཛིན་བཟུང་དང་དམ་དྲག་བྱེད་ཀྱི་ཡོད་འདུག
དུས་ནམ་ཞིག་ཡིན་རུང་དྲང་བདེན་དང་་བདེན་པ་ཟེར་པ་ཁས་མི་ལས་མཁན་ཞིག་ཡིན་དུས་ང་ཚོ་ལ་དཔང་རྟགས་ཅི་འདྲ་ཡོད་ན་ཡང་དེས་ཕན་གྱི་མ་རེད་དྲན་སོང་གང་ཡིན་ཟེར་ན་བདེན་པ་དང་ལས་རྒྱུ་འབྲས་ཁས་མི་ལན་མཁན་དམར་ཕྱོགས་ཚང་ཞིག་ཡིན་དུས་གནས་ལུགས་བཤད་ས་ཞིག་ཡོད་ཚོད་མི་འདུག་ཡ། གང་ལྟར་ཐབས་ལམ་ཡག་པོ་ཞིག་གི་ཐོག་ནས་རྒོལ་གྱི་གལ་ཆེན་རེད།
གནད་དོན་འདི་འདྲ་ཐུག་དུས་ང་ཚོས་དཔང་རྟགས་ཁུངས་བཙན་ཉར་ནས་ཁྲིམས་མཐུན་གྱིས་ཁེ་དབང་རྩོད་རྒྱུ་ལས་ཧར་རྒྱུགས་དང་ཁོང་ཁྲོའི་བྱེད་ཐབས་སྤྱད་ན་གྱོང་ང་ཚོར་རག་རྒྱུ་ལས་མེད། ང་ཚོས་ངོ་མ་སྤྱང་གྲུང་ལྡན་པ་བྱེད་ཤེས་དགོས་པ་འདུག རྒྱ་རྒན་དེའི་བཤས་ར་དེ་གང་མྱུར་་ཁྲིམས་ལ་སྦྱོར་ཐུབ་པར་བརྩོན།
ཁམས་དཀར་མཛེས་དར་མདོ་མི་ཉག་ར་རྔ་ཁ་གྲོང་རྡལ་དུ་རྒྱ་མི་ཞིག་གིས་འབྲི་གཡག་བཅུ་རྐུ་ནས་བོད་མི་བཅུ་འཛིན་བཟུང་ཞེས་མགོ་བརྗོད་བྲིས་ན་མཛེས་པ་འདུག
འདི་འདྲ་རིགས་ཅན་འཛམ་གླིང་གང་སར་བྱུང་དང་བྱུང་བཞིན་ཡིན་ནའང་བོད་ཀྱི་ཆར་སྲིད་སོགས་སྒོར་ཀུན་ནས་དེ་ཙམ་མ་འབྲེལ་སྙམ་་་་མ་གཞི་བོད་ནས་སླེབས་ཚད་ཀྱི་སྐད་ཆ་ཡོད་ཚད་གསར་བསྒྲགས་སུ་སྤེལ་ན་དེ་ཙམ་ལེགས་པོ་མ་མཐོང་།
དེ་རིང་བོད་ཀྱི་དུས་བབ་གསར་ཁང་ནས་༌༌༌༌༌༌ཨ་རི་ནས་རྒྱ་ནག བོད།་ཁམས། དེ་ནས་༌༌༌༌༌ཨཱོས་ཊོ་ལི་ཡའི་ཆགས་སྲེད་བར་གྱི་གསར་འགྱུར་གྱི་ཆར་བ་འབེབ་བཞིན་པར་ཧ་ཅང་བསྟོད་དོ།།
འདི་ལྟར་མུ་མཐུད་མགྱོགས་པོར་༌༌༌༌༌༌ཕེབས་རོགས་གནང་། ཐུགས་རྗེ་ཆེ།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་གསེར་རྟ་རྫོང་དང་། དཀར་མཛེས་རྫོང་གཉིས་འབྲོག་བསྐྱུར་རྩ་འདེབས་ཀྱི་ཨང་དང་པོ་རེད། ཅེས་རྒྱ་གཞུང་གིས་ཀྱང་བསྔགས་བརྗོད་བྱེད་བཞིན་འདུག
ད་དར་མདོ་རྫོང་གི་འབྲོག་པ་ཚོས་ཀྱང་འབྲོག་བསྐྱུར་རྩྭ་འདེབས་ཀྱི་ལས་ལ་བརྩོན་ལ། མཁན་ཚུལ་བློ་དང་རྒྱ་གཞུང་བཅས་ཀྱི་བཀའ་རྩིས་ཤིག་དང་། ཁྱོད་ཚོ་ཡང་ཨང་དང་པོ་ཆགས་ངེས་རེད། དེ་དུས་ཁྱེད་ཚོར་དཀའ་ངལ་མེད་ངེས་རེད།
འབྲོག་པ་ཚོས་ཕྱུགས་ཟོག་འཚོ་སྐྱོང་མ་ཐུབ་ན། མཁན་པོ་ཚུལ་བློ་ལ་སྐད་ཐོངས་དང་། ཁོང་ལ་ཐབས་ཤེས་ཤིག་ཡོད་སྐད། ཁོང་ལ་སྐད་ཐོངས་དང་ཁོང་གིས་ཁྱེད་ཚོར་སྒོ་ཕྱུགས་བེད་སྤྱོད་མི་ཆོག་པའི་ཁྲིམས་དམ་པོ་ཞིག་འཇོག་གི་རེད། དེ་ལྟར་སྒྲུབས་ལ་ཁྱེད་ཅག་གིས་སྒོ་ཕྱུགས་རྣམས་ཚེ་ཐར་ཐོངས་ལ་རི་ལ་རྒྱབས་ཤིག་དང་། ཁྱོད་ཚོར་དཀའ་ངལ་ཅི་ཡང་མེད་པ་རེད།